菩薩藏佛教學會
20
背景
翻譯
下載 ▾

d1966死主閻羅王修法儀軌

D1966

སྲེག་རྫས་ལྷག་མ་ཀུན་དབུལ་ཏེ། དེ་ནས་ཁ་ལག་བཤལ། ཡེ་ཤེས་ཀྱི་མེ་ལྷ་གཤེགས། བསྐྱེད་པ་བདག་ལ་བསྡུ། དེ་ནས་བསྔོ་བ་དང་སྨོན་ལམ་བྱ། སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲས་མཛད་པ་རྫོགས་སོ།། །།[་]@##། །འཆི་བདག་ཡི་དྭགས་རྒྱལ་པོའི་སྒྲུབ་ཐབས་ བཞུགས།@##། །འཆི་བདག་ཡི་དྭགས་རྒྱལ་པོ་ནི། །འཆི་བདག་བདུད་ཅེས་བྱ་བ་སྟེ། །འགྲོ་བ་ཀུན་གྱི་ལུས་ཀྱི་བདུད། །ལུས་དང་གྲིབ་མའི་ཚུལ་བཞིན་དུ། །འགྲོ་བ་ཀུན་ལ་སྣང་བ་སྟེ། །ཕུང་པོ་ཉིང་མཚམས་སྦྱོར་བ་པོ། །འཇིགས་པ་དེ་ཡི་གཟུགས་མཐོང་ན། །ཡ་མ་དེ་ཡི་དྲི་ངན་འབྱུང་། ། དེ་ནས་རང་གི་སྲོག་གི་བདུད། །ལྷག་པའི་ཕྱོགས་ན་གནས་པ་སྟེ། །གཙིགས་པ་ཅན་ལ་ཕྱག་འཚལ་ལོ། །དེ་ལ་འཆི་བདག་སྐྱེས་བུའི་གཟུགས། །ཁྲུ་གང་ཡི་དྭགས་གོས་ལ་བྲི། །ནག་པོ་ཞལ་གཅིག་ཕྱག་གཉིས་པ། །འཇིགས་པ་རལ་པ་མཆེ་བཞི་གཙིགས། །རྒྱན་མེད་རུས་པའི་ཕྲེང་བ་ཅན། ། གཡས་པ་ཡ་མའི་དབྱུག་པ་འཛིན། །སྡིགས་མཛུབ་ཞགས་པ་གཡོན་ན་བསྣམས། །མ་ཧེ་དག་ལ་གནས་པ་བྲི། །དེ་ལ་རྣལ་འབྱོར་ཆེན་པོ་ཡི། །མདུན་དུ་གནས་ལ་ཞི་གནས་བྱ། །ཡང་ན་སཾ་ས་དྷི་རྣམ་གསུམ་ལས། །ཧཱུཾ་ལས་ནག་པོ་ཆེན་པོ་སྟེ། །ཡི་གེ་བཅུ་གཅིག་བརྗོད་བྱས་ལ། །རས་ལ་བྲིས་པ་བཞིན་དུ བསྒོམ།།ོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུཾ་ཕཊ། དེ་ནས་བསྙེན་པ་བྱ་བ་གསུངས། །དུར་ཁྲོད་ནགས་ཚལ་སོང་བྱས་ལ། །བཟླས་བརྗོད་བྱས་པའི་ཚུལ་དག་གིས། །ཧ་ཧ་བཞད་ཅིང་འོང་བར་རིགས། །མངོན་དུ་གྱུར་ནས་བ་ལིཾ་སྦྱིན། །དེ་ལ་བསྙེན་པའི་སྙིང་པོ་འདིའོ།

我來為您翻譯這段藏文: 將剩餘的火供物品全部供養,然後洗手。送走智慧火神,收攝生起次第于自身。之後進行迴向和發願。這是大阿阇黎拉利達金剛所作的火供儀軌圓滿。 死主餓鬼王修法儀軌: 死主餓鬼王即是死魔,是一切眾生身體的魔。如同身體和影子般,顯現於一切眾生前。他是連線五蘊輪迴者。若見到他那可怖相,閻魔的惡臭就會出現。然後,自己的生命魔,住于上方之處,我向具有獠牙者頂禮。 關於死主,應在一肘長的餓鬼衣上畫其人形。黑色一面二臂,可怖髮髻齜露四牙,無裝飾佩戴骨鬘,右手持閻魔杖,左手持威指與套索,畫其乘於水牛之上。 在其前方以大瑜伽行者身份安住並修止觀。或者從三個薩瑪地中,從吽字現出大黑天,誦唸十一字咒后,如畫于布上般觀想。 咒語:(這裡是種子字,按要求應該顯示四種形式,但原文只給出了藏文音譯) oṃ kāla rūpa yama rāja hūṃ phaṭ 之後說修近加行,前往尸林或森林,以持誦的方式修持,他會發出”哈哈”笑聲而來。現前後獻食子。這就是近加行的心要。

།ོཾ་ཀཱ་ལ་རཱུ་པ་བྷཱི་མ་ཡཀྵ་ ཧཱུཾ།མ་ཧཱ་རོ་ཥ་ཎཾ། ན་ར་སིདྡྷ་ཡེ། སརྦ་བྷཱུ་ཏ་ཨ་དྷི་པ་ཏ་ཡེ། ཡ་མ་རཱ་ཛ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཐོག་མ་དབུས་མཐའ་ཡང་དག་ལྡན། །བཅུ་བཞི་ཕྱེ་བ་བསྙེན་པ་ཡིན། །རིམ་པ་བཞིན་དུ་མ་བྱེ་བ། །ཉེ་བའི་བསྙེན་པ་ཡིན་པར་ཤེས། །གྲུབ་སྟེ་མངོན་དུ་གྱུར་པ་ན། །ཤ་ཆེན་གཏོར་མ་ཆེན་པོ་སྦྱིན། ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུཾ་ཨི་དཾ་བ་ལིཾ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཚོགས་ལ་སོགས་པ་མངོན་དུ་སྦྱིན། །དེ་ལྟར་གྲུབ་ན་ལས་བྱ་སྟེ། །བྷནྡྷ་མཚན་ངན་བཟང་པོ་བཙལ། །དུམ་བུ་གཅིག་གམ་གཉིས་པ་ལ། །དཔྲལ་བའི་ངོས་ནས་ལྟག་པར་དྲང་། །མི་ཐོད་དག་པ་རོ་རས་ལ། །གནོད་སྦྱིན་བཻ་བ་སྭ ཏཱའི་གཟུགས།།སྣག་ཚ་བྱ་རོག་ཁྲག་དང་ནི། །དུར་ཁྲོད་སོལ་བ་བོང་བུའི་ཆུས། །མི་རྐང་སྙུ་གུས་ལེགས་པར་བྲི། །སྤྱི་བོའི་ངོས་ཀྱི་ཕྱོགས་དག་ལ། །རས་ལ་འཁོར་ལོ་བྲི་བར་བྱ། །རིམ་པ་སྐོར་གསུམ་ལྡན་པ་ལ། །རིམ་པ་གཉིས་པ་དག་ལ་ནི། །རྩིབས་གཉིས་གཉིས་ཀྱི་ ཚད་ལ་བྲི།།དེ་ལ་གསང་སྔགས་དགོད་པ་ནི། །མ་མ་ཤ་ཏྲཱུཾ་ཨ་མུ་ཀཾ། འཁོར་ལོ་ལྟེ་བའི་དབུས་སུ་བྲི། །ཤར་ནས་བརྩམས་ནས་འདི་ལྟ་སྟེ། །ཏྲཱ་ས་ཡ་ཏྲཱ་ས་ཡ། ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། ཤོ་ཥ་ཡ་ཤོ་ཥ་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བནྡྷ་བནྡྷ། ཙཱུ་རྞ་ཙཱུ་རྞ། རིམ་པ་ཐ་མ་དག་ལ་ནི། ། ཤར་ནས་བརྩམས་ནས་འདི་ལྟར་བྲི། །ཙཀྵ་བཛྲ་གྷོ་ར་བ་ཏྲ་མ་ཀྵེ་ཏྲ་པཱ་ལ་ཡ། ཙྪིནྡྷ་ཙྪིནྡྷ་མི། །བྷིནྡ་བྷིནྡ། ཐཱ་ཀཾ་བཛྲ་བཱ་དྷི། རུ་དྷི་ར་ཨརྒྷ་ས། ཨོཾ་མཱ་ར་ཡ་བཛྲ་ཡེ་སྟཾ་བྷ་ཡ་ཧཱུཾ་ཕཊ། བར་དུ་དགྲ་ཡི་མིང་རུས་བྲི། །རྒྱབ་སྲུབས་དག་ལ་གསང་སྔགས་བྲི། །སྐུད་པ་སྔོན་པོ་ནག་པོ་ཡིས། །ཐོད་པ་དེ་ནི བསྡམ་པར་བྱ།།རོ་ཤིང་མེ་ལ་བྷནྡྷ་བསྲོ། །དེ་ལ་ཞག་གསུམ་བྱས་ནས་ཀྱང་། །ལས་ཀྱི་འཆི་བདག་ཁྲུ་གང་ལ། །ཞལ་གཅིག་མཆེ་གཙིགས་ཕྱག་གཉིས་པ། །བདུན་པོར་ས་དང་རྣམ་སྣང་དང་། །དུར་ཁྲོད་སོལ་བའི་རྒྱུ་དག་ལ། །བོང་བུའི་ཆུ་ཡིས་གཟུགས་བྱས་ཏེ། །དེ་ཡི་སྙིང་གར་ཐོད་ པ་གཞུག་།འཁོར་ལོ་ལ་བྲིས་སྔགས་བཟླས་ཏེ། །མར་ཚེས་བཅུ་བཞི་དང་བརྒྱད་ལ། །དུར་ཁྲོད་རོ་ཁང་དག་ཏུ་མནན། །དེ་ལྟར་ལས་ནི་རྫོགས་གྱུར་ནས། །གང་ལ་བྱ་བའི་དངོས་པོ་དེ། །རང་གི་བདུད་ཀྱི་དབང་དུ་གྱུར། །འཆི་བདག་ཡི་དྭགས་རྒྱལ་པོ་དེ། །མ་དྲོས་མཚོ་ཡི་འབྲི དཀྱིལ་ལ།།རི་ནག་པོ་ཡི་ཕ་མཐའ་སྟེ། །སྤོས་དང་རི་བོའི་བར་དག་ན། །ཆུ་དང་ཞེང་དུ་ཆ་མཉམ་མཚོ། །

我來為您翻譯這段藏文,並按要求處理咒語: 首先是咒語部分: ཨོཾ་ཀཱ་ལ་རཱུ་པ་བྷཱི་མ་ཡཀྵ་ཧཱུཾ་མ་ཧཱ་རོ་ཥ་ཎཾ་ན་ར་སིདྡྷ་ཡེ་སརྦ་བྷཱུ་ཏ་ཨ་དྷི་པ་ཏ་ཡེ་ཡ་མ་རཱ་ཛ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ (藏文如上) (梵文天城體)ॐ काल रूप भीम यक्ष हूं महा रोषणं नर सिद्धये सर्व भूत अधिपतये यम राजय हूं हूं फट् फट् स्वाहा (梵文羅馬拼音)oṃ kāla rūpa bhīma yakṣa hūṃ mahā roṣaṇaṃ nara siddhaye sarva bhūta adhipataye yama rājaya hūṃ hūṃ phaṭ phaṭ svāhā (漢譯)唵 死主相 可怖夜叉 吽 大忿怒 人成就 一切鬼主 閻魔王 吽吽 啪啪 娑婆訶 正文翻譯: 具足始中終三者,分為十四是修近,若不如是次第分,當知是為近修持。成就現前之時候,當獻大肉大食子。 (此處有咒語)唵嘎拉熱巴雅瑪熱匝吽伊當巴令格日納卡卡卡嘿卡嘿。 獻供會供等供品。如是成就後行事,尋找惡相好相顱。取其一段或兩段,從額正面直至后。潔凈人顱尸布上,畫藥叉毗婆娑多相。以烏鴉血和墨汁,及尸林炭驢尿水,用人腿骨筆善畫。于其頂部方向處,布上畫一輪圈相。具足三重圓圈中,于其第二圈之中,每兩輻間畫咒語。 其密咒安置為:瑪瑪夏特隆阿目康。畫于輪相中央處。從東方始如是畫:怖畏怖畏,攝召攝召,乾枯乾枯,殺殺,燒燒,煮煮,縛縛,碎碎。于最後圈從東始,如是書寫:察克沙班匝郭熱巴特熱瑪克謝特熱巴拉雅,切達切達彌,賓達賓達,塔康班匝巴地,如地熱阿嘎薩,唵瑪熱雅班匝耶當巴雅吽啪。 中間書寫敵人姓名。背縫處寫密咒文。以青黑二色線繩,將彼頭顱縛繫好。以尸木火燒顱骨。如是三日之後復,作業死主一肘量,一面齜牙具二臂。七處地及毗盧遮那,尸林炭灰等物中,以驢尿水造其形,于其心間置頭顱。誦持輪上所寫咒,于黑月十四與八,壓于尸林骨堆中。如是事業圓滿已,所欲行事彼對境,悉皆降伏于自魔。彼死主餓鬼王,無熱池之中央,黑山之邊際,香與山之間,水平等量湖。

སྤོས་དང་རི་བོའི་བར་དག་ན། །ཆུ་དང་ཞེང་དུ་ཆ་མཉམ་མཚོ། །དེ་འོག་དཔག་ཚད་ལྔ་བརྒྱའི་འོག། །འཆི་བདག་ཡི་དྭགས་རྒྱལ་པོའི་གནས། །འགྲོ་བའི་ལྟག་པའི་ཕྱོགས་ན་གནས། །དེ་ཡི་ཡུམ་དེ་ཙ་མུཎྜཱི། །རབས་ཆད་ཕོ་མོའི་ཐོད་པ་ ལ།།ཡ་གཉིས་དག་གི་བར་དུ་ཡང་། །རོ་རས་དག་ལ་གཟུགས་བྲབ། །ཞལ་དང་ཕྱག་ཞབས་སྔོན་བཞིན་བྲི། །དེ་ལ་འཆི་བདག་ཙ་མུཎྜཱི། །ནག་མོ་མིག་གསུམ་ཁྲོ་གཉེར་ཅན། །ཁ་གདངས་སྐྲ་བརྫེས་ནུ་མ་འཕྱང་། །གསུས་ཆེན་དུས་འགྲོའི་གོས་གྱོན་མ། །གཡས་ན་ཏྲི་ཤཱུལ་གཡོན་ཐོད་ པ།།མི་ཡི་ཐོད་པ་དང་སྦྱར་བ། །མི་ཡི་རྒྱུས་པས་བསྡམས་པ་ཡི། །བར་དུ་འཁོར་ལོ་གཞུག་པར་བྱ། །དེ་ལ་འཆི་བདག་འཁོར་ལོ་ནི། །སྔ་མ་བཞིན་དུ་བྲི་བར་བྱ། །དེ་ལ་མ་མོའི་འཁོར་ལོ་ནི། །རས་ལ་འཆི་བདག་ཚུལ་བཞིན་དུ། །རྩིབས་བརྒྱད་གཉིས་དང་ལྡན་པ་ལ། །དབུས་ནས་བརྩམས་ཏེ་ དེ་བཞིན་བྲི།།མ་མ་སརྦ་ཤ་ཏྲཱུཾ། ལྟེ་བའི་དབུས་སུ་བྲི་བར་བྱ། །ཤར་ནས་རིམ་པ་འདི་བཞིན་དུ། ། མུ་ཀ་སྱ། དྷུ་ན་དྷུ་ན། བནྡྷ་བནྡྷ། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། ཧཱུཾ་ཛྭ་ར་ཛ། ཛ་རི་ན་བྱ། །དྷི་རི་གེ་ནཾ། རིམ་པ་ཐ་མ་དག་ལ་ནི། །ཤར་ནས་བརྩམས་ནས་འདི་ལྟ་སྟེ། །ནི་ག་ན་ཤི་བཾ་ཧཾ་ཡཾ་རི་ཚུ་ས་ཡ། ཨ་ བི་ཤ་ཡ།ཛཾ་བཾ་ཧྲྀ་ད་ཡཾ། ཚིནྡ་མ་དེ་པ་ཤི་གཾ་མཱ་ར་ཡ་ནཱ་ཤ་ཡ་ཧཱུཾ་ཕཊ། འཁོར་ལོ་གཉིས་ཀྱི་བར་དུ་ཡང་། །གང་ལ་བྱ་བའི་མིང་གཟུགས་གཞུག་།བླ་མས་འཆི་བདག་བསམས་བྱས་ཏེ། །སྲོག་གི་སྙིང་པོ་བཟླས་པར་བྱ། །གོས་སྔོན་གྱོན་པ་དེ་བཞིན་དུ། །ཡུམ་མམ་ལས་མཁན་དཔའ་བོ་བཞིན། །ཡུམ་གྱི་ སྲོག་སྙིང་བཅུ་པོ་དགོད།།ོཾ་ཧྲཱིཿཙ་མུཎྜཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། །ཡབ་ཡུམ་འཁོར་ལོ་གང་ཡིན་པ། །གོང་གི་ཐོད་པར་གཞུག་པར་བྱ། །ཤི་བའི་སྐྲ་ཡི་སྐུད་པ་ལ། །མི་རྒྱུས་དག་གི་སྐུད་པས་བསྡམས། །མི་ཡི་རྒྱུ་མས་གཟུངས་ཐག་བྱས། །གཙོ་དང་གཟུངས་ཀྱིས་གཟུང་བྱས་ནས། །མཎྜལ་ སྟེང་བཞག་བཟླས་པ་བྱ།།འཁོར་ལོ་སྟེང་འོག་ལས་སྔགས་ལ། །གཙོ་དང་གཟུགས་ཀྱི་འབུམ་ཕྲག་བཟླས། །དེ་ནས་བཟླས་པ་རྫོགས་ནས་ཀྱང་། །དུར་ཁྲོད་ལྷ་ཁང་རོ་ཁང་ངམ། །ལྷ་ཀླུ་དྲག་པོའི་གནས་སུ་མནན། །ལྷ་ལ་སོགས་པ་ཤི་བར་བསྟན། དེ་ཡི་སྒྲུབ་པའི་གནས་རྣམས་ཀྱང་། །

我來翻譯這段藏文: 香山之間,水平等量湖。其下五百由旬下,死主餓鬼王之處,位於眾生后頂方。其佛母為遮文荼,斷絕男女頭骨中,於二牙齒之間處,尸布之上畫其形。面手足等如前畫。彼死主母遮文荼,黑色三目具皺眉,口張發散乳下垂,大腹著死神之衣。右持三叉左持顱,與人頭骨相結合,以人筋脈縛繫好,中間應當置輪相。 其上死主輪相者,如前所說而繪畫。其上佛母輪相者,布上如死主形式,具足雙八輻輪相,從中央始如是畫。 (咒語部分) 瑪瑪薩瓦夏特隆(藏文:མ་མ་སརྦ་ཤ་ཏྲཱུཾ) (梵文天城體)मम सर्व शत्रुं (羅馬拼音)mama sarva śatruṃ (漢譯)我一切敵人 應畫于中央臍處。從東方始如是次:目卡敘,蕩蕩,縛縛,碎碎,極碎極碎,吽熱熱匝,匝日納比雅,地日給南。于最後圈從東始,如是書寫:尼嘎納西棒杭揚日楚薩雅,阿比夏雅,匝棒紐達揚,切達瑪得巴西崗瑪熱雅納夏雅吽啪。 二輪之間處,置入所修對境名相。上師觀想死主已,誦持命之心咒語。身著藍衣如是般,佛母或事業勇士。安置佛母十命心:唵舍遮文荼耶吽啪娑婆訶。 無論父母任何輪,應當置入前述顱。以死人發為線繩,人筋之繩縛繫好。以人腸臟作繫帶,以主尊咒語持誦已,置於壇城上持誦。上下輪相業咒語,主尊形相誦十萬。其後持誦圓滿已,尸林寺廟骨堆中,或於天龍猛處壓。示現天等皆死亡。其修持處所亦然。

དེ་ཡི་སྒྲུབ་པའི་གནས་རྣམས་ཀྱང་། །

這是一個非常簡短的藏文句子,我來翻譯: 其修持處所亦然。 (這句話是一個單句,不包含種子字或咒語,因此無需提供額外的梵文等對照。)

D1967

དབེན་པའི་གནས་སུ་བྱས་ནས་ནི། །བླ་མ་ཕ་མ་མཆོད་པ་ཡིན། །གང་བྱུང་ཡང་ནི་བསྒྲལ་བ་ཡིན། །དེ་ཚེ་བསྒྲལ་བ་མ་བྱས་ན། །དེ་ཚེ་རང་ཉིད་འཆི་བར་འགྱུར། །གསང་བ་གཞན་ལ་བསྟན་མི་བྱ། །འཆི་བདག་ཡི་དགས་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ། །[་]@##། །བཅོམ ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ།།ལག་པའི་མཆོད་པ་ནི། ཡང་རང་ཉིད་ཡི་དམ་དུ་བསྒོམས་ལ། ལག་པའི་མཐིལ་ལས་ནི། པདྨ་འདབ་མ་བརྒྱད་པ་བསམས་ལ། དེ་ལ་གཤིན་རྗེའི་ལྷ་ཚོགས་བསམས་ལ། དེ་ལ་དགུག་གཞུག་བྱས་ལ། །དེ་ལ་ལག་ པ་གཡས་པ་བདག་གི་ཐུགས་ཀ་ནས་བཏོན་ལ།སྲིན་མཐེབ་ཀྱིས་བདུད་རྩི་གཏོར་ཞིང་། །ོཾ་ཨཱཿཧཱུཾ་བརྗོད་པས་ལྷ་མཉེས་པར་བསམ། དེ་ནས་ལྷ་རྣམས་རང་གི་སྤྱི་བོ་ན་མར་ཐིམ་པར་བསམ། ལག་པའི་ཆང་དེ་སྣོད་དུ་གཏིགས་སོ། །ཚོགས་ཀྱི་ཕུད་རྣམས་ལ་གཏོར་མ་བྱ་ཞིང་། ལྷག་མ་རྣམས་ལ་བདུད་རྩིར་གྱུར་པའི་ཆོ་ག་བྱས་ལ། གཏོར་མ་རྣམས་འབྱུང་པོ་རྣམས་ལ་དབུལ་ལོ། །དེ་ནས་རྣལ་འབྱོར་ཕོ་མོ་རྣམས་རང་རང་གི་ཐུགས་དམ་མཆོད་ཅིང་བསྒོམ་པ་དང་། བཟླས་པ་བྱས་ནས་ལས་ཀྱི་སློབ་དཔོན་གྱིས་གཟིགས་ཤིག་ལ་སོག་པའི་བ་དན་དང་། ལྕགས་ཀྱུས་འདྲེན ་པར་བྱའོ།

我來為您翻譯這段藏文: 在寂靜處安住后,供養上師與父母。任何出現者都要度化。若那時不度化,自己將會死亡。不可向他人顯示密法。 死主閻羅王修法完畢。