d1947黑閻摩敵修法儀軌卡瑪拉惹克西塔 般若吉祥智
D1947
།[་]@##། །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་པའི་ཐབས་ཞེས་བྱ་བ་མགོན་པོ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །བླ་མ་ལ་གུས་དེ་རྗེས་ལ། །གཤིན་རྗེ་གཤེད་ནག་རྡོ་རྗེ་ནི། །རང་འོད་ཡན་ལག འདུས་པ་ཡི།།བདེ་བ་རྒྱས་ལ་ཕྱག་འཚལ་ཏེ། །གཤིན་རྗེ་གཤེད་ནག་སྒྲུབ་པའི་ཐབས། །དེ་ཉིད་བློ་ཡིས་བཤད་པར་བྱ། །བདེ་བའི་སྟན་ལ་འདུག་ནས་ནི། །སྙིང་རྗེས་སྐད་ཅིག་ལྷར་བསྐྱེད་ལ། །སྙིང་གར་པདྨ་ཡ་ཡིག་དགོད། །འོད་འཕྲོས་སྦྱངས་ཏེ་བླ་མ་དགུག། །བཀོད་པ་ བསམས་ལ་ཕྱག་དང་ནི།།མཆོད་པ་ལ་སོགས་ཚོགས་བསགས་ཏེ། །བློ་ཡིས་མཁའ་ལ་གཤེགས་སུ་གསོལ། །དེ་ནས་ཚངས་པའི་གནས་བཞི་བསྒོམ། །རང་བཞིན་རྣམས་དང་བྲལ་བས་རྒྱུ། །འདི་ལྟར་ཡང་ན་མཚན་མ་ནི། །རྣམ་པར་དཔྱད་པ་མེད་པས་ན། །འདི་ལྟར་སྨོན་ ལམ་རྣམ་པར་སྤངས།།ོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོུ྅ཧཾ། དེ་ལྟར་བརྟན་པར་བསམས་ནས་ནི། །མ་ཡིག་ལས་བྱུང་ཉི་མ་ལས། །སྣ་ཚོགས་ཧཱུཾ་ལས་རྒྱ་གྲམ་བསམ། །ཧཱུཾ་ལས་འོད་འཕྲོས་ར་བའོ།
我來為您翻譯這段藏文: 印度語:Kṛṣṇayamāri-sādhanaṃ nāma 藏語:黑閻摩敵修法儀軌 頂禮怙主閻摩敵! 恭敬頂禮上師后, 黑閻摩敵金剛尊, 自性光明具支分, 圓滿安樂我頂禮。 今當以智慧宣說, 黑閻摩敵修法要。 安坐舒適座墊上, 以悲剎那觀本尊, 心間蓮花置吽字, 放光凈化召上師。 觀想莊嚴作頂禮, 供養等積諸資糧, 意觀空中請上師, 隨後修四梵住心。 遠離諸法自性因, 或者如是諸相好, 因無分別觀察故, 如是遠離諸愿求。 咒語: (藏文:ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོུ྅ཧཾ) (梵文天城體:ॐ स्वभावशुद्धः सर्वधर्माः स्वभावशुद्धोऽहं) (梵文羅馬拼音:oṃ svabhāva śuddhāḥ sarva dharmāḥ svabhāva śuddho ‘haṃ) (漢譯:嗡 自性清凈 諸法自性 清凈我) 如是堅固觀想已, 從字母”瑪”現日輪, 種種吽字成十字, 吽字放光成圍墻。
།དེ་དཀྱིལ་པཾ་ལས་པདྨ་ནི། །དམར་པོའི་སྟེང་དུ་ཟླ་བ་སྟེ། །དེ་ལས་དབྱངས་ཡིག་རྣམ་པ ཨར་བསམ།།དེ་སྟེང་རཾ་ལས་ཉི་མ་སྟེ། །གསལ་བྱེད་བཀོད་ལ་གསལ་བར་བྱས། །དེ་ལས་གོང་བུ་ཧཱུཾ་དུ་གྱུར། །དེ་ལས་རྡོ་རྗེ་ཧཱུཾ་ལྡན་བསམ། །དེ་ལས་རྡོ་རྗེ་སེམས་དཔའ་ནི། །ཞལ་གཞན་གཤིན་རྗེ་གཤེད་དང་འདྲ། །རྩ་བའི་ཞལ་ནི་དཀར་བར་བསྒོམ། །ཐུགས་ཀར་ས་བོན་གསལ་བ་ ལས།།འོད་འཕྲོས་བཀུག་ལ་ཞལ་ཞུགས་པས། །སྙིང་གར་ཞུ་ནས་ཐིམ་བྱས་ལ། །མཁའ་གསང་སྦྱངས་ལ་གཏོར་མ་བསམ། །ཞུ་བས་སྐར་མདའ་ལམ་ཞུགས་བཞིན། །མཁའ་གསང་ནང་དུ་བབས་གྱུར་པས། །བདག་ཉིད་ཡུམ་དང་བཅས་པ་ཞུ། །དེ་ལས་ཐིག་ལེ་བཞི་འཕྲོས་པས། ། ལྷ་མོ་བཞི་ཡིས་བསྐུལ་བར་བསམ། །རྗེ་བཙུན་སྟོང་ཉིད་ལ་བཞེངས་ལ། །ཁམས་གསུམ་ཀུན་གྱི་གཏི་མུག་སེལ། །རྗེ་བཙུན་ཆོས་ཉིད་ལ་བཞེངས་ལ། །སྙིང་རྗེས་སེམས་ཅན་དོན་མཛོད་ཅིག་།དེ་རྗེས་དེ་ཡང་ཐིམ་གྱུར་པས། །ཐིག་ལེའི་ངོ་བོར་བལྟ་བྱས་ལ། །ཞུ་བས་ཡོངས་སུ་གྱུར་པ་སྐྱེས། ། ཡ་ཡིག་སྔོན་པོ་ཉི་དཀྱིལ་འཁོར། །དེ་ལས་རྡོ་རྗེ་ས་བོན་བཅས། །འོད་འཕྲོས་བསྟིམས་ཏེ་གྱུར་པ་ལས། །བདག་ཉིད་འཇམ་དཔལ་གཤིན་རྗེ་གཤེད། །རྩ་བའི་ཞལ་ནི་སྔོན་པོ་ལ། །གཡས་དཀར་གཡོན་པ་དམར་བ་སྟེ། །རང་གི་ཡུམ་དང་ལྡན་པའི་ལུས། །རྡོ་རྗེ་རལ་གྲི་འཁོར་ལོ་དང་། །ཆུ་སྐྱེས གྲི་གུག་ཐོད་པའི་ཕྱག་།མ་ཧེ་གདན་བཅས་གསུས་པོ་ཆེ། །གླང་པོ་སྟག་གི་པགས་པ་མནབས། །མཆེ་གཙིགས་སྦྲུལ་གྱི་ཆས་ལྡན་བསྐྱེད། །སེམས་ལྡན་འོད་འཕྲོས་ཡེ་ཤེས་དགུག་།ཛཿཧཱུཾ་བཾ་ཧོཿ། དེ་ནས་མིག་དང་རྣ་བ་སྣ། །ལྕེ་དང་ལུས་ཡིད་རྣམས་ལ་ཡང་། །མངོན་ཤེས་བསྒྲུབ་ཕྱིར་ལྷ བསྒོམ་བྱ།།ཀྵིཾ་ཛིཾ་ཁཾ་གཾ་ཀཾ་སཾ། །དེ་ནས་སྐུ་གསུང་ཐུགས་གསུམ་ལ། །ོཾ་ཨཱཿཧཱུཾ་གསུམ། བཀོད་པ་ལྷ་རུ་དམིགས་པར་བྱ། །དེ་ནས་མེ་ལྷ་སྤྱན་དྲངས་ཏེ། །མཆོད་བཅས་པ་ཡིས་ཡམ་ཤིང་གིས། །སྔགས་པའི་དངོས་གྲུབ་འཇིག་པར་བྱེད། །ཡམ་ཤིང་དབང་དུ་བྱས་པ་ཡི། །སྲེག་རྫས་མཆོད་ རྫས་རྣམ་པ་ནི།།དཀར་གསུམ་མངར་གསུམ་ཐུག་པ་དང་། །འབྲས་ཆན་ནས་ཆན་ཅན་གྱི་ཚོགས། །སྨན་གྱི་ཚོགས་ནི་ལ་དུ་དང་། །དེ་སོགས་རྫས་དང་ཏིལ་དག་ནི། །གཡས་ཀྱི་ཕྱོགས་སུ་གཞག་པར་བྱ། །སྤོས་དང་མེ་ཏོག་མར་མེ་དང་། །དྲི་དང་ཞལ་ཟས་མཆོད་པའི་ཚོགས། ། གཡོན་གྱི་ཕྱོགས་སུ་གཞག་པར་བྱ། །ཀུ་ཤ་ཡོན་ཆབ་གཡས་ཡིན་ཏེ། །མར་དང་རྡོ་རྗེ་དྲིལ་བུ་དང་། །དགང་གཟར་བླུགས་གཟར་མདུན་དུའོ། །སྲེག་རྫས་མཆོད་རྫས་རིམ་པའོ།
我來為您翻譯這段藏文: 其中央從”巴”字現紅蓮, 蓮花之上現月輪, 其上觀想元音字, 上現”讓”字成日輪, 佈列輔音令明顯, 融聚變成吽字已, 觀想金剛具吽字, 復從彼現金剛薩埵, 其餘面相如閻魔敵, 觀修根本面白色, 心間種子明現已, 放光召請入口中, 融入心間令溶化, 凈化密處觀食子, 如同流星入虛空, 降入密處中央已, 自身與佛母融化, 由此放射四明點, 觀想四天女勸請: “尊者請從空性起, 消除三界諸愚癡, 尊者請從法性起, 以悲利益諸有情。” 此後彼亦融化已, 觀察明點之本性, 融化后復現起身, 藍色”雅”字日輪中, 其上金剛具種子, 放光攝收變化已, 自身文殊閻魔敵, 根本面色為深藍, 右白左面現紅色, 自身與佛母相合, 金剛劍輪蓮花手, 彎刀托髏諸手印, 水牛座具大腹相, 身披象皮虎皮衣, 現露獠牙蛇飾嚴, 放光召請智慧尊。 咒語: (藏文:ཛཿཧཱུཾ་བཾ་ཧོཿ) (梵文天城體:जः हूं बं होः) (梵文羅馬拼音:jaḥ hūṃ baṃ hoḥ) (漢譯:嘉 吽 邦 吙) 復于眼耳及鼻舌, 身與意識諸根門, 為成神通修本尊。 咒語: (藏文:ཀྵིཾ་ཛིཾ་ཁཾ་གཾ་ཀཾ་སཾ) (梵文天城體:क्षिं जिं खं गं कं सं) (梵文羅馬拼音:kṣiṃ jiṃ khaṃ gaṃ kaṃ saṃ) (漢譯:克心 即 康 剛 康 桑) 復于身語意三處, 安置嗡阿吽三字, 觀想彼等為本尊。 次請火天降臨已, 以諸供品及柴薪, 摧毀修咒之成就。 以柴薪作降伏已, 火供供品諸種類: 三白三甜及湯食, 米飯麥飯等食聚, 藥物聚集如糕點, 如是諸物及芝麻, 應當安置右方向。 香花燈明及涂香, 飲食等諸供養聚, 應當安置左方向。 吉祥草與凈水右, 酥油金剛鈴杵等, 供勺注勺置前方, 火供供品次第竟。
།མངོན་པར་རྟོགས་པའི་བྱ་བ་ནི། །དག་པའི་ཁྲུས་བྱས་ལུས་དྲིས་བྱུག་།གོས་དང་རྒྱན་ནི་བགོ་བྱ་སྟེ། །ཀུ་ཤ་བདེ་བའི སྟན་ཉིད་ལ།།ཤར་དུ་ཁ་བལྟས་འདུག་བྱས་ཏེ། །སྙིང་བརྩེ་བ་ཡི་བསམ་པ་ཡིས། །ལས་ཀྱི་བུམ་པ་བྱིན་བརླབས་ནས། །རྫས་རྣམས་དག་པར་བསང་བར་བྱ། །ོཾ་ཁཌྒ་དྷྲྀཀ་།དེ་ནས་མཆོད་པ་སོ་སོ་ཡི། །ཕྱག་རྒྱ་བཅིང་ཞིང་སྔགས་བཟླས་ཏེ། །ཚུལ་བཞིན་བྱིན་གྱིས་བརླབ་པར་བྱ། །ོཾ་ཧྲཱིཿཥྚྲྀཿ་ ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ།མཆོད་ཡོན་ལའོ། །ོཾ་བཛྲ་དྷཱུ་པེ་ཨཱཿ་ཧཱུཾ། བདུག་པའིའོ། །ོཾ་བཛྲ་པུཥྤེ་ཨཱཿཧཱུཾ། མེ་ཏོག་ལའོ། །ོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། མར་མེ་ལའོ། །ོཾ་བཛྲ་གཎྡྷེ་ཨཱཿཧཱུཾ། དྲི་ལའོ། །ོཾ་བཛྲ་ནཻ་ཝི་ཏྱེ་ཨཱཿཧཱུཾ། ཞལ་ཟས་ལའོ། །ོཾ་བཛྲ་ཤཔྟ་ཨཱཿཧཱུཾ། རོལ་མོ་ལའོ། །དེ་ནས་དངོས་མེད་ ངང་ཉིད་ལས།།སྐྱེ་བ་མེད་ལ་པདྨ་ཡི། །གཞལ་ཡས་ཁང་པ་ཆུ་གདན་ཅན། །བསམ་པ་བྲམ་ཟེའི་ཁྱིམ་དང་ནི། །དགེ་འདུན་རྒྱུན་བཞག་མེ་དག་ལས། །བླང་ལ་མེ་ནི་སྤར་བྱས་ཏེ། །བསངས་ལ་གཟི་བསྐྱེད་མེ་པྲ་བརྟག་།དེ་ནང་བྱང་ཆུབ་ལྔ་དག་ལས། །གྱུར་པའི་པདྨའི་གདན་སྟེང་དུ། །གྲུ་གསུམ་ མེ་ལས་བྱུང་བ་ཡི།།མེ་ལྷ་དཀར་པོ་ཞལ་གསུམ་པ། །རང་གི་རིགས་དང་ལྡན་པའི་ལུས། གཡས་ན་སྤྱི་བླུགས་མི་འཇིགས་སྦྱིན། །གཡོན་ན་དབྱུག་པ་ཕྲེང་བ་འཛིན། །གྲི་གུག་ཐོད་པ་རྩ་བའི་ཕྱག་།གཡས་བརྐྱང་བ་ཡི་ཕྱག་གིས་མནན། །ཁྲོ་བོའི་རྒྱན་གྱིས་བརྒྱན་པའོ། །དེ་ནས་ཐུགས་ཀྱི་ ས་བོན་ལས།།ཡེ་ཤེས་མེ་ནི་དགུག་པར་བྱ། །ོཾ་ཊཱཀྐི་ཧཱུཾ་ཛཿ། བསངས་ལ་དམ་ཚིག་གཞུག་པར་བྱ། །ོཾ་མུངྒ་ར་ཛཿ། ཨོཾ་དཎྜ་ཧཱུཾ། ཨོཾ་པདྨ་བཾ། ཨོཾ་ཁཌྒ་ཧོཿ། དེ་ནས་སྐྱེ་མཆེད་སྐུ་གསུང་ཐུགས། །བྱིན་བརླབས་དབང་བསྐུར་མཆོད་པ་འབུལ། །བསྟོད་པ་ཞལ་དུ་རེ་ཕ་བཀོད། སྲེག་རྫས་ བྱུར་བུར་དབུལ་བར་བྱ།།ཡཀྵེ་མ་མེ་ད། ཡཙྪ་ནི་རཱ་ཛ་ས་རུ། ཎ་ཡོ་ནི་ར། རྡོ་རྗེ་འཁོར་ལོ་རིན་ཆེན་པད། །རལ་གྲི་ཐོ་བ་དབྱུག་པ་དང་། །པདྨ་དང་ནི་རལ་གྲི་ཆེ། །འཁོར་ལོ་རྡོ་རྗེ་པད་རལ་གྲི། །སོ་སོར་སྔགས་ཀྱིས་ལྷར་བསྐྱེད་བྱ། །དེ་ནས་སྐྱེ་མཆེད་བྱིན་བརླབས་ཏེ། །མིག་ནི་ས་ཡི་སྙིང་པོ་ལ། །རྣ་བ་ཕྱག་ ན་རྡོ་རྗེའི་ཚུལ།།སྣ་ནི་ནམ་མཁའི་སྙིང་པོ་དགོད། །ལྕེ་ལ་འཇིག་རྟེན་དབང་ཕྱུག་བཞག་།སྒྲིབ་པ་རྣམ་སེལ་ལུས་ལ་བཤད། །ཡིད་ལ་ཀུན་དུ་བཟང་པོའོ།
我來為您翻譯這段藏文: 現觀之事業即是: 凈浴涂香于身體, 衣飾莊嚴當披戴, 吉祥草墊舒適上, 面向東方而安坐, 以具慈悲之心意, 加持事業寶瓶已, 清凈諸物作凈除。 咒語: (藏文:ོཾ་ཁཌྒ་དྷྲྀཀ) (梵文天城體:ॐ खड्गधृक्) (梵文羅馬拼音:oṃ khaḍgadhṛk) (漢譯:嗡 持劍者) 其後各種供養物, 結印誦咒而加持, 如法加持諸供品。 咒語: (藏文:ོཾ་ཧྲཱིཿཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ) (梵文天城體:ॐ ह्रीः ष्ट्रिः विकृतानन हूं हूं फट्) (梵文羅馬拼音:oṃ hrīḥ ṣṭrīḥ vikṛtānana hūṃ hūṃ phaṭ) (漢譯:嗡 赫利 斯特利 威克利塔納納 吽吽 啪特) 以下為各供品咒語: 獻水咒:嗡 班扎 阿爾鋼 阿吽 香咒:嗡 班扎 度貝 阿吽 花咒:嗡 班扎 普貝 阿吽 燈咒:嗡 班扎 阿洛給 阿吽 涂香咒:嗡 班扎 根德 阿吽 食咒:嗡 班扎 內威迪 阿吽 音樂咒:嗡 班扎 夏布達 阿吽 從無實性之境中, 無生蓮花宮殿起, 具水基座之宮殿, 觀想婆羅門之家, 僧眾常住火壇中, 取火點燃作凈除, 生威驗察火相好。 其中五智菩提中, 化現蓮花座墊上, 三角火中所生起, 火天白色具三面, 自部種姓之身相, 右持水瓶施無畏, 左持杖鬘為標幟, 彎刀托髏根本手, 右足伸展作鎮壓, 忿怒裝飾為嚴飾。 復從心間種子中, 召請智慧火天至。 咒語: (藏文:ོཾ་ཊཱཀྐི་ཧཱུཾ་ཛཿ) (梵文天城體:ॐ टाक्कि हूं जः) (梵文羅馬拼音:oṃ ṭākki hūṃ jaḥ) (漢譯:嗡 達基 吽 嘉) 凈除后入三昧耶。 咒語: (藏文:ོཾ་མུངྒ་ར་ཛཿ། ཨོཾ་དཎྜ་ཧཱུཾ། ཨོཾ་པདྨ་བཾ། ཨོཾ་ཁཌྒ་ཧོཿ) (梵文天城體:ॐ मुङ्गर जः । ॐ दण्ड हूं । ॐ पद्म बं । ॐ खड्ग होः) (梵文羅馬拼音:oṃ muṅgara jaḥ | oṃ daṇḍa hūṃ | oṃ padma baṃ | oṃ khaḍga hoḥ) (漢譯:嗡 姆嘎惹 嘉|嗡 當達 吽|嗡 巴瑪 邦|嗡 卡嘎 吙) 複次處所身語意, 加持灌頂獻供養, 讚頌口中置熱法, 火供物品當獻供。 咒語: (藏文:ཡཀྵེ་མ་མེ་ད། ཡཙྪ་ནི་རཱ་ཛ་ས་རུ། ཎ་ཡོ་ནི་ར) (梵文天城體:यक्षे म मे द । यच्छ नि रा ज स रु । ण यो नि र) (梵文羅馬拼音:yakṣe ma me da | yaccha ni rā ja sa ru | ṇa yo ni ra) (漢譯:藥叉 瑪美達|雅查 尼惹匝 薩如|納 優 尼惹) 金剛輪寶與蓮花, 寶劍鐵錘及杖印, 蓮花以及大寶劍, 法輪金剛蓮寶劍, 各以咒語成本尊。 複次加持諸處所: 眼處安置地藏王, 耳如金剛手之相, 鼻安虛空藏菩薩, 舌置世間自在尊, 除障菩薩安身處, 意處普賢王如來。
།ཀྵིཾ་ཛིཾ་ཁཾ་གཾ་ཀཾ་སཾ། །ཐུགས་ལ་ཞེ་སྡང་རྡོ་རྗེ་སྟེ། །གསུང་ལ་འདོད་ཆགས་རྡོ་རྗེ་དགོད། །གཏི་མུག་རྡོ་རྗེ་སྐུ་ལའོ། །ོཾ་ཨཱཿཧཱུཾ། དེ་ནས་དབང་ བསྐུར་དགུག་གཞུག་བྱ།།གསང་བའི་མཆོད་པས་མཆོད་བྱས་ལ། །རྡོ་རྗེ་དྲིལ་བུ་ལྡན་པ་ཡིས། །གཤིན་རྗེའི་དགྲ་ལ་བསྟོད་པ་བྱ། །དེ་ནས་སྲེག་རྫས་བསངས་ནས་ནི། །བདུད་རྩིའི་ངོ་བོར་བསྒྲུབས་ནས་ཀྱང་། །བདུད་རྩི་མེ་ལྷའི་ཞལ་ཉིད་དུ། །སྲེག་རྫས་རྣམས་ནི་ཕུལ་བར་བྱ། །དཀྱིལ་ འཁོར་བཟང་པོ་མཉེས་པར་བྱ།།གཙོ་བོ་ལ་འབུམ་འཁོར་ལ་ཁྲི། །དེ་བཞིན་སྟོང་དང་བརྒྱ་རྩ་བརྒྱད། །ལྔ་བཅུ་ཉི་ཤུ་རྩ་གཅིག་བདུན། །གཙོ་དང་འཁོར་གྱི་བྱེ་བྲག་གིས། །གོ་རིམས་བཞིན་དུ་དབུལ་བར་བྱ། །སོ་སོ་རྩ་བའི་སྔགས་དག་ལ། །གསོལ་བ་གདབ་ལ་དབང་བསྐུར་བས། །རྡོ་རྗེ་ འཛིན་པ་སྤྱི་བོར་བལྟ།།དེ་ལས་ས་བོན་ཡི་གེ་ལས། །འཕྲོས་པས་ཡི་གེ་ཉི་མར་བསྡུ། །དེ་ནས་རྡོ་རྗེའི་བཟླས་པ་ནི། །ཞི་རྒྱས་དབང་དང་དྲག་ཚུལ་དུ། །གཏོར་མ་ལྡན་པས་བཟླས་པ་བྱ། །དེ་ནས་ལྡང་བར་བརྩམ་པ་ནི། །སེམས་ཅན་དོན་ལ་སེམས་པ་ཡི། །ཡེ་ཤེས་སེམས་དཔའ་ གཤེགས་སུ་གསོལ།།ོཾ་ཨཱཿཧཱུཾ་མུཿ། ཡིད་བཞིན་འཁོར་དང་རྡོ་རྗེ་བཟླས། །གཙོ་མོ་ཁྲོ་ཚུལ་ལོ་མ་གཙིགས། །ཕྲ་བའི་ཚུལ་གྱིས་བཟླས་པར་བྱ། །ོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདིས་ནི་ལས་ཀུན་བྱེད་པ་སྟེ། །འདོད་པ་ཐམས་ཅད་ཡིད་བཞིན་འགྱུར། །ཡཾ་ལས་རླུང་སྟེ་རཾ་ ལས་མེ།།ཀཾ་ལས་ཐོད་པ་ཨ་ལས་སྣོད། །འདབ་བརྒྱད་ཤ་ལྔ་བདུད་རྩི་ལྔ། །ཧཱུཾ་ལས་ཁ་དགབ་ཨོཾ་ཨཱཿཧཱུཾ། །བསམས་ཏེ་མེ་སྦར་ཞུ་བས་བསྡུ། །སྦྱངས་ཏེ་ཨོཾ་ལས་ས་འོད་འཕྲོས་པས། །ཡེ་ཤེས་བཀུག་ལ་བསྟིམ་བྱིན་བརླབ། །སྦུ་གུས་དྲངས་ནས་གསོལ་སྦྱིན་བྱ། །ལྷ་ལ་སོགས་པའི་ ཚོགས་བཅས་རྣམས།།ལྷ་རྫས་རྡོ་རྗེ་ཡོངས་སུ་དག་པའི་གཏོར་མ་འདི། །གྲྀཧྞ་ཁཱ་ཧི་གྲྀཧྞ་ཁཱ་ཧི་མ་མ་ཤཱནྟི་དཀུ་རུ་སྭཱ་ཧཱ། འགྲོ་འཆག་ཉལ་འདུག་ལ་སོགས་ལ། །དཔའ་བོ་ང་རྒྱལ་བཏང་མི་བྱ། །དངོས་པོ་དངོས་བྲལ་སྐྱེ་དང་བྲལ། །གཡོ་བ་གཡོ་མེད་བདེ་བ་ཅན། །ཐབས་དང་ ཤེས་རབ་ལས་འབྱེད་ཅིང་།།དོན་གསུམ་གཉིས་སུ་མེད་ལ་བཞག་།བདག་གི་སྒྲུབ་ཐབས་སྦྱར་བ་འདིས། །འགྲོ་ཀུན་གཤིན་རྗེ་གཤེད་ཐོབ་ཤོག་།དཔལ་གཤིན་རྗེ་གཤེད་ནག་པོ་སྒྲུབ་པའི་ཐབས་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་ཆེན་པོ་ཀ་མ་ལ་རཀྵི་ཏས་མཛད་པ་རྫོགས་སོ།
我來為您翻譯這段藏文: 咒語: (藏文:ཀྵིཾ་ཛིཾ་ཁཾ་གཾ་ཀཾ་སཾ) (梵文天城體:क्षिं जिं खं गं कं सं) (梵文羅馬拼音:kṣiṃ jiṃ khaṃ gaṃ kaṃ saṃ) (漢譯:克欣 津 康 剛 康 桑) 心間安置忿怒金剛, 語間安置貪慾金剛, 愚癡金剛安身處也。 嗡阿吽。 其後灌頂召請入, 以密供養作供獻, 持執金剛與鈴杵, 讚頌閻魔敵聖尊。 其後凈化火供物, 複次觀修甘露性, 火天口中作供養, 諸多火供物獻供。 令妙壇城生歡喜, 主尊十萬眷屬萬, 如是千遍一百零八, 五十二十一與七, 主尊眷屬之差別, 依次第而作供獻。 各各根本咒語中, 祈請灌頂而加持。 金剛持者頂上觀, 從彼種子文字放, 光明攝入日輪中。 其後金剛誦咒者, 息增懷誅四法行, 伴隨朵瑪作持誦。 其後起座之次第, 思維利益諸有情, 祈請智慧尊離去。 咒語: (藏文:ོཾ་ཨཱཿཧཱུཾ་མུཿ) (梵文天城體:ॐ आः हूं मुः) (梵文羅馬拼音:oṃ āḥ hūṃ muḥ) (漢譯:嗡 阿 吽 母) 如意輪咒金剛誦, 主尊忿怒現獠牙, 以細微相作持誦。 咒語: (藏文:ོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ) (梵文天城體:ॐ ह्रीः ष्ट्रिः विकृतानन हूं हूं फट् फट् स्वाहा) (梵文羅馬拼音:oṃ hrīḥ ṣṭrīḥ vikṛtānana hūṃ hūṃ phaṭ phaṭ svāhā) (漢譯:嗡 赫利 斯特利 威克利塔納納 吽吽 啪特 啪特 梭哈) 此能成辦諸事業, 一切所欲如意成。 央字風生讓字火, 康字顱器阿字器, 八瓣五肉五甘露, 吽字蓋覆嗡阿吽。 觀想點火融化攝, 凈化嗡字放光明, 召請智慧融入加持。 以管引出供養施。 諸天等眾眷屬眾, 天物金剛清凈朵瑪此, 格利納卡嘿格利納卡嘿嘛嘛香帝庫如梭哈。 行走臥坐等諸時, 勇士我慢不應生。 離實離物離生起, 無動有動大樂尊, 方便智慧而分辨, 三義無二中安住。 以我修法所集此, 愿諸眾生得閻魔怨。 吉祥黑閻魔怨修法儀軌,印度大堪布卡瑪拉惹克西塔所造圓滿。
同部經論
與本文同名或相近的其他版本、科判、譯文與註疏。