菩薩藏佛教學會
20
背景
翻譯
下載 ▾

d1459吉祥俱生樂自在住名因達羅菩提 米娘譯師

D1459

།ཐབས་ཀྱི་རྒྱལ་པོ་བྱ་བ་ཐམས་ཅད་གཏང་བར་བྱའོ། །ཞེས་རི་ཁྲོད་པ་ཆེན་པོས་གསུངས་སོ། །ཕྱག་རྒྱ་ཆེན་པོའི་མན་ངག་རྫོགས་སོ།།[]@##། །རྒྱ་གར་སྐད་དུ། ཤྲཱིས་ཧ་ཛ་སཾ་བར་སྭ་ཏི་ཥྚ་ནཾནཱ་མ། བོད་སྐད་དུ། དཔལ་ལྷན་ཅིག་སྐྱེས་ པ་བདེ་བའི་མཆོག་།བདག་བྱིན་གྱིས་བརླབས་ཞེས་བྱ་བ། ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་རྣམ་གསུམ་ཞེས་བྱ་སྟེ། །བྱིན་གྱིས་བརླབ་དང་རང་རྟགས་དང་། །རྫོགས་པའི་གཟུགས་བརྙན་བསམ་མེད་དོ། །སྣ་ཚོགས་གཟུགས་ཅན་ཡིད་དུ་འོང་། །ཡིད་བཞིན་ནོར་བུའི གཟུགས་འཆང་མ།།ཟིན་ན་དངོས་གྲུབ་ཆེན་པོ་འབྱུང་། །ཆོས་བཤད་ནས་ནི་དབང་དུ་བྱ། །ཡང་ན་རི་བའི་རིན་གྱིས་སླུ། །ཤིན་ཏུ་གསང་བའི་སྒྲུབ་པ་པོས། །དབང་གིས་ཡོངས་སུ་སྨོན་པ་དང་། །ལྷ་ལྟར་བལྟས་ལ་དངོས་གྲུབ་བླང་། །མེ་ལོང་ནང་གི་གཟུགས་བརྙན་ལྟར། ། གསལ་ལ་འཛིན་མེད་བདེ་བའི་སྐུ། །ཉི་ཤུ་རྩ་ལྔ་ཡུམ་རྣམས་རྫོགས། །བལྟས་དང་དགོད་དང་འཁྲིག་པ་ཡིས། །མཁའ་སྦྱོར་བདེ་བའི་ཕོ་བྲང་དུ། །དབང་གི་རྒྱལ་པོས་གར་བྱས་པས། །དཔའ་བོ་རྣལ་འབྱོར་མ་ཀུན་དགྱེས། །དཔའ་བོ་མཁའ་འགྲོ་དགྱེས་པའི་གླུ། ། དང ཧཾ་གི་སྒྲ་བརྗོད་པས།།ཚངས་པའི་རི་བོ་རྩེ་ནས་ཉིལ། །རྒྱ་མཚོའི་ཝུ་བ་བལྟམས་པ་དང་། །གནས་པ་བཞི་ཡི་རིམ་པ་ཡིས། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །དབང་ཕྱུག་དམ་པའི་གསང་གཏམ་འདིས། །ནམ་མཁའ་རྡོ་རྗེ་གྲོང་དུ་འཇུག་།བདེ་ཆེན་དག་པའི་ཞིང་ ཁམས་མཐོང་།།ཐམས་ཅད་ལྷན་ཅིག་སྐྱེས་པའི་སྐུ། །ཤེས་རབ་རྡོ་རྗེ་རྣལ་འབྱོར་མ། །གཉིས་མེད་བདེ་བའི་རྣམ་པ་ཅན། །མ་ནིང་ཞེས་བྱར་བརྗོད་པ་སྟེ། །ཁ་ཅིག་ཟུང་འཇུག་ཅེས་བྱར་བརྗོད། །སྒྲིབ་པ་དང་བྲལ་ཆོས་སྐུ་འདིར། །རཎྟ་ལ་སོགས་ བྱང་སེམས་རྣམས།།རྟེན་དང་བརྟེན་པའི་མཚན་ཉིད་ཀྱི། །དཀྱིལ་འཁོར་ཐམས་ཅད་འདི་ཉིད་དོ། །དཔལ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐམས་བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ། རྒྱལ་པོ་ཨནྡྲི་བྷཱུ་ཏི་འབྲིང་པོས་མཛད་པ། རྗེ་མི་ཉག་ཆེན་པོས་བསྒྱུར་བ་རྫོགས་སོ།

這是一段藏文佛教典籍的翻譯,我將為您完整翻譯: 正如大隱士所說:“方便之王應當捨棄一切所作。“大手印口訣終。 梵文為:Śrī sahajasamvarasvatisthana nāma 漢譯為:吉祥俱生樂自在住名 頂禮赫魯嘎! 瑜伽有三種: 加持、自相及 圓滿影像無思維。 種種莊嚴悅意形, 如意寶珠之形相。 若能把握得大成就, 說法之後當攝受, 或以價值來誘導。 極為秘密的修行者, 以灌頂圓滿發願已, 視如本尊取成就。 如同鏡中之影像, 明凈無執樂之身。 二十五尊佛母圓滿。 以視笑及交合故, 于空行樂之宮殿, 灌頂之王起舞時, 勇士空行皆歡喜。 勇士空行喜悅歌, 誦唱當吽之聲已, 梵天山峰坍塌時, 海中泡沫生起已, 以四住處之次第, 自成金剛薩埵身。 以此殊勝自在密語, 入虛空金剛之城, 見大樂清凈剎土。 一切俱生之身相, 智慧金剛瑜伽母, 無二大樂之形相, 說名為中性者也, 有謂雙運而稱之。 離障法身即於此, 紅等菩提心諸相, 所依能依之性相, 一切壇城即此也。 吉祥俱生修法加持儀軌,由中期國王因達羅菩提所造,由大譯師米娘翻譯圓滿。