菩薩藏佛教學會
20
背景
翻譯
下載 ▾

d1506吉祥勝樂輪俱生真實光明論庫薩利巴

D1506

། རྡོ་རྗེ་སློབ་དཔོན་ངག་གི་དབང་ཕྱུག་དང་། ཨཱ་ཙཨཱ་རྱ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བའོ།། @##། །རྒྱ་གར་སྐད་དུ། ས་ཧ་ཛ་ཏཏྟྭ་ཨཱ་ལོ་ཀ་།བོད་སྐད་དུ། །ལྷན་ཅིག་སྐྱེས་པའི་དེ་ཁོ་ན ཉིད་སྣང་བ།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཀུན་སྤྱོད་མངོན་པར་འབྱུང་བརྗོད་སོགས། །རྒྱུ་རྣམས་ཀུན་དུ་སྦས་པ་ཡི། །ཟབ་མོའི་དེ་ཉིད་གསང་ཆེས་པ། །བླ་མའི་དྲིན་གྱིས་རྟོགས་པས་བཤད། །བརྟག་དཀའ་རྟོག་གེའི་ཡུལ་མིན་ཞིང་། །ཟབ་མོ་སྤྲོས་པ་ཉེར་ཞི་བ། ། ལྐུགས་པ་ཡི་ནི་རྨི་ལམ་དང་། །གཞོན་ནུས་མྱོང་བའི་བདེ་བ་ལྟར། །ཚིག་གིས་མཚོན་མིན་རང་རིག་པ། །སེར་སྣ་མེད་སོགས་ཚུལ་བཞི་ཡིས། །བླ་མ་ཉེ་བར་བསྟེན་པ་ཡི། །དྲིན་ཐོབ་ཤེས་རབ་ཡེ་ཤེས་ཀྱི། །སྐད་ཅིག་གསུམ་པར་གང་སྐྱེས་པ། །དོན་མཚུངས་མཚོན་པས་དཔེར་ཉིད་དེ། ། ཁྱིམ་གནས་བུ་གའི་ནམ་མཁའ་དང་། །དམུས་ལོང་གླང་ཆེན་ཡན་ལག་ལྟར། །དོན་མཐོང་མ་ཡིན་འབྲས་ཟན་གྱི། །སྤགས་པའི་བུ་རམ་རོ་བཞིན་ནོ། །ཆ་ཤས་དང་ནི་རྫོགས་པ་དང་། །སྒྲིབ་བཅས་སྒྲིབ་པ་དང་བྲལ་བའི། །དབྱེ་བ་ལས་ནི་རྣམ་རྨོངས་པས། །ཆོས་མ་ཐག་དང་གང བ་ཡི།།ཟླ་བ་སྤྲིན་གྱིས་བསྒྲིབས་པ་དང་། །གསལ་བའི་བྱེ་བྲག་མ་ཤེས་སོ།

這是由金剛上師語自在和阿阇黎瑪爾巴法王所譯。 我來為您翻譯這段藏文: 梵語:Sahaja-tattva-āloka 藏語:ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ། 漢譯:俱生真實光明

頂禮具德金剛薩埵! 一切行為顯現等諸因, 皆為隱秘深奧之真諦, 此等甚深秘密之真義, 承蒙上師恩德今宣說。 難以思議非尋思境界, 甚深寂滅一切諸戲論, 如同啞者所見之夢境, 亦似少年所經驗樂受。 言詞難以表達自覺知, 無吝等持四種正行相, 依止親近殊勝之上師, 蒙恩獲得智慧之覺性。 于第三剎那中所生起, 以相似義為喻說明之, 如同居室虛空之孔隙, 亦似盲人觸控大象肢。 非見實義如食米飯時, 糖蜜滋味亦復如是然。 分位圓滿及有障無障, 由此差別而生諸迷惑。 如月被云遮蔽與明朗, 其中差別未能如實知。 註:這是一篇論述俱生真如本性的論著,以詩偈形式闡述了甚深見地難以言說的特點,以及通過上師教導獲得證悟的過程。文中運用了多個比喻來說明這種境界的特質。

།དེ་ལྟ་ན་ཡང་དེར་མྱོང་བ། །བླ་མའི་གསུང་གིས་ལེགས་མཚོན་ཏེ། །རྒྱུད་དུ་ཡང་དག་གོམས་པ་ལས། །དང་བའི་ཆུ་ལ་ཟླ་བ་དང་། །མིག་དག་པ་ལ་གཟུགས་བཞིན་དུ། །གསལ་བར་འགྱུར་གྱི་ཡིད་ཆེས་གྱིས། ། དངོས་པོ་སྣ་ཚོགས་སྣང་འདི་རྣམས། །སེམས་ལས་ཕྱི་རོལ་འགྱུར་མེད་ཀྱང་། །རང་རིག་བག་ཆགས་དབང་བྱས་ནས། །ཡུལ་དང་དབང་པོར་སྣང་བའི་སེམས། །དབང་པོའི་ལམ་ན་རྗེས་འགྲོ་བས། །ཡུལ་རྣམས་ལ་ནི་མངོན་ཞུགས་ཏེ། །ཆགས་སོགས་ཉོན་མོངས་རྒྱུར་གྱུར་པ། །ལས ཀྱི་ཤིང་རྟའི་འཁོར་ལོ་ལྟར།།ཡུན་རིང་སྲིད་པར་ཡང་དང་ཡང་། །སྡུག་བསྔལ་དང་བཅས་རྣམ་པར་འཁོར། །ནང་དུ་ཡང་དག་འཇོག་པ་ཡི། །ཐབས་ཀྱིས་དེ་ལས་རྣམ་བཟློག་ནས། །རླུང་བྲལ་མར་མེ་ལྟ་བུ་ཡི། །རྣལ་འབྱོར་རྒྱུན་དུ་གོམས་བྱས་ནས། །མ་རྙོག་ལྟེང་ཀའི་ཆུ་བཞིན་དུ། །རང་ གི་དེ་ཉིད་གསལ་མཐོང་འགྱུར།།ཤིན་ཏུ་བཞིན་བཟངས་མིག་ཡངས་མ། །གཟུགས་བཟང་ལང་ཚོ་ཕུན་ཚོགས་པ། །ཁྲོ་མེད་རྗེས་སུ་བརྩེ་བ་དང་། །དད་དང་ཐོས་སོགས་ཡོན་ཏན་ཅན། །སྒྲུབ་ལས་གཞན་དུ་མི་བལྟ་ཞིང་། །སྐལ་བཟང་བྱེད་པ་འཆིང་བ་ཡི། །སྦྱོར་བ་ལ་ནི་རབ་གོམས་པ། །མི་མོ་ དངོས་གྲུབ་ས་གཞི་ཡིན།།དེ་དང་ལྷན་ཅིག་དབེན་པར་གནས། །སྟོབས་བཟང་མྱོས་བྱེད་བཅས་བཟའ་ཞིང་། །བལྟ་བ་དང་ནི་རིག་པ་དང་། །འཁྱུད་དང་མ་མཆུའི་རོ་མྱངས་པས། །རྗེས་སུ་ཆགས་པར་འགྱུར་བ་ནི། །མཚན་མའི་དབྱེ་བས་གསལ་རྟོགས་བྱ། །ཆགས་པ་ཆེན་པོས་རབ་རྒྱས་ རྩ།།འཚིར་དང་ཟློས་པའི་སྦྱོར་བ་ཡིས། །མངོན་སུམ་ལྕེ་ཡི་ཐུར་མས་དྲངས། །ནོར་བུའི་ནང་དུ་ལེགས་ཆུད་པས། །མུན་པ་ལ་ནི་མར་མེ་ལྟར། །གསལ་བར་ངེས་ཀྱིས་གཞན་དུ་མིན། །དེ་ཉིད་དུ་ནི་ཡེ་ཤེས་མཆོག་།སྡོམ་བྱ་ཐུན་ནམ་ཉིན་གཅིག་གམ། །ཟླ་ཕྱེད་ཟླ་གཅིག་ཁྱུད་ཀོར་ དང་།།བསྐལ་པ་བསྐལ་པ་སྟོང་དག་ཏུ། །དེ་གོམས་པ་ལས་མི་འགྱུར་བའི། །ཡེ་ཤེས་དམ་པ་འཐོབ་པར་འགྱུར། །དེར་ནི་ལེགས་འདུའི་དམ་ཚིག་རྫས། །རླུང་གི་སྟོབས་ཀྱིས་ཐོབ་པའམ། །དམན་པའི་སེམས་ཀྱིས་དོར་མིན་པས། །ཕྱི་རོལ་ནས་ནི་ལྕེས་བླང་བྱ། །བླ་མའི་དྲིན་ཐོབ་ དགའ་བ་ཡིས།།སེམས་ཀྱི་ཟབ་མོའི་དེ་ཁོ་ན། །ལེགས་བཀོད་གང་འདིས་འགྲོ་བ་རྣམས། །གཉུག་མའི་ལམ་གྱི་བགྲོད་གྲུབ་ཤོག་།དཔལ་འཁོར་ལོ་སྡོམ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ་སློབ་དཔོན་ཀུ་ས་ལི་པས་མཛད་པ་རྫོགས་སོ།

我來為您翻譯這段藏文: 即便如此,其中的體驗, 由上師言教善加開示, 通過續部修習熟練后, 如同清水映照月亮相, 又似凈眼觀見諸色相, 必定清晰顯現當深信。 種種事物雖現諸相狀, 離心之外實無所轉變, 然因自覺習氣力用故, 心現境相及諸根門中, 隨順諸根道路而行進, 趨入諸境生起執著等。 煩惱為因如業力車輪, 長久流轉生死輪迴中, 反覆不斷伴隨諸苦痛。 以內安住正確方便法, 從彼顛倒中得以解脫, 如同無風燈火般安住。 瑜伽修習若能常相續, 猶如澄清無垢之池水, 自性真實清明得現見。 極其端莊目廣妙女相, 形貌優美青春正盛時, 無瞋具有慈悲之心性。 具足信心聞法等功德, 修行之外不作他觀察, 善緣繫縛瑜伽善修習, 此女堪為成就之基地。 與彼同處寂靜閑居處, 飲用美酒妙力之甘露。 以觀察及了知方便法, 擁抱親吻品嚐妙味時, 隨即生起愛樂之覺受, 當由相狀差別而明瞭。 大欲遍滿擴充套件諸脈中, 擠壓反覆運用諸方便。 現前舌根鉤引明顯時, 善入明點珍寶中心處, 如同黑暗中燃起明燈, 定當清明非是他法能。 即於此中最勝智慧相, 守護時分或一日一夜。 半月一月或一年週期, 乃至千劫無量劫之中, 由此修習獲得不變易, 殊勝無上智慧之果位。 于彼善聚誓言諸物質, 或由風力所得非應舍。 以下劣心不應棄捨之, 當以舌根攝取外物質。 蒙受上師恩德生歡喜, 心性甚深真實之本性。 善巧安立此等諸教法, 愿諸眾產生就本性道。 此《吉祥勝樂輪俱生真實光明論》由大師庫薩利巴造,至此圓滿。