d3537聖光明母陀羅尼誦讀儀軌
D3537
།ོཾ་མཱ་རཱི་ཙྱཻ་མུཿཞེས་པས་གཤེགས་སུ་གསོལ་ཞེས་སོ། །འོད་ཟེར་ཅན་གྱི་སྒྲུབ་ཐབས་མདོར་བསྡུས་པ་རྫོགས་སོ།[་]@##། །རྒྱ་གར་སྐད་དུ། ཨཱརྱ་མཱ་རཱི་ཙྱཻ་དྷཱ་ར་ཎི་པ་ཐོ་པ་དེ་ཤཿ། བོད་སྐད་དུ། འཕགས་མ་འོད་ཟེར་ཅན་གྱི་གཟུངས་གདོན་པའི་ མན་ངག་།བཅོམ་ལྡན་འདས་འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །བློ་ལྡན་སེམས་དཔའི་སྐྱིལ་ཀྲུང་སྟེ། །དམིགས་པ་བརྩེ་བ་ཆེན་པོ་ཡིས། །སྔ་ཐུན་སྙིང་གར་ཟླ་བ་ལ། །ོཾ་ཡིག་དཀར་པོ་བསྒོམ་པར་བྱ། །རྣམ་སྣང་གསུངས་པའི་བདག་ཉིད་ཅན། །ཀུན ནས་དཀར་ཞིང་དེ་འོད་ཀྱིས།།ར་བ་ཟླུམ་ཞིང་མཆོད་རྟེན་བརྒྱན། །སྟེང་དུ་འོད་ཟེར་འབར་བ་སྟེ། །བསྲུང་བའི་དོན་དུ་མདུན་རྒྱབ་དང་། །གཡས་གཡོན་འོག་དང་སྟེང་རྣམས་སུ། །རིམ་པས་མ་སོགས་གཡོག་ལ་སོགས། །ཞང་པོ་ལ་སོགས་བུ་ལ་སོགས། །བྲིས་སྐུ་དགེ་བའི་བཤེས་ གཉེན་དང་།།པོ་ཏི་ལ་སོགས་ལས་བྱུང་བ། །དེ་ནས་ཟླ་བ་མཾ་ཡིག་སེར། །མྱ་ངན་མེད་པའི་ཡལ་གས་བྱུང་། །འཕགས་མ་འོད་ཟེར་ཅན་བསམ་བྱ། །ཁྲོ་ཞིང་ཁབ་དང་སྐུད་པ་བསྣམས། །གང་ཞིག་ལྟེ་བ་ནས་ལངས་ཏེ། །སྣ་བུག་གཡས་པ་དེ་མདུན་དུ། །གཞན་ནས་སྐུད་པས་ ཁ་མིག་བཙེམས།།གདུག་ཅན་ར་བའི་ཕྱི་རོལ་བྱ། །ལན་ཅིག་མ་ཡིན་བྱས་ནས་ནི། །བྱང་ཆུབ་མཆོག་གི་གཟུངས་བཀླག་གོ།
我來為您翻譯這段藏文: 以”ōṃ mārīcye muḥ”祈請離去。簡略的光明母修法圓滿。
梵文為:Ārya-mārīcye-dhāraṇī-paṭhopadeshaḥ 藏文為:འཕགས་མ་འོད་ཟེར་ཅན་གྱི་གཟུངས་གདོན་པའི་མན་ངག 漢譯:聖光明母陀羅尼誦讀教授 頂禮世尊聖光明母! 智者以菩薩跏趺坐, 以大慈悲作意觀, 晨時於心月輪上, 觀修白色”ōṃ”字。 具有毗盧遮那佛性, 週身潔白其光明, 圓形圍墻莊嚴塔, 頂上放射光明焰。 為作守護前後方, 左右上下諸方位, 依次母等侍從等, 舅父等及子輩等。 繪像善知識等相, 經函等物所生起。 復于月輪黃”maṃ”字, 無憂樹枝中顯現。 當觀聖光明母相, 忿怒持針執線相。 從臍升起而上行, 于彼右鼻孔之前。 復以線縫口眼處, 惡者置於圍墻外。 非僅一次如是作, 當誦最勝菩提咒。
།དེ་ནས་ཨོཾ་དང་མཱ་རཱི་ཙྱཻ་སྭཱ་ཧཱ། །སྔགས་ནི་ཇི་བཞིན་སྟོབས་ཀྱིས་བཟླས། །དེ་ནས་སྔགས་རིག་གཡོན་པ་ཡི། །སྣ་བུག་ནས་ནི་དེའི་སྙིང་གར། །གཞུག་ ཅིང་མྱ་ངན་མེད་ཤིང་གི།།འོད་ཟེར་གྱིས་བསྐྱེད་ཕག་སེར་གྱིས། །ཕྱི་རུ་གདུག་ཅན་ཡང་དག་འཇོམས། །སྣ་ཡིས་མཚམས་ནི་འཆིང་བར་བྱེད། །གསེར་གྱི་མདོག་ཅན་ཕག་ལ་བཞུགས། །གཙོ་མོ་གསེར་གྱི་མདོག་དང་ལྡན། །མི་འཇིགས་རབ་སྦྱིན་འོད་ཟེར་ཅན། །གོས་དཀར་ཅན་ལ་ ་བདག་ཕྱག་འཚལ།
我來為您翻譯這段藏文: 然後誦咒”oṃ mārīcye svāhā”(藏文:ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ), 如是以力持誦咒。 其後明咒從左側, 鼻孔直入彼心間。 由無憂樹光明生, 金色母豬作降伏, 外摧惡者令調伏, 以鼻繫縛作約束。 金色母豬為座騎, 主尊具足金色相, 施無畏者放光明, 我禮白衣光明母。
D3538
།འཕགས་མ་འོད་ཟེར་ཅན་གྱི་གཟུངས་བཀླག་པའི་མན་ངག་རྫོགས་སོ།།[་]@##། །རྒྱ་གར་སྐད་དུ། པརྞ་ཤ་བ་རི་སཱ་དྷ་ནཾ། བོད་སྐད་དུ། རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས། འཕགས་མ་རི་ཁྲོད་ལོ་མ་ཅན་ལ་ཕྱག་འཚལ་ལོ། །སྔོན་མ་བཞིན་དུ་ཐམས་ཅད་ བསྒྲུབས་ནས་རང་གི་སྙིང་གར་པདྨ་དཀར་པོ་དང་ཟླ་བའི་དཀྱིལ་འཁོར་ལ་པཾ་ཡིག་སེར་པོ་ལས་སྐྱེས་པའི་རྡོ་རྗེའོ།།དེའི་ལྟེ་བ་ལ་པཾ་ཡིག་གོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་སྐུ་མདོག་སེར་མོ་ཞལ་གསུམ་པ། སྤྱན་གསུམ་པ། ཕྱག་དྲུག་པ། དང་པོའི་ཞལ་སེར་ པོ།གཡས་དཀར་པོ། གཡོན་དམར་པོ་འགྱིང་ཞིང་བཞད་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལོ་མ་དང་རྨ་བྱའི་མདོངས་ཀྱི་ཤམ་ཐབས་ཅན། ལང་ཚོ་གཞོན་ཞིང་རྒྱས་པ། ཕྱག་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་། དགྲ་སྟ་དང་། མདའ་རྣམས་བསྣམས་པ། ཕྱག་གཡོན་པ་ རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་།ཡལ་ག་དང་བཅས་པའི་རྨ་བྱའི་མདོངས་དང་། གཞུ་རྣམས་བསྣམས་པ། མེ་ཏོག་བཅིངས་པའི་རལ་པའི་ཅོད་པན་ལ་གནས་པའི་མི་བསྐྱོད་པ་འཆང་བ། ཉི་མའི་འོད་ཀྱི་དཀྱིལ་འཁོར་ཅན། འོག་ཏུ་བགེགས་རྣམས་མནན་པའི་པདྨ་ དཀར་པོ་དང་ཟླ་བའི་གདན་ལ་གཡོན་བརྐྱང་གིས་བཞུགས་པ།ཐུགས་ཀར་གཡོན་པའི་སྡིགས་མཛུབ་ཀྱིས་འོག་གི་བགེགས་ཀྱི་ཚོགས་སྐྲག་པར་མཛད་པའོ། །གཡས་རྡོ་རྗེའི་ཁུ་ཚུར་གྱིས་མཚོན་ཆ་འཕྱར་བའི་ཚུལ། དེ་བཞིན་དུ་ཕྱག་བཞིའི་གཡོན་པ་དག་གིས་སྡིགས་མཛུབ་དང་བཅས་ པའི་ཞགས་པ་དང་།ལོ་མ་དང་བཅས་པའི་རྨ་བྱའི་མདོངས་བསྣམས་པ། ཕྱག་གཡས་པ་དག་གིས་རྡོ་རྗེ་དང་། དགྲ་སྟ་བསྣམས་པ། ཤིན་ཏུ་འཇིགས་པ་སྟེར་བར་བསྒོམ་པར་བྱའོ། །དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་པི་ཤཱི་ཙི་པརྞ་ཤ་བ་རི་སརྦ་མ་རཱི་པྲ་ཤ་མ་ཎི་སྭཱ་ཧཱ། དེ་ནས་ཇི་ལྟ་བ་བཞིན་ ་དུ་གཤེགས་ནས་ཅི་བདེར་གནས་པར་བྱའོ།
這是一段藏文的儀軌文字,我將為您翻譯成簡體中文: 聖光明母陀羅尼誦讀儀軌圓滿。
同部經論
與本文同名或相近的其他版本、科判、譯文與註疏。