d3962菩薩道次第略集釋迦吉祥賢 慈吉祥c3.5s
D3962
@##། །རྒྱ་གར་སྐད་དུ། བོ་དྷི་སཏྭ་སྱ་མཱརྒ་རྔུཀྲ་མ་སཾ་གྲ་ཧ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་ལམ་གྱི་རིམ་པ་མདོར་བསྡུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྐུ་གསུམ་བདག་ཉིད་ཀུན་ཁྱབ་རྟག་།ཤེས་རབ་ཐུགས་རྗེ་དབྱེར་མེད་པས། ། སེམས་ཅན་དོན་ཀུན་སྒྲུབ་མཛད་པ། །རྫོགས་སངས་རྒྱས་ལ་གུས་ཕྱག་འཚལ། །གདུལ་བྱའི་སྐྱེ་བོ་རྗེས་གཟུང་ཕྱིར། །བྱམས་དཔལ་ལོ་ཙཱས་རབ་བསྐུལ་བས། །རྒྱལ་སྲས་ལམ་རིམ་མདོར་བསྡུས་ནི། །བདག་གིས་ཇི་ལྟར་བཟོད་ལྟར་བརྗོད། །ཐོག་མར་བཤེས་གཉེན་བསྟེན་བྱ་སྟེ། །དེ་ཡི་ལེགས སྤྱད་ཡོན་ཏན་བླང་།།དེ་ཡང་སེམས་ཅན་དོན་བརྩོན་ནུས། །ཤེས་སོགས་ཡོན་ཏན་ཕ་རོལ་ཕྱིན། །ཕུན་ཚོགས་དལ་བ་མྱུར་དུ་འཇིག་།ལས་དང་དེ་འབྲས་སྡུག་བསྔལ་ཡིན། །དེ་སྤོང་ཤེས་རབ་སྙིང་བརྩེ་བསྒོམ། །ཀུན་མཁྱེན་བསྟན་པའི་སྙིང་པོའོ། །མི་ཁོམ་བརྒྱད་སྤངས་འབྱོར་བཅས་ པའི།།དལ་བ་ཕུན་ཚོགས་རྙེད་དཀའ་སྟེ། །རྒྱ་མཚོ་ཆེར་གཡེངས་ཤིང་བུག་ཏུ། །རུས་སྦལ་མགྲིན་ཆུད་རང་མཚུངས་གསུངས། །དེ་ཡང་མི་རྟག་མདུན་གནས་ཏེ། །སྐད་ཅིག་མི་སྡོད་རྣམ་པར་འཇིག་།འདུ་བྱེད་སྡུག་བསྔལ་རང་བཞིན་འདིར། །ཆོས་དང་གང་ཟག་བདག་མེད་ཉིད། །དེ་ བཞིན་ཉོན་མོངས་ཉེ་ཉོན་མོངས།།ལུས་ངག་ཡིད་ཀྱིས་བསྐྱེད་པ་ཡི། །དགེ་དང་མི་དགེ་ཀུན་འབྱུང་བ། །ལས་དང་ཉོན་མོངས་མིང་གིས་གདགས། །སྡིག་པས་ངན་འགྲོར་ལྟུང་འགྱུར་ཏེ། །སྡུག་བསྔལ་སྡུག་བསྔལ་ཐོབ་པར་འགྱུར། །དགེ་བས་ལྷ་དང་མིར་འཕེན་མོད། །དེ་ཡང་ཡོངས་ འགྱུར་སྡུག་བསྔལ་ཉིད།།དེ་བས་སེམས་ཅན་དོན་སྒྲུབ་ཕྱིར། །བྱང་ཆུབ་སེམས་བསྐྱེད་དེ་ཡི་རྒྱུན། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བསྒོམ་བྱ་ལམ་གྱི་མཆོག་ཡིན་ནོ། །ལུས་དང་ཚོར་བ་སེམས་དང་ཆོས། །ཕྱི་ནང་གཉིས་དག་ཚུལ་ལུས་ཀྱི། །མཚན་ཉིད་རྗེས་བརྟགས་མཉམ་འཇོག་པ། ། དྲན་པ་ཉེ་བར་གཞག་བཞི་བསྒོམ། །དགེ་ཆོས་བསྐྱེད་ཅིང་རྣམ་འཕེལ་དང་། །སྡིག་སེམས་མི་བསྐྱེད་ཉེར་འཇོམས་པ། །བདེ་གཤེགས་ཀྱིས་གསུངས་སྐྱོན་སེལ་ཕྱིར། །ཡང་དག་སྤོང་བ་བཞི་རབ་བསྒྲགས། །འདུན་དང་བརྩོན་འགྲུས་སེམས་དང་ནི། །དཔྱོད་པའི་བྱ་བྲག་གིས་ཕྱེ་བ། །མི མཐུན་གཉེན་པོའི་ཕྱོགས་དབང་གིས།།རྫུ་འཕྲུལ་རྐང་པ་བཞིར་འདོད་དོ། །དད་དང་བརྩོན་འགྲུས་དྲན་པ་དང་། །ཏིང་འཛིན་ཤེས་རབ་ཅེས་གྲགས་པ། །ཐར་པའི་རྒྱུ་ཡི་སྦྱོར་བ་ཡིས། །རྒྱལ་སྲས་དབང་པོ་ལྔར་གསུངས་སོ། །དད་སོགས་རྣམ་འཕེལ་ལྔ་ཐོབ་པ། །མི་ མཐུན་ཕྱོགས་འཇོམས་ཟག་བཅས་དང་།།ཟག་པ་མེད་མཐའ་བཅས་འདི་དག་།སངས་རྒྱས་རྣམས་ཀྱི་སྟོབས་ཞེས་བསྟན། །དྲན་དད་ཤེས་རབ་འབྱེད་བརྩོན་འགྲུས། །དགའ་དང་ཤིན་ཏུ་སྦྱངས་པ་དང་། །ཏིང་ངེ་འཛིན་དང་བཏང་སྙོམས་རྣམས། །བྱང་ཆུབ་ཡན་ལག་བདུན་དུ་འདོད། ། ཡན་ལག་ལྟ་དང་རྟོག་པ་དང་། །ངག་དང་ལས་མཐའ་འཚོ་བ་དང་། །བརྩོན་འགྲུས་དྲན་དང་ཏིང་འཛིན་ནི། །འཕགས་ལམ་ཡན་ལག་བརྒྱད་དུ་བཞེད། །སངས་རྒྱས་ཀུན་གྱི་བགྲོད་པའི་ལམ། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །བློ་ལྡན་རྣམས་ཀྱིས་མཉམ་རྗེས་སུ། །ཟབ་ཡངས རྗེས་འབྲེལ་རྟག་ཏུ་བསྒོམ།།དེ་ལ་གསུམ་ནི་ཚོགས་ཀྱི་ལམ། །གཉིས་རིམ་ངེས་འབྱེད་ཡན་ལག་དང་། །བྱང་ཆུབ་ཡན་ལག་མཐོང་ལམ་སྟེ། །ཡན་ལག་བརྒྱད་ནི་བསྒོམ་ལམ་དུའོ། །སྡུག་བསྔལ་མེ་གསུམ་གྱིས་སྐྲག་པས། །སྐྱེ་བོ་འཁོར་བ་ལས་དབྱུང་ཕྱིར། །སྙིང་བརྩེ་བརྩོན་འགྲུས་དང་ ལྡན་གྱིས།།སངས་རྒྱས་ཉིད་བསྒྲུབ་བློ་གྲོས་བསྐྱེད། །ཕུང་པོ་བདག་མིན་དེ་ལ་བདག་།ལྡན་མིན་བདག་ཀྱང་དེ་མིན་ཏེ། །དེ་ལྡན་མ་ཡིན་བྱ་བྱེད་ཀྱི། །མཐུན་དངོས་མིན་བདག་སྟོང་པ་ཉིད། །ཁྱབ་དང་རྟག་དང་བྱེད་པོ་དང་། །རང་དབང་ལོངས་སྤྱོད་ཆོས་ཉིད་ཅན། །བདག་ནི་ཕུང་པོ་དང་འགལ་བས། ། དེའི་ཕྱིར་དེ་གཅིག་ཇི་ལྟར་འགྲུབ། །བྱ་དང་བྱེད་པའི་དངོས་པོ་ནི། །རྟག་ཏུ་ལྷན་ཅིག་སྲིད་མ་ཡིན། །དེ་ཡང་དེ་ལྡན་མ་ཡིན་པས། །དེ་ཡི་གཞན་ཕྱོགས་གསུམ་ཡང་ངོ་། །ཕུང་པོ་ཡང་དེར་རིགས་མིན་ཏེ། །དེ་ཡིས་དེ་ལྟར་འདོད་བྱས་པས། །རྟག་ཏུ་ཐར་པ་ཐོབ་གྱུར་ཏེ། །གཟུགས་སོགས་དངོས བྲལ་མཐར་ཕྱིན་ཏོ།
梵文:Bodhisattvasya Marganuktrama Samgraha 藏文:བྱང་ཆུབ་སེམས་དཔའི་ལམ་གྱི་རིམ་པ་མདོར་བསྡུས་པ། 漢譯:菩薩道次第略集 頂禮一切佛菩薩。 三身本性遍一切,智慧悲心無二別,成辦一切有情利,恭敬頂禮圓滿佛。 為攝受所化眾生故,慈氏吉祥譯師勸請下,菩薩道次第略集,我當盡己所能宣說。 首先應當依止善知識,取其善行功德,彼亦精進利益有情,智慧等功德到彼岸。 圓滿閑暇速壞滅,業及其果是苦惱,斷彼修習智悲心,遍智教法之精要。 遠離八無暇具足,閑暇圓滿難獲得,如大海中一盲龜,頸入浮木孔相同。 彼亦無常住前際,剎那不住皆壞滅,有為苦惱為自性,法與補特伽羅無我性。 如是煩惱及隨煩惱,由身語意所生起,善與不善諸生起,業及煩惱名言假立。 造罪墮入惡趣中,獲得苦上加苦果,善業雖投生天人,彼亦終變成苦性。 是故為辦有情利,發菩提心彼相續,空性大悲為心要,是為所修最勝道。 身受心法內外二,如是觀察身相已,安住等持而修習,四念住處當修習。 生起增長諸善法,不生罪心令斷滅,善逝所說除過失,宣說四正斷法門。 欲勤心及觀察,以差別而分別,違品對治分之力,許為四神足。 信勤念定慧,如是廣所聞,解脫因之加行故,說為菩薩五根。 信等五增上獲得,摧伏違品有漏及,無漏有邊際諸法,諸佛宣說為力。 念信慧擇勤,喜及輕安與,等持舍等諸法,許為七覺支。 支分正見尋伺及,正語業命精進念,等持八聖道支分,如是諸聖者所許。 一切諸佛所行道,三十七種菩提分,智者等持及后得,深廣相續恒修習。 其中三者資糧道,二漸抉擇分,菩提分即見道,八支即修道。 三火逼惱生怖畏,為度眾生出輪迴,具足大悲精進力,當發證佛智慧心。 蘊非是我彼有我,非有我亦非是彼,非彼所有作作者,事物非我即空性。 遍及常與作者及,自在受用法性者,我與諸蘊相違故,是故彼一云何成? 作與作者之事物,恒時俱有不可得,彼亦非彼所有故,彼之餘三分亦爾。 蘊亦不應如是理,彼以如是所許作,恒時解脫當獲得,色等離實證究竟。
།སྒྱུ་འདྲའི་ཕྱི་རོལ་གཟུང་དོན་མེད། །དེ་མེད་དེར་འཛིན་ཡོད་མ་ཡིན། །རྣམ་རིག་ཙམ་དེ་ཤེས་དེ་ཡང་། །གདོད་ནས་མ་སྐྱེས་ཆོས་བདག་མེད། །བརྩེ་བ་ཙམ་གྱིས་སྲིད་པར་འཕན། །ཤེས་རབ་དམན་པས་མྱ་ངན་འདའ། །དེའི་ཕྱིར་ཕན་ཚུན་མཉམ་ལྡན་པ། །རྒྱལ་བས་བླ་ མེད་ལམ་དུ་གསུངས།།ཐི་གུ་ལས་སྦྲུལ་འདིར་བསལ་མེད། །ཐི་གུའང་གསར་གཞག་ཅི་ཡང་མེད། །མར་མེས་ཐི་གུ་ཡང་དག་མཐོང་། །དེ་མཐོང་འཇིགས་པ་རྣམ་པར་སྤངས། །འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་ མཐོང་ན་རྣམ་གྲོལ་བཤད།།འདི་དག་དམན་པར་བསྒོམས་ན་ནི། །འཕགས་ལམ་བྱང་ཆུབ་དམན་ཉིད་འཐོབ། །བསམ་སོར་ཡང་ནི་དམན་ཉིད་ཀྱིས། །བདག་ཏུ་ལྟ་བ་སྤོང་བར་བྱེད། །རྒྱ་ཆེན་འགྲོ་བའི་དོན་བསྒྲུབས་པས། །བྱང་ཆུབ་སེམས་དཔའ་ཉིད་ཁོ་ནས། །བསམ་པ་ལ་སོགས་ཁྱད་པར་གྱིས། ། སྐུ་གསུམ་བྱང་ཆུབ་འཐོབ་པར་འགྱུར། །བདག་གིས་འདི་བསྡུས་བསོད་ནམས་ནི། །བསྐྲུན་གྱུར་གང་དེས་སྐྱེ་བོ་ཀུན། །རྫོགས་པའི་བྱང་ཆུབ་མཆོག་ཐོབ་ནས། །འགྲོ་ལ་ཕན་བདེ་སྦྱིན་པར་ཤོག་།དགེ་སློང་ཤཱཀྱའི་དཔལ་བཟང་མིང་། །བདག་དང་གདུལ་བྱ་ལྷན་ཅིག་ཏུ། །བྱམས་མགོན འཕགས་པའི་ཞབས་པད་དྲུང་།།སྐྱེས་ནས་དེ་དགོངས་གསལ་བྱེད་ཤོག་།བྱང་ཆུབ་སེམས་དཔའི་ལམ་གྱི་རིམ་པ་དེ་ཁོ་ན་ཉིད་བསྡུས་པ། དཔལ་ཆོས་ཀྱི་རྗེ་སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་པཎྜི་ཏ་ཆེན་པོ། མ་བྱོན་པའི་སངས་རྒྱས་གསུམ་པར་ཡོངས་སུ་གྲགས་པའི་ཁ་ཆེ་ཤཱཀྱ་ ་ཤྲཱི་བཟང་པོས་མཛད་པ་རྫོགས་སོ།
如幻的外境所取對境不存在,既然彼不存在能取也不存在,唯識性彼智慧,本來無生法無我。 僅以慈悲投生輪迴中,以智慧低劣而涅槃,因此二者相互圓滿具足,佛陀說為無上道。 此處無需除去繩索中的蛇,繩索也無需重新安立,以燈光如實見到繩索,見到此則完全斷除恐懼。 於此無有所除,也無少許可立,于真實性如實觀照,若見真實即說解脫。 若以低劣方式修持這些,則獲得低劣的聖道菩提,以低劣的思維加行,斷除我執見。 以成辦廣大眾生利益,唯有菩薩,以思維等殊勝,獲得三身菩提。 愿以我所集此功德,令一切眾生,獲得殊勝圓滿菩提,賜予眾生利樂。 比丘釋迦吉祥賢名,愿我與所化眾生同時,于慈尊聖者蓮足前,轉生后明瞭其密意。 菩薩道次第真實攝要,由殊勝法王於世間無與倫比的大班智達,廣為人知是未來第三佛的克什米爾釋迦吉祥賢所造圓滿。
D3963 ། །།པཎྜི་ཏ་ཆེན་པོ་དེ་ཉིད་དང་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་རྒྱང་རོ་ས་ལུའི་གཙུག་ལག་ཁང་དུ་བསྒྱུར་བའོ།།[་]@##། །རྒྱ་གར་སྐད་དུ། མཧཱ་ཡཱ་ན་ཨུ་པ་དེ་ཤ་གཱ་ཐཱ། བོད་སྐད་དུ། ཐེག་པ་ཆེན་པོའི་མན་ངག གི་ཚིགས་སུ་བཅད་པ།རྗེ་བཙུན་མི་ཕམ་མགོན་པོ་ལ་ཕྱག་འཚལ་ལོ། །རྙེད་དཀའི་དལ་འབྱོར་མྱུར་དུ་འཇིག་།འཇིག་རྟེན་ལས་འབྲས་སྡུག་བསྔལ་ཡིན། །དེ་སྤང་སྟོང་ཉིད་སྙིང་རྗེ་བསྒོམ། །བདེ་གཤེགས་བསྟན་པའི་སྙིང་པོའོ། །བདེ་འདོད་སྐྱེས་བུས་བསོད་ནམས་བསགས། །དེ་ཡང་ རང་བཞིན་མེད་པར་བསྒོམ།།རང་བཞིན་མེད་ཤེས་བསོད་ནམས་མཆོག་།དེ་ཕྱིར་བསོད་ནམས་བདེ་བའི་རྒྱུ། །བསོད་ནམས་བསགས་པས་བདེ་བ་འཐོབ། །དེ་ཕྱིར་མིས་ནི་བསོད་ནམས་བསགས། །དེ་ཡང་ཡང་དང་ཡང་དུ་བསྒྲུབ། །དི་རིང་ཉིད་ནས་འདུན་ཏེ་བསྒྲུབ། །ཆོས་ཀུན་རང་སེམས་རྣམ་ པར་སྣང་།།རང་བཞིན་འོད་གསལ་དྲི་མ་མེད། །སྟོང་ཉིད་སྙིང་རྗེ་རོ་གཅིག་ཐབས། །དེ་བསྒོམ་འབྲས་བུ་བྱང་ཆུབ་མཆོག་།སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་གཉིས་སེམས་བསྐྱེད་དེ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བསྒོམ་བྱ་དེ་འབྲས་སྐུ་གསུམ་འཐོབ། ། བསམ་པ་རིན་ཆེན་སེམས་གཉིས་འབྲེལ། །སྦྱོར་བ་དཀའ་སྤྱད་དང་ལེན་དང་། །རྣམ་པ་ཀུན་དུ་མི་དམིགས་ཤེས། །གནོད་པས་སྐྱོ་མེད་སངས་རྒྱས་སྲས། །སྐྱེ་འགག་གནས་མེད་བྱང་ཆུབ་སེམས། །རྒྱ་ཆེན་སེམས་ཅན་དོན་ལ་མཁས། །ཚོགས་གཉིས་རྒྱུན་ཆད་མེད་པའི་ལམ། །སྟོང་ཉིད་སྙིང་རྗེའི སྙིང་པོའོ།།རྨི་ལམ་ལྟ་བུར་ཕྱི་རོལ་མིན། །སྒྱུ་མ་ལྟ་བུར་བདེན་དོན་མེད། །ནམ་མཁའ་ལྟ་བུར་མཚན་ཉིད་བྲལ། །ཆོས་ཀུན་རང་བཞིན་འོད་གསལ་ཡིན། །རང་བཞིན་འོད་གསལ་ཉིད་ལས་འདིར། །མ་སྐྱེས་སྐྱེ་བའི་རྟེན་ཅན་གྱི། །བྱང་ཆུབ་སེམས་གཉིས་རྗེས་འབྲེལ་བས། །སེམས་ཅན་ཀུན་ དོན་སྤྱད་པར་བྱ།།དམ་པ་གསུམ་གྱིས་སྡིག་ལས་བཟློག་།དྲི་མེད་གཉིས་ཀྱིས་དགེ་ཚོགས་བསྒྲུབ། །མཉམ་པར་གཞག་པས་རང་སེམས་གདུལ། །བདག་ཉིད་ཆེན་པོའི་བསྒྲུབ་པའོ། །སེམས་ནི་རྟག་པར་བྱང་ཆུབ་འདོད། །བྱ་བ་ལུས་ཅན་དོན་ལ་བརྩོན། །བདེ་སྡུག་རྨི་ལམ་འདྲར་ ཤེས་པས།།མཁས་པས་གཞན་དོན་སྒྲུབ་པར་བྱེད། །ཁྲིམས་ཀྱིས་དལ་འབྱོར་སྙིང་པོ་བླང་། །ཐོས་པས་ཚེ་ཡི་སྙིང་པོ་བླང་། །བསྒྲུབ་པས་བསྟན་པའི་སྙིང་པོ་བླང་། །དེ་ཡི་སྙིང་པོ་གཞན་དོན་ནོ། །རྩེ་གཅིག་གནས་པས་དྲན་པ་བསྟེན། །བྱང་ཆུབ་སེམས་ཀྱིས་ཚོགས་གཉིས་བསགས། ། མ་བཅོས་མཐོང་བས་མཉམ་པར་གཞག་།བསྒྲུབ་པའི་སྙིང་པོ་མདོར་བསྡུས་པའོ།
由大班智達本人和譯師慈吉祥在江若薩魯寺院翻譯。
同部經論
與本文同名或相近的其他版本、科判、譯文與註疏。