菩薩藏佛教學會
20
背景
翻譯
下載 ▾

d4344獲得成就的蘇卡德瓦故事毗那耶室利

D4344

།[་]@##། །ན་མོ་ལོ་ཀེ་ཤྭ་རཱ་ཡ། སྔོན་རྒྱ་གར་ལྷོ་ཕྱོགས་སུ་བསྟན་པ་དར་པའི་ཚེ། གྲོང་ཁྱེར་ཆེན་པོ་ཅིག་ན་ཚོང་དཔོན་གྱི་བུ་སུ་ཁ་དེ་བཞེས་བས་ལོངས་སྤྱོད་ཐམས་ཅད་རང་གིས་ཆུད་གསན་ནས་ཤིན་ཏུ་སྡུག་བསྔལ་ཞིང་ཡོད་པ་ན། ཡུལ དེར་བུད་མེད་ཅིག་ཚད་བས་ཐེབས་ཏེ་ཙནྡན་གོ་ཤིརྵ་མིན་པས་གསོ་མི་ནུས་ལ་དེ་ཡང་མ་རྙེད་དེ་སྨན་པ་ཐམས་ཅད་ཀྱིས་བོར་རོ།།དེར་ཚོང་དཔོན་གྱི་བུ་དེས་དྲིས་བས་ཙནྡན་དེ་རྙེད་ནས་སོས་ན་བུ་མོ་སྟེར་ཞེས་ཟེར་རོ། །དེར་ཕ་མེས་ཀྱི་ཡི་དམ་གོ་ཤིརྵ་ལས་བྱས་པའི་ཐུབ་པའི་སྐུ་ཅིག་ཡོད་པ་བདར་ཏེ་ ནང་དུ་བཏང་ཞིང་ཕྱིར་བྱུགས་པས་སོས་སོ།།དེ་གཉིས་ལྷན་ཅིག་གནས་པ་ན་བུད་མེད་དེས་དེ་ལ་འདི་ལྟ་བུའི་ལས་བྱེད་པ་གཉིས་ཀ་དམྱལ་བར་སྐྱེའོ་ཞེས་སྦྱོས། དེར་ཚོང་དཔོན་གྱི་བུ་དེ་དེ་དང་ཉེ་བའི་གཙུག་ལག་ཁང་ཅིག་ཏུ་པཎྜི་ཏ་ཅིག་ལ་ཡི་གེ་དྲུག་བཞུས་ནས་བུད་མེད་ཀྱིས་གཡོག་ བྱས་ནས་གཉིས་ཀའི་དོན་དུ་ལ་བཅུ་གཉིས་བསྒྲུབས་པས་རྨི་ལམ་དུ་ཞལ་གཟིགས་ཏེ་བོ་ཊ་ལར་འདེངས་ཞེས་གསུང་ངོ་།།ཁོས་བདག་འགྲོ་སྟ་སློབ་དཔོན་ལ་འདྲི་དགོས་ཞེས་བྱས་སོ། །སད་པ་དང་སློབ་དཔོན་དང་གཡོག་ལ་དྲིས་བས་དེ་དེང་[(]ཀྱི་[,]གི་[)]དྲིན་ཡིན་པས་མི་འཁྲིད་ན་མི་ཕན་ཞེས་ བྱས་པས།ཡང་སྒྲུབ་པ་ཡུན་རིང་དུ་བྱས་ཏེ་བཅོམ་ལྡན་འདས་བྱོན་ནས་གསུམ་ཆར་པོ་ཊ་ལར་ཁྲིད་དོ། །སུ་ཁ་དེ་བས་སྨྲས་པ། ལྟོས་ཤིག་སྔགས་ཀྱི་ནུས་པ་དག་།ཕྲ་བའི་ལྷ་ཡང་གྲུབ་པ་ཐོབ། །བྱ་བ་ཐམས་ཅད་ཡོངས་སྤོངས་ལ། །སྔགས་ཀྱི་ བྱ་བ་སྒྲུབ་བར་གྱིས།།ཞེས་གསུངས་ནས་པོ་ཊ་ལར་གཤེགས་སྐད། སུ་ཁ་དེ་བས་གྲུབ་པ་ཐོབ་པ། པཎྜི་ཏ་བི་ན་ཡ་ཤྲཱིས་བསྒྱུར་བའོ།

頂禮世間自在! 從前在印度南方佛法興盛時期,在一座大城市中,有一位商主之子名叫蘇卡德瓦,他揮霍了所有財產,非常痛苦。 當時那個地方有一位婦女得了熱病,若不用牛頭旃檀香治療則無法痊癒,但又找不到這種藥,所有醫生都放棄了。 於是這位商主之子詢問后得知,如果能找到旃檀香使病癒,就可以得到這位姑娘。 他用祖傳的由牛頭旃檀香製成的佛像磨成粉,內服外敷,病就好了。 兩人一起生活時,那位婦女對他說:‘做這樣的事,我們兩個都會墮入地獄。’ 於是這位商主之子就在附近的寺院向一位班智達學習六字真言,婦女作為侍者,為兩人的利益修持了十二年。 在夢中見到聖顏,說要前往普陀山。 他說:‘我要去問問上師。’ 醒來后問過上師和侍者,他們說這是今日的恩德,如果不帶上(婦女)就沒有用。 於是又長期修持,世尊親臨后帶領三人一同前往普陀山。 蘇卡德瓦說道:‘請看咒語的力量,連微細的神也能獲得成就。捨棄一切事務,應當修持咒語事業。’ 說完后據說就往普陀山去了。 這是獲得成就的蘇卡德瓦的故事,由班智達毗那耶室利譯。

。