菩薩藏佛教學會
20
背景
翻譯
下載 ▾

d2530金剛界壇城修持要義攝略庫瑪拉卡拉莎

D2530

།[་]@##། །རྒྱ་གར་སྐད་དུ། བཛྲ་དྷཱ་ཏུ་མཎྜལ་ལཱརྠ་བྷ་བ་ན་པིཎྜཱ་རྠཾ། བོད་སྐད་དུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་དོན་བསྒོམ་པའི་དོན་བསྡུས་པ། འཇམ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག འཚལ་ལོ།

我來為您翻譯這段藏文: [梵漢藏標題] 梵文:Vajradhātu-maṇḍalārtha-bhāvanā-piṇḍārtha 漢譯:金剛界曼荼羅義修習要義 藏譯:རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་དོན་བསྒོམ་པའི་དོན་བསྡུས་པ། [正文翻譯] 敬禮文殊金剛薩埵! 註:這是一部關於金剛界曼荼羅修習法要的論著開頭部分,包含了梵、藏文標題及頂禮句。標題分別用梵文和藏文表示,並以藏文”敬禮文殊金剛薩埵”作為開篇禮敬。

།དང་པོར་བདག་མེད་པ་ལ་མོས་པ་དང་། ལྐོག་མ་སྦྱང་བ་དང་། ལག་པ་སྦྱང་བ་དང་། བགེགས་བསྐྲད་པ་དང་། གནས་བསྲུང་བ་དང་། དཀྱིལ་འཁོར་སྤྲུལ་པ་དང་། མེ་ཏོག་ལ་སོགས་པས་མཆོད་པ་དང་། ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གསོལ་བ་གདབ་པ་དང་། བསྐུལ་བ་དང་། མཆོད་པ་ཉི་ཤུ་དང་། བདག་ཉིད་དབུལ་བ་དང་། བསྔོ་བ་དང་། སྨོན་ལམ་གདབ་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྡོམ་པ་ཉི་ཤུ་བླང་བ་དང་། བྱང་ཆུབ་ཏུ་སེམས བསྐྱེད་པ་ཕུལ་དུ་བྱུང་བ་དང་།རང་བཞིན་གྱི་དཀྱིལ་འཁོར་དང་། སྤྲུལ་པའི་དཀྱིལ་འཁོར་དང་། བསྒོམ་པའི་དཀྱིལ་འཁོར་རྣམས་ཀྱིས་གཟུགས་བརྙན་བསྒོམ་པ་དང་། ཕྱག་རྒྱ་བཅིང་བ་སྔོན་དུ་འགྲོ་བའི་ཆོ་ག་བསྒྲུབ་པ་མདོར་བསྟན་པ་དང་། རྡོ་རྗེ་ཐལ་མོའི་མཚན་ ཉིད་དང་དེ་དག་བྱིན་གྱིས་བརླབ་པའི་སྔགས་དང་།རྡོ་རྗེ་དབབ་པ་བསྐྱེད་པ་དང་། རྡོ་རྗེ་བརྟན་པར་བྱ་བ་དང་། ངན་སོང་ཐམས་ཅད་དགུག་པ་དང་། སྡིག་པ་ཐམས་ཅད་དྲལ་བ་དང་། ཕྱག་རྒྱ་དགྲོལ་བ་དང་། དེ་ཉིད་ཕུལ་དུ་དབྱུང་བ་དང་། རང་གི་སྙིང་གའི་རྡོ་རྗེ་ལ་སྙིང་པོ་ དགོད་པ་དང་།ཟླ་བ་གཉིས་བསྒོམ་པ་དང་། རྡོ་རྗེ་བསྒོམ་པ་དང་། གཞན་བསྒྲུབ་པ་ལ་ཕྱག་རྒྱ་གཞན་བསྒོམ་པ་དང་། སྙིང་པོ་དགོད་པ་དང་། ཕྱག་རྒྱའི་ང་རྒྱལ་དང་སྔར་བཤད་པའི་དཀྱིལ་འཁོར་དུ་གཞུག་པ་དང་། རྡོ་རྗེ་སེམས་དཔའ་བསྐྱེད་པ་དང་། དམ་ཚིག་ སེམས་དཔའི་ང་རྒྱལ་དང་།དམ་ཚིག་གི་ཕྱག་རྒྱས་དེའི་ང་རྒྱལ་དང་། དེ་ཉིད་ཀྱིས་གཞན་བཞིར་བྱིན་གྱིས་བརླབ་པ་དང་། ཕྱག་རྒྱ་ཆེན་པོའི་སྙིང་པོ་དང་། སྔགས་བཟླས་པ་དང་། རང་གི་སྙིང་གར་དཀྱིལ་འཁོར་བསམས་པ་དང་། ཕྲེང་བ་བླངས་ཏེ་དོར་བ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། ཕྲེང་བ་བླང་སྟེ་སྤྱི་བོར་བཀྲོལ་ཅིང་བཅིང་བ་དང་། གདོང་གཡོགས་དགྲོལ་བ་དང་། དཀྱིལ་འཁོར་བསྟན་པ་དང་། མཐོང་བ་དེ་བརྟན་པར་བྱ་བ་དང་། དབང་བསྐུར་ལྔ་དང་། དཀྱིལ་འཁོར་རེ་རེ་ཞིང་དག་པ བྱིན་གྱིས་བརླབ་པ་དང་།དཀྱིལ་འཁོར་རེ་རེའི་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་ལྔ་བརྒྱ་དགུ་བཅུ་རྩ་གཉིས་ཀྱི་རྣལ་འབྱོར་སྒྲུབ་པ་དང་། སྙིང་གའི་དཀྱིལ་འཁོར་གཅིག་ཏུ་གྱུར་པ་དང་། རང་གི་ལུས་ལ་ཟླ་བ་མང་པོ་དགོད་པ་དང་། དེ་ནས་ནམ་མཁའ་ལ་ཟླ་བའི་ དཀྱིལ་འཁོར་དགོད་པ་དང་།སྙིང་པོ་དགོད་པ་དང་། རྡོ་རྗེ་ལ་སོགས་པའི་ཕྱག་མཚན་དགོད་པ་དང་། དེའི་ང་རྒྱལ་དང་། དཀྱིལ་འཁོར་བསྐྱེད་པ་དང་། ཡེ་ཤེས་སེམས་དཔའ་དགུག་པ་དང་། བལྟ་བ་དང་། དགུག་པ་ལ་སོགས་པས་རང་གི་ལུས་ལ་གཞུག་པ་དང་། ཁ་དོག་དང་དབྱིབས་ལ་སོགས་པའི་དབྱེ་བ་དང་། སྙིང་པོ་དང་སྔགས་དག་གིས་བརྟན་པར་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་གཞུག་པ་དང་།

我來為您翻譯這段藏文: 首先修持無我觀想,清凈喉嚨,清凈雙手,驅除障礙,守護道場,化現壇城,以花等供品供養,頂禮,懺悔罪業,隨喜功德,祈請,勸請,二十種供養,獻上自身,迴向,發願,發菩提心,受持二十種戒律,殊勝發菩提心,自性壇城、化現壇城、修習壇城等影像觀修,以結印為前行的儀軌修持略說,金剛合掌的特徵及其加持咒語,生起金剛降臨,穩固金剛,召集一切惡趣眾生,摧毀一切罪業,解除手印,殊勝顯現,于自心間金剛上安置心要,觀修二月輪,觀脩金剛,為成就他者而觀修其他手印,安置心要,手印我慢,如前所說入壇城,生起金剛薩埵,誓言薩埵我慢,以誓言手印生起我慢,以此加持其他四處,大手印心要,持誦咒語,于自心間觀想壇城,取念珠后捨棄,入壇城,取念珠置於頂上繫縛,解除面罩,顯示壇城,穩固所見,五種灌頂,于每一罈城清凈加持,于每一罈城本尊加持等五百九十二種瑜伽修持,心間壇城合一,于自身安置諸多月輪,然後于虛空中安置月輪壇城,安置心要,安置金剛等手印標誌,生起我慢,生起壇城,召請智慧薩埵,觀視,以召請等方便納入自身,色相形狀等差別,以心要和咒語穩固,納入一切如來。

དེ་བཞིན་གཤེགས་པ་ཐམས་ཅད་གཞུག་པ་དང་། རྡོ་རྗེ་དབྱིངས་སྔོན་དུ་འགྲོ་བའི་རིགས་ལྔའི་སྔགས་ཀྱིས་བྱིན་གྱིས་བརླབ་པ་དང་། གནས་བཞི་པོར་རྡོ་རྗེ་ལ སོགས་པ་དགོད་པ་དང་།ཕྱག་རྒྱ་བཞིས་རྒྱས་གདབ་པ་དང་། ཕྱག་རྒྱ་ཐམས་ཅད་སྤྱིའི་སྔགས་ཀྱིས་བཅིང་བ་དང་ཡི་གེ་བརྒྱ་པས་བརྟན་པར་བྱ་བ་དང་། ཡང་དབང་བསྐུར་བླང་བ་དང་། དགའ་བའི་གླུ་དང་གར་དང་ལཱ་སྱེ་ལ་སོགས་པའི་མཆོད་པ་དང་། རྡོ་རྗེ་དྲིལ་བུ་ བླང་བའི་དེ་ཁོ་ན་ཉིད་དང་སྔགས་བརྗོད་པས་དེ་དག་བརྟན་པར་བྱ་བ་དང་།ཚིག་གསུམ་གྱི་གླུ་བླང་བ་དང་། རང་བཞིན་མེད་པའི་སྔགས་ཀྱིས་བདག་མེད་པར་བསྒོམ་པ་དང་། སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པ་དང་། སྤྱིའི་གདན་དང་། ཁྱད་པར་གྱི་གདན་དང་། དོན་ཐམས་ཅད་གྲུབ་པས་བསམ་གཏན་དང་གཟུགས་མེད་པ་བསྒོམ་པ་དང་། མི་གཡོ་བ་ལ་འཇུག་པ་དང་། དེ་བཞིན་གཤེགས་པས་བཞེངས་པ་དང་། དེ་རྣམས་མཐོང་བ་དང་། དེ་ལ་ཕྱག་བྱ་བ་དང་། དེ་རྣམས་ཀྱི་གདམས་ངག་དང་མངོན་པར་བྱང་ཆུབ་པ་ལྔ ནི་སེམས་སོ་སོར་རྟོག་པ་མི་བསྐྱོད་པའི་ངོ་བོ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རིན་ཆེན་འབྱུང་ལྡན་དང་།རྡོ་རྗེ་བསྐྱོད་པ་ནི་འོད་དཔག་ཏུ་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་ རྡུལ་ཕྲ་རབ་ཞུགས་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་དོན་ཡོད་གྲུབ་པའོ།།གཟུགས་རྫོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཏེ། རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བ་དང་རྗེས་སུ་གནང་བ་སྦྱིན་པ་དང་། རི་རབ་ཀྱི་རྩེ་མོར་གཞལ་ཡས་ཁང་བསྐྱེད་པ་དང་། དེ་བཞིན་གཤེགས་པ་བཞིས་ཡོངས་སུ་བསྐོར་བ་སྟེ་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ཏོ། །ནང་གི་བདག་ཉིད་ཁྲུས་ནི་ལུས་དྲན་པ་ཉེ་བར་གཞག་པའོ། །ལྐོག་མ་དང་ལྕེ་བྱིན་གྱིས་བརླབ་པ་ནི་ཚོར་བ་དྲན་པ་ཉེ་བར་གཞག་པའོ། །ལག པ་བྱིན་གྱིས་བརླབ་པ་ནི་སེམས་དྲན་པ་ཉེ་བར་གཞག་པའོ།།བགེགས་བསྐྲད་པ་ནི་ཆོས་དྲན་པ་ཉེ་བར་གཞག་པའོ། །བགེགས་འཇོམས་པ་ནི་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །བགེགས་བཅིངས་པ་ནི་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པའོ། །སྟེང་བཅིངས་པ་ནི་མི་དགེ་བའི་ ཆོས་སྐྱེས་པ་སྤང་བའོ།།ཡང་ཤར་ལ་སོགས་པ་བཅིངས་པ་ནི་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པའོ། །དཀྱིལ་འཁོར་སྤྲུལ་པ་དང་དཀྱིལ་འཁོར་ལྔས་ཕྱག་བཙལ་བ་ནི་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པའོ། །སྡིག་པ་བཤགས་པ་ནས་བརྩམས་ཏེ། མཆོད་པ་ཉི་ཤུ་དང་ སྡོམ་པ་བླང་བ་ནི་དགེ་བའི་ཆོས་སྐྱེས་པ་བསྲུང་བ་ཚོགས་ཀྱི་ལམ་མོ།

我來為您翻譯這段藏文: 納入一切如來,以金剛界為先導的五部咒語加持,於四處安置金剛等,以四印封印,以總印咒語系縛一切手印,以百字明穩固,再次接受灌頂,以歡喜歌舞及優美舞姿等作供養,持取金剛鈴杵之真實義及誦咒穩固,唱誦三句偈,以無自性咒語修持無我,清凈器世間,總座位和特殊座位,以一切義成就修持禪定與無色界,入不動尊,如來起身,見到彼等,向彼等頂禮,彼等之教授與五種現證菩提,即:各別觀察心為不動佛之本質,發菩提心為佈施波羅蜜多即寶生佛,金剛薩埵即無量光佛為般若波羅蜜多,一切如來身等微塵入住為精進波羅蜜多即不空成就佛。圓滿色相即一切如來之自性,為毗盧遮那佛之自性。金剛寶灌頂與授予許可,于須彌山頂生起宮殿,為四如來所環繞,此為初瑜伽三摩地。內在自身沐浴即身念處。加持喉嚨與舌即受念處。加持雙手即心念處。驅除障礙即法念處。降伏障礙即心神足。繫縛障礙即觀察神足。上方繫縛即斷除已生不善法。複次繫縛東方等即不令未生不善法生起。化現壇城與以五壇城頂禮即令未生善法生起。從懺悔罪業開始,直至二十種供養與受戒即守護已生善法,為資糧道。

།དེ་ནས་གཟུགས་བརྙན་ལ་སོགས་པའི་སྦྱོར་བ་ནས་བརྩམས་ཏེ། རྣལ་འབྱོར་ཆེན་པོའི་བར་དུ་སྦྱོར་བའི་ལམ་ཡིན་ཏེ། རྡོ་རྗེ་ཐལ་མོ་དང་རྡོ་རྗེ་བསྡམས་པ་དང་། རྡོ་རྗེ་དབབ་པ་དང་། བརྟན་པར་ བྱ་བ་དང་།སྡིག་པ་དྲལ་བ་དང་། ངན་འགྲོ་སྦྱོང་བ་ནི་དད་པའི་དབང་པོའོ། །བདག་མེད་པ་བསྒོམ་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །ཟླ་བ་གཉིས་བསྐྱེད་པ་ནི་དྲན་པའི་དབང་པོའོ། །ཡེ་ཤེས་སེམས་དཔའ་གཞུག་པ་ལ་སོགས་པ་ནི་ཤེས་རབ་ཀྱི་དབང་པོའོ། །སྙིང་ གར་དཀྱིལ་འཁོར་དགོད་པ་ནི་དད་པའི་སྟོབས་སོ།།དེ་ལ་འཇུག་པ་ནི་བརྩོན་འགྲུས་ཀྱི་སྟོབས་སོ། །ཕྲེང་བའི་དབང་ནི་དྲན་པའི་སྟོབས་སོ། །དམ་ཚིག་གསུམ་གྱི་གླུ་ནི་ཏིང་ངེ་འཛིན་གྱི་སྟོབས་སོ། །ཡང་སྟོང་པ་ཉིད་བསྒོམ་པ་ནི་ཤེས་རབ་ཀྱི་སྟོབས་ཏེ་སྦྱོར་ བའི་ལམ་མོ།།འོག་མིན་ལ་ཡིད་ཀྱི་རང་བཞིན་གྱི་ལུས་གནས་པ་ནི་ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་གོ། །རི་རབ་ལ་སོགས་པ་བསྒོམ་པ་ནི་བརྩོན་འགྲུས་ལ་སོགས་པ་བྱང་ཆུབ་ཀྱི་ཡན་ལག་གོ། །གདན་བསྒོམ་པ་ནི་དགའ་བ་བྱང་ཆུབ་ཀྱི་ཡན་ལག་གོ། །དེ་བཞིན་ གཤེགས་པ་ཐམས་ཅད་གཤེགས་པ་ནི་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་གོ།།དེ་རྣམས་མཐོང་བ་ནི་ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་གོ། །དེ་རྣམས་ཀྱི་གདམས་ངག་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །དེ་དག་བདག་ངག་གི་མི་གཡོ་བའི་ ཏིང་ངེ་འཛིན་སྤོང་བ་ནི།བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །དེ་ནི་མཐོང་བའི་ལམ་སྟེ་ས་དང་པོའོ། །སེམས་སོ་སོར་རྟོག་པ་ནི་ཡང་དག་པའི་ལྟ་བ་སྟེ་ས་གཉིས་པའོ། །སེམས་བསྐྱེད་པ་ནི་ཡང་དག་པའི་རྟོག་པ་སྟེ་ས་གསུམ་པའོ། །རྡོ་རྗེའི་ བདག་ཉིད་བསྒོམ་པ་ནི་ཡང་དག་པའི་དག་སྟེ་ས་བཞི་པའོ།།དེ་བཞིན་གཤེགས་པ་ཐམས་ཅད་གཞུག་པ་ནི་ཡང་དག་པའི་འཚོ་བ་སྟེ་ས་ལྔ་པའོ། །གཟུགས་གྲུབ་པ་ནི་ཡང་དག་པའི་རྩོལ་བ་སྟེ་ས་དྲུག་པའོ། །བྱིན་གྱིས་བརླབ་པ་ནི་ཡང་དག་པའི་ལས་ཀྱི་མཐའ་སྟེ་ ས་བདུན་པའོ།།དབང་བསྐུར་བ་དང་དབྱངས་བཅིངས་པ་ནི་ཡང་དག་པའི་དྲན་པ་སྟེ་ས་བརྒྱད་པའོ། །ཡི་གེ་བརྒྱ་པས་བརྟན་པར་བྱ་བ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏེ་ས་དགུ་པའོ། །རྗེས་སུ་གནང་བ་ལྔ་ཐོབ་པ་ནི་ས་བཅུ་པ་སྟེ་བསྒོམ་པའི་ལམ་མོ། །དེ་ནི་དང་པོའི་ སྦྱོར་བའི་ཏིང་ངེ་འཛིན་ནོ།།དཀྱིལ་འཁོར་རྒྱལ་པོ་མཆོག་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྔོན་དུ་འགྲོ་བས་རྒྱུ་དང་འབྲས་བུ་ཉེ་བར་བཏགས་པས་བཤད་དོ། །ལས་རྒྱལ་པོ་མཆོག་ནི་སེམས་ཅན་གྱི་ལས་གཙོ་བོ་ཡིན་པས། སངས་རྒྱས་ཀྱི་ས་བཅུ་གཅིག་པ་ཀུན་དུ་འོད་ཅེས་བྱའོ།

我來為您翻譯這段藏文: 從影像等瑜伽開始直至大瑜伽為加行道。金剛合掌、金剛交叉、金剛下降、穩固、破除罪業、凈化惡趣為信根。修持無我為精進根。生起二月輪爲念根。納入智慧尊等為慧根。於心間安置壇城為信力。入于彼為精進力。念珠灌頂爲念力。三昧耶誓言歌為定力。複次修持空性為慧力,此為加行道。意之自性身住於色究竟天為定覺支。修持須彌山等為精進等覺支。修持座位為喜覺支。一切如來降臨為輕安覺支。見到彼等為擇法覺支。彼等之教授為正念覺支。彼等自語之不動三摩地舍離為正舍覺支。此為見道即初地。各別觀察心為正見即第二地。發心為正思維即第三地。修持金剛自性為正語即第四地。納入一切如來為正命即第五地。圓滿色相為正精進即第六地。加持為正業即第七地。灌頂與繫縛音韻為正念即第八地。以百字明穩固為正定即第九地。獲得五種許可為第十地即修道。此為初瑜伽三摩地。最勝壇城之王以金剛喻定為先導,由因果假立而說。最勝事業之王為有情事業之主,即佛第十一地名為普光地。

D2531

ལམ་གྱི་རིམ་པའོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་དོན་བསྒོམ་པའི་དོན་བསྡུས་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤའི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་པའོ།།[་]@##། །རྒྱ་གར་སྐད་དུ། ཀྲི་ཡ་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། བྱ་བ བསྡུས་པ་ཞེས་བྱ་བ།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འགྲོ་མགོན་རྡོ་རྗེ་སེམས་བཏུད་ནས། །སློབ་མ་དམ་པས་བསྐུལ་དབང་ལས། །གཞུང་ཆེན་དམ་པའི་མན་ངག་ལས། །འདི་ནི་བདག་གིས་བརྩམ་པར་བྱ། །བསྙེན་པ་ལ་སོགས་ས་སྦྱང་བ་ནི་ཡོངས་སུ་གཟུང་ བ་དང་།རྩིག་རྨང་ཡང་དག་གཞན་དང་ཤིང་གི་ལས་རྣམས་དང་། །ལྷ་ནི་རབ་ཏུ་གནས་དང་དེ་བཞིན་གཎྜཱི་དང་། །རྒྱལ་མཚན་གཟུགས་དང་དེ་བཞིན་བྱ་བའི་ལྷ་རྣམས་ལ། །བླ་མ་སློབ་མ་བརྟག་པ་དང་། །བླ་མ་གསོལ་བཏབ་དེ་ནས་ནི། །བླ་མས་སྔགས་དང་བསྙེན་པ་བྱ། །དེ་ནས་ ས་ནི་ཡོངས་སུ་བརྟག་།དེ་ལ་གཙུག་ལག་ཁང་ལ་སོགས་པ་བཞེངས་པར་འདོད་པའི་སྦྱིན་བདག་གིས་དང་པོ་སློབ་དཔོན་ཡོངས་སུ་བརྟག་པར་བྱ་སྟེ། གང་ཞིག་སེམས་ཅན་རྣམས་ལ་སྙིང་རྗེ་བྲལ་བ་དང་། གཞན་གྱི་ཚུལ་འབྱེད་པ་དང་། སེམས་ཅན་རྣམས་ལ་ཞེ་སྡང་དང་། ། ངན་ཤེས་ཀྱི་ཁེངས་པ་དང་། ཤིན་ཏུ་ཆགས་པ་དང་། ཤིན་ཏུ་མྱོས་ཤིང་བག་མེད་པ་དང་། བདག་ལ་བསྟོད་པ་དང་། གཞན་གྱི་སྐྱོན་བརྗོད་པའི་སློབ་དཔོན་དེ་ཡོངས་སུ་སྤང་བར་བྱའོ། །བླ་མས་ཀྱང་རྣམ་པ་དེ་ལྟ་བུའི་སློབ་མ་ཡོངས་སུ་སྤང་བར་བྱའོ།

我來為您翻譯這段藏文: 這是道次第。金剛界壇城的修持要義攝略已圓滿。由印度堪布庫瑪拉卡拉莎親自翻譯並校對。