菩薩藏佛教學會
20
背景
翻譯
下載 ▾

d3188文殊修法戒幢

D3188

། །། བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།

這是一段藏文的譯文: 由比丘戒勝幢翻譯。 註:這是一個藏文典籍的譯者署名。“བྷ་ཡ” (Bhaya) 可能是譯者的梵文名字音譯,“དགེ་སློང་ཚུལ་ཁྲིམས་རྒྱལ་མཚན” 是譯者的藏文名字,意為”比丘戒勝幢”。

།[་]@##། །རྒྱ་གར་སྐད་དུ། མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་གྱི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གས་ཡི་གེ་མུཿསེར་པོ་ཡོངས་སུ་གྱུར་པ་ལས་འཇམ་དཔལ་གཞོན་ནུར་གྱུར་པ་ཞལ གསུམ་ཕྱག་དྲུག་པ་སྟེ།ཞལ་གུར་གུམ་འོད་ཀྱི་མདོག་དང་། གཡས་པ་དང་ཅིག་ཤོས་ནི་སྔོན་པོ་དང་དཀར་པོ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། གཡས་པའི་ཕྱག་གསུམ་ནི་རལ་གྲི་དང་། མདའ་དང་མཆོག་སྦྱིན་པ་དང་ལྡན་ལ། གཡོན་པའི་ཕྱག་གསུམ་ནི་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའི་གླེགས་བམ་དང་།གཞུ་དང་། ཨཏྤ་ལ་སྔོན་པོས་བྲེལ་ཞིང་། སྒེག་པའི་ཉམས་བག་དང་ལྡན་པའི་གཞོན་ནུའི་རྒྱན་དང་། ན་བཟའ་ལ་སོགས་པ་ཅན། མེ་ཏོག་ལ་སོགས་པས་མཛེས་པ་ཆེན་པོ་གྱུར་པའི་ཟུར་ཕུད་གསུམ་གྱིས་རྣམ་པར་མཛེས་པ། དེ་བཞིན་གཤེགས་པའི་རྡུལ་ཕྲ་ ་རབ་ལས་གྲུབ་པར་བདག་ཉིད་བསྒོམས་ལ།

這是一段藏文的譯文: 梵語:Mañjuśrī-sādhanaṃ 藏語:文殊修法 以前所說的儀軌中,從黃色的”མུཿ”(MUḤ)字完全轉變成少年文殊,具三面六臂。中央面如紅花般光明的顏色,右面藍色,左面白色。以菩薩跏趺坐姿安坐。右邊三手持劍、箭及施無畏印,左邊三手持般若波羅蜜多經函、弓及藍色蓮花。具有妙齡少年莊嚴及衣飾等,以花等嚴飾,以三髻莊嚴,觀想自身由如來微塵所成就。 註:這是一段修法儀軌的描述文字,詳細描述了文殊菩薩的觀想法,包括其面部、手印、持物等特徵。

D3189

ཨོཾ་མུཿཞེས་བྱ་བའི་སྔགས་འདི་བཟླས་པར་བྱ་བའོ། །འཇམ་དཔལ་གྱི་སྒྲུབ་ཐབས། ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།།[་]@##། །རྒྱ་གར་སྐད་དུ། མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་གྱི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ། པདྨའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་དཀར་པོ་རྣམ་པར་བསྒོམ་པར་བྱ་སྟེ། སྤྲོ་བར་བྱ་བ་ལ་སོགས་པ་སྔོན་དུ་བཏང་ཞིང་དེ་ཡོངས་སུ་གྱུར་པ་ལས་ཡི་གེ་དྷཱིཿདཀར་པོས་བསྐྱེད པའི་འཇམ་དཔལ་ཨ་ར་པ་ཙ་ན་དཀར་པོ་གཅིག་པུ་ཉིད་འབའ་ཞིག་གོ།།རང་ཉིད་ཀྱི་ས་བོན་སྙིང་གར་རྣམ་པར་བསམས་ལ། ཨོཾ་དྷཱིཿསྭཱ་ཧཱ། ཞེས་བཟླས་པར་བྱ་བའོ། །རིག་པ་འཛིན་པའི་སྡེ་སྣོད་ནས་འབྱུང་བའི་འཇམ་དཔལ་གྱི་སྒྲུབ་ཐབས་མདོར་བསྟན་པའོ། ། བྷ་ཡ་ལས་དགེ་སློང་ཚུལ་ ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།

這是檔案D3189的中文翻譯: 誦唸”嗡母”這個咒語。 文殊修法。阿跋耶尊前比丘戒幢所譯。