d3857中觀要義賢護 戒勝c3.5s
D3857
རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།[་]@##། །རྒྱ་གར་སྐད་དུ། མ་དྷྱ་མཱརྠ་སཾ་གྲ་ཧད། བོད་སྐད་དུ། དབུ་མའི་དོན་བསྡུས་པ། བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །གང་དག་སྐྱེ མེད་རྟོགས་པ་ཉིད་ཡིན་ཡང་།།ཐ་སྙད་དོ་གང་སྙིང་རྗེས་འཁོར་བ་མ་སྟོངས་པར། །རྒྱལ་བ་རྣམས་ནི་འཇིག་རྟེན་བདེ་བར་བསྐྱབ་པའི་ཕྱིར། །འདི་རུ་བཞུགས་ཀྱང་དྲི་མེད་བློ་དང་ལྡན། །དེ་དག་རྣམས་ལ་རྟག་ཏུ་བདག་ཕྱག་འཚལ། །བདེན་པ་གཉིས་ནི་ཇི་ལྟ་བུའི། །དོན་ནི་རྟོགས་པར་བྱ་བའི་ཕྱིར། །བདག་གིས་འདི་ནི་རབ་བརྩམས་ཏེ། ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་སུ་འདུས་པ་སྟེ། །དོན་དམ་དང་ནི་ཀུན་རྫོབ་པོ། །དམ་པའི་དོན་ནི་སྤྲོས་བྲལ་ཏེ། །དེ་ཡང་རྣམ་པ་གཉིས་སུ་བྱ། །རྣམ་གྲངས་ཀྱི་ནི་དོན་དམ་དང་། །རྣམ་གྲངས་མ་ཡིན་དོན་དམ་མོ། །དང་པོ་དེ་ཡང་གཉིས་ཡིན་ཏེ། །རིགས་པ་རྣམ་གྲངས་དོན་དམ་དང་། །སྐྱེ་བ་བཀག་པའི་དོན་དམ་མོ། །མུ་བཞི སྐྱེ་འགོག་ལ་སོགས་པའི།།གཏན་ཚིགས་བཞི་ཡི་རིགས་པ་དེ། །སྣང་བའི་དངོས་པོ་ཐམས་ཅད་ཀྱང་། །སྐྱེ་བ་བཀག་པའི་དོན་དམ་མོ། །སྤྲོས་པ་ཐམས་ཅད་ཀྱིས་སྟོང་པ། །དེ་ནི་རྣམ་གྲངས་མ་ཡིན་པའི། །དམ་པའི་དོན་དུ་ཤེས་པར་བྱ། །ཡོད་པའི་མཐའ་དང་མེད་པའི་མཐའ། །གཉིས་པོ་ཐམས་ཅད་སྤངས་པ་སྟེ། །དེ་ལྟ་བུ་ནི་དོན་དམ་མོ། །ཀུན་ རྫོབ་ཇི་ལྟར་སྣང་བ་ཡིན།།དེ་ཡང་གཉིས་སུ་ཤེས་བྱ་སྟེ། །ལོག་པ་ཡི་ནི་ཀུན་རྫོབ་དང་། །ཡང་དག་པ་ཡི་ཀུན་རྫོབ་པོ། །དོན་བྱེད་ནུས་པའི་དངོས་པོ་ནི། །ཡང་དག་ཀུན་རྫོབ་ཅེས་བྱ་སྟེ། །སྣང་ཡང་དོན་བྱེད་མི་ནུས་པ། །ལོག་པ་ཡི་ནི་ཀུན་རྫོབ་པོ། །དེ་ཡང་ གཉིས་སུ་ཤེས་བྱ་སྟེ།།རྟོག་བཅས་དང་ནི་རྟོག་མེད་གཉིས། །རྟོག་བཅས་ཐག་པ་ལ་སྦྲུལ་འཛིན། །རྟོག་མེད་ཟླ་བ་གཉིས་འཛིན་པའོ། །དེས་ན་ཐམས་ཅད་བདེན་གཉིས་སུ། །འདུས་པ་ཉིད་དུ་བསྟན་པར་བྱ། །དེ་དོན་ཉམས་སུ་བླངས་ནས་ནི། །ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ། །དབུ་མ་ཡི་ནི་དོན་བསྡུས་པ། ། དེ་ལྟར་བདག་གིས་བཤད་པ་ཡི། །དགེ་བ་བདག་གིས་བསགས་པ་ཡི། །དགེ་བ་གང་དེས་སེམས་ཅན་གྱི། །བསམ་པ་མྱུར་དུ་འགྲུབ་གྱུར་ཅིག་།དབུ་མ་དོན་བསྡུས་པ་སློབ་དཔོན་ལེགས་ལྡན་བྱེད་ཀྱིས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།
印度堪布燃燈吉祥智前以及譯師比丘戒勝翻譯、校對並審定。
梵語:Madhyamārtha-saṃgraha 藏語:中觀要義 頂禮世尊吉祥普賢。 雖已證悟無生性,然以悲心未空輪迴, 諸佛為護世間樂,住此具足無垢智。 我恒頂禮彼等尊。 為令了知二諦義,我今造此論。 諸佛所說法,攝於二諦中,勝義及世俗。 勝義離戲論,亦分為二種, 名言勝義諦,非名言勝義。 初者復分二,理論名言勝義諦,遮遣生起勝義諦。 四邊生遮等,四種理論者, 一切顯現事,遮遣生勝義。 遠離一切戲,即是非名言,當知為勝義。 遠離有邊無邊等,一切二邊皆斷除,如是即是勝義諦。 世俗如何現,亦應知二種, 邪世俗諦及,正世俗諦也。 能作所作事,名為正世俗, 現而不能作,即是邪世俗。 彼復應知二,有分別無分別二。 有分別如繩執為蛇,無分別如見雙月等。 是故一切法,攝於二諦中。 若能如實修,圓滿一切德。 如是中觀要,我已如是說。 以此所積善,愿諸眾生之, 意樂速成就。 中觀要義由阿阇黎賢護所造圓滿。 譯師戒勝翻譯、校對並審定。
。
同部經論
與本文同名或相近的其他版本、科判、譯文與註疏。