菩薩藏佛教學會
20
背景
翻譯
下載 ▾

milarepa05病問儀軌.g2.0f

密勒日巴大師教言集MILA5སྙུན་དྲིའི་ཆོ་ག 3-3-119b ༄༅། །སྙུན་དྲིའི་ཆོ་ག ལར་ནི་བསྟན་བཅོས་ལ་མཛད་པ་པོ་ལས་རྒྱུད་པ་དེད་མི་དགོས་པ་ལགས་སོ། །འོན་ཀྱང་བཀའ་ཆད་ལུང་རྡུམས་དུ་མ་སོང་བ་ཅིག་གལ་ཆེའོ། །སྤྱིར་རྗེ་མར་པ་ལྷོ་བྲག་ལོ་ཙྪའི་ཆོས་སྐོར་གྱི་ལོ་རྒྱུས་ལ། བླ་མ་རྗེ་བཙུན་ཆེན་པོ་མིད་ལ་རས་ཆེན་ཞིབ་པར་བྱེད་པ་ཡིན། རྗེ་མིད་ལའི་ཆོས་སྐོར་ལ། ངམ་རྫོང་སྟོན་པ་བྷོ་དྷི་རཱ་ཛ་ཞིབ་པར་བྱེད་དོ། །ངམ་རྫོང་སྟོན་པས་བླ་མ་མིད་ལ་རས་པ་ལོ་ཉི་ཤུ་རྩ་བདུན་བསྟེན་པར་འདུག་གོ། །རས་ཆུང་རྡོ་རྗེ་གྲགས་ཀྱིས་བར་མ་ཆད་པར་ལོ་ཉི་ཤུ་རྩ་གཉིས་བསྟེན་པར་འདུག །ལར་ནི་སྔ་ཕྱི་རང་ལ་ནི་ལོ་མང་རབ་ཕྱག་ཕྱི་མཛད་པར་འདུག་གོ །དོན་ལ་ཐུགས་ཀྱི་སྲས་མཆོག་ནི་རས་ཆུང་རྡོ་རྗེ་གྲགས་པ་རང་ལགས་སོ། །གཞན་ཡང་རས་ཆུང་རྣམས་ཀྱི་ལོ་རྒྱུས་ནི་རང་རང་གི་རྣམ་ཐར་ན་གསལ་ལོ། །དྭགས་པོ་ལྷ་རྗེ་པས་ 3-3-120a ཟླ་བ་དགུ་ལས་མ་བརྟེན་པར་འདུག །ལར་ཐམས་ཅད་ཀྱི་འོ་ཚོད་དང་ཆོས་ལ་ཐོབ་རྫུན་མི་ཉན་ནོ། །ཕྱོགས་དུས་ཀུན་ན་དགེ་ལེགས་ཤོག །ལགས་འདི་ལྟར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི། སྐུ་གསུང་ཐུགས་གཉིས་སུ་མེད་པ་ཡེ་ཤེས་ཀྱི་ངོ་བོར་གྱུར་པ། བླ་མ་དང་དཀོན་མཆོག་གསུམ་གྱི་ཚད་མེད་པའི་ཐུགས་རྗེ་ཆེན་པོའི་སྐྱབས་ཀྱི་འོག་ནས། རྣལ་འབྱོར་གྱི་དབང་ཕྱུག་རི་ཁྲོད་པའི་སྤྱན་སྔ་ནས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྟོང་ཉིད་གཡོ་བ་མེད་པའི་ངང་ནས། ཐབས་བདེ་སྟོང་གསལ་འབུམ་གྱིས་ཏིང་ངེ་འཛིན་གོང་ནས་གོང་དུ་བོག་འདོན་པའམ། ཤེས་རབ་བློ་འདས་བརྗོད་དུ་མེད་པ་ལས་འགག་མེད་ཀྱི་རྩལ་འབྱོངས་ནས་གཞན་ཕན་ཐུགས་རྗེ་ཆེན་པོའི་སྒོ་ནས་བསྡུ་བ་བཞིས་སེམས་ཅན་གྱི་དོན་མཛད་པ་ལ། སྐུ་ལ་སྙེལ་བ་མི་མངའ་འམ། ཅུང་ཞིག་མ་མཇལ་གྱི་བར་དུ་ཐུགས་དམ་གྱི་རིམ་པ་ལ་བསྙོལ་བ་མེད་པར་བཞུགས་ལགས་སམ། ཅེས་(ཞེས་)པའི་ལན་དུ། དྲན་ཆོག་རྒྱལ་པོ་ཆོས་ཀྱི་རྗེ། །མཚན་ལྡན་བླ་མའི་བཀའ་དྲིན་ལ། །བདག་ཅག་འདི་ལྟར་འཚམ་པར་མཆིས་ལགས་ཅེས་(ཞེས་)པའོ། །ཆེ་གེ་མོའི་སྤྱན་སྔ་ནས་སྐུ་རྣམས་(རྣམ་)དག །གསུང་རྣམ་དག།གསུང་དྲི་མེད། ཐུགས་སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་ 3-3-120b ངང་ནས་ཐུགས་རྗེས་འགྲོ་དོན་ལ་མ་སྙེལ་བར་བཞུགས་ལགས་སམ། ཅེས་(ཞེས་)པའོ། །སྙུན་དྲིའི་ཆོ་ག་དགེའོ།། །།མིད་ལའི་ཞལ་ནས་རང་རེ་གཟིམས་མལ་གྱི་ནང་དུ་སླེབ་ཙ་ན། གཏི་མུག་གི་རོ་ཉལ་མ་ལོག་པར། །ནམ་སྲོད་ལ་བླ་མའི་རྣལ་འབྱོར་སྒོམས། །ནམ་གུང་རྗེ་ལ་གསོལ་བ་ཐོབ། །ཐོ་རངས་སྲོག་རྩོལ་རླུང་ལ་འབོད། །ཉི་ཤར་སྣང་བ་རྒྱ་ཡིས་ཐོབ། །གཙོ་ཆེར་སེམས་ལ་ལྟད་མོ་ལྟོས། །ཅེས་(ཞེས་)པ་འདི་ཤིང་རི་སྣ་དམར་དུ་ལྷ་རྗེ་གཡེང་ལ་གསུངས་སོ།

【現代漢語翻譯】 密勒日巴大師教言集MILA5 問候疾病之儀軌 問候疾病之儀軌 一般來說,對於論著,不必追溯作者的傳承。 然而,重要的是要避免未經刪改的教誨和口頭傳承。一般來說,瑪爾巴譯師(Marpa Lotsawa)的教法傳承歷史中,詳細記載了至尊密勒日巴大師(Jetsun Milarepa)。在密勒日巴的教法傳承中,昂宗尊者菩提拉扎(Nyamdzong Tönpa Bodhiraja)的記載非常詳細。據說昂宗尊者侍奉密勒日巴大師二十七年。據說惹瓊巴·多杰扎(Rechung Dorje Drak)不間斷地侍奉了二十二年。總的來說,早期和後期都有很多人長期侍奉他。實際上,最傑出的心子是惹瓊巴·多杰扎本人。其他惹瓊巴的傳記在他們各自的傳記中都有詳細記載。達波拉杰(Gampopa) 只侍奉了九個月。總的來說,不要聽信任何關於所有人的能力和教法的虛假資訊。愿一切時處吉祥如意!像這樣,從過去、現在、未來一切諸佛的,身語意無二的智慧自性中顯現。在上師和三寶無量慈悲的庇護下,瑜伽自在者(Naljor)在修行者的面前,以慈愛和悲憫之心,在菩提心的空性中,在無動搖的狀態中。以方便、空性、光明和圓滿的禪定,不斷提升禪定境界,或者從超越智慧和言語的無礙力量中,以利他和大悲心,通過四攝法來利益眾生。您的身體是否感到疲倦?在短暫的分別期間,您是否忘記了修持的次第?作為回答:憶持國王,正法之主。憑藉具格上師的恩德。我們才能如此安好。在某某的面前,身清凈,語清凈,語無垢,意離戲,在大手印(Mahamudra) 的狀態中,您是否以慈悲心不懈地利益眾生?問候疾病之儀軌,吉祥圓滿!密勒日巴說:當我們回到自己的寢室時,不要沉溺於愚癡的睡眠中。夜晚修持上師瑜伽。半夜向本尊祈禱。黎明時分修習氣脈。日出時分,以廣闊的視野來觀照。最重要的是,觀察自己的心。這是在香日納瑪(Shingri Namar)對拉杰·耶(Lhaje Yeng)說的。

【English Translation】

The Collected Teachings of Milarepa MILA5 Ceremony of Asking About Illness 3-3-119b Ceremony of Asking About Illness Generally, it is not necessary to trace the lineage back from the author of a treatise. However, it is important to have something that has not undergone unedited teachings and oral transmissions. In general, in the history of the Dharma cycle of Marpa Lotsawa (the Translator of Lho), the great Jetsun Milarepa is described in detail. In the Dharma cycle of Milarepa, Nyamdzong Tönpa Bodhiraja is described in detail. It is said that Nyamdzong Tönpa attended Lama Milarepa for twenty-seven years. It is said that Rechung Dorje Drak attended him continuously for twenty-two years. In general, many people served him diligently both early and late. In essence, the supreme heart-son was Rechung Dorje Drak himself. Furthermore, the histories of the Rechungpas are clear in their respective biographies. Gampopa 3-3-120a only attended for nine months. In general, do not listen to false information about the abilities and Dharma of everyone. May there be goodness and excellence in all directions and times! In this way, from the body, speech, and mind of all the Buddhas of the three times, which are inseparable and have become the essence of wisdom. Under the protection of the immeasurable great compassion of the Lama and the Three Jewels, from the presence of the Lord of Yoga, the hermit, with loving-kindness and compassion, in the emptiness of Bodhicitta, in an unwavering state. By means of skillful means, emptiness, clarity, and myriadfold samadhi, elevating the state of samadhi higher and higher, or from the unobstructed power of wisdom that transcends the mind and is inexpressible, benefiting others through the gate of great compassion, engaging in the benefit of sentient beings through the four means of attraction. Do you not have weariness in your body? Have you not forgotten the order of your commitments during the brief period of separation? In response: The King of Mindfulness, the Lord of Dharma. By the kindness of the qualified Lama. We are well and comfortable in this way. From the presence of so-and-so, may your body be completely pure, may your speech be completely pure, may your speech be without defilement, may your mind be free from elaboration, and may you dwell in the state of the Great Seal (Mahamudra), 3-3-120b unwavering in your compassion for the benefit of beings? The ceremony of asking about illness is virtuous and complete! Milarepa said: When we arrive in our sleeping quarters, without succumbing to the sleep of delusion. Practice Lama Yoga in the evening. At midnight, pray to the deity. At dawn, invoke the life-force winds. At sunrise, gain mastery over appearances with a vast view. Most importantly, watch the spectacle of your own mind. This was said to Lhaje Yeng at Shingri Namar.


།བླ་མ་དཀོན་མཆོག་དང་། ཁྱུང་པོ་མིད་ལ་ཐོས་པ་དགའ། ཀླུ་སྒྲུབ་མགོན། རྡོ་རྗེ་རྒྱལ་མཚན། དཔལ་ལྡན་བཞད་པའི་རྡོ་རྗེ། དབང་ཕྱུག་མིད་ལ་རས་ཆེན་གྱི་ཞབས་ལ་འདུད། དེ་ཡང་ཐོག་མར་མིད་ལ་ཐོས་པ་དགས། གླུ་སྒྲུང་བླངས་པའི་ལོ་རྒྱུས་ནི། གཙང་མྱང་སྟོད་པ། གླུ་མཁན་སྟོང་རྩེ་སྒྲོ་དམར་པ་ལ་བསླབས་པ་ཡིན་གསུངས། གང་བསླབས་ན་སྲིད་པ་བ་སྦལ་འཁྱུང་གསུམ་གྱི་ཁོགས་ཕུབས་སྟེང་ལྷ་གླིང་གི་ཅག་རྩེ་དགུ་སྐོར་དང་། བར་གཉན་གླིང་གི་དར་དཀར་ཆག་སྒོ་དང་། འོག་ཀླུ་གླིང་གི་སྦྲུལ་ནག་འཁྱིལ་བ་དང་། ཏོང་རྩེ་སྒྲོ་དམར་གྱི་ཁ་ཕྱེ་ནས་ཀླུ་རིགས་བརྒྱད་ཁྲི་བཞི་སྟོང་བླངས་ཟེར་ཡང་། མིད་ལ་ཐོས་ 3-3-121a པ་དགས་སླབས་ཚད་ལ། རྡོ་རྗེ་དོལ་ཁྲུལ་ཆོས་པ་རབ་བྱུང་གི་གླུ། །རག་ཤ་མ་ར་སྔགས་པའི་གླུ། །ཤུག་པ་རྩེ་རྒྱལ་བོན་པོའི་གླུ། །སྐྱ་བཀྲ་ཆེན་པོ་ཇག་པའི་གླུ། །ཁྱེད་བསྐྱེད་དེར་བྱུང་ཚོང་པའི་གླུ། །སྟག་གཡག་སེང་གསུམ་བུ་ཚའི་གླུ། །བྲག་གར་རྒོད་གླག་བུ་མོའི་གླུ། །ཟའུ་ཟ་གཏམ་རྒན་རྒོན་གྱི་གླུ། །ཤུལ་ཆུང་དགུ་འགྱུར་ར་རྫིའི་གླུ། །གར་ཟུན་གར་ཆོད་ལོང་བའི་གླུ། །ནག་ཆུང་གླ་རྒོད་ཁྱིམ་པའི་གླུ། །ལུང་གསུམ་བཞི་མདོ་རྐུན་མའི་གླུ། །ཀུ་ཟི་ཏོང་ཕྲན་སྐྱིད་པའི་གླུ། །དེ་བཞིན་དུ། ཞའུ་ཤ་སྐོར་གྱི་གླུ་དང་། རྟ་གླུ་རྒ་གླུ་དང་། རྨ་ཟླ་རྩིང་གསུམ་དང་། བྱ་གཤེན་གོ་བོའི་སྒྲོ་རྩིས་དང་། སྟོང་གྲོ་མེའི་སྤུ་རྩིས་དང་། ཕོ་གསར་པའི་གབ་རྩེ་དགུ་བསྐོར་དང་། མོ་གསར་པའི་ལམ་བརྒྱ་བཅུ་དང་། དེ་བཞིན་དུ་རྒུང་རིམ་པ་བཅོ་བརྒྱད་ཀྱི་སྟེང་ནས་གླུ་ལེན་པ་དང་། འོག་གསེར་གྱི་ས་གཞི་ནས་ངག་འབོད་པ་དང་། བར་རྒྱལ་ཁམས་ཡངས་པ་ནས་ཚིགས་བཅད་པ་དང་། དེ་ལ་སོགས་པའི་གླུའི་བྱེ་བྲག་རྣམས་དང་། སྒྲུང་གི་ལོ་རྒྱུས་ནི། མི་རོ་གསེར་སྒྲུང་གང་། སྐྱ་ཀའི་མདོ་སྒྲུངས་(སྒྲུང་)དང་། འཆིལ་པའི་བྱུལ་ཤུལ་སྒྲུང་དང་། ལུགས་ཀྱི་སྐྱེ་བོ་གསོ་ཐིག་དང་། རིགས་ཐིགས་དང་། དེ་རྣམས་ 3-3-121b རྒྱལ་བའི་བཀའ་དྲི་མ་མེད་པ་ཡིན་ལ། རྒྱ་གར་ནས་རྒྱུད་པ་ཁོ་ན་ཡིན་ལ། སྲིད་པའི་བཤད་པའི་གླུའི་རྒྱུད་པ་ནི། ཕྱད་མུ་བཙུན་གསུམ་ནས། སྟོན་པ་འབོང་ངེ་། ཨ་རྨྲགས་སྔོན་མོ། གཉན་ཅོག་རོ་མ་སངས་ཁོང་འཁྲུལ། ཞང་ཨ་སྟག་འཚལ་པའི་གླུ་མོ་ཐང་བར་མི་ཆུང་དགའ་སྟེ། འཇང་མོ་མི་ཟན་པོ་ཟེར། གེ་སར་པ་འཁྲུལ་གྱི་ཉི་མ། རྗེ་རྒྱལ་བཙན་པོའི་ཀུན་ཆོད། ཨ་རོག་ཨ་སྐྱབས་གླ་འབུམ། འབམ་ཟ་གླུའི་མཚོ་མོ། དར་ཨ་དཔལ་གྱི་སྒ་ཚ་ཡེ་རམ། སྲོང་མཁར་སྐྱོས་མཁར་གཉན་པོ་མ་ར། ག་ཐོར་རྐྱང་གི་འཕྲང་པ། ཙང་མྱང་སྟོད་ཀྱི་རོང་རྩེ་སྒྲོ་དམར་བ། ཁྱུང་པོ་མིད་ལ་ཐོས་པ་དགའ། དེའི་གླུ་ཡིག་རྣམས་ལྷོ་བྲག་ན་བཞུགས་པ་ལྕགས་ཡུལ་བ་རྒན

【現代漢語翻譯】 頂禮上師本尊,瓊波米拉圖多,龍樹怙主,金剛幢,吉祥笑金剛,自在米拉熱欽之足。 最初,米拉圖多尊者唱誦歌傳的經歷是:他說,他曾向藏地娘地的歌者東孜卓瑪學習。 所學內容包括:在『存在』(སྲིད་པ་)的蛤蟆、鵬鳥、龍這三者的身體結構之上,有天界的九層頂飾,中間有念界的白色旗幟,下面有龍界的黑色盤繞之蛇。據說東孜卓瑪張口一唱,就能唱出八萬四千龍族。但是,米拉圖多所學的歌曲包括: 多吉多楚出家人的歌,茹夏瑪熱咒師的歌,秀巴孜嘉本教徒的歌,嘉扎欽波強盜的歌,您們這些做生意的人的歌,虎、牦牛、獅子三種動物幼崽的歌,巖羊、禿鷲、女孩的歌,老頭老太太的歌,小塊土地九倍增的牧羊人的歌,聾子的歌,黑小夥、僱工、居家者的歌,三岔路口、四岔路口、盜賊的歌,庫孜東珍快樂的歌。 同樣地,還有繞夏地區的歌,馬歌、老歌,瑪扎、青三種歌,鳥占、烏鴉占卜,星算、火星占卜,年輕男子的九次猜謎,年輕女子的百十條路,以及在十八層臺階上唱歌,在金色的地面上呼喊,在廣闊的國土上作詩等等各種歌曲。 故事傳說方面有:人尸金故事,喜鵲本生故事,紫荊花叢故事,行為舉止的養生之道,血統等等。 這些都是無垢的勝者之教言,僅僅是從印度傳來的。關於『存在』的歌的傳承是:從帕穆尊三開始,到敦巴翁尼,阿瑪炯摩,年覺若瑪桑空楚,香阿達察巴的歌女唐巴米瓊嘎代,江摩米贊波,格薩爾巴楚吉尼瑪,杰嘉贊波昆覺,阿若阿嘉拉翁,邦薩歌海,達阿華吉嘎察耶熱,松喀覺喀年波瑪熱,嘎托江吉昌巴,藏娘堆的榮孜卓瑪,瓊波米拉圖多。這些歌譜都儲存在洛扎,在嘉玉巴老者那裡。

【English Translation】 Homage to the Lama and Yidam, Khyunpo Mila Thospa, Nagarjuna Gonpo, Dorje Gyaltsen, Palden Zhaypay Dorje, and Wangchuk Mila Rechen. Initially, the story of Mila Thospa singing songs is: He said that he learned from the singer Tongtse Dromar of Tsang Nyangto. What he learned included: On top of the structure of the frog, garuda, and naga of ‘existence’ (Sridpa), there are nine tiers of ornaments in the celestial realm, in the middle there is the white banner of the intermediate realm, and below there is the black coiled snake of the naga realm. It is said that when Tongtse Dromar opened his mouth to sing, he could sing about eighty-four thousand nagas. However, the songs that Mila Thospa learned included: The song of the Dorje Doltrul ordained monk, the song of the Raksha Mara mantra practitioner, the song of the Shukpa Tsegay Bonpo, the song of the Kya Trachenpo robber, the song of you merchants, the song of the cubs of the tiger, yak, and lion, the song of the bharal, vulture, and girl, the song of the old man and old woman, the song of the shepherd with nine times the small land, the song of the deaf person, the song of the black young man, hired worker, and householder, the song of the three-way intersection, four-way intersection, and thief, the song of the Kuzi Tongtren happy person. Similarly, there are the songs of the Zhau Sha region, the horse song, the old song, the Ma Zla, Tsing three songs, the bird divination, crow divination, the star calculation, fire star calculation, the young man’s nine riddle games, the young woman’s hundred and ten paths, and singing on the eighteen steps, shouting on the golden ground, composing poems in the vast land, and so on. In terms of stories and legends, there are: the corpse gold story, the magpie Jataka story, the redbud bush story, the methods of nurturing behavior, lineage, and so on. These are all the immaculate teachings of the Victorious Ones, transmitted solely from India. The lineage of the songs of ‘existence’ is: starting from Phyamu Tsunsum, to Tonpa Ongnge, Ama Jommo, Nyen Jok Roma Sangkhongtrul, the singer of Shang Ata Tsapa, Thangba Michung Gaday, Jangmo Mizanpo, Gesarpa Thrulgyi Nyima, Je Gyaltsenpo Kunchok, Aro Agya Lawon, Bamsa Song Sea, Dar A Palgyi Gatsa Yeram, Songkhar Kyokhar Nyenpo Mar, Gathor Kyanggi Trangpa, Rongtse Dromar of Tsang Nyangto, Khyunpo Mila Thospa. These songbooks are all kept in Lhozhag, with the old man of Chak Yul.


་མོ་ཅིག་ལ་འདུག་པ། རྗེ་བཙུན་རས་ཆུང་པ་རྡོ་རྗེ་གྲགས་པ་ལ་ཕུལ་བར་འདུག །དེས་རྗེ་ཁྱུང་ཚང་པ། དེས་མ་ཅིག་ཨོང་ཅོ་དང་། མར་སྟོན་ཚུལ་འབྱུང་དང་། སྟར་སྒོམ་ཞིག་པོ་དང་གསུམ་ཁར་ལ་གནང་། དེ་གསུམ་ཀས་ཆོས་རྗེ་ཞང་པཎ་ཆེན་ལ། དེས་དྷ་ར་ཤྲི་ལ། དེས་འགྲོ་མགོན་བསོད་རྒྱལ། དྲིན་ཅན་རས་མ་ཆོས་རྗེ་བདེ་ལེགས་རིན་ཆེན། ནེ་དབོན་གཉིས་ཀས་བླ་མ་གཟི་བརྗིད་རྒྱལ་མཚན། བླ་མ་ 3-3-122a སྐྱེས་མཆོག་ཆེན་པོ་མ་ཎི་བ། ཤཱཀྱ་དགེ་སློང་ཞི་བྱེད་རི་ཁྲོད་པ། ལྷོ་བྲག་ན་འགྲོ་མགོན་རྩང་པ་རྒྱ་རས་པ་དང་། ཆོས་རྗེ་རྒོད་ཚང་པ་དང་། ཆོས་རྗེ་ལོ་རས་པ་དང་། སློབ་དཔོན་གསུམ་ཀས་རྙེད་ནས། གྲུབ་ཐོབ་མེ་ལོང་རྡོ་རྗེ་དང་། སྲས་བློ་ལྡན་སེང་གེ་དང་། གྲུབ་ཐོབ་ཨོ་རྒྱན་པ་དང་། དབུ་མཛད་བཀྲ་ཤིས་དཔལ་དང་། དེ་ནས་རིམ་ཀྱི་རྒྱུད་པ་ཅིག་ཀྱང་འདུག །རྗེ་ཁྱུང་ཚང་པས་ཁམས་པ་དར་མ་དཔལ། དེས་འདུལ་དཀར་བ། བླ་མ་རོ་བྷེ་བ། ཡང་རྗེ་ཁྱུང་ཚང་པ། རྗེ་བཙུན་མངའ་རིགས་པ། ཡེ་ཤེས་གྲགས་པ། དེས་ཞིག་པོ་རྡོ་རྗེ་འོད་དཔལ། དེས་རོག་རབ་འོད་ཟེར། དེས་གྲུབ་ཐོབ་ཨོ་རྒྱན་པ། དེས་ཆོས་རྗེ་ཀུན་དགའ་དོན་འགྲུབ། དེས་རྗེ་ལ་སྟོད་པ་དང་། མཁས་བཙུན་བསོད་འོད་དང་། བླ་མ་ཟླ་སེང་དང་། དེ་རྣམས་ལ་གནང་བར་འདུག་སྟེ། དང་པོ་བདག་གིས་ནི་དེ་འདྲ་ལ་དགོས་པ་མེད་བསམ་ནས་དོན་དུ་མ་གཉེར་བ་ལགས་ཏེ། དུས་ཕྱིས་བླ་མ་གཟི་བརྗིད་རྒྱལ་མཚན་པ་དང་། བླ་མ་སྐྱེས་མཆོག་ཆེན་པོ་མ་ཎི་བ། རྗེ་ལ་སྟོད་པ་མཁས་གྲུབ་ཆེན་པོ་དེ་དང་། ཁོང་རྣམ་པའི་ཞལ་ནས། རྗེ་བཙུན་མིད་ལ་རས་ཆེན་གྱི་རྣམ་ཐར་ལ། དེ་རྣམས་མེད་ཐབས་མེད་པ་ཡིན་གསུངས་ནས། 3-3-122b དེར་དང་དུ་བླངས་པ་ཡིན་ནོ། །ཡང་རྗེ་བཙུན་རས་ཆུང་པ། དྭགས་པོ་ལྷ་རྗེ་པ། དྭགས་པོ་སྒོམ་ཚུལ། ཞང་གཡུ་བྲག་པ། དེས་རྟོག་(རྟོགས་)ལྡན་ཇོ་གདན་རིན་རིང་དང་། དཔལ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་དང་། གཉིས་ཀ་ལ་གནང་། དེ་གཉིས་ཀའི་དྲུང་དུ་ཆོས་རྗེ་འབྲི་གུང་པས་ཞུས། དེ་ནས་དབོན་རིན་པོ་ཆེ། རིང་སིང་པ་ཏད་ན་ཤི་རི། བླ་མ་བསམ་གཏན་བྱང་ཆུབ་པ་དང་གཉིས་ཀའི་དྲུང་དུ། བླ་མ་སྐྱེས་མཆོག་ཆེན་པོ་མ་ཎི་པས་ཞུས། དེས་ཞི་བྱེད་རི་ཁྲོད་པ་ལ་གནང་ངོ་། །ཆོས་དང་འདྲེས་པར་གྱུར་ཅིག །མངྒ་ལམ།། །།ན་མོ་རཏྣ་གུ་རུ་བྷྱཿ ཡེ་ཤེས་མེ་འོད་ཟེར་ཆེན་གྱིས། །དུག་ལྔའི་རྣམ་རྟོག་སྲེག་མཛད་ཅིང་། །ཐུགས་རྗེའི་ཆུ་རྒྱུན་དཔག་མེད་ཀྱིས། །ཉོན་མོངས་དྲི་མ་ཀུན་བསལ་ནས། །དག་པའི་ལམ་ལ་འགོད་མཛད་པའི། །དཔལ་ལྡན་སྲུང་འཁོར་ཀུན་མཁྱེན་ཆོས་རྗེ་ལ། །སྒོ་གསུམ་གུས་པས་གསོལ་བ་འདེབས། །སྤྱིར་མཁའ་མཉམ་སེམས་ཅན་ལ་ཐུགས་རྗེས་གཟིགས། །དགོས་(སྒོས་)བདག་བློའི་པདྨོའི་ཁ་ཕྱེ་ལ། །ཐུགས་མཛོད་ཡེ་ཤེས་མ

【現代漢語翻譯】 住在某處。呈獻給至尊惹瓊巴·多杰扎巴(Jetsun Rechungpa Dorje Drakpa)。他傳給了杰瓊倉巴(Je Khyungtsangpa),杰瓊倉巴傳給了瑪吉昂覺(Machik Ongjo)、瑪爾敦楚迥(Marton Tsulhyung)和達果西波(Targo Shigpo)三人。這三人又傳給了曲杰香班欽(Choje Zhang Panchen),香班欽傳給了達拉西日(Dhara Shri),達拉西日傳給了卓袞索嘉(Drogon Sogyal)。感恩的惹瑪曲杰德勒仁欽(Rema Choje Delek Rinchen)和內溫(Newon)師徒二人傳給了喇嘛孜吉嘉燦(Lama Ziji Gyaltsen),喇嘛 杰喬欽波瑪尼瓦(Kyechok Chenpo Maniwa),釋迦比丘西杰日珠巴(Shakya Gelong Shijé Ritropa)。在洛扎(Lhodrak),那卓袞倉巴嘉熱巴(Drogon Tsangpa Gyarepa)、曲杰果倉巴(Choje Godtsangpa)和曲杰洛熱巴(Choje Lorepa)三位上師得到了,成就者美隆多杰(Drubthob Melong Dorje)和其子洛丹僧格(Loden Senge),以及成就者鄔金巴(Drubthob Orgyenpa)和烏澤扎西華(Uze Trashi Pal)。之後也有一個漸傳的傳承。杰瓊倉巴傳給了康巴達瑪華(Khampa Darma Pal),達瑪華傳給了杜噶瓦(Dul Karwa),喇嘛羅貝瓦(Lama Robewa)。再次,杰瓊倉巴傳給了至尊昂熱巴(Jetsun Ngariwa),益西扎巴(Yeshe Drakpa),益西扎巴傳給了西波多杰沃巴(Shigpo Dorje Wobar),西波多杰沃巴傳給了若饒沃熱(Rog Rap Ozer),若饒沃熱傳給了成就者鄔金巴(Drubthob Orgyenpa),鄔金巴傳給了曲杰袞噶頓珠(Choje Kunga Dondrup),袞噶頓珠傳給了傑拉托巴(Je Latopa)、堪欽索沃(Khenchen Sowo)和喇嘛達僧(Lama Da Senge)等人。最初我以為這些並不重要,所以沒有特別在意。但後來喇嘛孜吉嘉燦巴(Lama Ziji Gyaltsenpa)、喇嘛杰喬欽波瑪尼瓦(Lama Kyechok Chenpo Maniwa)和傑拉托巴堪布(Je Latopa Khenpo)等大師都說,在至尊米拉日巴(Jetsun Milarepa)的傳記中,這些是必不可少的, 所以我才接受了。還有,至尊惹瓊巴(Jetsun Rechungpa)傳給了達波拉杰巴(Dakpo Lhaje),達波拉杰傳給了達波貢楚(Dakpo Gomtsul),香玉扎巴(Zhang Yu Drakpa)傳給了托丹覺丹仁仁(Tokden Jodan Rinring)和華帕莫竹巴多杰嘉波(Phagmo Drupa Dorje Gyalpo)二人。這二人又傳給了曲杰竹貢巴(Choje Drikungpa)。之後,溫仁波切(Won Rinpoche)、仁辛巴達那西日(Ringsingpa Tadana Shri)和喇嘛桑丹江秋巴(Lama Samten Jangchupa)二人,都從喇嘛杰喬欽波瑪尼巴(Lama Kyechok Chenpo Maniwa)處接受了傳承,瑪尼巴又傳給了西杰日珠巴(Shijé Ritropa)。愿佛法與我合一!吉祥!那摩惹納咕嚕貝(藏文:ན་མོ་རཏྣ་གུ་རུ་བྷྱཿ,梵文天城體:नमोरत्नगुरुभ्यः,梵文羅馬擬音:namo ratna guru bhyaḥ,皈命寶上師)。以智慧之火的光芒,焚燒五毒的妄念;以慈悲之水,洗凈一切煩惱的污垢;將我安置於清凈之道。具吉祥護輪的遍知曲杰(Kunchyen Choje),我以身語意恭敬祈請。普遍以慈悲垂視如虛空般的眾生,特別開啟我心中蓮花的蓓蕾,以您智慧的寶藏,

【English Translation】 Residing somewhere. Offered to Jetsun Rechungpa Dorje Drakpa. He passed it on to Je Khyungtsangpa, who passed it on to Machik Ongjo, Marton Tsulhyung, and Targo Shigpo. These three passed it on to Choje Zhang Panchen, who passed it on to Dhara Shri, who passed it on to Drogon Sogyal. The kind Rema Choje Delek Rinchen and Newon both passed it on to Lama Ziji Gyaltsen, Lama Kyechok Chenpo Maniwa, Shakya Gelong Shijé Ritropa. In Lhodrak, Drogon Tsangpa Gyarepa, Choje Godtsangpa, and Choje Lorepa, the three teachers, obtained it, as well as Drubthob Melong Dorje and his son Loden Senge, and Drubthob Orgyenpa and Uze Trashi Pal. After that, there is also a gradual lineage. Je Khyungtsangpa passed it on to Khampa Darma Pal, who passed it on to Dul Karwa, Lama Robewa. Again, Je Khyungtsangpa passed it on to Jetsun Ngariwa, Yeshe Drakpa, who passed it on to Shigpo Dorje Wobar, who passed it on to Rog Rap Ozer, who passed it on to Drubthob Orgyenpa, who passed it on to Choje Kunga Dondrup, who passed it on to Je Latopa, Khenchen Sowo, and Lama Da Senge, among others. Initially, I thought these were not important, so I didn’t pay much attention to them. But later, Lama Ziji Gyaltsenpa, Lama Kyechok Chenpo Maniwa, and Je Latopa Khenpo all said that in the biography of Jetsun Milarepa, these are indispensable, so I accepted them. Also, Jetsun Rechungpa passed it on to Dakpo Lhaje, who passed it on to Dakpo Gomtsul, Zhang Yu Drakpa passed it on to Tokden Jodan Rinring and Phagmo Drupa Dorje Gyalpo. These two passed it on to Choje Drikungpa. After that, Won Rinpoche, Ringsingpa Tadana Shri, and Lama Samten Jangchupa both received the transmission from Lama Kyechok Chenpo Maniwa, who passed it on to Shijé Ritropa. May the Dharma be one with me! Mangalam! Namo Ratna Guru Bhyaḥ (藏文:ན་མོ་རཏྣ་གུ་རུ་བྷྱཿ,梵文天城體:नमोरत्नगुरुभ्यः,梵文羅馬擬音:namo ratna guru bhyaḥ,皈命寶上師). With the great light of the fire of wisdom, burn away the delusions of the five poisons; with the immeasurable stream of compassion, cleanse all the stains of affliction; place me on the path of purity. To the glorious Kunchyen Choje with the protective wheel, I prostrate and pray with body, speech, and mind. In general, look with compassion upon beings as vast as space; in particular, open the lotus bud of my mind, with the treasure of your wisdom,


ྱུར་དུ་སྩོལ། །བསྟན་པའི་མངའ་བདག་རྒྱལ་བ་ཤཱཀྱ་ཐུབ་པ་དང་། །རྡོ་རྗེ་འཆང་སོགས་ཕྱོགས་དུས་ཀུན་བཞུགས་རྩ་བརྒྱུད་(རྒྱུད་)བླ་མ་རྣམས། །ཁྱེད་ཞབས་པདྨོ་བདག་སྤྱིས་(སྤྱི་) 3-3-123a བས་(བོས་)ལེན། །མཁྱེན་ལྡན་ཐུགས་རྗེ་ཅན་རྣམས་བརྩེ་བས་དགོངས་མཛོད་ལ། །སྙན་རྒྱུད་དྲི་མེད་ཡིད་བཞིན་ནོར་བུ་ཡི། །ལུས་མེད་ཡེ་ཤེས་མཁའ་འགྲོའི་གསང་མཛོད་བདག་ལ་སྩོལ། །བདག་དང་སྔོན་སྦྱངས་ལས་འཕྲོ་བཟང་པོ་ཡིས། །ཚེ་འདིར་སངས་རྒྱས་བསྟན་ལ་དད་པ་ཐོབ། །དམ་ཆོས་གངས་རིའི་ཁྲོད་འགྱུར་བཀའ་བརྒྱུད་ཡོངས་ཞབས་སྤྱི་བོས་ལེན། །དེ་ཕྱིར་ཤེས་བྱའི་གནས་ལ་མ་རྨོངས་ཤིང་། །ཡོན་ཏན་ཀུན་རྩ་སྒྲུབ་ལ་བརྩོན་བྱས་པས། །ཡུན་རིང་མ་ཐོགས་མགྲིན་པའི་རྩ་ཁ་ཕྱེད། །འོན་ཀྱང་དམན་པའི་ས་བཟུང་ཚེ་འདིར་རླུང་ཁྱེར་བྱས། །གནས་ཆེན་རི་ཁྲོད་བས་མཐའ་བདག་གི་ཕ་ཡུལ་ཡིན། །འདྲེ་བདུད་མ་རུངས་ཡོངས་རྣམས་བདག་གི་ཡོན་བདག་ཡིན། །བྱུར་དང་སྐལ་ངན་ལོག་འདྲེན་བདག་གིས་(གི་)ཐར་ལམ་ཡིན། །མདོར་ན་མི་མཐུན་ཕྱོགས་རྣམས་མ་ལུས་བདག་གིས་(གི་)ཟབ་ལམ་ཡིན། །དེ་ཕྱིར་གང་སྣང་ཐམས་ཅད་དགེ་སློང་ཞི་བྱེད་རི་ཁྲོད་པས། །སྙན་རྒྱུད་དྲི་མེད་ནོར་བུའི་བླ་མའི་རྒྱུད་རིམ་དང་། །ཡུལ་ཕྱོགས་ཉེར་བཞིའི་རྣ་གཡོན་ལ་ཕྱི་གངས་རིའི་བཀོད་པ་དང་། །སྤྲུལ་སྐུའི་ཕོ་བྲང་བྲིན་དང་ཆུ་དབར་གྱི་བཀོད་པ་དང་། །མིད་ལ་རས་ཆེན་ 3-3-123b ཡབ་སྲས་རྒྱུད་ཀྱི་བཀོད་པ་རྣམས། །སྨོན་འཇུག་རྣམ་གཉིས་མཚམས་སྦྱར་གསལ་བར་སྟོན། །དད་ལྡན་ཐོས་ཆུང་ཡོད་སྲིད་སྨོན་ལམ་དྲག་ཏུ་ཐོབ། །ཐོས་ཆུང་སྒོམ་མེད་རྨོངས་པ་འགའ་ཞིག་གིས། །ཆོས་བརྒྱད་འདོད་ཕྱིར་སྐལ་མེད་དད་ཅན་བླུན་པོ་དོག་པར་འཁྲིད་པ་མཐོང་། །དེ་རྣམས་སྙིང་རྗེས་མ་བཟོད་ཐེག་ཆེན་དོན་བསྟན་ཡང་། །དུང་དཀར་སོལ་བར་མཐོང་བཞིན་སླར་ལ་ལོག་ལྟ་རྒྱས། །འོན་ཀྱང་རྒྱལ་བ་ཐུགས་རྗེ་ཅན་རྣམས་དབྱིངས་ནས་གཟིགས། །སླན་ཆད་འགྲོ་རྣམས་བདེ་ཆེན་རྡོ་རྗེ་འཆང་ཐོབ་ཤོག །སྙན་རྒྱུད་ཡིད་བཞིན་ནོར་བུའི་བླ་མ་རྒྱུད་རིམས་དང་། རྗེ་བཙུན་ཆེན་པོ་མིད་ལ་རས་ཆེན་ཡབ་སྲས་ཀྱི་མཛད་པ། དགེ་སློང་ཞི་བྱེད་རི་ཁྲོད་པས་བཀོད་པ་རྫོགས་སོ།། །།སརྦ་མངྒ་ལམ།། །།

目錄 སྙུན་དྲིའི་ཆོ་ག

【現代漢語翻譯】 請賜予我吧!教法的君王,勝者釋迦牟尼佛,以及金剛持等十方三世一切處所的根本傳承上師們,我以頭頂禮敬你們的蓮足。請具有智慧和慈悲者以慈愛垂念我。請將口耳傳承無垢如意寶,無身智慧空行母的秘密寶藏賜予我。我與往昔修習的良好業緣,使我今生對佛陀的教法生起信心。我以頭頂禮敬雪山中的正法傳承噶舉派。因此,對於所知之境不愚昧,精勤於一切功德之根本的實修,不久即可開啟喉嚨的脈結。然而,若安於下劣之地,此生將被業風吹散。大聖地、寂靜山林是我的家鄉。鬼魅、邪魔等一切不馴服者是我的施主。不幸與惡緣、邪見是我的解脫道。總之,一切不順之境皆是我的甚深道。因此,無論顯現何者,皆是寂靜比丘瑜伽士的助益。口耳傳承無垢寶珠的上師傳承,以及二十四聖境的左耳,外為雪山的莊嚴,化身的宮殿布林和曲瓦的莊嚴,以及米拉日巴尊者父子的傳承莊嚴。將欲愿和行愿二者結合,清晰地顯現出來。愿具信而少聞者能獲得強烈的祈願。有些少聞而無修的愚昧之人,爲了世間八法,將無緣的愚笨信徒引入歧途。我不忍心看到這些,即使宣講大乘的意義,他們也像將海螺視為煤炭一樣,反而增長邪見。然而,諸佛慈悲者從法界中垂視。愿未來眾生皆能獲得大樂金剛持果位。口耳傳承如意寶的上師傳承,以及米拉日巴尊者父子的事業,寂靜比丘瑜伽士的莊嚴圓滿完成。吉祥圓滿! 疾病詢問儀軌

【English Translation】 Please grant me! The king of the teachings, the victorious Shakyamuni Buddha, and Vajradhara, etc., the root and lineage lamas residing in all places and times. I take your lotus feet upon my head. Please, those with wisdom and compassion, consider me with love. Please grant me the secret treasury of the oral transmission, the immaculate wish-fulfilling jewel, the formless wisdom dakini. I, with the good karmic connection from previous practice, have gained faith in the Buddha’s teachings in this life. I take upon my head the Kagyu lineage, the Dharma of the snowy mountains. Therefore, not being ignorant of the objects of knowledge, diligently practicing the root of all virtues, the throat chakra will soon be opened. However, if one remains in a lowly place, this life will be carried away by the winds of karma. Great sacred places and secluded mountains are my homeland. Ghosts, demons, and all the untamed are my patrons. Misfortune, bad karma, and wrong views are my path to liberation. In short, all unfavorable circumstances are my profound path. Therefore, whatever appears is helpful to the peaceful bhikshu yogi. The lineage of the oral transmission, the immaculate jewel lama, and the left ear of the twenty-four sacred places, the outer arrangement of the snowy mountains, and the arrangement of the incarnate palace of Brin and Chuwar, and the arrangement of the lineage of Jetsun Milarepa and his sons. Combining aspiration and action, may it be clearly shown. May those with faith but little learning obtain strong aspirations. Some ignorant people with little learning and no practice, for the sake of the eight worldly dharmas, lead the unfortunate, foolish believers astray. Unable to bear seeing this with compassion, even though I explain the meaning of the Mahayana, they see a white conch shell as coal, and their wrong views increase again. However, the compassionate Buddhas look from the dharmadhatu. May all beings in the future attain the state of great bliss Vajradhara. The lineage of the oral transmission, the wish-fulfilling jewel lama, and the deeds of Jetsun Milarepa and his sons, the arrangement by the peaceful bhikshu yogi is completed. Sarva Mangalam! Ritual for Asking About Illness