菩薩藏佛教學會
20
背景
翻譯
下載 ▾

d4348語法根本三十頌阿努c3.5s

D4348

@##། །རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། བོད་སྐད་དུ། ལུང་དུ་སྟོན་པའི་རྩ་བ་སུམ་ཅུ་པ་ཞེས་བྱ་བ། སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། ། གང་གི་སྒྲ་དབྱངས་སྔོན་གསུངས་པའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་མིང་གཞི་སྔོན་གསུངས་པ། །རྟག་ཞི་བ་ལ་ཕྱག་འཚལ་ལོ། །སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། །བླ་མ་རྣམས་ལ་ཕྱག་འཚལ་ནས། །བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག བྱེད་སྨྲ་བ་རྣམས་ཀྱི་རྒྱུ།།མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པའོ། །དེ་ལ་རྗེས་འཇུག་བཅུ་ཡིན་ཏེ། །དེ་ལ་ལྔ་ནི་སྔོན་དུ་འཇུག་།མི་འཇུག་པ་ནི་ཉི་ཤུའོ། །ཀཱ་ལི་ བྱེད་དང་བརྒྱད་སྡེ་ནི།།བཞི་བཞི་དག་ཏུ་དབྱེ་བ་ལས། །དང་པོ་གསུམ་པ་བཞི་པ་ལ། །མས་གཉིས་དྲུག་པའི་གསུམ་པ་དང་། །བདུན་པ་ལ་ནི་ཤ་མ་གཏོགས། །རྗེས་འཇུག་ཡི་གེ་བཅུ་རུ་འདོད། །རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །དང་པོ་གསུམ་པ་ལྔ་པ་དྲུག་།བདུན་པ་རྣམས་ནི་སྔོན་དུ་འང་འཇུག་། མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ། །དེ་ལ་དབྱངས་ཀྱི་བཞིར་ལྡན་ཡང་། །གང་དུ་འང་འཇུག་མིན་སྦྱར་བའང་མིན། །རྗེས་འཇུག་ཡི་གེ་བཅུ་པོ་ནི། །མིང་གང་གི་ནི་མཐར་སྦྱར་བ། །དེ་ལ་ཨཱ་ལི་བཞི་པ་སྦྱར། །སླར་བསྡུ་བར་ནི་ཤེས་པར་བྱ། །རྗེས་འཇུག་ཡི་གེ་བཅུ་པོ་ལས། ། གང་མིང་མཐའ་ན་བཅུ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །གང་མིང་མཐའ་ན་བརྒྱད་པ་གནས། །དེ་ལ་གཉིས་པ་ཨུ་ཡང་སྦྱར། །གང་མིང་མཐའ་ན་གསུམ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །བཞི་པ་དགུ་པ་དངོས་ཀྱང་སྟེ། །ལས་དང་ཆེད་དང་རྟེན་གནས་དང་། །དེ ཉིད་ཚེ་སྐབས་ལ་སྒྲ་ཡིན།།རྗེས་འཇུག་ཡི་གེ་བཅུ་པོ་ལ། །ི་དང་མཐུན་ལུགས་འདི་ཞེས་བྱ། །དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་པ་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱི་སྦྱར་བ། །དེ་དག་ཨི་སྦྱར་འབྲེལ་བའི་ས། །དེ་ཉིད་ལ་ནི་བཅུ་ པ་སྦྱར།།བྱེད་པ་པོ་རུ་ཤེས་པར་བྱ། །ཱ་ལི་ཕྱིས་ནས་གཉིས་པ་སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །ལ་དོན་སུ་ལ་ཨུ་ཕྱིས་ནས། །དེ་ལ་གསུམ་པའི་དང་པོ་སྦྱར། །དེ་ལ་ཨཱ་ལི་གསུམ་པ་སྦྱར། །དེ་ནི་ལྷག་དང་བཅས་པའོ། །རྗེས་འཇུག་ཡི་གེ་བཅུ་པོ་ ལ།།དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །རྗེས་འཇུག་ཡི་གེ་བཅུ་པོ་ཡི། །བཞི་པ་དགུ་པ་ལ་བཅུ་པ། །སྦྱོར་བ་འབྱུང་ཁུངས་དག་ཡིན་ཏེ། །དགར་དང་སྡུད་པའང་དེ་བཞིན་ཡིན། །གང་མིང་བརྗོད་པ་དང་བོ་རུ། །ཀྱེ་སྦྱར་བ་ནི་བོད་པ་ཡིན། །གང་མིང་མཐའ་ན་མཐུན་པ་ཡི། །བཞི་པ་ལ་ནི་ཨི་ སྦྱར་བ།།དགར་དང་བསྣན་པའི་ཚིག་ཏུ་འགྱུར། །མིང་གང་རུང་བའི་བར་མཚམས་སུ། །གསུམ་པ་ལ་ནི་གཉིས་པ་སྦྱར། །དེ་ནི་སྡུད་དང་འབྱེད་པ་དང་། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ།

梵語:語法根本三十頌 藏語:語法根本三十頌 頂禮語言之主文殊菩薩。 頂禮具最勝功德之三寶。 頂禮往昔宣說音聲之文殊菩薩。 頂禮往昔宣說詞根之常寂。 頂禮善造韻律諸智者及諸上師。 一切學處之所依, 吠陀論師之根源, 名詞語句之基礎, 今當解說文字之結合。 文字分為阿里卡里二種, 阿里即元音i等四, 卡里共三十。 其中後加字有十, 其中五為前加字, 不加者二十。 卡里聲母八組, 各分為四, 第一、第三、第四, 末二及第六之第三, 第七除舍, 皆為後加字十。 後加字十中, 第一、第三、第五、第六、 第七亦為前加字。 詞根二或三連, 雖具四元音, 皆不加亦不連。 後加字十, 于任何名詞末尾, 加第四阿里, 當知為複合。 名詞末有第十, 加第二阿里。 名詞末有第八, 亦加第二u。 名詞末有第三, 第四第九本身, 為業處依處, 即時處之詞。 相應規則如下: 前二加第一, 三五十加kya, 第七加第七, 余加gyi。 彼等加i為關聯詞, 彼等加第十, 當知為能作者。 去阿里加第二, 為詞飾二及總集。 于處格su去u, 加第三之第一, 加第三阿里, 此為帶余。 加第六為分合。 後加字十之, 第四第九加第十, 為來源分別, 及總集亦同。 任何名詞之首, 加kye為呼喚。 任何名詞末相應, 第四加i, 為分別及增益詞。 任何名詞間隙, 第三加第二, 此為總集、分別、 因由、時處、教誡五。

།གང་མིང་གི་ནི་ཡ་ཐ་རུ། །དང་པོ་ལ་ནི་གཉིས་པ་སྦྱར། །སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར། ། མིང་གང་གི་ནི་མ་ཐ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །མིང་གང་གི་ནི་ཡ་ཐ་ན། །སྟྲཱི་ལིངྒ་ཡི་སྒྲ་མེད་པ། །དེ་ལ་སྟྲཱི་ལིངྒ་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། །གང་མིང་གི་ནི་ཡ་ཐ་ན། །གསུམ་པ་ལ་ནི་ཨེ་སྦྱར་བ། །ཐ་སྙད དབང་དུ་གསུམ་ཡིན་ཏེ།།དངོས་པོའི་དབང་དུ་བཞི་རུ་སྦྱར། །དུས་ཀྱི་དབང་དུ་གཉིས་ཡིན་ཏེ། །ཚིགས་སུ་བཅད་པ་མཚམས་སྦྱོར་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང་། །དེ་ནི་དེ་བཞིན་སྦྱར་བར་བྱའོ། །སྔོན་འཇུག་ཡོད་དམ་མེད་ཀྱང་རུང་། །མིང་གཞིའི་ཡི་གེ་གང་ཡིན་ལ། ། གཉིས་འབྲེལ་ཡོད་དམ་གསུམ་འབྲེལ་ཡོད། །ཱ་ལི་བཞི་ལས་གང་ལྡན་ཡང་། །རྗེས་འཇུག་བཅུ་བོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །རྗེས་འཇུག་བཅུ་ཡི་དོན་ཤེས་ནས། །འདྲི་དང་ཀློག་དང་བཤད་རྣམས་ཀྱི། །མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། ། འབྲེལ་པར་སྨྲ་བའི་མཆོག་ཏུ་འགྱུར། །གཞན་ཡང་རྗེས་འཇུག་ཤེས་པ་ཡིས། །དོན་གྱི་སྦྱོར་བ་མ་མཐོང་ཡང་། །དོན་དང་མཐུན་པའི་སྦྱོར་བ་ཤེས། །རྗེས་འཇུག་སྦྱོར་བ་མཁས་པ་ན། །ལུང་གི་དོན་དང་སྦྱོར་བ་དང་། །བླ་མའི་མན་ངག་གསུམ་སྦྱར་ནས། །དོན་གྱི་ཐོག་ཏུ་དབབ་པར བྱ།།བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོར་ང་རོ་རྣམས་ལ་སྦྱང་། །སྔོན་འཇུག་རྗེས་འཇུག་མིང་གཞི་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན། །རྗེས་འཇུག་བཅུ་ཡི་སྦྱོར་བ་ནི། །མཉན་བསམ་གཏན་པའི་ཆེད་དུ་སྦྱར། །ཡན་ལག་དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆེད་དུ་ དོན་ལ་དབབ།།བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང་། །ཤེས་རབ་མྱུར་དུ་འགྲོལ་བར་འགྱུར། །དེ་ཕྱིར་དང་པོར་འདི་ཉིད་བསླབ། །དེ་ནས་རྒྱས་པའང་མཉན་བྱས་ནས། །བསླབ་པ་གང་ལ་དད་པ་ཡི། །གཞུང་ཉིད་བླ་མ་རྣམས་ལས་མཉན། །སློབ་དཔོན་དེ་ ཉིད་དུ་འཛིན་ཅིང་།།ལེ་ལོག་གཡེང་བ་རྣམ་པར་སྤང་། །ཟོ་བཟང་དད་པ་ལ་བརྟེན་པ། །སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ། །དེ་ལ་དུས་སུ་འདོམས་པར་བྱ། །ཅིག་ཤོས་དེ་ལས་བཟློག་པའོ། །དེ་ལྟར་བཤད་དེས་དེང་ནས་འདིར། །ཀུན་གྱིས་དེ་ལྟར་རྟོགས་གྱུར་ཅིག་།བྱཱ་ཀ་ར་ཎ་རྩ་བའི་ཤློ་ཀ་ ་སུམ་ཅུ་པ་ཞེས་བྱ་བ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ།

若名詞之上端,第一加第二,則遍及一切。 若名詞之下端,無陽性之聲,彼處加陽性,當知為所有格。 若名詞之上端,無陰性之聲,彼處加陰性,當知為否定處。 若名詞之上端,第三加’e’音,約定用三種,事物用四種。 時間方面用兩種,詩句連線等,雖有略微省略,仍應如是連線。 無論有無前加字,于任何詞根字,有二連或三連,具四元音任一, 若十後加字未入,不可能與他名相連。了知十後加字義, 于問答讀誦講說等,語音連線無障礙,成為善說之最勝。 複次由知後加字,雖未見義之連線,能知符合義連線。 精通後加字連線,經義相連及上師,口訣三者相結合,當落實于實義。 精進學習之士夫,首先修習鼻音等,前加後加詞根三,為誦讀故而學習。 十後加字之連線,為聞思修故而連。依彼支分之力故,為得果故入實義。 依此學習次第者,縱以微小精進力,智慧亦速得開解,是故首先學此法。 其後廣聞復學習,于所信受之學處,從諸上師聞教典,視彼上師為本尊。 斷除懈怠與散亂,依止正信善意樂,彼等士夫速領悟,當適時為其教授。 其餘則與此相反。如是已說今於此,愿眾皆能如是解。 《語法根本頌·三十頌》阿努尊者造畢

D4349

། །།བྱཱ་ཀ་ར་ཎ་རྩ་བ་བརྒྱད་བ་ལས། ཀུན་དུ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་པའོ།། །།[]@##། །རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་ལིངྒཱ་བ་ཏཱ་ར་ཎ་ནཱ་མ། བོད་སྐད་དུ། ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ། བྱཱ་ཀ་ར ཎའི་དབང་ཕྱུག་ལ་ཕྱག་འཚལ་ལོ།།སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་བ་ཕྱེད་དང་བརྒྱད་གནས་པའང་། །སྡེ་ཚན་ལྔ་རུ་དྲིལ་བྱས་ལ། །ཡི་གེ་སུམ་ཅུ་ཐམ་པ་ལ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་ རུ།།སྡེ་པ་བཞི་པ་ཡན་ཆད་དབྱེ། །ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་དྲུག་ནི་མོ་རུ་སྦྱར། །ར་ལ་ཧ་ནི་མོ་གཤམ་སྟེ། །མ་ནིང་མཚན་མེད་ཅེས་ཀྱང་བྱ། །མོ་ཡི་ཡི་གེའི་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །འཇུག་ པ་བཅུ་ཡི་ནང་ནས་ནི།།སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །སྔོན་འཇུག་ཡི་གེ་ལྔ་པོ་ལ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་རུ་དབྱེ། །དེ་དག་རེ་རེའང་བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །གང་ལ་འཇུག་པར་བྱེད་ཅེ་ན། །ཕོ་ནི་ཕོ་དང་མོ་ལ་ འཇུག་།མོ་ནི་མོ་དང་མ་ནིང་ལ། །མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང་། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །མི་འཇུག་པ་ནི་འདི་ལྟ་སྟེ། །ཕོ་ནི་མ་ནིང་ལ་མི་འཇུག་།མོ་ནི་ཕོ་ལ་འཇུག་པ་མིན། །མ་ནིང་རང་ལ་རང་མི་འཇུག་།རང་གི་སྡེ་དང་ཕྲད་པ་ན། །ཕོ་ཡང་མོ་ལ འཇུག་མི་འགྱུར།།མ་ནིང་མོ་ཡང་དེ་བཞིན་ནོ། །ཇི་ལྟར་འཇུག་པར་བྱེད་ཅེ་ན། །ཕོ་ནི་དྲག་པོའི་ཚུལ་གྱིས་འཇུག་།མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་འཇུག་།ཤིན་ཏུ་མོ་ནི་མཉམ་པས་སོ། །ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། ། མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་དང་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །མོ་ལ་མོ་དང་ཤིན་ཏུ་མོ། །མ་ནིང་འགྱུར་དང་མཚན་གཉིས་དང་། །མཚན་མེད་དག དང་གསུམ་དུ་འདོད།།དེ་ཡང་བྱེད་པ་བཞི་བཞི་སྟེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་བྱེད་དང་ཅི་ཕྱིར་བྱེད། །གང་ལ་ཡི་གེ་ཐམས་ཅད་ལ། །གང་གིས་བཅུ་པོ་དེ་དག་གིས། །ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། །སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། །ཕོ་གསུམ་མོ་གཉིས་མ་ནིང་གསུམ། ། དྲག་ཞན་བར་མ་གསུམ་དུ་འཇུག་།དྲག་པ་གསུམ་ནི་ནང་ཕྲད་དམ། །གལ་ཏེ་ཞན་པ་ནང་ཕྲད་ན། །དེ་ལ་ནང་གི་ཆ་ཤས་ཀྱིས། །དེ་ཡང་དྲག་ཞན་གཉིས་སུ་དབྱེ། །མ་ནིང་གསུམ་དུ་གང་གཏོགས་པ། །དྲག་དང་ཕྲད་ན་དྲག་པར་འགྱུར། །ཞན་དང་ཕྲད་ན་ཞན་པར་འགྱུར། །གཉིས་ཀ་དག་དང་ཕྲད གྱུར་ན།།དེ་ནི་གཉིས་ཀ་ཅན་དུ་འགྱུར། །གཉིས་ཀ་དག་དང་མ་ཕྲད་ན། །གང་དུ་ཡང་ནི་མི་འགྱུར་རོ། །དེས་ན་འགྱུར་དང་མཚན་གཉིས་དང་། །མཚན་མེད་མ་ནིང་གསུམ་དུ་འདོད། །དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། །དོན་གྱི་རྣམ་པ་གཉིས་ཡིན་ཏེ། །སྔ་མ་གང་ལྟར་གྱུར་པ་དང་། །ཕྱི་མ་ གང་ལྟར་གྱུར་པའོ།

八種文法根本論中,普賢文法第一品第五章。

這段藏文的翻譯是:

“《八部語法根本論》中,普賢語法第一品第五章完。”

具體解釋:

  • བྱཱ་ཀ་ར་ཎ་རྩ་བ་བརྒྱད་བ (vyākaraṇa rtsa ba brgyad pa): 八部語法根本論
  • ཀུན་དུ་བཟང་པོ (kun tu bzang po): 普賢(Samantabhadra)
  • བྱཱ་ཀ་ར་ཎ (vyākaraṇa): 語法
  • དང་པོའི་སྐབས (dang po’i skabs): 第一品
  • ལྔ་པ (lnga pa): 第五(章)

這是一個典型的藏文佛教文獻章節結尾句,表明這是《八部語法根本論》中普賢語法部分的第一品第五章的結束。這類語法著作是藏傳佛教典籍中重要的工具書,用於幫助學習和理解梵文和藏文的語法規則。