d3901中觀寶鬘論月稱 卻若智慧賢c3.5s
D3901
@##། །རྒྱ་གར་སྐད་དུ། རཏྣ་མཱ་ལི་ནཱ་མ། བོད་སྐད་དུ། རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཁྱབ་བདག་ཡེ་ཤེས་སེམས་དཔའ་ལ། །བཏུད་དེ་གྲུབ་མཐའ་རིམ་བཞིན་བཤད། །རྒྱང་པན་དཔྱོད་པ་གྲངས ཅན་དང་།།བྱེ་བྲག་གཅེར་བུ་སངས་རྒྱས་པ། །བསྟན་བཅོས་དེ་དྲུག་ཡིན་ཞེས་གྲགས། །རིམ་བཞིན་གོང་མ་གོང་མ་ཡིས། །འོག་མ་འོག་མ་སུན་ཡང་འབྱིན། །དེ་ཉིད་ས་ཆུ་མེ་རླུང་བཞི། །ཤི་ནས་རྟེན་ལུས་ཞིག་པ་ན། །མར་མེ་ཤི་བ་འོད་མེད་བཞིན། །སེམས་ཀྱང་གཞན་དུ་སྐྱེ་ མེད་འདོད།།སྐྱེ་བ་སྔ་ཕྱི་མེད་པས་ན། །སྒྲིབ་སྤངས་ཚོགས་བསགས་མེད་འཕགས་པའི། །སྐྱེ་བ་དུ་མས་བསྒྲུབས་པ་ཡི། །སངས་རྒྱས་མེད་ཅིང་དེས་གསུངས་པའི། །ཆོས་ཀྱང་མེད་ཅིང་དེ་སྒྲུབ་པའི། །དགེ་འདུན་མེད་ཅེས་རྒྱང་པན་ཟེར། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་དམ་མེད་ པར་ཐལ།།དངོས་པོ་རྣམས་ནི་རེས་འགའ་ཞིག་།འབྱུང་བ་ལྟོས་དང་བཅས་ཕྱིར་རོ། །རྒྱུ་མེད་འབྲས་བུ་མི་འབྱུང་ཕྱིར། །སྐྱེ་བ་ཐོག་མ་མེད་པར་གྲུབ། །རིམ་དང་ཅིག་ཅར་མི་སྲིད་ཕྱིར། །རྟག་ལ་སྐྱེ་བ་མེད་ཕྱིར་དང་། །མི་མཐུན་ཉེར་ལེན་རྒྱུས་བསྐྱེད་ན། །ཀོ་ཏྲ་པ་ ལས་འབྲས་སྐྱེར་ཐལ།།དེ་ཕྱིར་འབྱུང་ཆེན་ལ་སོགས་ལས། །སེམས་ཅན་སྐྱེ་བར་མི་བརྗོད་དོ། །ནུས་པ་ཐོགས་མེད་རྒྱུ་ལས་ནི། །མ་འོངས་པ་ཡི་འབྲས་བུ་འགྲུབ། །རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །འབྱུང་རུང་མ་འོངས་སྒྲུབ་བྱེད་པའོ། །གང་དང་གང་དེ་གོམས་ པ་ལས།།བསྒོམས་པའི་སྟོབས་དེ་རྫོགས་ཙམ་ན། །དེ་གསལ་མི་རྟོག་བློ་འབྲས་བུ། །འདོད་དང་མྱ་ངན་མི་སྩོགས་བཞིན། །ཡང་དག་དོན་ནི་རབ་གོམས་ལས། །འབྱུང་རུང་རང་བཞིན་གཏན་ཚིགས་སོ། །བདེན་བཞི་གསུང་བ་སངས་རྒྱས་ཏེ། །གཞན་ལ་དེ་ནུས་ མེད་ཕྱིར་རོ།།ཚངས་སྩོགས་ཤེ་ན་དེ་སངས་རྒྱས། །ཁོ་བོ་མིང་ལ་ག་ལ་རྩོད། །དེ་ཕྱིར་དཀོན་མཆོག་གསུམ་པོ་གྲུབ། །བདག་མེད་བདེན་བཞི་གཙོ་དོན་ལ། །མི་བསླུའི་ཕྱིར་ན་ས་སོགས་གྲུབ། །རིག་བྱེད་སོགས་ལ་ཕྱོགས་འགར་ནི། །མཐོང་བས་སྒྲུབ་པར་འདོད་ཅེ་ ན།།གཙོ་བོ་བདག་དང་རྟག་སོགས་ལ། །སླུ་ཕྱིར་གཞན་ལ་དེ་བཞིན་ནོ།
梵語:Ratnamālinā-nāma 藏語:稱為’寶鬘’ 頂禮聖者文殊! 頂禮遍主智慧勇士!依次解說諸宗派。 順世派、勝論派、數論派,毗世師派、尼乾子派、佛教派, 這六種論典廣為人知。依次由上勝下,層層破除下宗。 他們認為地水火風四大,死後身體毀壞時,如同燈滅無光明,心識也不會轉生他處。 既然無有前後世,則無斷障積資,以多產生就的聖者, 佛陀不存在,由他所說的法也不存在,修持此法的僧眾也不存在,這是順世外道所說。 因為無因不依他,故常有或常無之過, 諸法有時生起,是因為有所依待。 因為無因不生果,故成立無始生。 因為次第與頓時皆不可能,故常法無生, 若由不相順的近取因所生,則應從稻種生麥果。 因此不說從大種等,眾生得以生起。 從無礙功能因中,成就未來果。 從因緣和合中生果,是成就未來的方便。 于某某法數數修習,當修習力圓滿時, 明顯無分別智果,如貪慾與憂惱等。 由於善修真實義,成立本性正因相。 宣說四諦者即佛,因為他人無此能力。 若說梵天等,彼即是佛,我豈爭論名相? 因此成立三寶,無我四諦為主要義, 因不欺誑故成立地等,若說吠陀等於某些方面, 由現見而成立者,主要在我與常等上,因欺誑故,余亦復然。
།དཔྱོད་པ་པ་ནི་འདོད་ཆགས་སྩོགས། །སེམས་ཀྱི་རང་བཞིན་ཆོས་ཡིན་པས། །མེ་ལ་ཚ་བ་ཇི་བཞིན་དུ། །གོམས་ཀྱང་སྤང་དུ་མི་རུང་ཟེར། །དེ་ཕྱིར་སངས་རྒྱས་སྩོགས་ཀྱང་མེད། །སྐྱེ་བ་སྔ་ ཕྱིའི་རྒྱུ་འབྲས་དང་།།དགེ་སྡིག་ཆོས་དང་ཆོས་མིན་རྣམས། །རིག་བྱེད་ཚད་མ་གྲུབ་པས་ཡོད། །འདི་ཡང་ཐ་སྙད་ཕལ་ཆེར་ནི། །བྱེ་བྲག་པ་དང་མཐུན་པ་ཡིན། །རང་བཞིན་ཡིན་ན་རྒྱུ་མེད་ཕྱིར། །རྟག་ཏུ་ཡོད་དམ་མེད་པར་ཐལ། །ཆགས་སྩོགས་རེས་འགའ་དམིགས་པའི་ ཕྱིར།།རང་བཞིན་མ་ཡིན་མི་རྟག་ཕྱིར། །སེམས་ནི་རང་བཞིན་འོད་གསལ་ཏེ། །དད་ལ་སྩོགས་དང་ཆགས་ལ་སྩོགས། །ཉོན་མོངས་དགེ་ཆོས་གློ་བུར་བ། །ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད། །གསེར་གཡའ་སྦྱངས་བཞིན་རྣམ་ བྱང་སྲིད།།གྲངས་ཅན་དེ་ཉིད་ཉི་ཤུ་ལྔ། །རང་བཞིན་བློ་དང་ང་རྒྱལ་གསུམ། །སྔ་མ་ལས་ནི་ཕྱི་མ་བཞིན། །བློ་དབང་ལྔ་དང་ལས་དབང་ལྔ། །དེ་ཙམ་ལྔ་ཡི་ཡོན་ཏན་ནི། །བཅུ་དྲུག་དེ་དག་ང་རྒྱལ་ལས། །དེ་ཙམ་ལས་བྱུང་འབྱུང་ཆེན་ནི། །སྐྱེས་བུ་དང་ནི་ཉི་ཤུ་ལྔ། ། སྐྱེས་བུ་གཅིག་པོ་ཟ་པོར་འདོད། །ཉི་ཤུ་བཞི་པ་ཡོན་ཏན་གསུམ། །མཉམ་དང་མི་མཉམ་ངོ་བོ་ཡིས། །རང་བཞིན་སྐྱེས་བུར་མ་ཕྱེ་འཁོར། །ཕྱེ་ན་ཐར་པ་ཡིན་པར་འདོད། །ཀུན་ནི་ཀུན་གྱི་རང་བཞིན་དང་། །རྒྱུ་དང་འབྲས་བུ་གཅིག་པར་འདོད། །ཀུན་ཀྱང་ཀུན་གྱི་རང་བཞིན ན།།ཞོ་འཐུང་ཞེས་ནི་བརྗོད་པ་ལས། །ཅི་ཕྱིར་རྔ་མོ་ལ་མི་རྒྱུག་།རྒྱུ་དང་འབྲས་བུ་གཅིག་འདོད་ན། །རྩཝ་མཆོག་ཀྱང་ནི་གླང་སྩོགས་སུ། །ཐལ་བར་འགྱུར་རོ་གནས་སྐབས་ན། །གནས་སྐབས་དང་ནི་རང་བཞིན་དག་།གཅིག་ན་སྔ་མའི་སྐྱོན་དུ་ཐལ། །ཐ་དད་རྒྱུ་འབྲས་ གཅིག་པ་ཉམས།།སྐྱེས་བུ་རྟག་པ་ཟ་བོ་ན། །གཅིག་ཟ་ཐམས་ཅད་ཟ་བར་འགལ། །བདེ་བ་ཟ་བ་སྡུག་བསྔལ་མིན། །དེ་ཕྱིར་རྟག་ན་ཟ་བ་འགལ། །དབང་པོ་སྩོགས་ཀྱང་གཅིག་ཉིད་དང་། །དུ་མ་བྲལ་ཏེ་གཡོ་མི་གཡོ། །བསྒྲིབས་དང་མ་བསྒྲིབས་གཅིག་ པར་འགལ།།གཅིག་མ་གྲུབ་ན་དུ་མ་མེད། །བྱེ་བྲག་པ་ནི་ཚིག་དོན་དྲུག་།རྫས་དང་ཡོན་ཏན་ལས་དང་སྤྱི། །ཁྱད་པར་འདུ་བ་དྲུག་ཡིན་ནོ། །རྫས་ནི་རྣམ་པ་དགུར་འདོད་དེ། །ས་ཆུ་མེ་རླུང་རྣམ་བཞི་ནི། །རྟག་དང་མི་རྟག་གཉིས་སུ་དབྱེ། ། རྡུལ་ཕྲན་རྣམས་ནི་རྟག་པ་སྟེ། །གཉིས་འདུས་ལ་སོགས་ཡན་ལག་ཅན། །མི་རྟག་གཞན་ཡང་ནམ་མཁའ་དང་། །ཕྱོགས་དང་དུས་དང་ཡིད་དང་བདག་།ལྔ་པོ་གཅིག་ཏུ་རྟག་པར་འདོད། །བདག་དང་ཡིད་ནི་ཕྲད་པ་ལས། །ཡོན་ཏན་དབང་པོ་ཕྲད་པས་ན། །དེ དང་དོན་ཕྲད་ལ་སོགས་ལ།།གྲང་དང་ཚད་དང་ཐ་དད་དང་། །འདུ་དང་འབྲེལ་དང་སྔ་ཕྱི་དང་། །བློ་དང་སྡང་དང་འདོད་པ་དང་། །འབད་དང་བདེ་དང་སྡུག་བསྔལ་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །ཆོས་དང་ཆོས་མིན་ཤེས་པ་དང་། །འདུ་བྱེད་ཡོན་ཏན་ཉི་ཤུ་བཞི། ། བརྐྱང་དང་བསྐུམ་དང་འདེགས་དང་འཇོག་།འགྲོ་དང་ལྔ་པོ་ལས་ཡིན་ནོ། །སྤྱི་རྣམ་གཉིས་ཏེ་ཆེན་པོ་དང་། །ཆུང་ངུ་ཡོད་ཉིད་སྤྱི་ཆེན་ཡིན། །འབའ་ཞིག་སྤྱོད་ཡུལ་ཞེས་བྱ་དང་། །རྗེས་སུ་འགྲོ་སྩོགས་སྤྱི་ཆུང་ཡིན། །ཁྱད་པར་དུ་ཡང་བརྗོད་པ་དང་། །རྟག པའི་རྫས་ལ་འཇུག་པ་ཡིས།།ཐ་དད་འདི་ནི་ཁྱད་པར་ཡིན། །ཡུལ་ནི་ཁྱད་པར་མ་ཡིན་ལ། །སྣལ་མ་འདི་ལས་སྣམ་བུ་སྩོགས། །རྟེན་དང་བརྟེན་པའི་བློ་སྐྱེ་བ། །འདུ་བའི་འབྲེལ་པ་ཞེས་བྱའོ། །འདོད་སྤངས་དབང་ཕྱུག་རྒྱུར་སྨྲ་སྟེ། །དེ་ཡི་དབང་གིས་རབ་བརྟགས་ཏེ། ། བྱེད་པོ་ཟ་བ་འཛིན་པར་འདོད། །བདག་གི་ལོངས་སྤྱོད་ལ་སོགས་པ། །སྡུག་བསྔལ་གོམས་པས་ཆགས་བྲལ་ནས། །འགྲོ་བ་ཉིད་ན་ཐར་པར་འགྱུར། །རིགས་པ་ཅན་ཡང་དེ་སྨྲ་སྟེ། །རྫས་ནི་ཡན་ལག་ཅན་འདོད་ལ། །གཅིག་ན་གཡོ་དང་མི་གཡོ་དང་། །བསྒྲིབས་དང མ་བསྒྲིབས་མེད་པར་ཐལ།།ཐ་དད་ན་ནི་རྫས་གཅིག་མེད། །རྫས་མེད་ན་ནི་ཡོན་ཏན་སྩོགས། །དེ་ལ་བརྟེན་ཕྱིར་སྤངས་པའོ།
密行派認為貪慾等是心的自性法,就像火的熱性一樣,即使修習也不能斷除。因此也沒有佛陀等,前後世的因果,善惡法與非法,都是以吠陀為量而成立。 這些說法大多與勝論派相同。若是自性則無因,應當恒常有或恒常無。貪等有時可見,故非自性,因為無常。 心的自性是光明的,信等和貪等煩惱與善法是暫時的,如水、金和虛空一樣。認為清凈如同本來清凈,如同金子去除銹垢般可以清凈。 數論派二十五諦:自性、覺(大)和我慢三者,後者從前者生。五知根和五作根,五唯(微塵)的功德有十六,這些從我慢生。五唯生出五大,數到補特伽羅共二十五。 認為補特伽羅獨一是享受者。二十四諦是三德,以平等與不平等的本性,自性與補特伽羅未分別時輪迴,分別時則成解脫。 認為一切都是一切的自性,因與果是一體。若一切都是一切的自性,說’喝酪’時,為何不向母駝奔去?若承認因果一體,草根也應成牛等。 若狀態與自性是一,則有前述過失。若差別,則因果一體之理破滅。若補特伽羅是常住的享受者,一人享受則與一切享受相違。 享受快樂者非痛苦,故若是常住則與享受相違。諸根等若是一體,則無動與不動、有障與無障之別。若一體不成立則無多體。 勝論派六句義:實、德、業、總、別、和合六種。實有九種:地水火風四種,分常與無常二類。微塵是常住,二合等有分者無常。 其他還有虛空、方位、時間、意和我五者,認為都是常住。我與意結合,德與根結合,與境結合等。 冷、熱、差別、和合、關係、前後、知、嗔、欲、勤、樂、苦、色聲香味觸、法非法、覺、行為德性二十四種。 伸、屈、舉、放、行五種是業。總有二種:大總與小總,有性是大總。單獨執行稱為小總。 別也以說別與常住實入的差異分二。這就是別性。境非別性,如從經線生毛毯等,所生能依所依的認知,稱為和合關係。 自在天論者說欲離自在天為因,由其力而觀察,認為是作者、享受者、執持者。 對我的受用等苦行串習離欲后,在輪迴中得解脫。正理派也如是說。 認為實即有分,若是一體則無動與不動、有障與無障之理。若差別則無一實,若無實則德等依于實故應舍。
།འགྲོ་བའི་བྱེད་པོ་དབང་ཕྱུག་མིན། །རྟག་ལ་རིམ་དང་ཅིག་ཅར་གྱིས། །དོན་བྱེད་ནུས་པ་རུང་མ་ཡིན། །རྟག་ན་རྟག་ཏུ་བདེ་བ་དང་། ། ཡང་ན་སྡུག་བསྔལ་ཉིད་དུ་ཐལ། །རྟག་ལ་ཁྱད་པར་མེད་པའི་ཕྱིར། །ཡོད་ན་དེ་ནི་མི་རྟག་འགྱུར། །གཅེར་བུ་པ་ནི་དེ་ཉིད་བདུན། །དཀའ་ཐུབ་སྡོམ་དང་ཉོན་མོངས་དང་། །བཅིངས་པ་དང་ནི་གྲོལ་བ་དང་། །སྲོག་དང་སྲོག་མིན་གཉིས་ཏེ་བདུན། །སྔ་མའི་དཀའ་ཐུབ གདུངས་པས་ཟད།།སྡོམ་པས་ལས་གཞན་མ་བྱས་པས། །སྐྱེ་དགུ་ལས་ཀུན་ཟད་པས་ན། །བཅིངས་པ་གྲོལ་བ་ཐར་པར་འདོད། །འདི་ནི་ཤིང་ལ་སེམས་ཡོད་དང་། །ཀུན་དང་ཀུན་གྱི་རང་བཞིན་འདོད། །དཀའ་ཐུབ་གདུངས་པས་ལས་འཛད་ན། །དམྱལ་ སྩོགས་གྲོལ་བ་ཉིད་དུ་འགྱུར།།ལས་དང་གདུང་བ་འགལ་མེད་ཕྱིར། །མི་འགལ་ན་ཡང་བསལ་བྱ་དང་། །སེལ་བྱེད་ཉིད་དུ་མི་འགྲུབ་པོ། །སྡོམ་སྩོགས་ལས་ཀྱི་རྒྱུ་ཡིན་ན། །དེས་འཛད་པ་རུ་ཇི་ལྟར་འགལ། །རྟག་ཕྱིར་བཅིངས་དང་གྲོལ་བ་མེད། །ཡོད་ན་ མི་རྟག་པ་རུ་གྲུབ།།སངས་རྒྱས་པ་ནི་རྣམ་བདུན་ཏེ། །བྱེ་བྲག་སྨྲ་དང་མདོ་སྡེ་པ། །རང་རྒྱལ་རྣམ་བཅས་རྣམ་མེད་དང་། །སྒྱུ་མ་རབ་ཏུ་མི་གནས་པ། །གཞི་ལྔ་དུས་གསུམ་འདུས་མ་བྱས། །རྫས་ཡོད་རྣམ་མེད་དུས་མཉམ་འཛིན། །གཟུགས་ནི་དབང་པོ་ལྔ་དང་ དོན།།རྣམ་རིག་བྱེད་མིན་རྒྱུ་གཟུགས་བཞི། །ཡུལ་ལ་རྣམ་ཤེས་རྣམ་རིག་དྲུག་།རྣམ་མེད་གཅེར་མཐོང་སེམས་ཀྱི་གཞི། །ཚོར་བ་ལ་སོགས་ལྔ་བཅུ་གཅིག་།དོན་གྱི་ཁྱད་པར་རང་སྟོབས་ཀྱིས། །རེ་རེ་གཅོད་ལ་གཞན་སྟོབས་ཆུང་། །སེམས་དང་ལྔ་ མཚུངས་སེམས་ཀྱི་གཞི།།གཟུགས་མེད་བེམས་པོ་འདུས་བྱས་རྣམས། །བཅུ་བཞིའམ་བདུན་བརྒྱ་མི་ལྡན་གཞི། །འགོག་གཉིས་ནམ་མཁའ་འདུས་མ་བྱས། །བྱ་བ་བྱས་པ་འདས་པའི་རྫས། །མ་བྱས་མ་འོངས་བྱེད་ད་ལྟར། །སྐྱེ་གནས་མི་རྟག་བྲལ་བ་ཡི། ། རྟག་པའི་རྫས་གསུམ་འདུས་མ་བྱས། །སྡུག་བསྔལ་གསུམ་ཞེས་དེ་ཡི་རྒྱུ། །ཀུན་འབྱུང་ལས་དང་ཉོན་མོངས་སྤོང་། །ལས་ནི་སེམས་པ་བསམས་པའོ། །དགེ་དང་མི་དགེ་མི་གཡོ་གསུམ། །སྡོམ་དང་སྡོམ་མིན་བར་མ་གསུམ། །སྲིད་པའི་རྩ་བ་ཕྲ་རྒྱས་དྲུག་། ལྟ་བ་ལྔ་རུ་ཕྱེ་ན་བཅུ། །དེ་ཡང་བདག་མེད་གོམས་པ་ལས། །སྡུག་བསྔལ་རྒྱུ་སྤངས་ཞི་བ་འགོག་།བདེན་བཞི་རྣམ་པ་བཅུ་དྲུག་ཏུ། །གོམས་པས་མ་ཆགས་རིགས་སྟོབས་ཀྱིས། །ཉན་ཐོས་མྱུར་བ་སྲིད་པ་གསུམ། །བསེ་རུ་བསྐལ་པ བརྒྱ་ཡིས་ཐོབ།།སྐྱོབ་པ་གྲངས་མེད་གསུམ་ཐོབ་འདོད། །སྟོན་པ་མྱ་ངན་མ་འདས་ན། །དགེ་ཅན་སྡིག་ཅན་ཀུན་གྱིས་མཐོང་། །འདས་པའི་བྱ་ཞིག་མ་འོངས་པའི། །བྱ་བ་མ་བྱས་ད་ལྟར་གྱི། །བྱ་བ་རྒྱུན་ཆད་མྱང་འདས་འདོད། །ཆུ་ཆད་ཉ་བཞིན་བྱེ་བྲག་ ལུགས།།བསྟན་མེད་ཐོགས་མེད་རྣམ་རིག་མིན། །དེ་ཕྱིར་མངོན་སུམ་གྱིས་མི་གྲུབ། །ཕྱོགས་འགར་མ་གྲུབ་འབྲེལ་མི་འགྲུབ། །དེ་ཕྱིར་རྗེས་སུ་དཔག་པས་མིན། །སྒྲུབ་བྱེད་མེད་ལ་གནོད་མཐོང་ཕྱིར། །དེ་ཕྱིར་རྣམ་རིག་མིན་གཟུགས་མེད། །སྡོམ་ སྩོགས་འདུ་བྱེད་སེམས་པ་ཡིན།།གཟུགས་དང་སེམས་དང་སེམས་བྱུང་གིས། །གནས་སྐབས་ལ་གདགས་མིན་ལྡན་མེད། །དེ་ལས་གཞན་ནམ་དེ་ཉིད་ཡིན། །དེ་ལས་གཞན་ན་མངོན་སུམ་སྩོགས། །སྒྲུབ་བྱེད་མེད་པ་གོང་བཞིན་ནོ། །མ་གྲུབ་པ་ ལས་ཡོད་ཅེས་པའི།།ཐ་སྙད་མཁས་ལ་རུང་མ་ཡིན། །དེ་ཉིད་ཡིན་ན་ལོགས་བཤད་ཅིང་། །འགོག་སྩོགས་འདུས་མ་བྱས་རྣམས་ནི། །རྒྱུ་མེད་ཕྱིར་ན་རྟ་རུ་བཞིན། །རྐྱེན་དང་མི་ལྡན་དངོས་པོ་ནི། །འགའ་ཡང་གང་ན་རུང་མ་ཡིན། །རྐྱེན་མེད་ཕྱིར་ན་ སངས་རྒྱས་ཀྱི།།སྤྱན་གྱིས་ཀྱང་ནི་གཟིགས་མི་རུང་། །དོན་མི་བྱེད་ན་དེ་བརྟགས་ཅི། །མ་ནིང་གཟུགས་བཟང་མི་བཟང་ཞེས། །འདོད་ལྡན་རྣམས་ཀྱིས་བརྟགས་ཅི་ཕན། །ཁ་དོག་ལས་གཞན་དབྱིབས་གྲུབ་མེད། །བྱ་བ་ལས་གཉིས་དེ་ཉིད་དམ། །གཞན་ ཉིད་དུ་ནི་བརྟག་ཅེ་ན།།དེ་ཉིད་ཡིན་ན་བྱ་བ་ཡང་། །གྲུབ་ན་འགྲུབ་པས་བྱ་བ་མེད། །རང་མ་གྲུབ་པས་བྱེད་པ་མེད། །གཞན་ན་གྲུབ་ན་བྱ་ཅི་དགོས། །མ་བྱས་ན་ནི་རྟག་པར་ཐལ། །དེ་ཕྱིར་མྱ་ངན་འདས་པ་ཡང་། །རྒྱུན་མི་འཆད་པར་འདོད་པའོ།
眾生的造作者不是大自在天。常有的東西以次第或同時,不能產生作用。若是常有,則應當永遠快樂,或者永遠痛苦,因為常有的東西沒有差別。若有差別,則成為無常。 裸形外道認為有七種真實:苦行、禁戒、煩惱、束縛、解脫、生命和非生命七種。前世的苦行折磨而消盡,以禁戒不造作其他業,眾生諸業消盡,則認為從束縛解脫而得解脫。 他們認為樹木有心識,一切都是一切的本性。如果以苦行折磨能消盡業,那麼地獄等也應成為解脫。因為業與折磨無相違故,即使不相違,也不能成立所破與能破的關係。如果禁戒等是業的因,怎麼能與業的消盡相違?因為是常有,所以沒有束縛和解脫,若有則成立無常。 佛教有七種:說一切有部、經量部、獨覺、有相唯識、無相唯識、如幻和中觀。五蘊、三世、無為法,實有、無相、同時取。色法是五根和境,無表色和四大種。對境有六種識,無相直見是心所依。受等五十一種,對境的差別以自力,各別決定而他力小。心與五相應是心所依。 無色法、無情物、有為法,十四或七百不相應行。二種滅、虛空是無為。已作的行為是過去實法,未作是未來,正作是現在。生住無常離的三種常法是無為。三苦及其因,集諦是業和煩惱斷。業是思和思已。善、不善、不動三種。律儀、不律儀、非二三種。 輪迴的根本是六種隨眠,分為五見則成十。由修習無我,斷除苦因而寂滅。四諦十六行相,由修習無貪種性力,聲聞速者三世,獨覺百劫而得。救護者三無數劫得。 若導師未入涅槃,善人惡人皆能見。過去的行為已滅,未來的行為未作,現在的行為斷滅是涅槃。如斷流之魚是毗婆沙宗的觀點。 無所顯示、無障礙非是識,因此不能以現量成立。于某方不成則關係不成,因此非比量。無能立而見所破故,因此無相識無色。 律儀等行為是思。以色、心、心所的狀態安立,非不相應行。是彼之外或即彼。若是彼外,如上無現量等能立。 對未成立說為有,于智者不應理。若是彼體則別說,滅等無為法,因為無因如兔角。不具因緣的事物,任何處都不應理。因為無緣,即使佛眼也不能見。 若無作用何必觀察?如說閹人美醜,于貪慾者觀察何益?除色外無形狀成立。作用二者是彼體或他體若觀察,若是彼體則作用,成就時已成故無作用。自體未成故無作者。若是他體已成何需作?若未作則成常法。因此涅槃也,主張相續不斷。
།མདོ་ སྡེ་པ་ཡི་གྲུབ་མཐའ་ནི།།དེ་ཉིད་ཕུང་པོ་ལྔ་ཉིད་ཙམ། །འདས་དང་མ་འོངས་འགག་མ་སྐྱེས། །མེད་དེ་ད་ལྟ་རྫས་སུ་ཡོད། །རིག་བྱེད་མ་ཡིན་གཟུགས་མི་འདོད། །སྡོམ་སྩོགས་འདུ་བྱེད་སེམས་པ་ནི། །གྲོགས་དང་བཅས་པ་ཡིན་པར་འདོད། །མི་ལྡན་འདུ་བྱེད་ གཟུགས་སེམས་དང་།།སེམས་བྱུང་གནས་སྐབས་གདགས་པར་འདོད། །འདུས་མ་བྱས་བཞི་མེད་པར་འདོད། །འགགས་མ་ཐག་པའི་རྒྱུ་ཡིན་པས། །དེ་མ་ཐག་པའི་འབྲས་བུར་འདོད། །རྡུལ་ཕྲན་འདུས་སོགས་གཟུང་ཡུལ་གྱི། །རྒྱུར་འདོད་འཛིན་པ་ལས་སྔར་ འདིར།།རྣམ་འཇོག་སྐྱེད་བྱེད་ཡུལ་དུ་འདོད། །བདེན་བཞི་གཟུང་ཡུལ་མི་རྟག་སྩོགས། །རྣམ་པ་བཅུ་དྲུག་གོམས་བྱས་པས། །ཉོན་མོངས་བག་ཆགས་བཅས་པ་སྤོང་། །མཁའ་ལ་སྤྲིན་ནི་དེངས་པའམ། །མཚོ་ལ་འཁྱག་པ་ཞུ་བ་བཞིན། །མར་མེ་ཤི་ བའི་རྣམ་པ་ལྟར།།དེ་ཡི་སེམས་ནི་རྣམ་པར་ཐར། །མྱ་ངན་འདས་པ་ཐོབ་པར་འདོད། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །རྒྱུ་དང་ཀུན་འབྱུང་རབ་སྐྱེ་རྐྱེན། །ལམ་དང་རིགས་སྒྲུབ་ངེས་པར་འབྱིན། །འགོག་ཞི་གྱ་ནོམ་ངེས་པར་འབྱུང་། །འབྱུང་ཆེན་ལ་ སོགས་གཟུགས་ཕུང་རྣམས།།དྲུག་གིས་ཅིག་ཅར་སྦྱར་བ་ན། །རྡུལ་ཕྲན་ཕྱོགས་ཆ་དྲུག་ཏུ་ཐལ། །དྲུག་པོ་ལ་སོགས་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་ཐལ། །ཤེས་པ་ཆ་མེད་རང་བཞིན་ལ། །ས་བོན་ཆ་ནས་དབང་པོ་རྣམས། །སྣང་བའི་ཆ་ནས་ཡུལ་དུ་ བཤད།།རིག་པའི་ཆ་ནས་རྣམ་ཤེས་བཤད། །རང་རྒྱལ་རྣམས་ཀྱིས་གྲུབ་མཐའ་ནི། །གཟུང་བར་རྟོག་པ་སྤངས་ཕྱིར་དང་། །འཛིན་པ་མ་སྤངས་ཕྱིར་དང་ནི། །གཞན་གྱིས་བསྟན་པ་མ་ཡིན་པར། །བདེན་བཞི་རྟེན་འབྲེལ་རྟོགས་ནས་སྒོམ། །འབྲས་བུ་མདོ་སྡེ་པ་ དང་མཐུན།།གཟུང་བ་མེད་པ་དེ་འཛིན་མེད། །ཚུ་རོལ་མེད་པའི་ཕ་རོལ་བཞིན། །རྣམ་པ་སྒོང་གཤགས་ལྟ་བུར་ནི། །སྨྲ་བའི་སེམས་ཙམ་རྣམ་བདེན་ནི། །བྱེ་བྲག་པ་དང་ཆོས་མཐུན་ཏེ། །གཟུང་བ་ཡི་ནི་རྣམ་པ་དང་། །འཛིན་པའི་རྣམ་པ་ཐ་དད་ལ། །ཅེར་ མཐོང་འདོད་དེ་སྒྲོ་འདོགས་ཡིན།།དུས་མཉམ་པ་ལ་ཕན་འདོགས་མེད། །སྔ་ཕྱི་བ་ལ་དེ་འཛིན་མེད། །ཕན་འདོགས་མེད་པར་འཛིན་ན་ནི། །མིག་གིས་ཀྱང་ནི་སྒྲ་ཤེས་ཐལ། །དོན་མེད་སེམས་ཀྱི་དངོས་ཉིད་ཙམ། །དཀར་དམར་ལ་སོགས་ སྣང་ན་ཡང་།།དོན་དམ་གཉིས་མེད་སེམས་ཙམ་ཡིན། །དེ་ལ་གཟུང་འཛིན་ཐ་དད་ལ། །གློ་བུར་འཁྲུལ་སྣང་འཁོར་བ་སྟེ། །རྣམ་པ་དཀར་དམར་ཀུན་སྣང་ཡང་། །གཟུང་འཛིན་རྟོག་དང་བྲལ་བའི་ཚེ། །གཉིས་མེད་ཡེ་ཤེས་སྐྱེ་བ་ན། །མི་གནས་མྱ་ངན་ འདས་ཐོབ་འདོད།།རས་ཁྲ་ལ་སོགས་མཐོང་བའི་ཚེ། །དཀར་སོགས་ཐ་དད་མཐོང་སྙམ་པ། །རྟོག་བཅས་ཤེས་པས་བྱས་པ་སྟེ། །རྟོག་མེད་ལྷན་ཅིག་དམིགས་ངེས་པས། །ཐ་དད་མེད་ཅིང་གཅིག་པར་འདོད། །ཁ་ཅིག་དཀར་སྩོགས་དུ་མར་འདོད། །ཤིང་ ཤ་པ་ཡིས་ཤིང་བསྒྲུབ་བཞིན།།དུ་མ་དམིགས་ཕྱིར་གཅིག་ཡོད་ཟེར། །བདག་མེད་གཉིས་པོ་གོམས་བྱས་པས། །དེ་འགལ་བདག་འཛིན་མ་རིག་འགག་།དེས་བསྐྱེད་ཐེ་ཚོམ་མཐར་འཛིན་དང་། །ལྟ་དང་ཚུལ་ཁྲིམས་མཆོག་འཛིན་འགག་།དེས་བསྐྱེད་ ཆགས་དང་ང་རྒྱལ་ཁྲོ།།འགག་འགྱུར་སྙིང་རྗེ་གོམས་པ་ལས། །ཐུགས་ཀྱང་གསལ་མཐར་ཐུག་པར་འགྱུར། །བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་ལྡོག་པ་ཉིད་ཕྱིར་རམ། །སྡུག་བསྔལ་བསྟེན་མི་བྱེད་པའི་ཕྱིར། །མཛེས་པར་གཤེགས་ པ་ཉིད་ཕྱིར་རམ།།ཤེས་བྱའི་ཡུལ་ལ་མི་ཤེས་པ། །སྤངས་ཕྱིར་རྫོགས་པ་ཉིད་དུ་འདོད། །དཀར་སྣང་ཆ་ནས་དམར་སྣང་མིན། །ཡིན་ན་དཀར་པོ་དམར་པོར་ཐལ། །ཤར་སྣང་ཆ་ནས་ནུབ་སྣང་མིན། །ཡིན་ན་ཤར་སྣང་ནུབ་སྣང་ཐལ། །གཅིག་མ་གྲུབ་པས་དུ་མ་ མེད།།རྣམ་མེད་དཀར་དམར་ལ་སོགས་ཀྱང་། །གཅིག་དང་དུ་མའི་རིགས་གནོད་ཕྱིར། །བརྫུན་ཏེ་ཤེས་པ་གཉིས་མེད་པ། །རྣམ་པ་ཀུན་དང་བྲལ་བ་སྟེ། །དམིགས་མེད་བསྒོམས་པ་ལས་བྱུང་བ། །གཉིས་མེད་ཡེ་ཤེས་སྤྱོད་ཡུལ་ལོ། །གཉིས་ཀྱི་བདག་ཉིད་ ཐམས་ཅད་མེད།།གཉིས་སུ་འཁྲུལ་པའི་བདག་ཉིད་ཡོད། །དེ་ནི་སྟོང་པའི་བདག་ཉིད་དོ། །ཀུན་བརྟགས་གཞན་དབང་ཡོངས་གྲུབ་རྣམས། །བརྟགས་དང་རྒྱུས་བསྐྱེད་མི་འགྱུར་བའོ།
經部宗的宗義是:實際上僅是五蘊,過去和未來已滅未生而不存在,現在實質存在。不承認無表色,認為戒等行蘊是思心所及其伴隨。不相應行法是色、心、心所的假立狀態。認為無為法四種不存在。因為是剛滅的因,所以認為是等無間果。認為極微聚合等是所取境的因,此處執取之前,認為是安立能生的境。通過修習四諦所取境無常等十六行相,斷除煩惱及習氣。如同天空雲散,或如湖中冰融化,如同燈火熄滅一般,其心得到解脫。認為獲得涅槃。 無常、苦、空、無我,因及集、遍知、緣,道及理、修、出離,滅、寂、妙、決定出。四大等色蘊,若同時六方配合,則極微成有六方分。若六方等在一處,則聚成極微大小。于無分別自性的識,從種子分說諸根,從顯現分說境,從了知分說識。 獨覺的宗義是:因斷除執著所取,以及未斷能取,且非他人所教授,而是自悟四諦緣起后修持。果位與經部相同。無所取則無能取,如無此岸則無彼岸。 如破開蛋殼般,唯識宗中真相派,與毗婆沙部法相同,所取相與能取相,雖有差別而明見,是增益。同時無有作用,前後無有能取,若無作用能取,則眼也應知聲。無境唯是心的本性,雖現白紅等相,勝義中是無二唯心。於此所取能取差別,暫時迷亂顯現是輪迴,雖現白紅等相,離所取能取分別時,生起無二智慧,認為獲得無住涅槃。 如見彩布等時,認為見到白等差別,是有分別識所作,無分別必定同時緣,認為無差別而為一。有些認為白等是多,如以娑羅樹成立樹,因緣多故說有一。通過修習二無我,相違的我執無明滅,由此所生疑惑、邊執、見解、戒禁取見滅,由此所生貪慾、我慢、嗔恨滅。由修習悲心,智慧也達到究竟清明。 因斷除我見種子故,或因決定不退轉故,或因不依止苦故,或因莊嚴而行故,于所知境無有不知,斷除故認為是圓滿。白相分非紅相,若是則白成紅,東相分非西相,若是則東相成西相。一不成故無多,無相的白紅等,因一多理破故,虛妄而心無二,離一切相,從修無緣所生,是無二智慧境界。二性一切皆無,有迷亂為二之體性,即是空性之體性。遍計、依他、圓成實,是所計、因生、不變。
།ཕུང་པོ་ཁམས་སྩོགས་ཆོས་རྣམས་ནི། །གཉིས་མེད་གཅིག་དང་དུ་བྲལ་ཕྱིར། ། མྱོང་ཕྱིར་སེམས་པའང་དེ་རང་བཞིན། །མ་ཡིན་མྱོང་བ་མེད་ཕྱིར་རོ། །རྟག་ཏུ་ཡོད་དམ་མེད་ཐལ་ཕྱིར། །རྒྱུ་མེད་མ་ཡིན་རིམ་དང་ནི། །ཅིག་ཅར་གནོད་ཕྱིར་རྟག་པ་མིན། །དེ་ཕྱིར་ཤེས་པའི་བདག་ཉིད་ཡོད། །སྔོན་པོ་ལ་སོགས་དེ་བློ་ལས། །ཐ་དད་མ་ཡིན་གཅིག ཏུ་འབོད།།རྟོགས་པའི་བདག་ཉིད་མངོན་སུམ་སྟེ། །སྔོ་སྩོགས་བདག་ཉིད་དེར་འཁྲུལ་ཡིན། །མངོན་སུམ་དོན་དུ་ཞེན་འཁྲུལ་ཡིན། །མངོན་སུམ་ཕྱི་ཡུལ་མེད་ཕྱིར་དང་། །སྒྲོ་བཏགས་མིན་ཕྱིར་རང་རིག་པ། །རྟོག་པའི་ངོ་བོར་གནོད་མེད་པ། །སྔོ་སྩོགས་དེ་ ལས་བཟློག་པ་ཡིན།།ཤེས་པ་ཐམས་ཅད་མེད་ཅེ་ན། །མངོན་སུམ་རྗེས་སུ་དཔག་པ་མེད། །ལས་འབྲས་དཀོན་མཆོག་མེད་ཐལ་ཕྱིར། །ཤེས་པའང་སྐད་ཅིག་མེད་ཐལ་ཕྱིར། །ཤེས་པའང་སྐད་ཅིག་མ་ཡིན་ཕྱིར། །སྐད་ཅིག་ཆ་ཤས་གསུམ་དུ་ཐལ། །སྐྱེ་ཁ་ གནས་ཁ་འགག་ཁ་གསུམ།།མེད་ནའང་བསྐལ་པ་སྐད་ཅིག་ཐལ། །མི་འདོད་ཅེ་ན་རྡུལ་ཕྲན་ཡང་། །མཚུངས་པར་འགྱུར་རོ་བཟློག་པར་དཀའ། །རྟག་ལ་རིམ་དང་ཅིག་ཅར་འགལ། །རྒྱུ་མེད་པ་ལ་རེས་འགའ་འགལ། །རྣམ་པ་མེད་ཕྱིར་སྒྲུབ་བྱེད་མེད། །རྣམ་ པ་མེད་པའི་ཤེས་པ་ནི།།འགའ་ཡང་གང་ན་མེད་ཕྱིར་རོ། །མངོན་སུམ་མེད་ན་རྗེས་དཔག་མེད། །དེ་ཕྱིར་ཚད་མ་ཁྱོད་ལ་མེད། །གཅིག་དང་གཞན་ལས་ངེས་བྲལ་བའི། །ཤེས་དེ་བརྫུན་པའི་བདག་ཉིད་ཅན། །ཇི་ལྟར་གཉིད་ཀྱིས་ལོག་པ་ཡིས། །གླང་ཆེན་ མྱོས་པ་མཐོང་བ་བཞིན།།ལུས་དང་ལྗོན་ཤིང་མཚོ་ལ་སོགས། །སད་པ་རྣམས་ཀྱིས་མཐོང་བ་འདི། །གཅིག་དང་དུ་མ་བྲལ་བ་ཡི། །ཤེས་པ་དེ་ཉིད་ཡོངས་སུ་གསལ། །གང་ཕྱིར་འདི་ནི་མ་རིག་པས། །ལུས་སོགས་ངོ་བོ་གཞི་གྲུབ་ཕྱིར། །སྣ་ཚོགས་ལྷན་ཅིག་རིག་པའི་ ཕྱིར།།མཐུན་ཕྱོགས་ཡོད་ཕྱིར་འགལ་བ་མེད། །རྨི་ལམ་བརྫུན་པ་མཐོང་བ་བཞིན། །ཐམས་ཅད་འདུས་པས་ཁྱབ་གྲུབ་ཕྱིར། །མ་ངེས་པ་ཡང་མ་ཡིན་ནོ། །ཕུང་པོ་ཁམས་སྩོགས་ཇི་སྙེད་ཀྱི། །མི་རྟག་བདག་མེད་ཇི་སྙེད་པ། །ཕྱི་རོལ་དོན་ལ་དཔྱད་པར་བྱ། ། ཕྱི་རོལ་དོན་ལ་དཔྱད་ནས་ནི། །སེམས་ཙམ་ལ་ནི་གནས་པར་བྱ། །སེམས་ཙམ་ལ་ནི་གནས་ནས་ཀྱང་། །སྣང་བ་མེད་ལ་གནས་པར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །འཇུག་པ་ལྷུན་གྱིས་གྲུབ་ཅིང་ཞི། །སྨོན་ལམ་དག་གིས་རྣམ པར་སྦྱངས།།ཡེ་ཤེས་དམ་པ་བདག་མེད་པ། །བྱང་ཆུབ་སེམས་དཔའ་རབ་ཏུ་འཇུག་།ལས་དང་ཉོན་མོངས་སྡུག་བསྔལ་རྣམས། །འཁོར་བ་དག་གི་མཚན་ཉིད་དེ། །ལས་འདི་དམིགས་དང་བཅས་ལས་སྐྱེས། །དམིགས་པ་མེད་ལས་མ་ཡིན་ནོ། །བདག་མེད་གཟུགས་ མེད་དམིགས་མེད་ལས།།སློབ་མ་བསེ་རུ་རྒྱལ་བ་ཐོབ། །བརྟགས་པའི་ཡང་དག་བཀག་པ་ཡིས། །ཤུགས་ལ་རང་རིག་སྒྱུ་མའི་ལུས། །རིགས་དཔྱད་ཡོད་མེད་མཐའ་ལས་གྲོལ། །མ་བརྟགས་ཉམས་དགའ་བེམས་རིག་གཉིས། །དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ ཆགས་ཞེ་སྡང་མི་བཟད་སྐྱེ།།རང་གི་ལྷ་ལ་ང་རྒྱལ་ཆགས། །གཞན་ལ་ཞེ་སྡང་ཕྲག་དོག་སྐྱེས། །ལྟ་བ་མ་རུངས་ཡོངས་སུ་འཛིན། །དེ་ལས་བྱུང་བའི་རྩོད་པར་འགྱུར། །སྣང་སྲིད་སྒྱུ་མ་ལྟ་བུ་ལ། །ཡེ་ཤེས་སངས་རྒྱས་སྒྱུ་མ་ལ། །སྒྱུ་མ་རིགས་པས་གྲུབ་ན་ནི། ། སྒྱུ་མ་མ་ཡིན་ཡང་དག་ཐལ། །མི་འགྱུར་སྒྱུ་མར་གྲུབ་ཅེ་ན། །རིགས་གྲུབ་དོན་ནི་ཡང་དག་མིན། །སྒྱུ་མའི་མིང་གིས་ཅི་བྱར་ཡོད། །དེ་ཡང་དངོས་འཛིན་གདོན་ལས་ནི། །མ་འདས་པ་རུ་མཁས་རྣམས་འདོད། །བདེན་པ་མེད་པས་བརྫུན་པ་མེད། །སུ་ལ་དངོས་འཛིན ཡོད་པ་ནི།།རང་གི་ལྷ་ལ་ང་རྒྱལ་ཆགས། །གཞན་ལ་ཞེ་སྡང་ཁོང་ཁྲོ་སྐྱེ། །དེ་ལས་བྱུང་བའི་རྩོད་པར་འགྱུར། །ངོ་བོ་རབ་ཏུ་མི་གནས་ནི། །ཡོད་མིན་མེད་མིན་གཉི་ག་མིན། །གཉིས་མེད་མ་ཡིན་དབུ་མ་མིན། །སྟོང་པ་མ་ཡིན་མི་སྟོང་མིན། །རྒྱུ་མེད་མ་ཡིན་ཡང་དག་ མིན།།བདེན་པ་མ་ཡིན་བརྫུན་པ་མིན། །འཁོར་མིན་མྱ་ངན་འདས་པ་མིན། །དག་པ་མ་ཡིན་མ་དག་མིན། །བླང་མེད་དོར་མེད་དེ་ཁོ་ན། །ཅིའི་ཕྱིར་ཞེ་ན་ཕན་ཚུན་ནི། །ལྟོས་པའི་ཉེས་པར་ཐལ་ཕྱིར་རོ།
蘊界等諸法,因離一與多,因有感受故,心性亦如是,無感受故也。 因恒有無過,非無因次第,及頓時相違,故非常,是故有識性。 青等與彼識,無別稱為一,了知性現量,青等自性迷。 現量執為境,現量無外境,非增益故自證,分別性無害,青等與此相反。 若謂諸識無,則無現比量,業果三寶無,識亦剎那無。 識亦剎那故,剎那分三分,生住滅三分,若無劫剎那。 若不許極微,亦同難遮止,常與次頓違,無因違時現。 無相故無證,無相之識性,何處皆非有,無現量無比。 是故汝無量,離一異決定,彼識虛妄性,如睡眠所見。 醉象如是見,身樹湖等相,覺者所見此,離一多之識。 明顯故此由,無明身等性,成立故種種,同時知故故。 同品有故無違,如夢見虛妄,一切攝故遍,成故亦非不定。 蘊界等諸法,無常無我等,當觀察外境,觀察外境已。 應住唯心中,住唯心已后,應住無相中,住無相瑜伽。 彼見大乘道,任運成就寂,以愿清凈故,無我勝智慧。 菩薩善趣入,業惑諸苦等,輪迴之相也,此業從有緣。 生非從無緣,無我無色相,無緣得聲聞,獨覺佛果位。 遮遍計真實,間接自證知,幻身理察有,無邊脫未察。 悅意物覺二,若執為實有,生難忍貪嗔,于自尊生慢。 於他生嗔妒,執持惡見解,由此生諍論,現有如幻化。 智慧佛如幻,若以理成幻,則非幻實故,若成不變幻。 理成義非實,幻名有何用,彼亦執實魔,未脫智者許。 無諦故無妄,誰有執實者,于自尊生慢,於他生嗔恨。 由此生諍論,體性極不住,非有非無非,二俱非無二。 非中觀非空,非不空非無,因非真實非,真實非虛妄。 非輪迴涅槃,非凈非不凈,無取無舍即,如是何故者。 以相互觀待,有過失故也。
།གཅིག་མེད་པས་ན་གཞན་མི་འགྲུབ། །ཚུ་རོལ་མེད་པའི་ཕ་རོལ་ བཞིན།།གང་ལ་བདག་ཕྱོགས་ཡོད་མིན་ན། །དེ་ལ་གཞན་ཕྱོགས་ག་ལ་སྲིད། །རྩོད་མེད་ཆེ་བའི་བདག་ཉིད་དེ། །འཁོར་བ་དང་ནི་མྱ་ངན་འདས། །ཐ་དད་ཡོད་པ་མ་ཡིན་ཏེ། །འཁོར་བ་ཡོངས་སུ་ཤེས་པ་ནི། །དེ་ཉིད་མྱ་ངན་འདས་ཤེས་བྱ། །འཁོར་བ་སྤངས་ནས་ གཞན་དུ་ནི།།མྱ་ངན་འདས་པ་ཅུང་ཟད་མེད། །འདི་ལ་བསལ་བ་ཅུང་ཟད་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །སྟོང་པ་ཉིད་ཀྱི་མེ་ཡིས་ནི། །འགྲོ་བའི་བུད་ཤིང་བསྲེགས་ཙམ་ན། །དེ་བཞིན་ ཉིད་ཀྱི་མེ་ཡང་འགག་།དཔེར་ན་ཤིང་གཉིས་དྲུད་པ་ལས། །མེ་འབྱུང་དེ་ཉིད་བསྲེགས་པ་བཞིན། །ཡེ་ཤེས་མེ་ཡིས་རྣམ་རྟོག་གི། །བུད་ཤིང་བསྲེགས་ནས་དེ་ཉིད་ཞི། །མྱ་ངན་འདས་པ་དངོས་པོ་མིན། །དངོས་མེད་མ་ཡིན་གཉི་ག་མིན། །གཉིས་མེད་ལ་ནི་དེ་མི་གནས། ། བསམ་མེད་ཐོགས་མེད་སྤྲོས་མེད་ལུས། །སེམས་ཅན་དོན་བྱེད་མེད་ཅེ་ན། །བསོད་ནམས་ཚོགས་དང་སྙིང་རྗེ་དང་། །སྔོན་གྱི་སྨོན་ལམ་ཤུགས་ཀྱིས་ནི། །རྒྱ་མཚོ་ཆུ་འདྲ་རྒྱལ་བ་རྣམས། །བྱའོ་བྱེད་དོ་མི་མངའ་ཡང་། །སེམས་ཅན་དོན་ལ་རོ་གཅིག་འགྱུར། །དཔེར་ན་ཤིང མཁན་མཁས་པ་ཡིས།།བཟོ་བྱས་བྱ་བ་བྱེད་པ་བཞིན། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །བུམ་པ་བཟང་བཞིན་སྐུ་གསུམ་གྱིས། །སེམས་ཅན་དོན་བྱེད་རྟག་ཏུ་འབྱུང་། །དཔེར་ན་མཆོད་སྡོང་བསྒྲུབས་པས་ནི། །དེ་འདས་ཡུན་རིང་ལོན་གྱུར་ཀྱང་། །ནད་ལ་སྩོགས་ པ་ཞི་བ་ལྟར།།ཟག་མེད་དབྱིངས་ནས་སངས་རྒྱས་རྣམས། །གཅིག་མིན་དུ་མ་མ་ཡིན་ཏེ། །མཁའ་ལྟར་ལུས་ནི་མེད་པའི་ཕྱིར། །དུ་མ་ཡང་ནི་མ་ཡིན་ནོ། །སྔོན་གྱི་ལུས་རྗེས་འབྲངས་པའི་ཕྱིར། །གཅིག་པ་ཡང་ནི་མ་ཡིན་ནོ། །ཕྲིན་ལས་རྣམས་ནི་མཛད་པ་ན། །མཁའ་ ལ་ཉི་མ་སྟོང་ཤར་བའི།།འོད་ཟེར་གཅིག་ཏུ་འདྲེས་པ་ལྟར། །སེམས་ཅན་དོན་ལ་རོ་གཅིག་འགྱུར། །དེ་ཡིས་འགྲོ་ཀུན་རྟོགས་པ་དང་། །ཤེས་རབ་ཟབ་མོ་སྐྱེས་ནས་ནི། །དེ་དོན་བསྒོམས་པས་བླ་མེད་ནི། །བྱང་ཆུབ་ཆེན་པོ་ཐོབ་པར་ཤོག་།དབུ་མ་རིན་ པོ་ཆེའི་ཕྲེང་བ་ཞེས་བྱ་བ།པཎྜི་ཏ་ཆེན་པོ་ཙནྡྲ་ར་ཧི་ལས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཅོག་རོ་ཏིང་འཛིན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།
若無一則他不成,如無此岸則無彼岸。若於何處無己方,于彼處豈有他方。 無諍大我性,輪迴與涅槃,二者無差別,了知輪迴者,即知為涅槃。 舍輪迴之外,別無少涅槃。於此無所除,亦無少可加。 于真實中見真實,見真實已得解脫。 以空性之火,焚盡眾生薪,如是真如火亦息。 譬如鉆木生火已,彼火復能焚木薪。智慧之火焚分別,薪盡彼火自息滅。 涅槃非是有,非無亦非二,不住于無二。 無思無礙無戲論,若謂不作眾生利,福德資糧及悲心,往昔願力推動故。 如海之水佛世尊,雖無作為與所作,于眾生利同一味。 譬如巧木匠,所作能成事。如意寶如意樹,妙瓶三身以,恒時作眾生利。 譬如成就塔廟已,雖經長久時間過,能息疾病等諸苦。 無漏界中諸佛陀,非一亦非多,如空無體故,故非是多數。 隨順昔日身故,亦非是一體。 當作諸事業,如空千日照,光明融一味,于眾生利益成一味。 愿以此令眾生悟,生起甚深智慧已,修習彼義證無上,廣大菩提果位中。 《中觀寶鬘論》由大班智達月稱所造圓滿。 由班智達本人與譯師卻若智慧賢共同翻譯校對而定稿。
同部經論
與本文同名或相近的其他版本、科判、譯文與註疏。