d2900忿怒金剛持修法儀軌 瓦蘇達嘎
D2900
བོད་ཀྱི་ལོ་ཙཱ་བ་ཁམས་པ་བ་རི་དགེ་སློང་རིན་ཆེན་གྲགས་པས་བསྒྱུར་ཅིང་ཞུས་པའོ།།[་]@##། །རྒྱ་གར་སྐད་དུ། བཛྲ་ཀྲོ་དྷ་དྷ་ར་སཱ་དྷ་ན་ནཱ་མ། བོད་སྐད་དུ། ཁྲོ་བོ་རྡོ་རྗེ་འཛིན་པའི་སྒྲུབ་པའི་ཐབས་ཞེས་བྱ་བ། བླ་མ་རྗེ་བཙུན་ པའི་ཞབས་ལ་ཕྱག་འཚལ་ལོ།།རྣལ་འབྱོར་བ་ལ་གནོད་པ་ཡི། །འབྱུང་པོའི་ཚོགས་རྣམས་བསྲུང་བའི་ཕྱིར། །རྡོ་རྗེ་འཛིན་མཆོག་སྒྲུབ་པའི་ཐབས། །འབད་པའི་བློ་ཡིས་བསྒྲུབ་པར་བྱ། །དང་པོར་སྟན་བདེ་ལ་འདུག་སྟེ། །སྐད་ཅིག་གཅིག་གིས་རྡོ་རྗེ་འཛིན། །ཁྲོ་བོའི་རྒྱལ་པོར་ བསྐྱེད་པ་ཡི།།སྙིང་ཀའི་ས་བོན་འཕྲོས་པ་ལས། །འགྲོ་བ་སྦྱངས་པ་རྣམ་གསུམ་བྱ། །མཆོད་པའི་ལྷ་རྣམས་སྤྱན་དྲངས་ཏེ། །མཉེས་པའི་དོན་དུ་ལུས་སྤྲུལ་བྱ། །སྙིང་གའི་ས་བོན་ལས་བྱུང་བའི། །མཆོད་པ་རྣམ་པ་ལྔ་དག་ཀྱང་། །སྤྲོ་བསྡུའི་ཚུལ་གྱིས་བརྒྱན་པར་བྱ། །ོཾ་བཛྲ་ ས་མནྟ་ཨ་གརྦྷ་བཛྲ་པུཥྤེ་ཧཱུཾ།བཛྲ་དྷཱུ་པེ་ཧཱུཾ། བཛྲ་དཱི་པེ་ཧཱུཾ། བཛྲ་གནྡྷེ་ཧཱུཾ། བཛྲ་ནི་ཝི་དྱེ་ཧཱུཾ། དེ་ནས་པུས་མོ་སར་བཙུགས་ཏེ། །རྡོ་རྗེ་ཐལ་མོ་སྦྱར་ནས་ཀྱང་། །རབ་ཏུ་གུས་པས་འདི་བརྗོད་བྱ། །བསགས་སྡིག་ཇི་སྙེད་བཤགས་པར་བགྱི། །ཚོགས་རྣམས་ཀུན་ལ་རྗེས་ཡི་རང་། །ཟབ་ མོའི་འཁོར་ལོ་བསྐོར་བར་བསྐུལ།།མྱ་ངན་མི་འདའ་བཞུགས་སུ་གསོལ། །དགེ་བ་ཐམས་ཅད་མཆོག་ཏུ་བསྔོ། །ལུས་ཉིད་ཀྱང་ནི་རྣམ་པར་དབུལ། །བྱང་ཆུབ་སེམས་ནི་རབ་བསྐྱེད་བྱ། །བདག་གིས་རྫོགས་སངས་རྒྱས་ཐོབ་ཤོག་།དེ་ནས་བྱམས་དང་སྙིང་རྗེ་དང་། །དགའ་བ་ བཏང་སྙོམས་བསྒོམ་པར་བྱ།།དེ་ནས་སྣོད་བཅུད་རྣམ་པར་སྦྱངས། །ོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ། ཅེས་བརྗོད་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་མོ།
這是一段藏文經典的翻譯,我來為您翻譯成簡體中文: 藏地譯師康巴巴日僧人仁欽扎巴譯校。
梵文為:Vajra Krodha Dhara Sādhana Nāma 藏文為:怒金剛持修法儀軌 頂禮上師尊者足。 爲了保護瑜伽行者, 免受諸魔眾侵害, 金剛持尊修法要, 當以精進心修持。 首先安坐舒適座, 剎那化現金剛持, 成就忿怒王形相, 從心種子放光明, 三次清凈諸眾生。 迎請供養諸天眾, 為使歡喜化身相。 從心種子所生起, 五種供養諸物品, 以放收方式莊嚴。 唵 金剛普遍香云金剛花吽 金剛香吽 金剛燈吽 金剛涂香吽 金剛食吽 然後雙膝著地跪, 金剛合掌當恭敬, 至誠發露如是言: 懺悔所造諸罪業, 隨喜一切福德聚, 祈請轉動甚深輪, 祈請住世不涅槃, 迴向一切勝善業。 復以此身作供養, 當發無上菩提心, 愿我證得正等覺。 其後當修四無量: 慈心悲心及喜心, 平等舍心當修習。 複次清凈器情界, 誦咒:唵阿卡若目康薩兒瓦達兒瑪南阿德阿努特般那特瓦達。 以此觀想一切法皆為空性。
།ཧཱུཾ་ལས་རྒྱ་གྲམ་དྲ་བའི་མཆོག་།པདྨ་ཟླ་བའི་སྟེང་དག་ཏུ། །ཧཱུཾ་ལས་ཁྲོ་བོའི་སྐུར་བསྐྱེད་བྱ། །བཛྲ་ཧཱུཾ་ཀ་ར་ཞེས་ པས།།རབ་ཏུ་འཇིགས་པའི་ཁྲོ་བོ་ནི། །ིནྡྲ་ནཱི་ལའི་ཁ་དོག་ཅན། །ཞལ་གཅིག་སྤྱན་གསུམ་འཇིགས་པ་བཞིན། །སྨ་ར་མགོ་སྐྱེས་སེར་ལ་མཛེས། །སྦྲུལ་སྔོན་ཟ་ཞིང་མཆེ་བ་གཙིགས། །གཡས་ན་རྡོ་རྗེ་གདེངས་པའི་ཚུལ། །གཡོན་པ་བསྡིགས་པའི་མཛུབ་མོ་སྟེ། །སྦྲུལ་ནག་སེ་རལ་ ཁ་རུ་བཟུང་།། ལ་ལ་ཡི་གད་མོ་སྒྲོགས། །ཀླུ་བརྒྱད་དག་གིས་བརྒྱན་པའི་སྐུ། །པདྨའི་གདན་ལ་བརྐྱང་བསྐུམ་བཞུགས། །སྟག་གི་པགས་པས་སྨད་དཀྲིས་པ། །བརྒྱན་ལ་ཡེ་ཤེས་སེམས་བསྒོམ་བྱ། །ས་བོན་འོད་ཀྱིས་མཆོག་བཀུག་ནས། །གོང་གི་མཆོད་པས་མཉེས་བྱས་ ཏེ།།བསྟོད་པའི་རྒྱལ་པོ་འདི་ཡང་བརྗོད། །ོཾ་ན་མཿསྭཱ་ཧཱ་རི་ཤྲུཥྚོ་པ་ཡཾ་ན་མཿཤུད་ཀྲི་བཛྲ་པཱ་ཎི་ན་མཿས་རོ་ན་པཾ་སརྦ་ཝ་ཤཱུཥྞཱི་ཥ་ཀ་རི་ཧེ་ཧེ་ཧེ། ཛཿཧཱུཾ་བཾ་ཧོཿས་གཉིས་མེད་ནས། །ལྷ་མོ་བཞི་ལས་དབང་བླངས་པའི། །རྟགས་ནི་མི་བསྐྱོད་ཅོད་པན་རྩེར། །ཡི་གེ་གསུམ་གྱིས་བྱིན་ གྱིས་བརླབས།།ཡིད་བཞིན་འཁོར་ལོའི་བཟླས་པ་ནི། །ཏ་དྱ་ཐཱ་བྷོ་བྷོ་ཞེས་བྱ་བ་ནས། རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ་ཞེས་བྱ་བའི་བར་དུའོ། །སྒྲ་ཆེ་མ་ཡིན་ཆུང་མ་ཡིན། །རང་བཞིན་གསལ་བའི་བཟླས་པ་ནི། །མི་སྐྱོ་བར་དུ་ཅི་བདེར་བྱ། །དེ་ནས་སྤྲོ་བསྡུ་ཇི་སྙེད་པའི། །མཐའ་ལ་བསྡུ་བ་བྱས་ནས་ཀྱང་། །སྟོང་པ་ཉིད་དུ་ བསྒོམ་པར་བྱ།།སླར་ལ་བསྐྱེད་ལ་ཕྱག་རྒྱ་དཀྲོལ། །ོཾ་ཨཱཿཧཱུཾ་མུཿདེ་ནས་སྤྱོད་པ་ཅི་བདེར་སྤྱོད། །དམ་ཚིག་ང་རྒྱལ་གཏང་མི་བྱ། །དེ་ཐུན་བཞི་ཡི་སྦྱོར་བ་ཡིས། །བརྩོན་པར་བྱས་ན་ངེས་པར་འགྲུབ། །དད་ལྡན་བླ་མ་ལྡན་པ་དང་། །དབང་དང་དམ་ཚིག་ལྡན་པ་ལ། །བཅོམ་ལྡན་རྡོ་རྗེ་འཛིན་ མཆོག་གི།།མཆོག་གི་དངོས་གྲུབ་ཉེར་རྙེད་འགྱུར། །ཁྲོ་རྒྱལ་རྡོ་རྗེ་འཛིན་མཆོག་གི། །སྒྲུབ་ཐབས་དམ་པ་འདི་དག་ཉིད། །བདག་གིས་བརྩམ་པར་མི་རིགས་ཀྱང་། །རྒྱུད་འགྲེལ་དགོངས་པ་ལས་བཏུས་བྱས། །འདི་ལས་བྱུང་བའི་དགེ་བ་ཡིས། །འགྲོ་རྣམས་རྡོ་རྗེ་འཛིན་པར་ཤོག་།ཁྲོ་ ་བོ་རྡོ་རྗེ་འཛིན་པའི་སྒྲུབ་ཐབས་ཞེས་བྱ་བ་རྫོགས་སོ།
我來為您翻譯這段藏文: 從吽字化現金剛網, 蓮花月輪之上方, 從吽變現忿怒身, 金剛吽咔啰咒音。 極其可怖忿怒尊, 靛青寶石般色澤, 一面三目恐怖相, 美麗金色鬚髮鬘, 啖食青蛇露獠牙, 右手高舉金剛杵, 左手作出威嚇印, 手持黑蛇與虎皮。 發出哈哈大笑聲, 八大龍王為嚴飾, 蓮座跏趺而安坐, 虎皮裙裹下半身, 觀想智慧心莊嚴。 種子光明召勝尊, 如前供養作歡喜, 複誦贊王如是言: 唵納摩斯瓦哈日殊多巴揚納摩修德格日巴匝巴尼納摩薩若納邦薩兒瓦瓦修希沙嘎日黑黑黑 匝吽榜吙。 從無二中四天女, 灌頂標誌不動冠, 三字加持作加持。 如意輪咒誦持法: “達雅他波波”至”囸匝納巴雅帝梭哈”。 不大聲亦不小聲, 自然明顯作持誦, 隨意持誦勿疲厭。 其後放收幾許已, 最後攝收一切已, 當觀一切皆空性。 複次生起解手印, 唵阿吽母。此後隨意而行止。 不應舍離三昧耶, 若以四座瑜伽修, 精進修持定成就。 具信具師具灌頂, 具足誓言諸行者, 世尊金剛持勝尊, 必得殊勝之成就。 忿怒王尊金剛持, 如是殊勝修法要, 雖我不應作撰述, 從續釋意趣摘錄。 以此所生諸善根, 愿諸眾生持金剛。 《忿怒金剛持修法儀軌》圓滿。
D2901
། །།སློབ་དཔོན་བ་སུ་དྷ་བཛྲས་མཛད་པའོ།།[་]@། །དེའི་སྦྱིན་སྲེག་གི་ཆོ་ག་བཞུགས། །དེ་ནས་ཡང་དག་བཤད་བྱ་བ། །ས་གཞི་ཤིན་ཏུ་ལེགས་པ་ལ། །ཐབ་ཁུང་རྒྱར་ནི་ཁྲུ་གང་ཞིང་། །ཟབས་སུ་ཁྲུ་ཕྱེད་བརྐོས པ་དག་།ཁ་ཁྱེར་སོར་བཞི་གཉིས་དོར་བྱ། །བ་ཡི་རྣམ་པ་ལྔ་ཡིས་བྱུགས། །ཁ་དོག་དཀར་པོ་བྱས་ནས་ཀྱང་། །དྲི་དཀར་འོ་མ་མེ་ཏོག་དོར། །དཀྱིལ་དུ་རྡོ་རྗེ་སོར་བརྒྱད་པ། །ནང་དུ་རྡོ་རྗེས་བསྐོར་ནས་ཀྱང་། །ཐ་མ་མེ་ཡི་འོད་ཟེར་ཅན། །བྱ་བ་ཐབ་ཁུང་རིམ་པའོ། །ཙནྡན་པཱ་ལ ཤ་དག་དང་།།བྱང་ཆུབ་ཤིང་དང་ནྱ་གྲོ་དྷ། །དྲི་བཟངས་དྲི་ཞིམ་པ་ཡི་ཤིང་། །སྲོག་ཆགས་མེད་ཅིང་མ་རུལ་བ། །གསར་བ་ཁྲུ་གང་ཚད་ལ་ནི། །འོ་མ་སྦྲང་རྩི་བྲན་ནས་ཀྱང་། །དྲི་ཞིམ་པ་ཡི་ཆུ་ཡིས་གཏོར། །ཐབ་ཀྱི་ཁོ་ར་ཁོར་ཡུག་ཏུ། །ཀུ་ཤ་རྩེ་མོ་ཕྱིར་བསྟན་པ། །བཀྲམ་ལ་ བུད་ཤིང་བརྩིག་པར་བྱ།།ཐབ་བས་མཐོ་ན་ཉེས་པར་འགྱུར། །དེ་ནི་བུད་ཤིང་རིམ་པའོ། །རྩེ་མོའི་ཆ་ལས་བྱུང་བ་ཡི། །ཡམ་ཤིང་སོར་ནི་བཅུ་གཉིས་པ། །གསར་ཞིང་འདབ་མ་བཅས་པ་དང་། །དྲང་ཞིང་བླ་སྐམས་མེད་པ་སྟེ། །སྐྱོན་དང་བྲལ་བའི་ཡམ་ཤིང་ལ། །མངར་གསུམ་ དཀར་གསུམ་དག་གིས་བྲན།།དྲི་ཡི་ཚོགས་ཀྱིས་བསངས་ནས་ཀྱང་། །མཆོད་པའི་དོན་དུ་གཡས་སུ་གཞག་།དེ་ནི་ཡམ་ཤིང་རིམ་པའོ། །དཀར་གསུམ་མངར་གསུམ་འབྲས་ཆན་དང་། །འབྲས་ཐུག་ལག་པན་ལ་དུ་དང་། །སྨན་སྣ་ཚོགས་དང་བཟའ་བའི་རྫས། །ཏིལ་ལ་སོགས་ པ་ཇི་སྙེད་ཀུན།།བསྲེག་པའི་དོན་དུ་གཡས་སུ་གཞག་།མར་ཁུ་རྡོ་རྗེ་དྲིལ་བུ་དང་། །དགང་གཟར་བླུགས་གཟར་མདུན་དུའོ། །མེ་ཏོག་སྤོས་དང་མར་མེ་དྲི། །བཤོས་གཙང་རོལ་མོ་ཇི་སྙེད་པ། །མཆོད་པའི་དོན་དུ་གཡོན་དུ་གཞག་།མཆོད་ཡོན་ལས་ཀྱི་བུམ་པ་ནི། །མཉེས་དང་བསང་ ཕྱིར་གཡས་སུ་གཞག་།མཆོད་རྫས་བསྲེག་རྫས་རིམ་པའོ། །དེ་ནས་སྐད་ཅིག་ལྟར་བསྐྱེད་ལ། །དུས་ནས་བརྩམས་ཏེ་མངོན་རྟོགས་ཀྱི། །ཆོ་གའི་རིམ་པ་ཇི་སྙེད་པ། །སྒྲུབ་ཐབས་བཞིན་དུ་བསྒོམ་པར་བྱ། །དེ་ནི་རྣལ་འབྱོར་བདག་ཉིད་ཀྱི། །མངོན་པར་རྟོགས་པའི་རིམ་པའོ། །དེ་ནས་ཐབ ནི་བསང་བྱས་ལ།། ལས་པདྨའི་གཞལ་ཡས་ཁང་། །དཀར་ཞིང་ཟླུམ་པ་མཛེས་པ་བསྐྱེད། །བཾ་ལས་ཆུ་ཡི་དཀྱིལ་འཁོར་ཏེ། །དེ་སྟེང་པཾ་ལས་པདྨའོ།
這是一份藏文的火供儀軌文獻,我來為您翻譯成簡體中文: 堪布瓦蘇達嘎所造。
同部經論
與本文同名或相近的其他版本、科判、譯文與註疏。