d3390馬頭明王成就法多尼多杰 巴日
D3390
ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ།།[་]@##། །རྒྱ་གར་སྐད་དུ། ཧ་ཡ་གྲཱི་བ་སཱ་དྷ་ནཾ། བོད་སྐད་དུ། རྟ་མགྲིན་གྱི་སྒྲུབ་པའི་ཐབས། དཔལ་རྟ་མགྲིན་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྣ་ཚོགས་པདྨ་དང་ཉི་མ་ལ་ཧཱུཾ་དམར་པོའི་ཡེ་ཤེས་ལས་ ཡོངས་སུ་རྫོགས་པའི་འཕགས་པ་རྟ་མགྲིན་མདོག་དམར་བ།ཞལ་གསུམ་པ། ཕྱག་བརྒྱད་པ། ཞལ་སོ་སོ་ནས་སྤྱན་གསུམ་གསུམ་མོ། །སྔོན་པོ་དང་དཀར་པོ་ནི་གཡས་དང་ཅིག་ཤོས་ཀྱི་ཞལ་ལོ། །སྦྲུལ་གྱི་རྒྱན་ཅན་འགྱིང་བག་གིས་གནོན་ཅིང་གནས་པ། ཁྲོ་བོའི་ལྟ་སྟངས་ཀྱིས་གཟིགས་པ། ཞལ་དང་པོ་བཞད་པ། གཡས་པའི་ཞལ་ལྗགས་འདྲིལ་བ། མཆེ་བ་གཉིས་ཀྱིས་མ་མཆུ་བཙིར་བ། གཡོན་པའི་ཞལ་ལོ། །སྟག་གི་པགས་པའི་ཤམ་ཐབས་ཅན་ནོ། །རྡོ་རྗེ་དང་དབྱུག་པ་དང་། བྱེད་པའི་ཕྱག་རྒྱ་དང་། མདའ་འཕྱར་བ་ནི་གཡས་པའི་ཕྱག་བཞི་ནའོ། །སྡིགས་མཛུབ་དང་རང་གི་ནུ་མ བཟུང་བ་དང་།པདྨ་དང་གཞུ་འཕྱར་བ་ནི་གཡོན་གྱི་ཕྱག་བཞི་ནའོ། །མི་བསྐྱོད་པས་མནན་པའི་དབུ་རྒྱན་ཅན་བསམ་པར་བྱའོ་ཞེས་བྱ་བ་ནི་རྟ་མཆོག་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྔགས་ཀྱི་བཟླས་པ་ནི། ཨོཾ་ཧ་ཡ་གྲཱི་བ་སྭཱ་ཧཱ། རྟ་མགྲིན་གྱི་སྒྲུབ་ཐབས་རྫོགས་སོ།
以下是藏文的中文直譯: 這是由康巴譯師比丘巴日所翻譯。
梵文為:Hayagrīva sādhanaṃ 藏文為:རྟ་མགྲིན་གྱི་སྒྲུབ་པའི་ཐབས། 漢譯:馬頭明王成就法 頂禮吉祥馬頭明王! 按照前述儀軌,在雜色蓮花和日輪上,從紅色吽字的智慧中,完整顯現聖者馬頭明王,身呈紅色,三面八臂,每面各具三眼。右面為藍色,左面為白色。以蛇作為裝飾,威嚴地鎮壓而住。以忿怒相注視,中央面帶笑容,右面舌頭捲起,以兩顆獠牙咬住下唇,這是左面。身著虎皮裙。 右邊四手持金剛杵、棒、施愿印契和舉起的箭。左邊四手作威嚇印、持自己的乳房、蓮花和舉起的弓。應觀想其頭飾上有不動佛。這就是稱為”馬頭智慧金剛”的三摩地。 咒語唸誦為: (藏文)ཨོཾ་ཧ་ཡ་གྲཱི་བ་སྭཱ་ཧཱ། (梵文天城體)ॐ हयग्रीव स्वाहा (梵文羅馬拼音)Oṃ hayagrīva svāhā (漢譯)嗡 馬頭明王 娑婆訶 馬頭明王成就法圓滿。
།པཎྜི་ཏ་དོན་ཡོད་རྡོ་རྗེ་དང་།
這是一個簡短的藏文短語的直譯: 與班智達多尼多杰(具義金剛) 註:這裡”པཎྜི་ཏ་“(班智達)是對印度大學者的尊稱,“དོན་ཡོད་རྡོ་རྗེ་“(多尼多杰)是人名,直譯為”具義金剛”。
D3391
ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ།།[་]@##། །རྒྱ་གར་སྐད་དུ། དཱི་བྷུ་ཛ་ཧི་རུ་ཀ་སཱ་དྷ་ནཾ། བོད་སྐད་དུ། ཞལ་གཅིག་ཕྱག་གཉིས་པའི་ཧེ་རུ་ཀའི་སྒྲུབ་ཐབས། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གྲོགས་མེད་དགའ་བའི་ཡིད་ཀྱིས་ནི། །དུར་ཁྲོད་བརྒྱད་ཀྱི་དབུས་གནས་པ། ། ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །ཟླ་བ་ཉི་མ་རབ་སྦྱོར་བ། །ཱ་ལི་ཀཱ་ལི་མཉམ་སྦྱོར་བས། །ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ལ་ཧཱུཾ་ཡིག་ཡོངས་སུ་གྱུར། །རྡོ་རྗེ་རྭ་དང་ཡང་དག་ལྡན། །སྐྱིལ་ཀྲུང་ཕྱེད་པས་རོ་ལ་གནས། །མི་ཡི་པགས་པའི་གོས་བསྣམས་པས། །ཐལ་བས་ལུས་ལ་བྱུགས་པ་སྟེ། ། འབར་བའི་རྡོ་རྗེ་གཡས་པ་ན། །གཡོ་བའི་བ་དན་ཁ་ཊྭཱཾ་ག། །ཁྲག་ལྡན་ཐོད་པ་གཡོན་དུའོ། །མགོ་བོ་བརྒྱ་ཕྱེད་ཕྲེང་བ་ཡིས། །ཡིད་དུ་འོང་བའི་དོ་ཤལ་དཔྱངས། །ཅུང་ཞིག་ཞལ་གྱི་མཆེ་བ་གཙིགས། །སྤྱན་གསུམ་དམར་པོ་རོ་ལྡན་པ། །དབུ་སྐྲ་ཁམ་པ་གྱེན་དུ་འཁྱིལ། །མི་བསྐྱོད་པ་ཡི་དབུ་རྒྱན་ཅན། ། རྣ་ཆ་དག་དང་རབ་ཏུ་ལྡན། །རུས་པའི་རྒྱན་གྱིས་མཛེས་པ་སྟེ། །དབུ་ལ་ཐོད་པ་ལྔ་དང་ལྡན། །སངས་རྒྱས་ཉིད་བཞིན་བསམ་བྱ་སྟེ། །རྒས་དང་འཆི་བ་ཟློག་བྱེད་པའོ། །སྭཱ་ཧཱ་ཕཊ་ཧཱུཾ་ཨོཾ་ཞེས་བྱ་བ་ནི་མདོར་བསྡུས་པའོ། །ཞལ་གཅིག་ཕྱག་གཉིས་པའི་ཧེ་རུ་ཀའི་སྒྲུབ་ཐབས་རྫོགས་སོ།
以下是藏文的簡體中文直譯: 卡巴譯師比丘巴日所譯。
同部經論
與本文同名或相近的其他版本、科判、譯文與註疏。