菩薩藏佛教學會
20
背景
翻譯
下載 ▾

d3762上師曼荼羅儀軌

D3762

།[་]@##། །བླ་མའི་མཎྜལ་བཞུགས།@#། །འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྡོར་སེམས་བདག་ཉིད་བླ་མ་མགོན། །གུས་པས་ཕྱག་བྱས་དེ་ནས་ནི། །མན་ངག་ཇི་བཞིན་མདོར་བསྡུས་པས། །དེ་ཡི་མཎྜལ་ཆོ་ག་བཤད། །བྱིས་པ་བློ་ཞན་ཡིད གཞུངས་རྣམས།།བསོད་ནམས་ཡེ་ཤེས་རྣམ་འཕེལ་ཕྱིར། །འགྲོ་ལ་ཕན་ཡོན་དང་བཅས་པའི། །མཎྜལ་དོན་ནི་རྣམ་དབྱེ་བྱ། །དང་པོར། ཨོཾ་ཨཱཿཧཱུཾ་བཛྲ་བྷཱུ་མི་ཧཱུཾ། ཞེས་པས་ས་བྱིན་ཀྱིས་བརླབས་ཏེ། ཨོཾ་བཛྲེད་ཀེ་ཧཱུཾ། བ་བྱུང་དང་བཅས་པའི་ཆུ་བྱིན་གྱིས་བརླབས་སོ། །ོཾ་ ཨཱཿབཛྲ་པུཥྤེ་ཧཱུཾ།ཞེས་པས་མེ་ཏོག་བྱིན་གྱིས་བརླབས་ལ། ཨོཾ་ཨཱཿབཛྲ་རེ་ཁེ་ཧཱུཾ། ཞེས་པས་མཎྜལ་བྱིན་ཀྱིས་བརླབས་ནས། ཨོཾ་ཧཾ་སུ་མ་ཧཱ་མེ་ར་ཝེ་ན་མཿ། ཞེས་པས་མཎྜལ་གྱི་དབུས་སུ་མེ་ཏོག་གཞག་གོ། །ོཾ་ཡོ་པཱུརྦ་བི་དེ་ཧཱ་ཡ་ན་མཿ། ཞེས་པས་ཤར་དུའོ། །ོཾ་རཾ་ཛཾ་མཱུ་དྭཱི་ པཱ་ཡ་ན་མཿ།ཞེས་པས་ལྷོ་རུའོ། །ོཾ་ལཾ་ཨ་པ་ར་གོ་ད་ནཱི་ཡེ་ན་མཿ། ཞེས་པས་ནུབ་ཏུའོ། །ོཾ་ཝཾ་ཨུཏྟར་ཀུ་ར་ཝེ་ན་མཿ། ཞེས་པས་བྱང་དུའོ། །དེ་ནས་རང་རང་གི་གཡས་གཡོན་གྱི་གློ་དག་ཏུ། ཨོཾ་ཡཿུ་པ་དཱི་པཱ་ཡ་ན་མཿ། ཨོཾ་རཿུ་པ་དྭཱི་པཱ་ཡ་ན་མཿ། ཨོ་ཝ་ཨུ་པ་དཱི་པཱ་ཡ་ན་མཿ། ཨོཾ་ལ་ཨུ་པ་དྭཱི་པཱ་ཡ་ ན་མཿ།ཞེས་པས་མེ་ཏོག་དགོད་དོ། །དེའི་རྗེས་སུ་ཨོཾ་ཡ་ག་ཛ་ར་ཏྣཱ་ཡ་ན་མཿ། ཨོཾ་ར་པུ་རུ་ཥ་རཏྣཱ་ཡ་ན་མཿ། ཨོཾ་ཝ་པཱ་ཛི་རཏྣ་ཡ་ན་མཿ། ཨོཾ་ལ་སྟྭི་རཏྣཱ་ཡ་ན་མཿ། ཤར་ལ་སོགས་པའི་ཕྱོགས་སུ་མེ་ཏོག་གཞག་པར་བྱའོ། །དེ་ནས་ཡཱཿཁསྤྱོ་རཏྣ་ཡ་ན་མཿ། ཨོཾ་རཱཿཙཀྲ་རཏྣཱ་ཡ་ན་མཿ། ཨོཾ་ལཱཿམ་ཎི་རཏྣ་ཡ་ན་མཿ། ཨོཾ་ཝཱཿསརྦ་ནོ་བྷི་སྩོ་ན་མཿ། ཞེས་པས་མེ་ལ་སོགས་པའི་མཚམས་སུའོ། །དེའི་རྗེས་སུ་རི་རབ་དང་གླང་པོའི་བར་དུ་ཨོཾ་སྲུཏྱཱ་ཡ་ན་མཿ། དེ་བཞིན་དུ་རི་རབ་དང་རྟའི་བར་དུ་ཨོཾ་ཙནྡྲ་ཡ་ན་མཿ། ཞེས་མེ་ཏོག་དགོད། ཨོཾ་ཧཿ་དྷ་རྨེ ན་མཿ།ཞེས་བྱང་ཆུབ་ཀྱི་གནས་སུ་མེ་ཏོག་དགོད་དོ། །དེ་ལྟར་རིན་པོ་ཆེ་བདུན་ལ་སོགས་པ་དང་ལྡན་ཞིང་རི་རབ་ལ་སོགས་པས་བརྒྱན་པའི་མཎྜལ་ཡིད་ཀྱིས་ངེས་པར་བཟུང་ནས་བླ་མ་ལ་དབུལ་བར་བྱའོ། །བསོད་ནམས་དེ་སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་ ་བསྔོ་བར་བྱའོ།

這是一份曼荼羅供養儀軌的中文翻譯: 上師曼荼羅儀軌 頂禮文殊金剛!金剛薩埵本性上師怙主,恭敬頂禮后,依照教授略說其曼荼羅儀軌。為使愚鈍與聰慧者增長福慧,為利眾生宣說具功德之曼荼羅義。 首先,以”嗡阿吽班札布米吽”(ཨོཾ་ཨཱཿཧཱུཾ་བཛྲ་བྷཱུ་མི་ཧཱུཾ། / ॐ आः हूं वज्र भूमि हूं / oṃ āḥ hūṃ vajra bhūmi hūṃ / 金剛地基)加持地基。 以”嗡班則德格吽”加持牛糞混合之水。 以”嗡阿班札布貝吽”加持花朵。 以”嗡阿班札熱給吽”加持曼荼羅。 以”嗡杭蘇瑪哈美熱威納摩”置花于曼荼羅中央。 以”嗡約布爾瓦比德哈雅納摩”置於東方。 以”嗡讓贊母德維帕雅納摩”置於南方。 以”嗡藍阿帕熱果達尼耶納摩”置於西方。 以”嗡旺烏達熱庫熱威納摩”置於北方。 然後于各自左右兩側: 以”嗡雅烏帕迪帕雅納摩”、“嗡熱烏帕德維帕雅納摩”、“嗡瓦烏帕迪帕雅納摩”、“嗡拉烏帕德維帕雅納摩”佈置花朵。 之後以”嗡雅嘎匝熱納雅納摩”、“嗡熱布熱夏熱納雅納摩”、“嗡瓦帕基熱納雅納摩”、“嗡拉斯底熱納雅納摩”于東方等方位置花。 然後以”嗡雅卡波熱納雅納摩”、“嗡熱查克熱熱納雅納摩”、“嗡拉瑪尼熱納雅納摩”、“嗡瓦薩爾瓦諾比斯措納摩”置於火等方隅。 其後于須彌山與象之間置”嗡斯熱札雅納摩”,同樣于須彌山與馬之間置”嗡贊札雅納摩”之花。以”嗡哈達美納摩”置花于菩提處。 如是觀想具足七寶等莊嚴以及須彌山等之曼荼羅,供養上師。以此功德迴向一切眾生獲得無上果位。

D3763

།ོཾ་ཨཱཿམུ་ཞེས་བྱ་བས་གཤེགས་སུ་གསོལ་ལོ་ཞེས་བྱ་བ་ནི་བླ་མའི་མཎྜལ་གྱི་ཆོ་གའོ།། །།[་]@##། །རྒྱ་གར་སྐད་དུ། མཎྜལ་བི་དྷིཿ། བོད་སྐད་དུ། མཎྜལ་གྱི་ཆོ་ག་།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། དཀྱིལ་འཁོར་བྱུག་པ་སྔོན་དུ་འགྲོ་བ་ཡིས། །སྐྱེ་བ་གཞན་དུ་འབྱོར་པ་མི་ཟད་ལ། །ད་ལྟར་བཞེད་པ་ཉིད་ཀྱི་ཕྱག་གནས་ལྟར། །སླུ་བ་མེད་པ་བདག་གིས་བརྗོད་པར་བགྱི། །ོཾ་བཛྲ་རེ་ཁེ་ཨཱཿཧཱུཾ། གཙང་སྤྱོད་བ་ཡི་ལྕི་བ་ནི། །ཆུ་དང་འོ་མ་ཞོ་དང་མར། །ཐམས་ཅད་དེ་ལས་བྱུང་བ་དག་། སྣོད་གཙང་བསྐོལ་ཏེ་ཆུ་རྣམས་དབོ། །ཚིགས་མ་དོར་ཏེ་དབུས་ཀྱི་ཆས། །དབྱིབས་ཅི་དགའ་བའི་མཎྜལ་ནི། །ས་བདག་ཁྲུ་གང་ཡན་ཆད་པར། །གསང་སྔགས་དོན་ལ་གཞོལ་བར་བྱུགས། །དེ་ནས་དེ་ནི་གུས་པ་ཡིས། །རྒྱལ་བ་སྲས་སུ་བཅས་ལ་དབུལ། །མཇུག་ཏུ་ཐུབ་པས གསུངས་པ་ཡི།།ཚིགས་བཅད་འདི་དག་བརྗོད་པར་བྱ། །བ་ཡི་ལྕི་བ་ཆུར་བཅས་སྦྱིན་པ་སྟེ། །ལེགས་པར་ཉུག་པར་བྱེད་པ་ཚུལ་ཁྲིམས་སོ། །སྲིན་དང་གྲོག་སྦུར་བསལ་བ་བཟོད་པ་ཡིན། །བྱ་བ་ལ་ནི་ཉེར་ཞུགས་བརྩོན་འགྲུས་ཏེ། །དེ་ལ་སྐད་ཅིག་སེམས་ནི་ གཅིག་བྱེད་པ།།བསམ་གཏན་ཤེས་རབ་རི་མོ་གསལ་བའོ། །ཐུབ་པའི་མཎྜལ་བྱས་པ་ཡིས། །ཕ་རོལ་ཕྱིན་པ་འདི་དྲུག་ཐོབ། །གསེར་གྱི་མདོག་འགྱུར་འདི་དག་སྟེ། །ནད་རྣམས་ཀུན་དང་བྲལ་བར་འགྱུར། །ཟླ་བ་ལྟར་མཛེས་གསལ་བ་ཡིས། །ལྷ་དང་མི་ནི་དམ་པར་སྐྱེ། ། ནོར་དང་གསེར་ནི་འབྱོར་པ་ཡིས། །རྒྱལ་པོའི་རིགས་སུ་སྐྱེ་བར་འགྱུར། །བདེ་བར་གཤེགས་པའི་ཕོ་བྲང་མཆོག་།མཎྜལ་གང་ཞིག་བྱེད་པ་དང་། །སྡིག་པ་ཐམས་ཅད་མི་བྱེད་ཅིང་། །དགེ་བ་ཕུན་སུམ་ཚོགས་པ་དང་། །རང་གི་སེམས་ནི་ཡོངས་འདུལ་བ། །འདི་དག་སངས རྒྱས་རྣམས་ཀྱིས་བསྔགས།།ཞེས་སོ།

這是一段曼茶羅儀軌的藏文翻譯,我將為您直譯成簡體中文: 以”嗡阿姆”而請離去,這是上師曼茶羅的儀軌。