sakyapalam0207_智成就者雄波瑜伽士傳記.g2.0f|sakyapalam0207_智成就者雄波瑜伽士傳記.g2.0f(續3)
【English Translation】 He displayed many wondrous supports of body, speech, and mind (Tibetan: སྐུ་གསུང་ཐུགས་, meaning: the body, speech, and mind of the Buddha), constantly offered excellent offerings, and extensively taught the Dharma of both the Greater and Lesser Vehicles. As his samadhi (Tibetan: ཐུགས་དམ་) increased, he saw deities he had never seen before. He heard the sound of the drums of the Thirty-Three (meaning: a celestial realm in Buddhist cosmology) and the sounds of offerings from Tushita (meaning: a celestial realm in Buddhist cosmology), sounds he had never heard before, which were melodious and of various tones. It is said that at first, these sounds seemed like music, but later they turned into various different sounds of Dharma. There, he stayed as long as he wished, and performed inconceivable deeds for the benefit of beings. When he came from the south, he wrote a concise ‘Compendium of the Stages of the Path’ in the Lhakhang (Tibetan: ལྷ་ཁང་, meaning: temple) of Geshe (Tibetan: དགེ་བཤེས་, meaning: Doctor of Buddhist Philosophy) Kyangpo in Jangro Sarma (Tibetan: རྒྱང་རོ་སར་མ). Later, he said he would expand it slightly, and in Gyaimo Che (Tibetan: གླས་མོ་ཆེར་) he wrote the most extensive version. He said that whether one is listening to the Dharma, teaching the Dharma, or meditating, one cannot do without the preliminary practices. So, in Chongdu Gurmo (Tibetan: ཚོང་འདུས་མགུར་མོར་) he wrote a concise ‘Compendium of Practices’, and later in Gyaimo Che (Tibetan: གླས་མོ་ཆེར་) he wrote the most extensive version. He taught the young Panditas (Tibetan: པཎ་ཆུང་, meaning: scholars) many treatises such as the ‘Stages of the Ground’ and the ‘Seven Treatises on Valid Cognition’. During the summer retreat (Tibetan: དབྱར་གནས་), he taught and translated the ‘Commentary on the Vinaya Sutra’ by Acharya Shakya’od (Sanskrit Devanagari: Śākya’od, Sanskrit Romanization: Śākya’od, Chinese literal meaning: Shakya’od) and the ‘Verses on the Discipline of a Bhikshu’ by Arya Sangha (Sanskrit Devanagari: Āryadeva, Sanskrit Romanization: Āryadeva, Chinese literal meaning: Holy Sangha). After the debate, at the request of many Geshes (Tibetan: དགེ་བཤེས་, meaning: Doctor of Buddhist Philosophy) and elders in Chumik Ringmo (Tibetan: ཆུ་མིག་རིང་མོར་), he taught the ‘Precious Garland of the Middle Way’ and the ‘Mirror of Poetry’. Then, at the earnest invitation of the hermit of Drakshong Sripu Ri (Tibetan: དྲང་སྲོང་སྲིན་པོ་རི་པ), he made offerings to the Two Shakyas (Tibetan: ཤཱཀྱ་རྣམ་གཉིས) from Tsurphu (Tibetan: མཚུར་ཕུ་) via the bow and soft path of Todlung (Tibetan: སྟོད་ལུངས་). Gedun Tsalpa (Tibetan: དགེ་འདུན་མཚལ་པ) served him diligently, and gradually from Kyisho (Tibetan: སྐྱིད་ཤོད་) to Sripu Ri (Tibetan: སྲིན་པོ་རི), he performed unprecedented and blessed deeds for the benefit of beings. After arriving at Sripu Ri (Tibetan: སྲིན་པོ་རི), many horsemen from Tsurphu (Tibetan: མཚུར་ཕུ་) named Dowowa (Tibetan: བྱ་བའི་མདོ་བོ་བ) came to ask for blessings and tried to prevent him from continuing. The尊者 said, ‘When I stayed in your monastery, the three unique aspects of the deities mentioned in the Sangye Topa Tantra (Tibetan: སངས་རྒྱས་ཐོད་བའི་རྒྱུད) resided there. Your lama seems to know that if these deities are allowed to flourish, many realized beings will appear. Bring these three deities here, and I will introduce them and teach their instructions.’ So, the horsemen stayed there for seven days and brought the three deities. The尊者 taught their instructions. It is said that due to their unwavering faith, they attained many siddhis. The three deities are the reversed images of the Hevajra (Sanskrit Devanagari: Hevajra, Sanskrit Romanization: Hevajra, Chinese literal meaning: Hevajra) yab-yum, and the emanation of Shakyamuni Buddha (Sanskrit Devanagari: Śākyamuni, Sanskrit Romanization: Śākyamuni, Chinese literal meaning: Shakyamuni), whose father is Vajradakini (Sanskrit Devanagari: Vajraḍākiṇī, Sanskrit Romanization: Vajraḍākiṇī, Chinese literal meaning: Vajradakini).
ན་དང་། རྡོ་རྗེ་དྲིལ་བུ་མ་མཉམ་སྦྱོར་གྱི་དཀྱིལ་འཁོར་ལྷ་ལྔ་མ་རྣམས་སོ། །དེ་ནས་སྲིན་པོ་རིའི་དབྱར་གནས་ལ་ཆོས་མངོན་པ་ ཀུན་ལས་བཏུས་ཀྱི་རྣམ་བཤད་སློབ་དཔོན་ཡེ་ཤེས་བཤེས་གཉེན་གྱིས་མཛད་པ་སྔར་བོད་དུ་མ་འགྱུར་བ་དེ་བསྒྱུར། སྤྱིར་ཆོས་ལ་རྒྱལ་པོ་མྱ་ངན་མེད་ལུང་བསྟན་པའི་མདོ་དེ་ཉིད་དང་། དཔེ་བརྒྱ་ པ་ལས་ཀྱི་འཁོར་ལོ་བསྟན་པ་གསུངས། རྫེ་བཙུན་བྱམས་པའི་ཆོས་ལྔའི་རྣམ་གཞག་དང་། དབུ་མ་རིགས་པའི་ཚོགས་རྣམས་གསུངས། སྲིན་པོ་རིའི་བླ་མ་གདན་ས་བ་ཆེན་པོ་དེ་ཉིད་ཀྱིས་ཞུས་ནས། བྱམས་ ཆོས་རྣམས་ཀྱི་ཁྲིད་སྐོར་དང་། རིགས་ཚོགས་ཀྱི་ཁྲིད་སྐོར་དང་། སྤྱོད་ཚོགས་ཀྱི་ཁྲིད་སྐོར་རྣམས་ཀྱང་ཞུས། དགེ་བའི་བཤེས་གཉེན་ཡི་རྒན་དང་། གཉལ་གྱི་ཟངས་མོ་ཆེ་བ་ལ་སོགས་པས་རྒྱལ་སྲས་ལམ་རིམ་གྱི་ཁྲིད་རྒྱས་བསྡུས་རྣམས་བསྐྱངས་སོ། ། 2-800 དེའི་ཚེ་ཡུལ་གཙང་གི་ཤབ་སྨད་ཁྲོ་ཕུའི་ཕོ་བྲང་ན་དགའ་ལྡན་བྱམས་པའི་གཙུག་ལག་ཁང་བཞེངས་པའི་ཤིང་ཆ་རྣམས། ལྷོའི་མོན་ཡུལ་ནས་འདྲེན་པ་ལ་སོགས་པའི་སྟ་གོན་བྱེད་ཅིང་ཡོད་དོ། །དེའི་ ཚེ་ལ་སྟོད་སྟག་བདེའི་མ་གཅིག་བློན་རྒྱན་ཞེ་བྱ་བ་མཁའ་འགྲོ་མར་གྲགས་པ་འཁོར་དང་བཅས་པ་ཞིག་གིས་ཕོ་བྲང་གི་ཤིང་འདྲེན་པ་ལ་སོགས་པའི་ཞབས་ཏོག་བྱས་པ་དང་། དེའི་དུས་ན་ དབུས་ཡར་ལུང་འཕྱོས་ཀྱི་འ་ཞ་ཇོ་སྲས་ཞེས་བྱ་བའི་བཙུན་པ་ཞིག་གིས་ཀྱང་ལྷ་ཁང་གི་གྲོགས་ལྡན་ལ་སོགས་བྱས་པ་ལས། བཙུན་པ་དེས་ནོངས་པ་ཅི་ཡང་མེད་པ་ལ། ཕན་ཚུན་གྱི་ ཕྲ་མ་ཞིག་ལ་བརྟེན་ནས། བློན་རྒྱན་གྱི་གཡོག་པོ་བརྟག་དཔྱད་དང་མི་ལྡན་པ་ཁ་ཅིག་གིས་མིག་ཕྱུང་བར་གྱུར་ཏོ། །དེའི་ཚེ་ན་ཆོས་རྗེ་པཎ་ཆེན་ལོ་ཙཱ་བ་དང་བཅས་པས། དྲང་སྲོང་ སྲིན་པོ་རིར་གདན་ཕེབས་ནས་ཆོས་རྒྱལ་མྱ་ངན་མེད་ལུང་བསྟན་པའི། མདོའི་རྣམ་བཤད་དང་། ཆོས་མངོན་པ་ཀུན་ལས་བཏུས་ཀྱི་འགྲེལ་པ་ལ་སོགས་པ་གཞུང་ཆེ་ཆུང་དང་མན་ངག་མང་པོ་བསྒྱུར་ཞིང་ བཞུགས་པའི་སར་གསན་ཏེ། ལོ་ཙཱ་བས་བདག་གི་བྱ་བའི་ལས་ཀྱི་མཐའ་འདི་ལྟ་བུ་ལ་བརྟེན་ནས། དགེ་སྦྱོང་གི་མིག་ཤོར་བ་ནི་འཇིག་རྟེན་ན་དཔེ་མེད་དོ་ཞེས་མྱ་ངན་དང་སེམས་ཁྲལ་དཔག་ཏུ་མེད་པ་ཡང་བྱས། 2-801 ཡུལ་དུ་ཕོ་ཉ་བ་སྤྲིངས་ནས་གནོད་བྱེད་དེ་དག་མ་ལུས་པར་ཡང་ཚར་བཅད། མིག་སྟོང་གཞན་པས་བདུན་འགྱུར་གྱིས་ཆེ་བ་ཡང་བྱིན། དེའི་དོན་དུ་བཤགས་པ་དང་གསོལ་འདེབས་ཀྱི་མཆོད་པ་རྣམ་ པ་མང་པོ་ཡང་བྱས། ཐབས་གཞན་མེད་པས་རང་གི་ཡི་དམ་གྱི་ལྷ་ལ་ཡུས་ཀྱིས་བརྣངས་ཤིང་རང་གི་ལས་སུ་བྱ་བ་ལ་སྒྱིད་ལུག་པ་དང་ཡིད་ཆད་པས་སྨྲེ་སྔགས་ཀྱི་གསོལ་འདེབས་འདི་ བསྡེབས་པ་ཡིན་ནོ།། །། ན་མ་ཿཤྲི་ཨཱརྱ་མཻ་ཏྲི་ནཱ་ཐཱ་ཡ། སྤྱི་གཙུག་རིན་ཆེན་སེང་ཁྲི་ཉི་ཟླ་གསེར་བཟང་འོད་ཆགས་འགྱིང་བ་
【現代漢語翻譯】 以及金剛鈴和金剛杵未雙運的壇城五尊本尊等。 之後,在羅剎山(Srinpo Ri)的夏季安居期間,翻譯了世親(Vasubandhu)所著的《阿毗達磨集論》(Abhidharmasamuccaya)的釋論,此釋論之前未被翻譯成藏文,由堪布(acharya)耶謝謝年(Yeshe Shenyen)所著。總的來說,講授了彌涅槃王(King Myang-Ngan-Med)授記的經典,以及《百喻經》(Example Hundred-fold)中關於業之輪的教義。講授了彌勒五論(Maitreya’s Five Treatises)的分類和中觀理聚論(Madhyamaka Collections of Reasoning)。羅剎山的大法座持有者請求講授慈氏五論的引導,理聚的引導,以及行聚的引導。格西(geshe)宜堅(Yi Gen)和聶(Gnyal)的桑莫切瓦(Zangmo Chewa)等人弘揚了《菩薩道次第》(Bodhisattva Path)的廣略引導。 當時,在後藏(Tsang)夏麥(Shabme)卓普(Khropu)的頗章(Phodrang),爲了建造噶當(Ganden)彌勒佛殿,正在準備從南方門隅(Mon)地區運送木材等事宜。當時,一位名為瑪吉倫堅(Ma Gchig Lon Gyon)的空行母,居住在拉堆(La-Tö)達德(Takde),她帶領眷屬為頗章運送木材等提供服務。當時,一位來自衛藏(U)雅隆(Yarlung)喬(Phyos)的名為阿扎覺色(A-zha Jo-sras)的出家人,也為佛殿的修建提供了幫助。然而,由於彼此之間的挑撥離間,倫堅的一些不稱職的僕人挖出了這位僧人的眼睛。當時,法王班欽(Chöje Panchen)等譯師前往羅剎山,聽取了涅槃王授記經典的釋論,以及《阿毗達磨集論》的註釋等大小論典和訣竅。譯師感嘆道,由於我的翻譯事業,導致一位僧人失去了眼睛,這在世間是前所未有的,感到無比悲傷和憂慮。 派遣使者到當地,懲罰了所有肇事者,並給予了比失去的眼睛大七倍的補償。爲了此事,還進行了懺悔和祈禱等多種供養。由於沒有其他辦法,只能向自己的本尊祈求,因為自己的事業而感到沮喪和失望,於是創作了這篇哀嘆祈禱文。 那莫 希日 阿雅 麥 德日 納塔雅(藏文:ན་མ་ཿཤྲི་ཨཱརྱ་མཻ་ཏྲི་ནཱ་ཐཱ་ཡ།,梵文天城體:नमः श्री आर्य मैत्रिनाथाय,梵文羅馬擬音:namaḥ śrī ārya maitrināthāya,漢語字面意思:頂禮聖者慈氏怙主)。頂戴珍寶獅子座,日月金光照耀。
【English Translation】 And also the five deities of the Vajra Bell and Vajra not in union mandala. Then, during the summer retreat at Srinpo Ri, the commentary on the Abhidharmasamuccaya (Compendium of Abhidharma) by Vasubandhu, which had not been previously translated into Tibetan, was translated by Acharya Yeshe Shenyen. In general, the sutra prophesied by King Myang-Ngan-Med was taught, as well as the teachings on the wheel of karma from the Example Hundred-fold. The classifications of Maitreya’s Five Treatises and the Madhyamaka Collections of Reasoning were taught. The great throne holder of Srinpo Ri requested and received instructions on the guiding principles of the Maitreya’s teachings, the guiding principles of the Collections of Reasoning, and the guiding principles of the Collections of Conduct. Geshe Yi Gen and Zangmo Chewa of Gnyal, among others, upheld the extensive and concise instructions on the Bodhisattva Path. At that time, in the Phodrang of Khropu in Shabme, Tsang, preparations were underway to transport timber from the southern Mon region for the construction of the Ganden Maitreya Temple. At that time, a dakini known as Ma Gchig Lon Gyon of La-Tö Takde, along with her entourage, provided services such as transporting timber for the Phodrang. At that time, a monk named A-zha Jo-sras from Phyos in Yarlung, U, also helped with the construction of the temple. However, due to instigation between them, some incompetent servants of Lon Gyon gouged out the monk’s eyes. At that time, Chöje Panchen and other translators went to Srinpo Ri and listened to the commentary on the sutra prophesied by King Myang-Ngan-Med, as well as the commentaries on the Abhidharmasamuccaya and other major and minor treatises and instructions. The translator lamented that because of his translation work, a monk had lost his eyes, which was unprecedented in the world, and felt immense sorrow and worry. Messengers were sent to the area, and all the perpetrators were punished, and compensation seven times greater than the lost eyes was given. For this matter, many offerings of confession and prayer were also made. Since there was no other way, he could only pray to his personal deity, and feeling discouraged and disappointed in his work, he composed this lamenting prayer. Namo Shri Arya Maitrinathaya (Tibetan: ན་མ་ཿཤྲི་ཨཱརྱ་མཻ་ཏྲི་ནཱ་ཐཱ་ཡ།, Sanskrit Devanagari: नमः श्री आर्य मैत्रिनाथाय, Sanskrit Romanization: namaḥ śrī ārya maitrināthāya, Literal Chinese meaning: Homage to the noble Maitreya, the Protector). Adorned with a precious lion throne, the sun and moon shine with golden light.
ལ། །དཔེ་བྱད་མཚན་རྫོགས་གཟི་བརྗིད་ངོ་མཚར་སྐུ་ཡི་བཀོད་པས་ ལེགས་བཞུགས་ཤིང་། །གསོལ་འདེབས་སྙིང་དཀྱིལ་རྟོགས་པ་མཆོག་བསྐྱེད་རེ་བ་མ་ལུས་རྫོགས་མཛད་པ། །མི་ཕམ་མགོན་གྱིས་བདག་ལུས་དཀྱིལ་འཁོར་ཕོ་བྲང་བརྟན་པར་མཛད་གྱུར་ཅིག །བྱི་རུ་ལྟར་མཚེར་ཤིན་ཏུ་ཡིད་ འོང་ཉི་འོད་བྱེ་བ་ལས་ལྷག་སྐུ། །ལྷ་རྔ་འབྲུག་སྒྲ་ཚངས་དབྱངས་ལྟར་སྙན་ས་གསུམ་རྒྱས་འགེངས་སིམ་པའི་གསུང་། །སྟོབས་བཅུ་མཐར་ཕྱིན་འཇིག་རྟེན་འོད་མཛད་མཉམ་མེད་མཁྱེན་བརྩེའི་ཐུགས་མངའ་བ། །འགྲོ་བ་ ཀུན་གྱི་སྐྱབས་མཆོག་གྱུར་བ་ཕོངས་པ་བདག་གི་སྐྱབས་གཅིག་གསོན། །གང་གི་མཚན་ནི་བྱམས་པའི་སྒྲར་ལྡན་སངས་རྒྱས་རྣམས་ཀྱི་མི་ཕམ་བསྒྲགས། །སྐྱོབ་དབང་དེ་ལ་གུས་པར་ཕྱག་འཚལ་སྤྱི་བོར་ཐལ་སྦྱར་མངོན་བཏུད་ནས། 2-802 འབར་བའི་དུ་ཁ་བརྒྱུད་མས་སེམས་གདུངས་ཡ་ངའི་ཁུར་ཁྱིས་དུབ་པ་བདག །རྩེ་གཅིག་ཡིད་ཀྱིས་ཁྱོད་ལ་གསོལ་འདེབས་ཉམ་ཐག་བདག་ལ་མྱུར་དུ་སྐྱོབས། །སྔོན་བསགས་རང་གི་ཉོན་མོངས་ཉེས་སྤྱོད་ནག་པོ་ གདུག་པའི་ཀླུས་འཕངས་པ། །བཟོད་དཀའི་འཇིགས་པའི་དུ་ཁ་འཁོར་ལོ་གནམ་ལྕགས་འབར་བའི་ལྕེ་རྒྱུན་གྱིས། །ཉིན་མཚན་རྟག་ཏུ་སྤྱི་བོར་རབ་བརྗིད་ཇི་ཙམ་ཐབས་ཀྱིས་དེ་བསལ་བཞིན། །དེ་ཙམ་སླར་ཡང་སྣ་ ཚོགས་གནད་འབྱུང་བདག་གི་སྐབས་འདི་མཁྱེན་པ་མཛོད། །ལྷ་མཆོག་ཀྱེ་ཡེ་གང་ཞིག་ཇི་ལྟར་ཉོན་མོངས་དེ་ལྟར་ངས་སྐྱོབ་ཞེས། །ཉིད་ཀྱི་ཞལ་བཞེས་དེ་ཕྱིར་བརྩོན་པས་རྒྱ་ཆེན་ཚོགས་ནི་མཐར་ཕྱུང་ནས། སྐྱབས་བཞེད་སྐྱོབ་ནུས་ཐབས་ལ་ཐོགས་མེད་ཇི་ལྟ་བུར་ཡང་དབང་འབྱོར་ན། །ད་ལྟར་འདི་ན་སྣ་ཚོགས་འཇིགས་བཅས་ཉོན་མོངས་བདག་ཅག་མི་གཟིགས་སམ། །ཁྱོད་ལྟར་མ་ལགས་གང་ཞིག་ཕྱོགས་ཙམ་སྙིང་རྗེའི་ ཡིད་ལ་བརྟེན་ཙམ་ཡང་། །ཀུན་རྨོངས་བདག་ལྟའི་མི་བཟད་མྱ་ངན་གདུང་བའི་ཡིད་ཀྱིས་ཟིལ་ནོན་དང་། །གུས་པས་དྲག་ལྡན་རྩེ་གཅིག་གསོལ་འདེབས་དེ་ཡང་བཏང་སྙོམས་བགྱི་ངོས་མ་ལགས་ན། །ས་བཅུའི་དབང་ ཕྱུག་མགོན་པོ་ཁྱོད་ལྷས་གྱི་ནར་ཅི་ཕྱིར་བགྱི་བར་རུང་། །སྙོམས་པའི་བུ་ལ་འཛངས་པའི་ཕ་བཞིན་གལ་ཏེ་ཁྱོད་མིན་བདག་སྐྱོན་ནའང་། །དེ་སླད་བདག་ནི་དེ་རིང་ནས་བཟུང་དགེ་བ་ཀུན་གྱི་རྗེས་འཇུག་ཅིང་། ། 2-803 མི་དགེ་ཀུན་བཤགས་རིན་ཆེན་སེམས་བསྒོམ་སྟོང་ཉིད་རྣམ་པར་བརྟན་པོར་བགྱི། །དགེ་འདིས་མྱུར་དུ་ཞབས་པད་རྡུལ་རེག་ལྷ་མཆོག་ཁྱོད་ཀྱིས་རྗེས་འཛིན་ཤོག །དེ་རིང་ཕན་ཆད་ཇི་སྲིད་བདག་ནི་ལྷ་མིའི་ སྟོན་མཆོག་ཁྱོད་ལྟ་བུར། །གང་གྱུར་དེ་སྲིད་ནམ་མཁའི་མཐའ་ཀླས་སྲིད་གསུམ་འདི་ན་བདག་གི་སྐྱབས། །ཁྱོད་ཅིག་ལགས་སོ་དེ་བས་བདག་གི་འདོད་དགུ་ཐམས་ཅད་ཁྱོད་མཁྱེན་ལ། །གདུང་བའི་ཡིད་ཀྱིས་རིང་ ནས་བསམ་པའི་དོན་གཉིས་བདེ་ལེགས་འབྱོར་བར་མཛོ
【現代漢語翻譯】 以圓滿的相好和令人驚歎的身之莊嚴而安住, 祈請您,心中生起殊勝的證悟,圓滿一切希望。 無畏怙主(Mipham Gonpo)請您使我的身體成為穩固的壇城宮殿。 如珊瑚般鮮亮,極其悅意,勝過億萬陽光的身軀。 如天鼓、龍吟、梵音般美妙,充滿三界,令人心曠神怡的語。 十力圓滿,照亮世間,具有無與倫比的智慧與慈悲之心。 作為一切眾生的殊勝救護者,您是貧困者我唯一的救怙。 您的名號具有慈愛的聲音,諸佛宣稱為無畏(Mipham)。 我恭敬地向救護之主頂禮,雙手合十于頭頂,虔誠地敬 Dedication。 被燃燒的痛苦之煙所折磨,被令人絕望的重擔壓垮的我。 一心一意地向您祈請,請您迅速救護可憐的我。 往昔積累的自身煩惱惡行,被惡毒的黑蛇所拋棄。 難以忍受的恐怖痛苦之輪,如鐵雹般燃燒的火焰。 日夜不停地在頭頂燃燒,無論用什麼方法消除。 卻又不斷地產生各種問題,請您知曉我此刻的困境。 天神啊,您曾承諾無論我受到何種煩惱,您都會救護我。 因此,我精進地完成廣大的積資。 您具有救護的意願,救護的能力,以及無礙的方便, 如今我等身處各種恐懼和煩惱之中,您難道沒有看到嗎? 除了您,還有誰能稍微憑藉慈悲之心, 就能壓制我等愚昧的自私,以及無法忍受的痛苦和悲傷? 我以恭敬和強烈的信心祈請,難道您會置之不理嗎? 十地自在的怙主啊,您為何要讓我如此失望? 如同慈父對待頑劣之子,即使我犯錯,如果您不救護我, 因此,我從今天開始,追隨一切善行, 懺悔一切惡行,修持珍貴的菩提心,堅定地修習空性。 愿以此善根,迅速觸及您的蓮足,愿天神您攝受我。 從今天起,直到我成為如您一般的人天導師, 無論何時,在這無邊無際的虛空和三界之中,您都是我的救怙。 您是我唯一的依靠,因此,我的一切願望您都知道, 請以慈悲之心,圓滿我長久以來所希望的利益和安樂。
【English Translation】 Abiding perfectly with the complete marks and signs, and the wondrous splendor of your form, I supplicate you, may you generate the supreme realization in my heart, and fulfill all hopes. Mipham Gonpo (Fearless Protector), please make my body a stable mandala palace. A body as bright as coral, extremely pleasing, surpassing billions of suns. A voice as melodious as the sound of a celestial drum, a dragon’s roar, and the voice of Brahma, filling the three realms, refreshing the mind. Possessing the ten powers to the fullest extent, illuminating the world, and possessing incomparable wisdom and compassion. As the supreme refuge for all beings, you are the sole protector for the impoverished me. Your name has a loving sound, proclaimed by the Buddhas as Mipham (Fearless). I respectfully bow to the Lord of Protection, with palms joined at my crown, and prostrate with devotion. Tormented by the smoke of burning suffering, burdened by the unbearable weight of despair. I supplicate you with one-pointed mind, please quickly protect the wretched me. The accumulated afflictions and misdeeds of my past, cast away by the venomous black snake. The unbearable wheel of terrifying suffering, like a hailstorm of iron, with tongues of burning fire. Burning incessantly on my head day and night, no matter what method I use to eliminate it. It only gives rise to various problems again, please be aware of my plight at this moment. Divine one, you have promised that however I am afflicted, you will protect me. Therefore, I diligently complete the vast accumulation of merit. You have the intention to protect, the ability to protect, and unobstructed means, Now, are you not seeing us amidst various fears and afflictions? Who else besides you could, even slightly relying on a compassionate heart, Suppress our ignorant selfishness, and the unbearable pain and sorrow? I supplicate with reverence and strong faith, would you disregard me? Lord of the ten bhumis (grounds), why would you disappoint me? Like a loving father to a wayward son, even if I make mistakes, if you do not protect me, Therefore, from today onwards, I will follow all virtuous deeds, Confess all misdeeds, cultivate the precious bodhicitta (mind of enlightenment), and firmly practice emptiness. May this virtue swiftly touch your lotus feet, may you, the divine one, take me under your care. From today onwards, until I become a teacher of gods and humans like you, Whenever, in this boundless sky and the three realms, you are my refuge. You are my only reliance, therefore, you know all my wishes, Please, with a compassionate heart, fulfill the benefits and happiness that I have long hoped for.
ད། །ཐོགས་མེད་དུས་ནས་ཉམ་ངའི་མཚོར་ལྷུང་ཉམ་ངའི་ལས་ཀྱིས་ཉམ་ང་བཞིན། །ཉམ་ང་ལས་འོངས་ཉམ་ངའི་ཉེས་ཚོགས་ཉམ་ངའི་དུ་ཁ་སྟོད་ལྡན་པ། ། ཉམ་ངའི་ལམ་ཞུགས་ཉམ་ངའི་བགྲོས་ཀྱིས་རྣམ་ཀུན་བག་མེད་བསླུས་པ་ཡི། །ཉམ་ང་བདག་ལ་མགོན་པོས་བརྩེར་དགོངས་ནོངས་པ་མ་ལུས་བཟོད་པར་གསོལ། །དྲང་སྲོང་རྒྱལ་པོ་འཆལ་བློ་བདག་འཁོར་བག་མེད་ སྤྱོད་པས་ཐུགས་ཆུད་ཀྱང་། །རྟག་ཏུ་ཉེས་པ་རང་དབང་མེད་བྱས་བདུད་ཀྱིས་བསླུས་པའི་བློ་འདྲ་སོགས། །ཇི་ལྟ་ཇི་ལྟར་ཉེས་བགྱིས་གང་ལགས་དེ་ལྟ་དེ་ལྟར་སྙིང་རྗེ་བས། །ཡབ་ཅིག་ཁྱོད་ཀྱི་ཐུགས་ རྗེ་བརྟན་པོས་བཏང་བར་ནམ་ཡང་མ་དགོངས་ཤིག། །། དཔལ་འཕགས་པ་མི་ཕམ་མགོན་པོ་ལ་གནུབས་ལོ་ཙཱ་བས་སྨྲེ་སྔགས་བརྗོད་པའི་སྒོ་ནས་གསོལ་བ་བཏབ་པའོ། །དུས་ཕྱིས་ལོ་ཙཱ་བ་ཡང་དེའི་རྣམ་ཐར་མཐོང་བས་ཡིད་སྐྱོ་བ་ཆེར་སྐྱེས་ཏེ་བྱམས་ཆེན་ཕོ་བྲང་དང་བཅས་པ་བཞེངས་པ་ཡང་རྙེད་གྲགས་ལ་སོགས་པའི་ཀུན་སློང་དང་མ་འདྲེས་པར་སྙིང་ཐག་པ་ནས་ཐེག་པ་ཆེན་པོ་ཁོ་ནའི་བསམ་སྦྱོར་བཟང་པོས་རྩེ་གཅིག་ཏུ་བཞེངས། 2-804 ལོང་བ་ཡང་ཡུན་རིང་པོར་བླ་མཆོད་བྱས་ནས་རིམ་གྱིས་སྡིག་པ་དག་པའི་རྟགས་མང་པོ་བྱུང་། ཤི་འཕོས་ནས་དགའ་ལྡན་དུ་དམ་པའི་ཆོས་ལ་ལོངས་སྤྱོད་པའི་མན་ངག་ཀྱང་ཐེབས་ཏེ་མཐར་རང་ ཡུལ་དུ་སོང་ནས། འཕྱོས་ཀྱི་ངོར་དགེ་ཞེས་བྱ་བར་མིག་སྟོང་གི་ཡོ་བྱད་བླངས་པ་རྣམས་ལ། སྐུ་གསུང་ཐུགས་ཀྱི་རྟེན་ཕོ་བྲང་དང་བཅས་པ་ཡང་བཞེངས། སྒྲུབ་པ་སྙིང་པོར་བྱས་ཏེ་དགེ་སྦྱོར་ ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་གྱུར་ཏོ། །དེ་ནས་སྲིན་པོ་རིར་གཞི་བཟུང་ནས་ཤར་ནུབ་ལྷོ་བྱང་མང་པོར་གདན་དྲངས་པ་དང་། ཆོས་སྣ་ཚོགས་བསྟན་པ་ནི་བརྗོད་ཀྱིས་མི་ལང་ངོ་། །ཡང་བསམ་ ཡས་ཆོས་འཁོར་གྱི་བདག་པོ་ལྷ་ཞི་བ་འོད་བྱ་བས། མ་གཅིག་ཡུམ་འདས་པའི་དགེ་རྫོགས་ལ་གདན་དྲངས་ཏེ་བསམ་ཡས་ཀྱི་རྣམ་ཐར་གཟིགས་པས་ལྷ་དང་ལྷ་ཁང་གི་བཀོད་པ་ནི་ལེགས། །བྱི་ དོར་འདི་བས་ལགས་པ་གཅིག་བྱེད་ཐང་། བི་ཀྲ་མ་ཤི་ལའི་བྱི་དོར་བྱེད་མཁན་དང་དུས་མཚུངས་སུ་འདུག་གསུངས། ཡུ་འབོག་གི་ཁྲི་ལ་ལོ་པཎ་བསྒྲིགས་ནས་རིན་པོ་ཆེ་བདུན་གྱི་ཆོས་གསུངས། དད་ པ་འཁོར་ལོ་རིན་པོ་ཆེ་ལ་ཆོས་ལྔ་སྟེ། རྒྱུ་ལྷག་པའི་བསམ་པ་བཟང་པོ་གསེར་ལས་གྲུབ་པ་དང་། རྐྱེན་ངན་པས་མི་འགྱུར་བའི་ལྟེ་བ་བརྟན་པ་དང་། ཤེས་རབ་དང་མཚུངས་པར་ལྡན་པའི་རྩིབས་རྣོ་བ་དང་། 2-805 དགེ་ཆོས་མང་པོས་མཐའ་བསྐོར་བས་ཁོར་ཡུག་བཟང་པོ་དང་། ཕྱོགས་ཀུན་ཏུ་བསྐོར་ཏེ་བར་དུ་གཅོད་པ་ཐམས་ཅད་བཅོམ་ནས་དགེ་ཚོགས་མ་ལུས་པའི་སྣ་འདྲེན་པའོ་ཞེས་བྱ་བ་ལ་སོགས་པའོ། །ཉི་ མ་འགའ་ཞིག་གི་རྗེས་སུ་ཆོས་རྗེ་མཆིམས་ཕུ་དང་བསམ་ཡས་ཕུ་རུ་གདན་དྲངས་པའི་ཚེ། གཉལ་པ་ཞང་ལོ་ཞེས་བྱ་བ
【現代漢語翻譯】 從無始以來,我沉溺於痛苦的海洋,被痛苦的業力所折磨。 痛苦的業力帶來無盡的罪惡,我承受著痛苦的重負。 我步入痛苦的歧途,被錯誤的觀念所迷惑,終日放蕩不羈。 懇請怙主慈悲垂憐我這痛苦之人,寬恕我所有的過錯。 聖者國王啊,我及我的眷屬因放蕩不羈的行為而令您不悅。 我總是身不由己地犯錯,如同被魔鬼迷惑的心智。 無論我犯下何種罪過,都懇請您以慈悲之心寬恕。 慈父啊,請您堅定您的慈悲,永遠不要放棄我! 這是貢巴瓦·云丹嘉措(Gompa wa Yontan Gyatso)以祈禱的形式,向尊貴的帕巴·米旁貢布(Pal Phagpa Mipham Gonpo)所作的傾訴。 後來,譯師(貢巴瓦·云丹嘉措)在看到他的傳記后,內心充滿了悲傷,於是建造了包括強巴佛殿(Byams chen pho brang)在內的建築,這些建築的建造並非出於名利等世俗動機,而是完全出于純粹的大乘發心。 即使是瞎子,在長期供養上師后,也逐漸出現了許多罪業凈化的跡象。死後轉生到兜率天(dGa’ ldan),享受著殊勝的佛法,最終回到了自己的家鄉。 在雅礱(‘Phyos)的昂熱(Ngor dGe)地方,他獲得了千眼法器,並建造了包括身語意所依的佛殿。 他以修行作為核心,心中生起了特殊的善行。 之後,他在羅剎山(srin po ri)建立了根據地,並被邀請到東西南北各地,宣講了無數的佛法。 此外,桑耶寺(bsam yas)的法主拉西瓦沃(lha zhi ba ‘od)爲了給去世的母親做功德,邀請了他,當他看到桑耶寺的景象時說:『寺廟和佛像的佈局非常好,但如果能像比克拉瑪希拉寺(bI kra ma shI la)那樣進行修繕就更好了。』 他在玉布(yu ‘bog)的法座上與智者和班智達們一起宣講了七寶之法,即信仰法輪(dad pa ‘khor lo rin po che)的五種功德:殊勝的意樂如同黃金般珍貴,堅定的中心不會因惡緣而動搖,銳利的輪輻與智慧相伴, 周圍環繞著許多善法,環境優美,能夠摧毀一切障礙,引導所有善行。 幾天後,他被邀請到曲彌普(chims phu)和桑耶普(bsam yas phu),在那裡他遇到了嘉那巴·香洛(gnyal pa zhang lo)。
【English Translation】 From beginningless time, I have been sinking in the ocean of suffering, tormented by the karma of suffering. The karma of suffering brings endless sins, and I bear the burden of suffering. I have entered the path of suffering, deceived by wrong views, and indulged in recklessness all day long. I implore the Protector to have compassion on me, a suffering being, and forgive all my faults. O Holy King, I and my retinue have displeased you with our reckless behavior. I always commit mistakes involuntarily, like a mind deluded by demons. Whatever sins I have committed, I beseech you to forgive them with compassion. O compassionate Father, please strengthen your compassion and never abandon me! This is Gompa wa Yontan Gyatso’s supplication to the venerable Pal Phagpa Mipham Gonpo in the form of a lament. Later, the translator (Gompa wa Yontan Gyatso), after seeing his biography, was filled with sorrow and built buildings including the Jampa Temple (Byams chen pho brang). The construction of these buildings was not out of worldly motives such as fame and profit, but entirely out of pure Mahayana intention. Even the blind, after offering to the guru for a long time, gradually showed many signs of purification of sins. After death, he was reborn in Tushita (dGa’ ldan), enjoying the excellent Dharma, and finally returned to his hometown. In Yalong (‘Phyos) Ngor Dge, he obtained the thousand-eyed instrument and built temples including the supports of body, speech, and mind. He took practice as the core, and special virtues arose in his mind. After that, he established a base in Rakshasa Mountain (srin po ri) and was invited to various places in the east, west, south, and north, preaching countless Dharmas. In addition, Lhaxiwawo (lha zhi ba ‘od), the lord of Samye Monastery (bsam yas), invited him to perform meritorious deeds for his deceased mother. When he saw the scene of Samye Monastery, he said, ‘The layout of the temple and Buddha statues is very good, but it would be better if it could be renovated like Vikramashila Monastery (bI kra ma shI la).’ He preached the Dharma of the Seven Treasures on the throne of Yubu (yu ‘bog) together with scholars and pandits, that is, the five merits of the Wheel of Faith (dad pa ‘khor lo rin po che): excellent intention is as precious as gold, the firm center will not be shaken by evil conditions, the sharp spokes are accompanied by wisdom, Surrounded by many virtues, the environment is beautiful, able to destroy all obstacles and guide all good deeds. A few days later, he was invited to Chimphu (chims phu) and Samyephu (bsam yas phu), where he met Gyalpa Zhanglo (gnyal pa zhang lo).
ས་སྐྱེ་བོ་ཕལ་མོ་ཆེ་རྣམས་བསྡུས་ཏེ། ཡུ་འབོག་གི་ཁྲི་ལ་བསྡད་ ནས་ཆོས་ཚིག་འགའ་ཞིག་བཏང་བ་དང་། ཇོ་གདན་གཙང་སོ་བའི་ཉམས་སྣང་དུ། དབུ་ཚལ་གསེར་ཁང་གི་ཁྲོན་པ་ནས་བུད་མེད་གཡུའི་ཁ་དོག་ཏུ་འདུག་པ་གཅིག་ཐོན་ནས་ཨ་ཙ་མ་ཨ་ཙ་ མ། ཇོ་བོ་ཕ་གིའི་ཚེའི་བར་ཆད་སྐབས་དེར་བྱས་ཚེ་དེ་ལ་གནོད་པ་ཡིན་ནོ། །ཡུ་འབོག་གི་ཁྲི་ནོན་པ་ལ་སློབ་དཔོན་པདྨའི་བྱིན་རླབས་འཇུག་དགོས་ཟེར་བ་གཅིག་བྱུང་སྐད། ཕྱིས་ཆོས་རྗེ་ དང་གསུང་གླེང་བྱུང་བས། ང་དང་མཧཱ་ལོ་ཙཱ་བ་གཉིས་མིན་པས་ཁྲི་དེར་ཆོས་བཤད་དུ་མི་རུང་བའི་སྣང་བ་གཅིག་ང་ལ་ཡང་བྱུང་གསུངས། ཕྱིས་གཉལ་པ་ཞང་ལོའི་སྐུ་ཚེ་ཐུང་བའི་རྟེན་ འབྲེལ་དུ་གྱུར་སྐད། ཆོས་རྗེས་ཇོ་བོ་ལྷ་ལ་ཁྱེད་ཀྱི་ཉེ་འཁོར་ན་རྒྱ་དཔེ་ཡོད་ཚད་རྩད་ཆོད་ལ་ཁོ་བོ་ལ་བསྟན་པར་ཞུ་གསུངས་ནས། དེ་བཞིན་དུ་བྱས་པས་སྔགས་རྙིང་མའི་གསང་བའི་སྙིང་པོ་དང་རྩ་ལྟུང་རྒྱ་ཆེར་འགྲེལ་གཉིས་ཀྱི་དཔེ་རྙེད། 2-806 རྙིང་མ་པ་རྣམས་ལ་བསྟན་དགོས་སྨྲས་པ་ལ་གཉལ་པ་ཞང་ལོས་རྒྱ་ཆེར་འགྲེལ་ཚགས་བྱས། གསང་སྙིང་དགེ་བཤེས་གྲྭ་པ་ཤཱཀྱ་སེང་གེ་ལ་བཅོལ་བ་ཡིན་ནོ། །མདོ་སྡེ་ལས་འབྱེད། དཔེ་བརྒྱ་པ་ ཞེས་གྲགས་པ་ཞིབ་པར་འཐག་པའི་དཔེ་བྱུང་ནས་ཆོས་རྗེས་དཔེ་སྒྲོམ་དུ་ཕྱག་ཚགས་མཛད། ཕྱིས་སོལ་ནག་ཐང་པོ་ཆེར་བམ་པོ་གཉིས་བསྒྱུར་ནུས་ལྷག་མ་ལུས། མཁའ་འགྲོ་མ་དྲ་བ་སྡོམ་པ་རྒྱ་ མཚོའི་རྒྱུད། རྒྱ་དཔེའི་པོ་ཏི་དྲུག་བྱུང་བ་ལ་གསེབ་ནས་མ་ཚང་བ་མང་བས་དཔེ་ཁང་དུ་སླར་བཞུགས་སུ་བཅུག ཐོན་སྟོན་གྱི་དུས་ན་ཆོས་རྗེ་ལ་གསེར་དངུལ་མང་པོ་དང་ན་བཟའ་ཕྲུགས་ མང་དུ་ཕུལ། གཏེར་ནས་བྱུང་བའི་རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་རྫས་བརྒྱད་ཀྱི་གཟུགས་གསེར་ལས་བྱས་པ་རྣམས་ཕུལ། རིན་པོ་ཆེ་སྣ་བདུན་གྱི་ཆོས་བཤད་པའི་རྟེན་འབྲེལ་ཡིན་གསུངས། ལོ་ཙཱ་ བ་ལ་རྟ་བཟང་པོ་བཞི་དང་། གསེར་སྲང་བཞི་དང་། གཡུ་རྡོག་བཞི་ཕུལ། དེ་རྣམས་ཀྱི་ཕྱེད་ཇོ་བོ་ཞི་བ་འོད་རང་ལ་ཕུལ་ཏེ། ཇོ་བོས་གཏེར་ཡིག་ཟབ་པ་གཅིག་གནང་བར་ཞུ་འཚལ། བྱམས་ ཆེན་བཞེངས་པ་ལ་རྒྱུ་ཆས་མི་ལྡང་བར་བྱུང་བས་ཞེས་ཞུས། ཇོ་བོས་གཏེར་གྱི་ཁ་བྱང་ཀུན་ང་ལ་ཡོད་དགོས་པ་ཡིན་པ་ལ་སེམས་ཅན་བསོད་ནམས་ཆུང་བས་ཡི་གེ་རྣམས་སྲེ་མོ་དང་ཞུམ་བུས་ཁྱེར་ནས་ཕལ་ཆེར་མི་བདོག 2-807 རེ་རེ་ཙམ་གདའ་འམ་གདའ་ལགས་གསུངས། ཆོས་རྗེ་ན་རེ། རྒྱལ་པོ་ཁོང་རང་ཡང་ཀ་ཆད་ཞེན་པ་ལས་མི་འོང་། ངས་ཛཾ་ནག་གི་སྒྲུབ་ཐབས་ཟབ་པ་གཅིག་སྦྱིན་གྱིས། འོན་ཀྱང་ཆོས་མ་ཡིན་ པའི་དོན་དུ་བག་རེ་སྤྱད་ཀྱང་དམ་ཚིག་གཉན་པས་ཕན་ཐོགས་དཀའོ་གསུངས། དེ་ལ་སྤྲོ་བ་དྲག་པོས་ཞུས་པས་ཛཾ་ནག་རྒྱས་པ་ལས་ཚོགས་དང་བཅས་པ་དེ་གནང་། དེའི་ཞར་ལ་དབྱངས་ཅན་མ་ རྒྱས་པ་དང་། གནོད་སྦྱིན་
【現代漢語翻譯】 聚集了大多數人,坐在玉沃的寶座上,說了一些佛法。在覺丹·藏索瓦的景象中,從烏孜金殿的水井裡出現了一個綠松石色的女人,說道:『啊!啊!如果那時對覺沃(Jowo,釋迦牟尼佛像)製造壽命的障礙,那將是有害的。』據說有人說:『坐在玉沃的寶座上,必須得到蓮花生大師(Padma,蓮花生)的加持。』後來,與法王(Chos-rje)交談時,法王說:『除了我和瑪哈洛扎瓦(Mahālocāva,大譯師)之外,誰也不能在那寶座上講法。』後來,據說這成了娘拉香洛(Gnyal-pa Zhang-lo)短壽的徵兆。法王對覺沃(Jowo,釋迦牟尼佛像)說:『請你清點一下你附近所有的印度經書,並展示給我。』就這樣做了,結果找到了寧瑪派(Nyingma,舊譯派)的《秘密精華》(Guhyagarbha Tantra)和《根本墮懺釋》(rtsa ltung rgya cher ‘grel)兩本書。 有人說應該給寧瑪派(Nyingma,舊譯派)看,娘拉香洛(Gnyal-pa Zhang-lo)整理了《根本墮懺釋》(rtsa ltung rgya cher ‘grel)。《秘密精華》(Guhyagarbha Tantra)委託給了格西·扎巴·釋迦僧格(dge bshes grwa pa shAkya seng ge)。出現了名為《百部經分別》(mdo sde las ‘byed dpe brgya pa)的詳細研磨之書,法王(Chos-rje)將其收藏在經書箱中。後來,在索納唐波切(sol nag thang po che)翻譯了兩卷,還剩下一些未譯完。出現了空行母網續(mkha’ ‘gro ma drA ba sdom pa rgya mtsho’i rgyud),印度經書有六函,但由於其中許多不完整,所以又放回了圖書館。在吞頓(thon ston)時期,人們向法王(Chos-rje)供奉了許多金銀和許多華麗的衣服。還供奉了從寶藏中取出的七寶,以及用黃金製成的吉祥八寶的形象。法王說:『這是宣講七寶的緣起。』向譯師供奉了四匹好馬、四兩黃金和四塊綠松石。將這些的一半供奉給了覺沃·希瓦奧(Jowo Zhi-ba-‘od)本人,並請求覺沃(Jowo,釋迦牟尼佛像)賜予一份深奧的伏藏文書。還稟告說,建造慈氏(Byams-chen,彌勒佛)時,材料不足。覺沃(Jowo,釋迦牟尼佛像)說:『所有的伏藏目錄都必須歸我所有,但由於眾生福報淺薄,這些文字大多被冰雹和雪帶走了,所以幾乎沒有了。 法王(Chos-rje)說:『國王本人也只是固執己見,無濟於事。我將賜予你一個深奧的黑閻摩敵(jAm nag,梵文:Yamāntaka)的修法。然而,即使爲了非佛法的目的稍微使用一點,由於誓言的嚴厲,也很難有幫助。』由於他非常渴望地請求,所以賜予了他完整的黑閻摩敵(jAm nag,梵文:Yamāntaka)及其薈供。同時還賜予了完整的妙音天女(dbyangs can ma,梵文:Sarasvatī)和夜叉(gnod sbyin)。
【English Translation】 Gathering most of the people, he sat on the throne of Yuwo and spoke some Dharma words. In the vision of Jowo Gdan Tsang Sowa, a turquoise-colored woman emerged from the well of the Golden Temple of U, saying, ‘Ah! Ah! If an obstacle to the life of Jowo (Jowo, Shakyamuni Buddha statue) is created at that time, it will be harmful to him.’ It is said that someone said, ‘To sit on the throne of Yuwo, one must receive the blessing of Guru Padmasambhava (Padma, Lotus Born).’ Later, when talking with the Dharma King (Chos-rje), the Dharma King said, ‘Except for me and Mahālocāva (Mahālocāva, Great Translator), no one else can teach the Dharma on that throne.’ Later, it is said that this became a sign of the short life of Gnyalpa Zhanglo (Gnyal-pa Zhang-lo). The Dharma King said to Jowo (Jowo, Shakyamuni Buddha statue), ‘Please count all the Indian scriptures near you and show them to me.’ This was done, and as a result, the ‘Secret Essence’ (Guhyagarbha Tantra) of the Nyingma (Nyingma, Ancient Translation School) and the ‘Extensive Commentary on the Root Downfalls’ (rtsa ltung rgya cher ‘grel) were found. It was said that it should be shown to the Nyingmapas (Nyingma, Ancient Translation School), and Gnyalpa Zhanglo (Gnyal-pa Zhang-lo) compiled the ‘Extensive Commentary.’ The ‘Secret Essence’ (Guhyagarbha Tantra) was entrusted to Geshe Drapa Shakya Senge (dge bshes grwa pa shAkya seng ge). A book called ‘Distinguishing the Sutras, One Hundred Sections’ (mdo sde las ‘byed dpe brgya pa), which was a detailed grinding, appeared, and the Dharma King (Chos-rje) stored it in a scripture box. Later, two volumes were translated in Solnak Tangpoche (sol nag thang po che), and some remained untranslated. The Tantra of the Net of Dakinis, Ocean of Vows (mkha’ ‘gro ma drA ba sdom pa rgya mtsho’i rgyud), appeared, and there were six volumes of Indian scriptures, but since many of them were incomplete, they were returned to the library. In the time of Thonton (thon ston), many gold and silver and many splendid clothes were offered to the Dharma King (Chos-rje). The seven precious jewels that came from the treasure and the images of the Eight Auspicious Symbols made of gold were also offered. The Dharma King said, ‘This is the auspicious occasion for teaching the seven precious jewels.’ Four good horses, four ounces of gold, and four pieces of turquoise were offered to the translator. Half of these were offered to Jowo Zhiwa-od (Jowo Zhi-ba-‘od) himself, and he requested Jowo (Jowo, Shakyamuni Buddha statue) to grant a profound treasure document. It was also reported that there were not enough materials to build Maitreya (Byams-chen, Maitreya). Jowo (Jowo, Shakyamuni Buddha statue) said, ‘All the treasure catalogs must belong to me, but because sentient beings have little merit, most of the letters have been carried away by hail and snow, so there are almost none left. The Dharma King (Chos-rje) said, ‘The king himself is just stubborn and will not help. I will give you a profound practice of Black Yamāntaka (jAm nag, Skt: Yamāntaka). However, even if you use a little for non-Dharma purposes, it will be difficult to help because the vows are strict.’ Because he requested with great enthusiasm, he gave him the complete Black Yamāntaka (jAm nag, Skt: Yamāntaka) and its tsog offering. At the same time, he also gave the complete Sarasvatī (dbyangs can ma, Skt: Sarasvatī) and Yaksha (gnod sbyin).
སེང་གེའི་གདོང་པ་ཅན་གནང་ངོ་། །དེ་ནས་ཡར་སྲིན་པོ་རིར་ལོག་པ་དང་། འབྲི་ཁུང་པ་དང་རིན་ཆེན་སྒང་པའི་གདན་འདྲེན་གཉིས་ཀ་འཛོམ་པ་ལ། གསོལ་བ་གདབ་དགོས་ པས་ཞག་གསུམ་སྡོད་གསུངས་ནས། །རྗེ་བཙུན་སྒྲོལ་མ་ལ་མཆོད་པ་མཛད། ཞག་གསུམ་གྱི་ནང་པར་པཎ་ཆུང་ཁ་ཅིག་འཚོགས་ནས་གསུང་གླེང་བྱུང་བ་ལ། བླ་མ་བི་བྷུ་ཏ་ཙནྡྲ་ན་རེ། ནོར་འབྲི་ ཁུང་པ་མང་ཟེར་ཏེ། ཕྱག་རྒྱ་ཆེན་པོ་བ་འདི་བརྫུན་ཆེ་བ་ཡིན་ཟེར་བྱས་པས། ཆོས་རྗེའི་ཞལ་ནས། བུདྡྷ། བུདྡྷ་དེ་སྐད་བྱར་མི་རུང་ངོ་། །ན་ནིང་དབྱར་གླས་མོ་ཆེ་ན་ཡོད་པའི་ཚེ་ ཇོ་སྲས་ཉི་མས་ངའི་ཉེ་གནས་བྱས་པ་ལས། འབྲི་ཁུང་པའི་ཁམས་པ་ཧྲུལ་པོ་གཅིག་གིས་ཆོས་གོས་བསླངས་པའི་དུས་སུ་ངས་སྣམ་བུ་བྱིན་པས་མ་འདོད་དེ་ངའི་ཆོས་གོས་ནས་ཐེན་པ་དང་། 2-808 ཇོ་སྲས་ཉི་མས་དེ་ལ་ཕུལ་བརྡེག་བྱས་པས་འགྱེལ་ཏེ་ཀ་བ་ལ་སྣ་བརྡབས་པས་ཁྲག་མང་པོ་བྱུང་། དེའི་ཚེ་ན་ཞག་བདུན་དུ་རྗེ་བཙུན་འཕགས་མ་ངའི་ཡན་ལག་བདུན་པའི་ཡུལ་དུ་མ་ བཞེད་དེ། ནན་ཏན་བསྐྱེད་པས་ཀྱང་སྐུ་རྒྱབ་བསྟན་ནས་ཞལ་ཡེ་མི་སྟོན་པ་བྱུང་། དེའི་རྒྱུ་མཚན་བྲིས་པས། བཙུན་པ་དེ་ནཱ་གརྫུ་ནའི་…ཀླུ་སྒྲུབ་སློབ་མ་ཡིན་ཏེ་ཁྱེད་ཀྱི་ཞབས་འབྲིང་བས་སུན་ ཕྱུང་གསུང་སྐད། སྒྲིབ་སྦྱོང་གནང་བར་ཞུས་པས། བཙུན་པ་ཆོས་གོས་མེད་པ་ལོ་གྲངས་གཅིག་ལ་ཆོས་གོས་བྱིན་གསུངས། དེས་ན་ནཱ་ག་རྫུ་ན་གང་ན་ཡོད་མི་ཤེས། པཎྜི་ཏ་ཡང་དེར་སོང་ལ་ སྒྲིབ་སྦྱོང་གྱིས། རང་གང་ལ་མོས་པའི་ལྷ་ཁང་གཅིག་བཞེངས་གསུངས། དེར་བླ་མ་བི་བྷུ་ཏས་ཀྱང་འབྲི་ཁུང་དུ་བྱོན་ནས་རིན་པོ་ཆེ་ཉིད་ལ་སྒྲིབ་སྦྱོང་བྱས་ནས་བསྟོད་པ་ཕུལ། ཕྱིས་སྲིན་པོ་ རིར་ལྷ་ཁང་བཞེངས་སོ། །དེ་ནས་འབྲི་ཁུང་པ་རྣམས་ལ། ངའི་འཁོར་ན་བཀའ་གདམས་པ་དང་སྟན་གཅིག་པ་ལ་སོགས་པ་མང་བས། ཁྱེད་ལ་ལས་ཕྱིན་ཅི་ལོག་མོག་པ་སྲིད། བསོད་སྙོམས་ཀྱི་རྟེན་ གང་དམིགས་པ་ཚུར་སྐྱེལ་བར་ཞུ། ལུས་ཀྱིས་མ་མཇལ་བའི་དོད་ཡིད་ཀྱིས་ཡང་ཡང་མཇལ་བར་བགྱིའོ་ཞེས་གསུངས་ནས། སློབ་དཔོན་ཀླུ་སྒྲུབ་ཀྱིས་གསེར་འགྱུར་གྱི་རྩི་འགྲུབ་ལ་ཁད་པའི་རྡོ་དཀར་པོ་དག་ཅིག་སེར་པོར་ལྷང་ལྷང་སོང་བ་ལ་ཇོ་བོ་ལོ་ཀི་ཤྭ་ར་…འཇིག་རྟེན་དབང་ཕྱུག་ཞལ་གསུམ་ཕྱག་དྲུག་པ་བྱས་པའི་རྩིས་ཅན་གཅིག་ཡར་བསྐུར་རོ། ། 2-809 དེའི་ཕྱིས་ར་སྒྲེང་དུ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ལྷ་ཁང་བལྟ་ཞེས་གསུངས་པས་བྱོན་པའི་མར་ལམ་ལ་རྗེ་འབྲི་ཁུང་པས་བསུ་བའི་བཀོད་པ་ཆེན་པོ་དང་འབུལ་བ་རྒྱ་ཆེན་པོའི་གྲབས་ ཀ་མཛད་ནས་གདན་དྲངས་ཀྱང་། གདན་གཅིག་པ་དང་བཀའ་གདམས་པའི་གྲྭ་པ་རྣམས་ཀྱིས་མཇལ་དུ་མ་སྟེར། །ཕྱིས་པུར་བོད་དུ་མི་འཇོག་པའི་རྟེན་འབྲེལ་དུ་བྱུང་བ་ཡིན་སྐད། གསེར་དངུལ་དང་ན་བཟའ་ གོས་ཆེན་མང་པ
【現代漢語翻譯】 ‘賜予獅子面容。‘之後返回辛波日,仲昆巴和仁欽崗巴的供養都聚集在一起,因為需要祈禱,所以說要停留三天。於是供養杰尊卓瑪(聖救度母)。在三天之中,一些小班智達聚集在一起談論,喇嘛比布達旃陀羅說:‘據說仲昆巴有很多財富,但這位大手印者非常虛偽。‘法主的尊顏說:‘Buddha,Buddha,不應該那樣說。去年夏天在拉莫切時,喬色尼瑪做我的近侍,當時一個仲昆巴的破爛堪布索要法衣,我給了他粗布,但他不想要,從我的法衣上撕下一塊布,喬色尼瑪打了他一下,他摔倒了,鼻子撞到柱子上,流了很多血。當時,杰尊帕瑪(聖救度母)七天都不願到我的七支供養處,即使努力祈禱,也只是背對著我,不肯顯現尊容。‘寫明原因后,說:‘那位僧人是龍樹…龍樹的弟子,因為他是您的侍者,所以冒犯了他。‘請求消除罪障,說:‘給那位沒有法衣的僧人一件法衣,為期一年。‘因此,不知道龍樹在哪裡,班智達也去那裡消除罪障,建造一座自己喜歡的神殿。‘之後,喇嘛比布達也去了仲昆,向仁波切本人懺悔,並獻上讚頌。後來在辛波日建造了神殿。之後對仲昆巴們說:‘我的眷屬中有很多噶當巴和同座者等等,你們可能會有顛倒錯亂的想法。請把你們認為合適的供養物送來。雖然身體不能相見,但心會一次又一次地相見。‘說完,供奉了阿阇黎龍樹鍊金術即將完成時,一塊白色的石頭變成了閃閃發光的黃色,上面雕刻著覺沃洛給夏瓦拉(โลกíšวร,lokīśvara,世自在)三面六臂的像。 之後,聽說要去熱振寺參觀迪邦嘎拉室利智的寺廟,仲昆巴準備了盛大的迎接儀式和豐厚的供養來迎接,但是同座者和噶當巴的僧侶們不允許他們見面。據說後來發生了不把普布(佛像)留在西藏的預兆。供奉了很多金銀和綾羅綢緞。
【English Translation】 ‘Granting the face of a lion.’ Then returning to Sinpo Ri, both the offerings of Drikungpa and Rinchen Gangpa were gathered. Because it was necessary to pray, he said to stay for three days. Then he made offerings to Jetsun Drolma (Holy Tara). During the three days, some junior paṇḍitas gathered and had discussions. Lama Bibhutachandra said, ‘It is said that Drikungpa has a lot of wealth, but this Mahāmudrā practitioner is very deceitful.’ The Dharma Lord’s face said, ‘Buddha, Buddha, it is not right to say that. Last summer when I was in Lamo Ché, Jowo Sonam Nyi made me a close attendant. At that time, a ragged Khampa monk from Drikungpa asked for a Dharma robe. I gave him coarse cloth, but he didn’t want it. He tore a piece of cloth from my Dharma robe. Jowo Sonam Nyi hit him, and he fell, hitting his nose on a pillar, causing a lot of blood to flow. At that time, for seven days, Jetsun Phakma (Holy Arya Tara) was unwilling to come to my place of seven-limbed worship. Even with diligent prayer, she only showed her back and never showed her face.’ After writing down the reason, he said, ‘That monk is Nāgārjuna’s…Nāgārjuna’s disciple, and because he was your attendant, he offended him.’ He asked for purification of obscurations, saying, ‘Give that monk without a Dharma robe a Dharma robe for one year.’ Therefore, I don’t know where Nāgārjuna is. The paṇḍita should also go there to purify obscurations and build a temple that he likes.’ After that, Lama Bibhuta also went to Drikung and confessed to Rinpoche himself, and offered praise. Later, a temple was built in Sinpo Ri. Then he said to the Drikungpas, ‘Among my entourage, there are many Kadampas and those who share the same seat, etc. You may have inverted and confused thoughts. Please send back whatever offerings you deem appropriate. Although the body cannot meet, the mind will meet again and again.’ After speaking, he offered a white stone that was about to complete the alchemy of Ācārya Nāgārjuna, which had turned into a glittering yellow, with a carving of Jowo Lokīśvara (โลกíšวร, lokīśvara, Lord of the World) with three faces and six arms. After that, hearing that he was going to visit Dīpaṃkaraśrījñāna’s temple in Radreng, Drikungpa prepared a grand welcoming ceremony and generous offerings to greet him, but the monks of the same seat and the Kadampas did not allow them to meet. It is said that later, an omen occurred that the Pur-bu (statue) would not be left in Tibet. Many offerings of gold, silver, and silk brocades were made.
ོ་དང་རྟ་བཟང་པོ་ལ་སོགས་པ་མང་དུ་བསྐུར་ནས། ཆོས་ཀྱི་སྙིང་པོ་མདོར་བསྡུས་གཅིག་ཞུ་གསུངས་པ་ལ། མཧཱ་ལོ་ཙཱ་བ་དང་འཛོམ་པའི་ཚེ་བསྐུར་རོ་གསུངས་ནས། ཆོས་སྐྱེས་ བྱ་བ་དེ་ཕྱིས་བསྐུར་བ་ཡིན། དེ་དུས་ཀྱི་ཞལ་འཕྲིན་དུ་ངེད་ཅག་དཔོན་སློབ་རྣམས་ཀྱང་། དགེ་བསྙེན་ཆེན་པོ་ལི་ཙ་བིའི་ཆོས་ལ་ཉན་བཤད་དང་མོས་གུས་བྱེད་པ་ཡིན་པ་ལ། ལས་འབྲེལ་ གྱིས་བཅིངས་པའི་འཁོར་ཁ་ཅིག་གི་སྟབས་ཀས། ཉེ་གྲགས་ན་ཚིག་གིས་དོགས་པ་ཡིན་པས། སྦྲན་པ་ལམ་འོངས་པ་བཟོད་པར་མཛད་པར་ཞུ་གསུངས་སོ། །རིན་ཆེན་སྒང་པ་རྣམས་ལ་དཱི་པཾ་ཀ་རའི་ ལྷ་ཁང་བསྐོར་ལ་འོང་གིས་གསུངས་ནས་བརྫངས། སྔོན་དུ་རིན་ཆེན་སྒང་བ་བསམ་ཡས་སུ་ཡུམ་གྱི་དགེ་རྫོངས་ལ་ཆོས་འཁོར་མཛད་པའི་དུས་སུ་རྣལ་ཡུ་བ་གཅིག་བྱུང་བ་དང་། དེ་རིང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་ཡ་གཅིག་སྐལ་ལྡན་ཤིང་རྟ་བྱ་བ་དང་མཇལ་དགོས་པར་འདུག་གིས་དགེ་སྦྱོར་གྱི་ཐུན་མྱུར་དུ་གྱིས་བྱ་བའི་བརྡ་གཅིག་ཐོས་སྐད། 2-810 དེ་མ་ཐག་རིན་ཆེན་སྒང་པའི་མཇལ་བ་ཞུ་བས་སླེབ། དེའི་མཚན་མོ་ཆོས་སྤྱོད་ཀྱི་དུས་སུ་བྷ་ཌི་ལ། དགེ་བཤེས་དེ་སྐལ་ལྡན་ཤིང་རྟ་ལགས་སམ་དྲིས་པས། སྐལ་ལྡན་ནི་ཡིན། ཤིང་རྟ་ དེ་རྒྱ་མ་རིན་ཆེན་སྒང་གི་ལས་ཀས་མི་དམུ་རྒོད་མང་པོ་མཐོ་དམན་མཉམ་པས་ཆག་འགྲོ་བར་འདུག འོན་ཀྱང་ཁྱེད་རང་དེར་སྦྲོན་པར་འདུག་པས་ཐེངས་གསུམ་བསྡད་ན་ལས་སྒྲིབ་དག་པར་འགྱུར། ལན་གཉིས་ལས་མ་ཕྱིན་ན་འཆི་ཁར་འཁོར་གྱི་རྩོད་པ་སྟོབས་ལྡན་གྱི་ལས་མ་དག་པ་གཅིག་སོག་སྟེ། ཡིད་སྐྱེ་བ་གཉིས་སམ་གསུམ་ན་ཁྱེད་ལ་བསྟེན་པའི་ལས་དག་པར་བྱེད་དགོས་པ་ཞིག་ འོད་སྟབས་ཤིག་དག་པར་བྱེད་པར་འདུག་གོ་གསུང་སྐད། བདག་ལ་བསྟེན་པའི་ལས་ཅི་འདྲ་བ་ཞིག་ལགས་ཞེས་ཞུས་པས། ཁྱེད་ཅག་འཁོར་བཅས་སྤྱན་དྲངས་པའི་ཚེ། པཎ་ཆེན་འདི་ཉིད་དགྲ་བཅོམ་པར་གྲགས་ པ་ལ་ཤིན་ཏུ་མི་དགོས་པའི་རྒྱ་གར་བཙུན་མ་ཁྲིད་བྱུང་། བགོས་པའི་ལོ་ཙཱ་བ་དེ་མ་བྱུང་ཞེས་ཟེར་བའོ། །ཞེས་སོ། །དེ་ཁོ་ན་བཞིན་ཆོས་རྗེ་འཁོར་བཅས་ལན་གཉིས་སུ་གདན་དྲངས་ནས་ ཆོས་འཁོར་རྒྱ་ཆེར་གཟབ་སྟེ་མཛད། །ཕྱིས་སྒྲོལ་མ་འཆི་ཀའི་མན་ངག་ཐིམ་པ་བདུན་བྱ་བ་དེ་ཐུགས་དམ་དུ་ཕོག་པ་ཡིན་སྐད་དོ། །ཆོས་རྗེ་པས་མཛད་པའི་རྒྱལ་སྲས་ལམ་རིམ་ནས། རྨི་ལམ་ལྟ་བུར་ཕྱི་རོལ་མིན། ། 2-811 སྒྱུ་མ་ལྟ་བུར་བདེན་དོན་མེད། །ནམ་མཁའ་ལྟ་བུར་མཚན་ཉིད་བྲལ། །ཆོས་ཀུན་རང་བཞིན་འོད་གསལ་བའོ། །ཞེས་བྱ་བ་དེ་གསེར་ཡིག་ལ་བརྒྱ་རྩ་བརྒྱད་བྲིས་ནས། བུ་སློབ་ཆོས་རྒྱུས་ཆེ་ཆེ་རྣམས་ ལ་བསྐུར་ཞིང་འདི་ཀ་གཅིག་པུས་ཆོག་གསུངས་པ་ལགས་སྐད། དེ་ནས་ཕྱིས་ལྷོ་བྲག་དང་གཉལ་ལོ་རོ་ནས་རྩེ་དཀར་གྱི་བར་དུ་འགྲོ་དོན་མཛད་པའི་རྣམ་ཐར་མང་དུ་ཡོད་དེ་བྲི་མ
【現代漢語翻譯】 送去大量的絲綢和良馬等禮物后,(他們)說:『請您簡要地傳授佛法的精髓。』(Atisha)說:『當我與譯師相遇時,我會傳授。』後來才傳授了名為《法生》的法。當時的書信中說:『我們師徒也對大居士離車子的佛法進行聽聞、講授和信奉。』由於業緣的束縛,一些眷屬的緣故,因為害怕流言蜚語,所以請您寬恕我遲來的邀請。』送給仁欽崗巴(Rinchen Gangpa)等人,讓他們繞行燃燈佛(Dipamkara)的寺廟。 之前,仁欽崗巴在桑耶寺(Samye Monastery)為母親做功德時,出現了一個瑜伽士,他說:『今天似乎必須見到賢劫千佛之一,名為有緣車(Kaldan Shingta)的人,所以請儘快進行修行。』聽到了這樣的預兆。 之後,仁欽崗巴立即前去拜見(Atisha)。那天晚上,在修行時,他問巴帝拉(Bhaḍi),『那位格西(Geshe)是有緣車嗎?』(巴帝拉)回答說:『有緣是對的,但因為仁欽崗巴的事業,許多愚昧的人,無論地位高低,都會受到損害。但是,您似乎被邀請到那裡,如果去三次,業障就會消除。如果只去兩次,臨終時會留下一個強大的眷屬爭端,以及一個未凈化的業力,所以需要通過兩三次的信心來凈化與您有關的業力,似乎需要凈化一道光明。』 (仁欽崗巴)問道:『與我有關的業力是什麼樣的?』(巴帝拉)回答說:『當您們迎請班智達(Pandita,大學者)時,因為這位班智達被稱為阿羅漢(Arhat,已證悟者),所以帶來了一位非常不受歡迎的印度比丘尼(bhikshuni,女性出家人),並且說沒有分到食物的譯師沒有來。』 正如(巴帝拉所說)那樣,法王(Chögyal,法王)師徒被迎請了兩次,並舉行了盛大的法會。後來,名為《度母速疾加持法》的法門融入了他的心中。在法王所著的《聖子道次第》(Gyalsé Lamrim)中寫道:『如夢如幻非外境,如幻如化無實義,如空如虛離相狀,諸法自性本光明。』 將這首偈頌用金字書寫了一百零八遍,送給重要的弟子和法友,並說僅僅依靠這個就足夠了。 之後,從洛扎(Lhodrak)和涅(Nyal)到孜嘎(Tsékar),他做了許多利益眾生的事業,但這裡就不寫了。
【English Translation】 After sending many gifts such as silk and fine horses, (they) said, ‘Please briefly impart the essence of the Dharma.’ (Atisha) said, ‘When I meet the translator, I will impart it.’ Later, he imparted the Dharma called ‘The Birth of Dharma.’ In the letter at that time, it was said, ‘We teachers and disciples also listen to, teach, and believe in the Dharma of the great layperson Licchavi.’ Due to the bonds of karma, and because of some attendants, fearing rumors, please forgive my late invitation.’ He sent Rinchen Gangpa and others to circumambulate the temple of Dipamkara. Before that, when Rinchen Gangpa was performing meritorious deeds for his mother at Samye Monastery, a yogi appeared and said, ‘Today it seems necessary to meet one of the thousand Buddhas of this fortunate eon, named Fortunate Chariot (Kaldan Shingta), so please quickly engage in virtuous practice.’ He heard such a sign. After that, Rinchen Gangpa immediately went to see (Atisha). That night, during practice, he asked Bhati, ‘Is that Geshe (spiritual teacher) Fortunate Chariot?’ (Bhati) replied, ‘Fortunate is correct, but because of Rinchen Gangpa’s activities, many ignorant people, regardless of their status, will be harmed. However, you seem to be invited there, and if you go three times, karmic obscurations will be eliminated. If you only go twice, at the time of death, a powerful dispute among attendants and an unpurified karma will remain, so it is necessary to purify the karma related to you through two or three times of faith, and it seems necessary to purify a ray of light.’ (Rinchen Gangpa) asked, ‘What kind of karma is related to me?’ (Bhati) replied, ‘When you invited the Pandita (scholar), because this Pandita is known as an Arhat (enlightened being), he brought an Indian bhikshuni (nun) who is very unpopular, and it is said that the translator who was supposed to share the food did not come.’ Just as (Bhati) said, Chögyal (Dharma King) and his disciples were invited twice, and a grand Dharma assembly was held. Later, the practice called ‘Tara’s Swift Blessing’ was integrated into his heart. In the Gyalsé Lamrim (Stages of the Path of a Bodhisattva) written by Chögyal, it is written: ‘Like a dream, not external; like an illusion, without true meaning; like the sky, devoid of characteristics; all phenomena are naturally clear light.’ This verse was written one hundred and eight times in gold letters and given to important disciples and Dharma friends, and he said that relying on this alone was sufficient. After that, from Lhodrak and Nyal to Tsékar, he did many deeds to benefit beings, but they will not be written here.
ི་ལང་ ངོ་། །ཡར་ལུང་སུ་ཀུ་དོ་དང་སོལ་ནག་ཐང་པོ་ཆེར་ཡང་ཡང་བྱོན། ཡུན་རིང་པོར་བཞུགས་སོ། །ཐང་པོ་ཆེར་བསོད་སྙོམས་བླངས་ནས་མི་ཁྲོམ་ཆེས་པས་མ་ཤོགས་ཏེ། ཚ་ཚའི་ཁང་བུ་གཅིག་གི་ སྟེང་དུ་ལྷུང་བཟེད་ཟས་ཀྱིས་གང་བ་བཞག་པ་ལྷུང་བཟེད་དྲེད་ནས་ཟས་ཀྱི་ལྡག་ལྡོག་གིས་ཚ་ཁང་མ་རུང་བར་བྱས། ཐུགས་དམ་གྱི་བསྐྱེད་རྫོགས་ཀྱང་མི་གསལ། ཐུགས་བྱིང་བ་ཤས་ཆེ་བས་ཉོག་ ཉོག་པོ་ཞིག་བྱུང་བས་བྷ་ཌིའི་ཞལ་ནས། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བྱ་བ་བསྐལ་བ་བཟང་པོའི་སངས་རྒྱས་ཡིན་པ་ལ་དེས་ཁོང་རང་ལ་བསོད་ནམས་བྱས་པ་ཐམས་ཅད་འཁོར་བར་མི་ ལྷུང་བར་བྱེད་པའི་ལས་དང་སྨོན་ལམ་གྱི་རྟེན་ཚ་ཚ་བཞུགས་ནས་བསྐོར་བ་བྱེད་པ་ཡིན་པ་ལ། ཁྱེད་ཀྱི་ལྷུང་བཟེད་ནས་ཟས་ཀྱི་ལྡག་ལྡོག་ལྷུང་བའི་ལས་སྒྲིབ་གྱིས་ཉེས་པར་བྱས། འདི་ཀ་ཙུག་མ་བཤགས་ན་འཁོར་ཐམས་ཅད་ལ་ཡང་རིམས་ནད་ཀྱིས་འདེགས་པར་འགྱུར་རོ་གསུང་སྐད། 2-812 དེ་མ་ཐག་ཆོས་རྗེ་ཉིད་ལ་ཕུལ་བའི་ཡོ་བྱད་གང་ཡོད་པ་དགེ་འདུན་གཞི་མགྲོན་ཐམས་ཅད་ཀྱི་སྟོན་མོ་མཛད། རྡོ་རྗེ་རྣམ་འཇོམས་དང་གཙུག་ཏོར་རྣམ་པར་རྒྱལ་མའི་ཁྲུས་ཆོག་མཛད་དོ། །ཡང་ ཐང་པོ་ཆེར་གཉལ་པ་གཙང་ནག་པ་བྱ་བས། ལོ་ཙཱ་བ་ལ་བགྲོ་གླེང་བྱེད་པའི་དུས་སུ། ཇོ་བོ་རྗེའི་ལུང་གཅིག་དྲངས་པ་ལ་ལོ་ཙཱ་བས་ཁ་བརྙས་གཅིག་བྱས། དེའི་ནང་པར་ནས་སྐད་ འགགས་ཏེ། ཚོགས་ཆེན་པོར་ཆོས་འཆད་པའི་འཕྲོ་ཆད། རྒྱུད་བླ་མ་དང་སྐྱེས་རབས་དང་སྤྱོད་ཡུལ་ཡོངས་སུ་དག་པའི་མདོའི་དོན་བསྒྱུར་བ་རྣམས་བར་ཆད། ཟླ་བ་གཅིག་ཏུ་སོས་སུ་མ་བཏུབ་ནས་ཡར་ ལུང་ཀྱི་ཤར་ཕུར་སོང་ནས། ར་མོ་སྨན་ཆུ་འཐུངས་པ་ལ་སོགས་པས་ཀྱང་མ་ཕན། ཆོས་རྗེ་ལ་ཞུས་པས་དཱི་པཾ་ཀ་ར་ལ་བཤགས་པ་འབུལ་དགོས་གསུངས། དེ་ནས་བཤགས་པ་བྱས་ནས་མཆོད་ པ་ཕུལ། དགའ་ལྡན་དུ་ལྷའི་བུ་ནམ་མཁའ་དྲི་མེད་དུ་སྐུ་བལྟམས་པའི་བསྟོད་པ་དང་གསོལ་འདེབས་བྱས་པས་མགྲིན་པ་སོས་སོ། །དེ་ནི་སར་བྷཾ་ཀ་ཞེས་བྱ་བ་མགྲིན་པའི་ནང་ཅུང་ཟད་གཅིག་ ཡིན་ཏེ། བཤགས་པ་མ་བྱས་ན་ཛི་བྷཾ་བྷཾ་ཀ་…འབྲས་བྱ་བ་འོང་བ་ཡིན་ཏེ། དེ་བྱུང་ན་ལོ་ཙཱ་བ་དིག་པ་དང་ཁྱད་མེད་དུ་འགྱུར་བ་ཡིན་གསུངས་སོ། །གསོལ་འདེབས་ནི་འདིའོ།། །། རྗེ་བཙུན་མི་ཕམ་མགོན་པོ་ལ་ཕྱག་འཚལ་ལོ། ། 2-813 མཁའ་སྤྱོད་ཐེག་ཆེན་དགའ་ལྡན་གཞལ་མེད་ཀྱི། །སྣ་ཚོགས་རིན་ཆེན་པད་སྡོང་འཁྱིལ་བའི་དབུས། །འོད་ཟེར་དྲ་བ་གཞའ་ཚོན་ཕྲེང་དཀྲིགས་པར། །མགོན་པོའི་མདུན་བཞུགས་དྲི་མེད་བདག་དགོངས་གསོལ། །སྡིག་ཆེན་བདག་ལྟས་ འཁོར་བའི་བཙོན་ཁང་དུ། །མི་ཟད་ཆགས་སྡང་གཏི་མུག་འཆིང་བས་བཅིངས། །དུ་ཁ་མེ་འབར་ཐར་པའི་སྐབས་མེད་ན། །སུ་ཞིག་མགོན་མེད་བདག་གི་སྐྱོབ་མཛད་འགྱུར། །ཀྱེ་ཀྱེ་ཉམ་ཐག་འགྲོ་བ་འདྲེན་པའི་ དཔལ། །ཁྱོ
【現代漢語翻譯】 尊者說:『是的,他曾多次前往雅隆的蘇古多和索那唐波切,並在那裡住了很長時間。』在唐波切乞食時,因為人太多,沒有得到食物。他把裝滿食物的缽放在一個小泥屋上,缽被打翻,食物灑得到處都是,把泥屋弄得一團糟。他的修持次第也不清楚,因為他的心大部分時間都很沮喪,發生了很多混亂。於是,巴底尊者說:『燃燈吉祥智(梵文:Dīpaṃkara Śrījñāna),是賢劫的佛陀,他所做的一切功德,都是爲了不墮入輪迴,所以他把擦擦(藏文,梵文天城體,梵文羅馬擬音,Tsa Tsa,泥土小塔,小擦擦)作為業和愿的所依,並繞著它轉。但是,你的缽里的食物灑了出來,這個業障造成了過失。如果不懺悔,所有的眷屬都會被瘟疫襲擊。』 說完,他立即把所有供養給法主的物品,都用來供養所有僧眾。他做了金剛摧壞和尊勝佛母的沐浴儀軌。還有,在唐波切,一個叫嘉那巴藏那巴的人,在譯師辯論的時候,引用了阿底峽尊者的一句話,被譯師嘲笑。第二天,他的聲音就嘶啞了,無法繼續向大眾講法。他翻譯的《寶性論》、《本生經》和《清凈行經》等都被中斷了。一個月都沒有好轉,於是他去了雅隆的夏普,喝了拉摩的藥水等,也沒有用。他向法主請教,法主說必須向燃燈佛懺悔。於是他懺悔並供養。在兜率天,他做了讚頌和祈禱,讚頌天子無垢生於兜率天,他的喉嚨就恢復了。這是因為他的喉嚨里有一點點像薩爾邦卡的東西,如果不懺悔,就會得吉邦邦卡…一種叫做「འབྲས」的疾病,如果得了這種病,譯師就會變得像啞巴一樣。』祈禱文如下: 頂禮至尊無勝怙主! 于空行大乘兜率無量宮中, 種種珍寶蓮莖纏繞之中央, 光芒網狀虹彩縈繞之處, 怙主前安住,祈請無垢我垂念! 罪大惡極我,于輪迴牢獄中, 無盡貪嗔癡,以束縛而捆綁, 痛苦火焰燃,無有解脫時, 誰能救護,無怙之我於水火? 嗚呼可憐,引導眾生之吉祥, 您…
【English Translation】 The venerable one said, ‘Yes, he went to Yarlung’s Sukudo and Solnak Tangpoche many times, and stayed there for a long time.’ While begging for alms in Tangpoche, because there were too many people, he didn’t get any food. He put the bowl full of food on a small mud house, and the bowl was knocked over, and the food spilled everywhere, making a mess of the mud house. His practice sequence was also unclear, because his mind was mostly depressed, and a lot of confusion occurred. Then, Bhadipa said, ‘Dīpaṃkara Śrījñāna (藏文:དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་,梵文天城體:दीपांकर श्रीज्ञान,梵文羅馬擬音:Dīpaṃkara Śrījñāna,漢語字面意思:燃燈吉祥智), is the Buddha of the Good Kalpa, and all the merits he has done are to prevent falling into samsara, so he takes the Tsa Tsa (藏文,梵文天城體,梵文羅馬擬音,Tsa Tsa,漢語字面意思:泥土小塔) as the basis of karma and vows, and revolves around it. However, the food from your bowl spilled out, and this karmic obscuration caused a fault. If you don’t confess, all the retinue will be attacked by the plague.’ After saying that, he immediately used all the items offered to the Dharma Lord to make offerings to all the Sangha. He performed the bathing ritual of Vajra Destruction and the Victorious Buddha-Mother. Also, in Tangpoche, a person named Gyalpa Tsangnakpa, during the debate of translators, quoted a sentence from Atiśa, and was ridiculed by the translator. The next day, his voice became hoarse, and he could not continue to preach to the public. His translations of the Ratnagotravibhāga, the Jataka Tales, and the Cāryāmelāpakapradīpa were interrupted. He did not recover for a month, so he went to Yarlung’s Sharpu, drank the medicine water of Ramo, etc., but it was of no use. He asked the Dharma Lord for advice, and the Dharma Lord said that he must confess to Dīpaṃkara. So he confessed and made offerings. In Tuṣita, he made praises and prayers, praising the son of the gods, Immaculate, born in Tuṣita, and his throat recovered. This is because there is a little bit of something like Sarbangka in his throat, and if he doesn’t confess, he will get Jibhangbhangka… a disease called ‘འབྲས’, and if he gets this disease, the translator will become like a mute.’ The prayer is as follows: Homage to the venerable and unsurpassed Protector! In the immeasurable palace of Tuṣita, the Great Vehicle of Khechara, In the center of the lotus stems of various jewels, Where the web of light is surrounded by rainbows, Abiding before the Protector, I pray that the immaculate one will remember me! I, a great sinner, in the prison of samsara, Bound by the bonds of endless greed, hatred, and ignorance, The flames of suffering burn, there is no time for liberation, Who will protect me, the helpless one, from water and fire? Alas, the glorious one who guides sentient beings, You…
ད་སྔོན་ཐུབ་པའི་མདུན་ན་བཟང་སྐྱོང་སྟེ། །ཁ་བ་ཅན་ན་མར་མེ་མཛད་ཅེས་གྲགས། །མི་ཕམ་དྲུང་ན་ནམ་མཁའ་དྲི་མེད་ཐོས། དེ་བས་མཁྱེན་བརྩེ་མཐུ་ཆེན་ཐབས་མངའ་བ། །ཁྱེད་ལ་རྩེ་ གཅིག་རེ་བས་བདག་གསོལ་གྱིས། །འབར་བའི་ཁྱིམ་ནང་གཉིད་ལོག་མྱོས་འདྲ་བདག །བྱིན་རླབས་ཆུ་ཆེན་ཆར་གྱིས་བསིལ་བར་མཛོད། །ཡོན་གནས་རྒྱ་མཚོ་ཁྱེད་ལ་བདག་ལྟ་བུས། །རྒྱུ་མེད་བབ་ཅོལ་སྨྲས་བགྱིས་བཟོད་ མཛད་ལ། །དེ་བཤགས་ཡན་ལག་བདུན་ལྡན་ཉིན་མཚན་དུ། །ཡིད་ལས་བྱུང་བའི་མཆོད་པ་ལེགས་མཆོད་བཞེས། །ཁྱོད་ཐུགས་རྣམ་དག་ཡོངས་དག་རྫོགས་སངས་རྒྱས། །ཁྱོད་གསུང་སླུ་མེད་དྲི་མེད་དམ་པའི་ཆོས། །ཁྱོད་སྐུ་ མཚན་མཆོག་ཞིང་མཆོག་དགེ་འདུན་ཉིད། །སྐྱབས་གསུམ་དངོས་གཅིག་གྱུར་ལ་ཕྱག་འཚལ་ལོ། །རབ་འབྱམས་ཞིང་ན་མི་དང་ལྷ་རྫས་ཀྱི། །ཡོ་བྱད་གྱ་ནོམ་མཐའ་ཡིས་ཡིད་འོང་གང་། །དེ་དག་མཁའ་ཁྱབ་འགྲོ་དང་ལྷན་ཅིག་ཏུ། ། 2-814 ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད། །བདག་གིས་དུས་གསུམ་སྒོ་གསུམ་དུག་གསུམ་གྱིས། །མི་བཟད་མི་དགེ་གང་བགྱིས་ཁྱོད་སྤྱན་སྔར། །གནོང་འགྱོད་འཇིགས་དྲན་མཐོལ་བགྱིས་སོ་སོར་བཤགས། །ཕྱིན་ཆད་རྨི་ལམ་ དུ་འང་མི་བགྱིད་ཤོག །ཁྱེད་མཛད་ཐོག་དྲངས་ཆོས་དབྱིངས་མཐས་ཀླས་ན། །ངོ་མཚར་དགེ་ཚོགས་གང་མཆིས་ཀུན་ལ་བདག །དགའ་མགུ་མི་བྱེད་སྤྲོ་བ་བརྒྱ་ལྡན་པས། །སྙིང་དཀྱིལ་རྐང་གི་ཁོང་ནས་ཡི་རང་ ངོ་། །འགྲོ་མགོན་ཡབ་སྲས་འཁོར་བ་ཇི་སྲིད་བར། །ལུས་ཅན་མི་ཤེས་འཆིང་བ་བཅད་སླད་དུ། །མཁྱེན་བརྩེའི་རྩིབས་རྣོ་ཏིང་འཛིན་ལྟེ་བ་བརྟན། །ཆོས་དཀར་འཁོར་ལོ་དམ་པ་བསྐོར་མཛད་གསོལ། །ལྷུན་པོ་རྒྱ་ མཚོགསེར་བཞི་ནམ་མཁའ་དང་། །ཉི་ཟླ་ཡིད་བཞིན་ནོར་བུའི་ཚུལ་བདུན་གྱིས། །མི་གཡོ་མི་ཟད་མི་འགྱུར་སྒྲིབ་མེད་པར། །གསལ་བསིལ་དགོས་འབྱུང་མྱ་ངན་མི་འདའ་བཞུགས། །འགྲོ་སེམས་རང་བཞིན་འོད་གསལ་མཁའ་འདྲ་ ཡང་། །སྣ་ཚོགས་སྒྲིབ་སྤྲིན་མ་རུང་མྱུར་བསལ་ཕྱིར། །བདག་མཆིས་དགེ་བདེ་མ་ལུས་གཞན་བཙལ་ཞིང་། །གཞན་སྡིག་དུ་ཁ་མཐའ་དག་བདག་ཁུར་རོ། །བདག་གཞན་འཁོར་གསུམ་རྒྱ་ཆེན་དྲི་མེད་ཀྱིས། །གང་བསགས་མཆོད་ ཡོན་མེ་ཏོག་སྙིམ་པོ་འདིས། །ཁྱོད་མཆོད་མ་འཚོགས་རེ་བ་ཀུན་སྒྲུབ་ཕྱིར། །གང་བཞུད་ལམ་གནས་བདག་ཀྱང་དེར་འདྲེན་ཤོག །ཁྱོད་སྔར་འཕགས་མས་ལུང་བསྟན་བྱང་ཕྱོགས་སུ། །བསྟན་པའི་སྙིང་པོ་མངོན་སུམ་སྐུ་གསུང་གིས། ། 2-815 སྣང་མཛད་དེ་ཚེ་ཁོ་བོ་རང་སྐྱོན་གྱིས། །བདུད་རྩིའི་སྐལ་སྣོད་མ་གྱུར་ཀྱི་ཧུད་མཚར། །སླད་དུས་རིངས་ནས་འགྲོ་ཤུལ་བྱ་ཁྱི་ལྟར། །ཁྱེད་གསུང་གཟེགས་མ་ཙམ་ཡང་སྲིད་འཚལ་བ། །ལོ་ཙཱའི་མིང་ཅན་ ཀུན་རྨོངས་བུ་ཞིག་འདིར། །ཐལ་སྦྱར་དུས་དྲུག་གསོལ་འདེབས་མཁྱེན་པར་མཛོད། །བསྟན་སྲོག
【現代漢語翻譯】 過去在能仁(釋迦牟尼佛)前,您是善護(菩薩名),在雪域(指西藏)被稱為燃燈(佛名)。 在彌勒(未來佛)尊前,您聽聞了無垢虛空(法門)。因此,您具備廣大的智慧、慈悲和能力,擁有善巧方便。 我全心全意地祈求您,請您垂聽我的祈禱!我如同在燃燒的房屋中沉睡和醉酒的人,請您以加持的甘霖來 cooling 我。 您是功德的源泉,如大海般浩瀚,我這樣的人對您說了許多無意義的閑話,請您寬恕。 爲了懺悔這些過錯,我日夜修持七支供,並接受我從內心深處涌現的供養。 您的意是純凈、完全清凈的圓滿正覺(佛),您的語是真實不虛、無垢的聖法(佛法),您的身是具足殊勝相好、清凈的福田(僧)。 向這三寶的合一之體頂禮! 在無盡的剎土中,無論人或天所擁有的,所有珍貴、美好和令人嚮往的物品,我都將它們與遍佈虛空的眾生一起, 作為普賢供云的無盡大海,永遠供養。 我過去在身、語、意上,由於貪、嗔、癡三毒所造作的一切不善業,都在您面前坦白懺悔, 並下決心今後即使在夢中也不再造作。 您所做的一切,從最初直到無盡的法界,所有奇妙的善行,我都由衷地隨喜, 以百倍的喜悅,從心底深處發出讚歎。 爲了救度眾生怙主(上師)和您的眷屬,直到輪迴結束,爲了斷除有情眾生的無明束縛, 祈請您轉動具有智慧利劍、慈悲為軸心、穩固禪定的白色正法之輪。 愿您如須彌山、大海、四洲、天空、日月和如意寶般, 不搖動、不窮盡、不變異、無有遮蔽,光明清涼,利益眾生,永不涅槃。 眾生的心性本具光明,如同虛空一般,爲了迅速消除各種煩惱的烏雲, 我將自己所有的善樂都給予他人,並將他人所有的罪惡痛苦都由自己承擔。 愿我與他人三世所積累的廣大無垢的功德,以及以此所供養的鮮花, 爲了實現您所有的願望,無論您前往何處,愿我也能被引導至那裡。 過去,蓮花生大士曾預言您將會在北方(指西藏),以身、語示現佛法的精髓。 在那一生,由於我自己的業障,未能成為接受您甘露的法器,真是遺憾! 此後,我像追隨鳥或狗的足跡一樣,渴望得到您話語的隻言片語。 現在,這個名叫譯師(指作者自己)的愚昧之子,在此懇切祈請,愿您垂聽! 祈願佛法長存!
【English Translation】 In the past, before Thubpa (Shakyamuni Buddha), you were Zangkyong (a Bodhisattva), known as Marmey Dze in the Land of Snows (Tibet). Before Mipham (Maitreya Buddha), you heard Namkha Drime (a Dharma teaching). Therefore, you possess vast wisdom, compassion, and power, and are skilled in means. I earnestly beseech you, please listen to my prayers! I am like someone asleep and drunk in a burning house; please cool me with the rain of blessings. You are the source of merit, vast as the ocean; please forgive me for speaking so much meaningless nonsense to you. To confess these faults, I practice the seven-branch prayer day and night, and accept the offerings that arise from the depths of my heart. Your mind is pure, completely pure, the perfect Buddha; your speech is truthful, immaculate, the holy Dharma; your body is adorned with excellent marks, the supreme field of merit, the Sangha. I prostrate to this unified embodiment of the Three Jewels! In the boundless realms, whatever humans or gods possess, all precious, beautiful, and desirable things, I offer them together with all beings pervading space, As an endless ocean of Samantabhadra’s offering clouds, forever. All the non-virtuous deeds I have committed in the past through body, speech, and mind, due to the three poisons of greed, hatred, and ignorance, I confess and regret before you, And I resolve not to commit them again, even in dreams. All the wonderful virtues you have accomplished, from the beginning to the endless expanse of Dharmadhatu, I rejoice in them with great joy, With a hundredfold delight, from the depths of my heart. To liberate sentient beings from the bonds of ignorance, may you, the protector of beings and your retinue, until the end of samsara, Turn the white wheel of Dharma, with the sharp spokes of wisdom, the stable hub of compassion, and the firm center of samadhi. May you be like Mount Meru, the ocean, the four continents, the sky, the sun and moon, and the wish-fulfilling jewel, Unmoving, inexhaustible, unchanging, without obscuration, clear, cool, beneficial, and never passing into nirvana. The nature of sentient beings’ minds is inherently luminous, like the sky; to quickly dispel the various clouds of disturbing emotions, I give all my happiness and goodness to others, and take upon myself all the suffering and negativity of others. May the vast and immaculate merit accumulated by myself and others in the three times, and this handful of flowers offered with it, To fulfill all your aspirations, wherever you go, may I also be led there. In the past, Padmasambhava prophesied that you would manifest the essence of the teachings in the north (Tibet) through your body and speech. In that lifetime, due to my own karma, I was not a vessel to receive your nectar; how regrettable! Afterward, I longed to find even a fragment of your words, like following the tracks of a bird or a dog. Now, this foolish son named Translator (referring to the author himself) earnestly prays here; may you hear! May the Dharma flourish!
་ཁྱོད་ཀྱིས་རྒྱ་བོད་བལ་གསུམ་དུ། །བསྟན་གཞི་ཕོ་བྲང་བརྟེན་བཅས་བཞེངས་བསྩལ་ཞིང་། །བསྟན་རྩ་དགེ་འདུན་འབུམ་ཕྲག་མང་རྒྱས་ མཛད། །དེ་ཤས་འཕྲིན་ལས་ཆ་ཙམ་བདག་ནོད་དོ། །ཁྱེད་སྐུའི་རྗེས་མཐུན་མཁས་གྲུབ་གསུམ་བསྟེན་ཞིང་། །གསུང་རྒྱུན་སྐྱེས་གསུམ་ལམ་རིམ་བདུད་རྩི་འཐུངས། །ཐུགས་ཟབ་རིན་ཆེན་སེམས་མཆོག་རྗེས་སློབ་ཀྱིས། །མཐུན་འབྲས་དགའ་ ལྡན་ཞབས་དྲུང་སྨིན་པར་མཛོད། །ཤཱཀྱའི་བསྟན་ལ་ཤཱཀྱའི་སྲས་ཁྱོད་ཀྱིས། །དཔག་མེད་ཟང་ཟིང་ཆོས་སྡེས་འགྲོ་སྐྱབས་ཤིང་། །བསླབ་གསུམ་དྲི་མེད་གཙུག་གི་ནོར་སྤེལ་མཛད། །ཀྱེ་མ་བདག་ཅིག་ཡལ་བར་དོར་རམ་ཀྱེ། ། འདི་སྐད་ཞལ་ཆེམས་སྨོན་ལམ་ནོར་འཕྲེང་དུ། །ཅི་ནས་བཀའ་ཡིས་འགྲོ་རྣམས་དབུགས་དབྱུང་ཞིང་། །ང་ལ་སུས་བསྟེན་དེ་ཡི་དོན་སྒྲུབ་ཅེས། །ཞལ་བཞེས་ཚད་མའི་སྐྱེས་བུར་མཛོད་ཅིག་རྗེ། །ཡབ་སྲས་མ་བྱོན་ རྒྱལ་ལ་བདག་དང་ཞིང་། །ཁྱེད་མཛད་ཐབས་སྟོབས་ཐུགས་རྗེས་དབང་བསྒྱུར་བའི། །བདེན་པ་དེས་ཀྱང་ཁོ་བོ་ཁྱེད་ཞབས་དྲུང་། །བདེ་མྱུར་དྲངས་ནས་བདག་གིས་ཀུན་འདྲེན་ཤོག །ཇོ་བོ་ཆེན་པོ་དཱི་པཾ་ཀ་ར་ལ། ། 2-816 གསོལ་འདེབས་མེ་ཏོག་མཛེས་པའི་སྙིམ་པ་ཞེས་བྱ་བ་འདི་བཀོད་དེ་གསོལ་བ་དྲག་ཏུ་བཏབ་བོ། །དེ་ཡན་ཆད་ཆོས་རྗེས་ཀྱང་ལོ་ཙཱ་བའི་སྣོད་བརྟགས་པ་ཡུན་རིང་དུ་མཛད། དེ་ནས་སམ་ཕྱེ་ སྡེར་མ་རེ་ཙམ་ལ་ཡང་གཟུང་འཛིན་ཆེ་ཆེ་འདྲ་བ་རེ་མཛད་པ་ལས་ཟང་ཟིང་ལ་སོགས་པའི་དངོས་པོ་ལོགས་སུ་གནང་བ་ཡེ་མེད་པ་ལས། སྣོད་བརྟགས་པས་ཤིན་ཏུ་ཡང་མཉེས་པར་གྱུར་ ཏོ། །དེ་ཕྱིན་ཆད་ཚེས་བཅུ་ཡར་ངོ་མར་ངོ་གཉིས་ཀ་ལ་དཔལ་བདེ་མཆོག་གི་ནང་མཆོད་རེ་མ་ཆག་པར་མཛད་པ་ཡིན་པ་ལས། ཁནྜ་ཀ་པཱ་ལའི་གཟུགས་ཀྱིས་དྲིལ་བུ་ནམ་བསིལ་བའི་རྗེས་ སུ། ཆུ་ཕོ་སྤྲེའུའི་ལོ་བྲེའི་ཟླ་བའི་ཚེས་བརྒྱད་ལ་ཁྲོ་ཕུའི་བྱམས་ཆེན་ལ་རབ་གནས་བྱ་དགོས་པ་ལ་ཆ་རྐྱེན་གྱིས་ཐུང་ངོ་། །པིན་ཌ་བའི་སཏྭ་དྷ་ནནྣཌེ་དེ་ཧ་ཞེས་བྱ་བ་ཟེར་སྐད། དེས་བསྐུལ་ནས་གང་དང་གང་དུ་སྤྱན་འདྲེན་པ་འོན་ཟངས་རི་དང་། གཡེ་གང་བར། གཉལ་ལོ་རོ། ལྷོ་བྲག དབུ་རུ་གཡོ་རུ་ལ་སོགས་པར་བསྐྱར་ནས་བྱོན། ཡར་འབྲོག་ནས་སྟམ་ཤུལ་གྱི་ལ་ཆེན་ པོ་ལ་ཁ་བ་དང་། ཡུལ་ངན་བྱུང་བས་བསེར་མས་སྐུ་བཀྲོངས་ལ་ཁད་བྱུང་། །ལྷོ་བྲག་ནས་གྲོ་ཤུལ་གྱི་ལ་ཆེན་ཉིས་སྒྲག་ལ་ཁ་བས་གཏིབས་པས་ཤངས་ཀྱི་བར་ལེགས་ནས་ཁྲག་འབབ་པ་ལ་སོགས་པ་ཤིན་ཏུ་ཉེན་པ་དུ་མ་བྱུང་ཡང་ཆ་རྐྱེན་ཐམས་ཅད་གཞན་དུ་ཡེ་མ་བཏང་བར་དགའ་ལྡན་གྱི་བྱམས་པ་ཁོ་ན་ལ་འབུལ་བ་མཛད། 2-817 ཕྱིས་གཙང་དུ་བྱོན་ནས་ཀྱང་ལྷོ་འབྲི་མཚམས་དང་གྲོམ་པ་ས་སྐྱ་ལ་སོགས་པ་དང་། བྱང་གི་ཤངས་འུ་ཡུག་གཙང་རིང་ཉ་རི་ལ་སོགས་པར་བྱོན་ནས་རྒྱས་པ་ཡུམ་ནས་བཟུང་སྟེ་གསེར་གཡུ། ཟངས་
【現代漢語翻譯】 您在藏、漢、尼泊爾三地,興建了具有穩固基礎的寺廟宮殿,使僧團這一佛教的根本增長至數十萬之眾。我僅能繼承您事業的一小部分。我追隨您身語意的足跡,依止三位智者和成就者,享用傳承自嘉瓦三尊的《道次第》甘露。以深刻的珍寶之心和至高無上的菩提心,祈願我能成就與兜率百喜苑怙主相同的果位。您,作為釋迦之子,以無量的財物和佛法庇護眾生,弘揚清凈的三學,視其為至上的珍寶。唉,難道您要捨棄我嗎? 在此遺囑祈願文中,懇請您以您的教誨來安慰眾生,並如您所承諾的,『誰侍奉我,我將成辦其利益』,請您成為一位具有真實誓言的聖者。如同父子未曾分離,愿我與您以及您的凈土,憑藉您所展現的方便、力量和慈悲的真諦,迅速被引導至您的座前,愿我能引導一切眾生。向偉大的覺沃仁波切(藏文:ཇོ་བོ་ཆེན་པོ་,梵文天城體:अतिश,梵文羅馬擬音:Atiśa,漢語字面意思:至尊者)頂禮。 這篇名為《祈請文:美麗的鮮花花束》的文章寫完后,我熱切地祈禱。在那之前,法王也長期考察譯師的資格。之後,即使是一小堆糌粑,他也表現出極大的關注,從未將財物等物品另作他用。因此,他非常滿意譯師的資格。 從那以後,每個月的初十和二十五,他都會毫不間斷地進行勝樂金剛的內供。在空行母顱器形狀的鈴鐺冷卻後,水公猴年的二月八日,由於條件不足,未能如期為克珠寺的大慈悲怙主舉行開光儀式。據說賓達瓦(藏文:པིན་ཌ་བ་,梵文天城體:पिण्ड,梵文羅馬擬音:Pinda,漢語字面意思:團)的薩埵達納南達德瓦(藏文:སཏྭ་དྷ་ནནྣཌེ་དེ་ཧ་,梵文天城體:सत्त्वधननन्ददेव,梵文羅馬擬音:Sattvadhanānandadeva,漢語字面意思:有情財喜天)勸請他前往昂仁宗、葉岡巴、聶羅、洛扎、烏如、約如等地。 從雅礱到斯塘休的大山口,遭遇大雪和惡劣天氣,幾乎被寒風奪去生命。從洛扎到卓秀的雙重山口,被大雪覆蓋,鼻子凍傷流血。雖然遭遇諸多危險,但他從未將任何供養挪作他用,全部供奉給兜率百喜苑的慈氏佛。 後來,他前往後藏,途經洛扎、仲巴、薩迦等地,以及江地的香烏玉、江仁、雅日等地,攜帶了大量的黃金、松石、銅等物品。
【English Translation】 You erected temples and palaces with a solid foundation in Tibet, China, and Nepal, and increased the Sangha, the root of the teachings, to hundreds of thousands. I can only take a small share of your activities. I follow in the footsteps of your body, speech, and mind, relying on the three scholars and siddhas, and drinking the nectar of the Lamrim (Stages of the Path) from the Kyésum (Three Jewels). With a profound precious mind and supreme Bodhicitta, may I ripen into the same state as the Lord of Tushita Pureland. You, as a son of Shakya, protected beings with immeasurable wealth and Dharma, and propagated the stainless three trainings as the supreme jewel. Alas, will you abandon me? In this testament prayer, I earnestly request you to comfort beings with your teachings, and as you promised, ‘Whoever serves me, I will accomplish their benefit,’ please be a being of reliable vows. Just as fathers and sons are inseparable, may I and your pure land, through the truth of your skillful means, power, and compassion, be quickly led to your presence, and may I lead all beings. I prostrate to the great Jowo Rinpoche (Tibetan: ཇོ་བོ་ཆེན་པོ་, Sanskrit Devanagari: अतिश, Sanskrit Romanization: Atiśa, Chinese literal meaning: Supreme One). This article, entitled ‘Supplication: A Beautiful Bouquet of Flowers,’ was written, and I prayed fervently. Before that, Chöjé (Dharma Lord) also examined the qualifications of the translator for a long time. After that, even for a small pile of tsampa (roasted barley flour), he showed great attention and never used the wealth and other items for other purposes. Therefore, he was very pleased with the translator’s qualifications. From then on, on both the tenth and twenty-fifth days of each month, he would continuously perform the inner offering of glorious Chakrasamvara. After the bell in the shape of a Kapala (skull cup) cooled down, on the eighth day of the second month of the Water Male Monkey year, the consecration ceremony for the Great Compassionate One of Khro Phu could not be held as scheduled due to insufficient conditions. It is said that Pindawa (Tibetan: པིན་ཌ་བ་, Sanskrit Devanagari: पिण्ड, Sanskrit Romanization: Pinda, Chinese literal meaning: Ball) ‘s Sattvadhanānandadeva (Tibetan: སཏྭ་དྷ་ནནྣཌེ་དེ་ཧ་, Sanskrit Devanagari: सत्त्वधननन्ददेव, Sanskrit Romanization: Sattvadhanānandadeva, Chinese literal meaning: Being Wealth Bliss God) urged him to go to Öngren Dzong, Yé Gangba, Nyal Lo, Lho Drak, Uru, Yoru, and other places. From Yarlung to the great pass of Stamshul, he encountered heavy snow and bad weather, and was almost killed by the cold wind. From Lho Drak to the double pass of Droshul, he was covered by heavy snow, and his nose was frostbitten and bleeding. Although he encountered many dangers, he never diverted any offerings to other purposes, but offered them all to the Maitreya of Tushita Pureland. Later, he went to Tsang (western Tibet), passing through Lho, Drikung, Trompa, Sakya, and other places, as well as Shang Uyuk, Tsang Ring, Ya Ri, and other places in the north, carrying large amounts of gold, turquoise, copper, and other items.
ཁྲབ། མཛོ་རྟ། དར་ཟབ། སྣམ་གོས། ཁབ་སྐུད་ཀྱི་བར་དུ་བསམ་གྱིས་མི་ཁྱབ་ཅིང་འཇིགས་སུ་རུང་བ་གནང་སྟེ། ལོ་ཙྪ་བས་དེ་རྣམས་ཀྱི་གྲངས་ཡི་གེར་བྲིས་པ། འདོད་འཇོའི་བ་མོ་བྱ་ བའི་ཡི་གེ་ལོགས་ན་ཡོད་དོ། །སྐབས་གཅིག་ཏུ་ལྷའི་བྱ་བ་རྒྱ་ཆེ་བས་སྒྲུབ་པར་དཀའ་བ་དང་། ཞབས་དྲུང་ན་ཡོད་པའི་རྒྱ་གར་བ་དང་གདན་གཅིག་པ་ལ་སོགས་པས་ཀྱང་སྔར་ཆ་རྐྱེན་ ཐུག་མེད་བཏང་བས་ཚར་བར་རིགས་སྙམ་པ་དང་། ཕྱི་རོལ་གྱི་ཟེར་སྒྲ་ལས་ཀྱང་། བྱམས་ཆེན་གྱི་བཟོ་མྱུར་དུ་བྱས་ན་ཚར་ནས་འོང་སྟེ། །འོན་ཀྱང་འདི་ཀ་ནས་ནོར་མང་པོ་སྡུད་པའི་བསྙད་ ཀ་བྱེད་ཚར་བར་མི་བྱེད་པ་ཡིན་ནམ་ཟེར་བས། དེ་ལ་དོགས་པ་བཅད་པའི་ཕྱིར། བྱམས་ཆེན་ལ་འབུལ་བ་དེ་ཙམ་ཡིན་ནོ། ། ད་ནི་རྗེ་བཙུན་སྒྲོལ་མའི་སྐུ་ཅིག་བཞེངས་སོ་ཞེས་ཀྱང་གསུངས། ། སྟག་རིས་ལོ་ཙཱ་བ་ཞེས་བྱ་བ་ལོ་མང་དུ་རྒྱ་གར་དུ་བཞུགས་པ་གཅིག་ལ་བརྫུན་མི་འོང་བས་ཇི་ཙམ་ཚར་ལྟོས་ལ་ཤོག་ཅིག་ཅེས་པ་ལྟར་བཏང་བ་ལས་དབུ་དང་པུས་མོའི་ལྷ་ང་ནོར་བའི་ལོ་རྒྱུས་ཡོད་དོ། ། 2-818 བཤེས་གཉེན་ལ་ལས་ཀྱང་རྗེ་བཙུན་སྒྲོལ་མ་བཞེངས་ན་ངེད་ཀྱིས་འདི་དང་འདི་ལྟར་བྱའོ་ཞེས་གྲོ་ག་བསྐུར་བ་ལ་སོགས་པ་བྱས་པ་ན། ཇོ་མོ་ཉིད་ལ་གསོལ་བ་གདབ་གསུངས་ཏེ་ཟླ་ཕྱེད་ སྐུ་མཚམས་མཛད་དོ། །དེའི་ཚེ་ལོ་ཙཱ་བ་གསོལ་བ་སྒྲུབ་པའི་དོན་དུ་བུད་མཁར་བསོད་སྙོམས་བྱེད་ཅིང་ཡོད་པ་ལས། ཆོས་རྗེས་འབུལ་འཕྲོ་བཅད་ན་མི་ལེགས་པའི་རྒྱུ་མཚན་མང་ཞིག་འབྱུང་བར་མཐོང་ ནས། རྗེ་བཙུན་སྒྲོལ་མ་ལ་གསོལ་བ་གདབ་པའི་ཕྱིར། རྣམ་སྲས་ལ་ངོ་ཆེན་བྱེད་པར་ཞུ་སྙམ་ནས་ནུབ་རེ་རེ་ཞིང་ཡང་གཏོར་ཆེན་མ་ཆག་པར་ཕུལ་ལོ། །དེ་ནས་ཟླ་བ་ཕྱེད་འདས་པ་ ན་བུད་ཀྱི་ཇོ་སྲས་དཔལ་ཆེན་འོད་བྱ་བས་ཞབས་ཏོག་བྱས་ནས་གསོལ་བའི་ཆ་རྐྱེན་གྱིས་མ་འདང་བས་གྲོས་ཇི་ལྟར་བྱ་ཞེས་ཡིད་མ་བདེ་བར་གནས་པའི་ནུབ་མོ་རྨི་ལམ་དུ་ཆོས་རྗེས། ས་སྐྱ་ནས་ཨ་ཙར་གཅིག་སྤྲིངས་པ་ཡིན་ཟེར། སྐུ་ཁམས་བཟང་ངམ་དྲིས་པས་སྤྱིར་བཟང་སྟེ། ཨཱཪྻ་ཏ་རེས་རླུང་ཡབ་གཅིག་རྒྱབ་པས། བག་ཙམ་བསྙུངས་ཟེར་དེའི་རྒྱུ་མཚན་དྲིས་པས་ངའི་མིང་པོ་བྱམས་ པའི་སྐུ་མ་ཚར་བར་འཕྲོ་བཅད་ནས་སྒྲོལ་མའི་སྐུ་བཞེངས་པ་ཨུ་མད་ཏར་སོང་བ་ཡིན་གསུངས་ནས་རྒྱབ་བོ་ཟེར། དེ་ནས་གྲོ་ག་ལ་རྒྱ་ཡིག་བྲིས་ནས་གསེར་གཡུ་ཤ་མར་བལ་སྣམ་ལ་གྲས་པ་སྲང་སུམ་བརྒྱ་རྗེ་བཙུན་བྱམས་པ་ལ་འབུལ་བས། 2-819 ཇོ་སྲས་ཉི་མ་ལེན་དུ་ཐོང་། པོ་ཏི་ལྔ་བརྒྱ་དང་བདུན་ཅུ་ལེན་པའི་མི་སྤྱན་འདྲེན་དུ་ཤོག་གསུང་བ་འདུག འདི་བདེན་ན་དཔེ་མེད་དེ་རྨི་ལམ་ཡིན་ཏེ་འོང་ཞེས་སྨྲས་པས། ཨ་ཙ་ ར་དེས་སྨྱུག་མའི་དོང་སྦོམ་པོ་གཅིག་བླངས་ནས་དེ་ལ་དབྱུག་པ་གཅིག་རྒྱབ་པས་སེར་ཁ་ཤིག་ཤིག་བྱུང་། རྨི་ལམ་ཡིན་ན
【現代漢語翻譯】 布匹、騾馬、絲綢、粗呢衣物、針線等物資,數量之多難以想像,令人驚歎。譯師將這些物資的數量記錄下來,還有一本單獨的賬本,名為『如意母牛』。 有一次,由於建造佛像的工程浩大難以完成,加上侍從中的印度人和地位相等的人不斷提出各種苛刻的條件,似乎工程難以完成。外界也有傳言說:『如果彌勒佛像能儘快完工就好了!』但也有人說:『他們是不是想借此機會斂財,所以才遲遲不完工呢?』爲了消除這些疑慮,他們決定將供奉彌勒佛的財物如數公佈。 此後,(上師)又說:『現在我們來建造一尊至尊度母像吧!』 他們派人去請一位名叫達日譯師的人,此人常年居住在印度,為人誠實可靠。他們讓他去檢視工程進度,結果發現佛像的頭部和膝蓋的比例出現了偏差。 有些弟子也紛紛表示,如果建造至尊度母像,他們願意提供各種幫助。於是,(上師)指示大家祈禱度母,並閉關半個月。 閉關期間,譯師爲了籌集祈禱所需的物資,四處化緣。他看到,如果中斷供養護法神的供品,可能會帶來許多不好的影響。因此,爲了祈禱至尊度母,他心想:『我應該懇請財神幫忙。』於是,他每天晚上都堅持供奉豐盛的食子。 半個月后,一位名叫喬色巴欽奧的侍者因為祈禱的資糧不足而感到憂慮,不知如何是好。一天晚上,他在夢中夢見一位來自薩迦的阿阇黎(梵文:Ācārya,老師,上師)說:『(上師)身體安康嗎?』(侍者回答:)『總體來說還不錯,只是阿雅達熱(藏文:ཨཱཪྻ་ཏ་རེས་,梵文天城體:आर्य तारे,梵文羅馬擬音:Ārya tāre,漢語字面意思:聖度母)扇了他一巴掌,所以稍微有些不適。』(侍者)詢問原因,(阿阇黎)說:『因為我的兄弟彌勒佛像尚未完工就被擱置,轉而建造度母像,這簡直是胡鬧!』所以才打了他。 之後,(阿阇黎)寫了一封漢文信,信中說:『請送三百兩黃金、玉石、酥油、羊毛和粗呢給至尊彌勒佛,讓喬色尼瑪去取。另外,派人來取五百七十部經書。』(侍者醒後心想:)『如果這是真的,那就太好了!但也許只是個夢吧?』 這時,那位阿阇黎拿起一根粗大的竹筒,用棍子敲打,發出淅淅瀝瀝的聲音。(侍者心想:)『這果然是個夢!』
【English Translation】 Fabrics, mules, silks, woolen clothes, needles, and threads were provided in unimaginable and astonishing quantities. The translator wrote down the numbers of these items, and there was a separate ledger called ‘Wish-fulfilling Cow’. On one occasion, due to the vastness of the undertaking of building the Buddha statue, which was difficult to accomplish, and because the Indians and those of equal status among the attendants kept imposing impossible conditions, it seemed that the project could not be completed. There were also rumors from outside saying, ‘If the Maitreya statue could be completed quickly, that would be great!’ But some also said, ‘Are they using this as an excuse to collect a lot of wealth and not finish the project?’ To dispel these doubts, they decided to disclose the offerings made to Maitreya. After that, (the master) said, ‘Now let’s build a statue of Jetsun Drolma (藏文:རྗེ་བཙུན་སྒྲོལ་མའི་,梵文羅馬擬音:Jetsun Drolma,漢語字面意思:Venerable Tara)!’ They sent for a translator named Tagri Lotsawa, who had lived in India for many years and was known to be honest. They asked him to check the progress of the project, and he found that the proportions of the head and knees of the statue were incorrect. Some disciples also expressed their willingness to help in various ways if the Jetsun Drolma statue was built. So, (the master) instructed everyone to pray to Tara and went into retreat for half a month. During the retreat, the translator was begging for alms to gather the materials needed for the prayers. He saw that if he interrupted the offerings to the protector deities, many bad consequences might arise. Therefore, to pray to Jetsun Drolma, he thought, ‘I should ask Vaishravana (藏文:རྣམ་སྲས་,梵文天城體:वैश्रवण,梵文羅馬擬音:Vaiśravaṇa,漢語字面意思:財神) for help.’ So, every night he consistently offered abundant torma (ritual cakes). After half a month, a servant named José Palchen Ö was worried because the resources for the prayers were insufficient and he didn’t know what to do. One night, he dreamed of an Acharya (梵文:Ācārya,老師,上師) from Sakya who said, ‘Is (the master) in good health?’ (The servant replied,) ‘Overall, he is well, but Arya Tare (藏文:ཨཱཪྻ་ཏ་རེས་,梵文天城體:आर्य तारे,梵文羅馬擬音:Ārya tāre,漢語字面意思:Holy Tara) slapped him once, so he is a little unwell.’ (The servant) asked the reason, (the Acharya) said, ‘Because my brother Maitreya’s statue was interrupted before it was finished, and instead the Tara statue was being built, which is nonsense!’ That’s why she hit him. After that, (the Acharya) wrote a letter in Chinese, saying, ‘Please send three hundred taels of gold, jade, butter, wool, and woolen cloth to Jetsun Maitreya, and let José Nyima go to collect them. Also, send someone to collect five hundred and seventy scriptures.’ (After waking up, the servant thought,) ‘If this is true, that would be great! But maybe it’s just a dream?’ At this time, the Acharya took a thick bamboo tube and hit it with a stick, making a rustling sound. (The servant thought,) ‘This is indeed a dream!’
་འདི་ལ་ལྟོས་དང་ཟེར། སེར་ཁ་ནས་བལྟས་པས་གསེར་གྱི་སྦྲམ་བུ་ དར་གྱི་ཐིག་གུ་ན་རེ་བ་གཅིག་དང་། གཡུ་རྟ་མིག་སྔོ་སི་རེ་བ་མང་པོ་ཚིག་ཚིག་འདུག་ནས་བཟང་མོ་དང་། འབྲས་དཀར་མོ་སི་ལི་ལི་ཐོན་བྱུང་བས་དངོས་གྲུབ་ཀྱི་འབྲུ་ཡིན་ནོ། ། གཉེར་གྱིས་ཤིག་ཟེར། དེ་ནས་ཨ་ཙ་ར་བཀྲེས་ཟེར་ནས། ཇ་སྐོལ་གྲོ་དྲངས་བྱས་པས། དྲོ་བཟང་དུ་དྲོངས། ཞག་རེ་ལ་འཚོ་བ་ཐེབས་རེ་མ་འདྲེན་པ་དེ་བཟང་དུ་དྲོངས། ངེད་ལས་བྱེད་པ་ ཚོ་ཁྱེད་ཅག་གིས་མི་ཚོར་བར་འདུག་ཟེར་བ་རྨིས། དེ་ཕྱིན་ཆད་རྣམ་སྲས་ཀྱི་གཏོར་མ་རྒྱུན་དུ་མ་ཆད་པ་རེ་བྱས་སོ། །དེ་ལྟ་བུའི་ལྟས་དེ་གཞན་ལ་གསངས་ནས་བདེན་བརྫུན་རྟོགས་པ་ ལ་བང་ཆེན་པ་ཞིག་ས་སྐྱར་བཏང་བའི་ལམ་དུ། རྣལ་འབྱོར་པ་རིན་ཆེན་བཟང་པོ་བྱ་བ་སྔར་ནས་ཡང་ཡང་ཆོས་རྗེས་བང་ཆེན་ལ་བཏང་བ་གཅིག་འཕྲིན་ལ་བཏང་བྱུང་། རྨི་ལམ་ཇི་ལྟ་བར་བྱུང་ནས་ཇོ་སྲས་ཉི་མ་ཀ་ཆའི་གཉེར་ལ་སྔོན་དུ་བཏང་། 2-820 ཕྱི་ནས་ལོ་ཙཱ་བ་རང་གིས་ཕྱིན། རྒྱས་པ་ཚར་གཅིག་ཆོས་རྗེ་བ་དང་། རྗེ་ས་སྐྱ་པ་གཉིས་ལ་ཐུན་མོང་དུ་ཁུ་བ་ཕྱེད་མར་དགོས་འདུག་སྟེ་ཞུ་ཕུལ་ཡང་མ་གསན། དེས་རྒྱས་པ་ ཞལ་ཚང་བ་གཉིས་གཞིར་བཞག པོ་ཏི་ལྔ་བརྒྱ་དང་། བདུན་ཅུ་ཁྲོ་ཕུར་གདན་དྲངས། ཕྱིས་རབ་གནས་ཆེན་མོ་ཚར་ནས་གཏང་རག་གི་སྟོན་མོ་མཛད་པའི་དུས་སུ་པོ་ཏི་མང་པོ་སྟ་གོན་རྣམས་ སུ་ཕུལ་ཞིག་གསུངས་ནས་ཕུལ་ལོ། །ཡང་ཕྱིས་ཤངས་ཀྱི་ལུག་གུ་གདོང་བྱ་བར་ཇོ་བོ་དེབ་ཙེ་བའི་འབངས་ཕྱུག་པོ་འབུམ་གྲགས་ཀྱིས་གདན་དྲངས་ནས་ཡུན་རིང་དུ་བཞུགས་པ་ལ། ལོ་ཙཱ་བས་མཇལ་ དུ་ཕྱིན་པས། བསོད་སྙོམས་འབུལ་བ་མང་པོའི་བདེན་ལུགས་མ་ལེགས་པ་ལ་བཀའ་བཀྱོན་བག་རེ་མཛད་པ་ལ། ཨ་ཙ་མ་ཐུགས་འདི་བས་ལྷོད་ཙམ་གཅིག་མཛད་ན་སྙམ་པ་གཅིག་གྱུར་སྐད། དེའི་ཚེ་ གུང་ཐང་གི་ཇོ་བོ་མགོན་པོ་དཔལ་འཁྲུགས་པས་ཐུགས་སུན་ཕྱུང་སྟེ། ཆོས་རྗེའི་དྲུང་དུ་རབ་ཏུ་བྱུང་ཞིང་ཆིག་རྫོགས་མཛད་པའི་ལས་ཀྱི་སློབ་དཔོན་ལོ་ཙཱ་བས་བྱས་པ་ལ། སྤྱིར་ཆོས་རྗེའི་དྲུང་ དུ་ལས་ཆོག་བྱེད་པ་ལ་སྐྱོན་མང་པོ་ཐོགས་འགྲོ་བས་ཀྱང་དཀའ། ཁྱད་པར་དུ་སཾསྐྲི་ཏའི་སྐད་ཀྱིས་ལས་ཆོག་བྱ་དགོས་པས་ཤིན་ཏུ་བག་ཚ་བར་ཡོད་དེ། འོན་ཀྱང་ལོ་ཙཱ་བས་ཆོ་ག་བཟང་པོ་ལེགས་པར་བྱུང་བས་ཆོས་རྗེའི་ཞལ་ནས་ལོ་ཙཱ་བའི་ངག་ནི་ལེགས་ཆོ་ག་བཟང་པོ་བཟང་པོ་ཤེས། 2-821 སེམས་ནི་ངའི་བསོད་སྙོམས་ཕུལ་བ་ལ་མི་ལེགས་བྱེད་བཟང་པོ་མ་ཡིན་གསུངས། སྙིང་ཁར་ཕྱག་མཛུབ་བཙུགས་ནས་འདི་ན་མི་ལེགས་ཡོད་གསུངས། འདི་ལྟ་བུའི་རྣམ་ཐར་གཞན་དང་གཞན་ཡང་བསམ་གྱིས་མི་ ལང་བ་ཡོད་དེ་ཡི་གེ་མང་བས་འཇིགས་ནས་མ་བཀོད་དོ། །འབྲི་མཚམས་ཀྱི་མགྲོན་ལྷར་ཆོས་རྗེ་ལ་མཇལ་དུ་འགྲོ་སྙམ་ནས་རག་དུང་གཅིག་བརྡེགས་པ་ལ། རག་དུང
【現代漢語翻譯】 他說:『看看這個。』從山頂看去,有一個金色的蜂箱,上面有一條絲綢的線,還有一個綠松石色的馬,眼睛是藍色的,很多東西都在閃爍,非常漂亮,還有白色的稻米,亮晶晶的,出現了,這是成就的種子。 『拿走它,』他說。然後,阿阇梨(Acharya,上師)說他餓了,所以他們煮了茶並提供了食物。『提供美味的食物。不要每天都提供食物,提供美味的食物。我們這些工作的人,你們似乎沒有注意到,』他夢見了這些。從那以後,他一直不斷地供奉財神(Vaisravana,多聞天王)的朵瑪(Torma,食子)。像這樣的預兆,他向其他人隱瞞,爲了辨別真假,他派了一個信使到薩迦(Sakya,地名)。路上,瑜伽士仁欽桑波(Rinchen Zangpo,人名)以前多次被法王(Chos-rje,法王)派去送信,他捎來了一封信。他講述了夢境,並提前派喬賽尼瑪卡查(Jo-sras Nyi-ma Ka-cha,人名)去處理事務。 之後,譯師(Lo-tsa-ba,翻譯)親自前往。他向法王和薩迦法王共同請求完整的《རྒྱས་པ།》(Gyas-pa,廣論),需要一半的庫瓦(Khu-ba,一種食物),但沒有得到允許。因此,他保留了完整的《རྒྱས་པ།》(Gyas-pa,廣論)的兩個版本。他迎請了五百七十部經書到楚普(Trophu,地名)。後來,在盛大的開光儀式結束后,舉行了慶祝宴會,他說:『把許多經書供奉給所有的施主。』然後他們供奉了。 後來,香地(Shangs,地名)的魯古東(Lug-gu Dong,地名),喬沃德布澤瓦(Jo-bo Deb-tse-ba,人名)的富有僕人邦扎(Bum-grags,人名)迎請了他,他在那裡住了很長時間。譯師去拜見他,但他對許多不好的佈施提出了批評。阿阇梨心想:『如果他能稍微放鬆一點就好了。』當時,貢塘(Gung-thang,地名)的喬沃貢波巴(Jo-bo Gon-po-pa,人名)感到沮喪,並在法王面前出家,譯師擔任了他的授戒阿阇梨。一般來說,在法王面前舉行儀式有很多困難,特別是必須用梵語(Samskrta)舉行儀式,所以非常謹慎。然而,譯師很好地完成了儀式,法王說:『譯師的口才很好,他很瞭解儀式。』 『他的心不好,因為他對我的佈施不滿意。』他用手指指著自己的心說:『這裡不好。』像這樣的傳記還有很多,但因為篇幅太長,所以沒有寫下來。在結束寫作之際,他想去拜見法王,所以他敲響了一個銅號。銅號…… 種子字和咒語: རྣམ་སྲས།(Vaisravana,वैश्रवण,vaiśravaṇa,多聞天王)
【English Translation】 He said, ‘Look at this.’ Looking from the top of the hill, there was a golden beehive with a silk thread, and a turquoise horse with blue eyes, many things were shimmering, very beautiful, and white rice, glistening, appeared, it is the seed of accomplishment. ‘Take it,’ he said. Then, the Acharya (teacher) said he was hungry, so they cooked tea and offered food. ‘Offer delicious food. Don’t just offer food every day, offer delicious food. We who work, you don’t seem to notice,’ he dreamed these things. From then on, he continuously offered Torma (sacrificial cake) to Vaisravana (God of Wealth). Such an omen, he hid from others, and in order to discern the truth, he sent a messenger to Sakya (place name). On the way, the yogi Rinchen Zangpo (person name), who had been sent as a messenger by Chos-rje (Dharma Lord) many times before, sent a message. He told the dream and sent Jo-sras Nyi-ma Ka-cha (person name) ahead to handle the affairs. Afterwards, the Lo-tsa-ba (translator) went himself. He requested the complete ‘རྒྱས་པ།’ (Gyas-pa, Extensive Treatise) from the Dharma Lord and the Sakya Dharma Lord together, needing half a Khu-ba (type of food), but it was not granted. Therefore, he kept two copies of the complete ‘རྒྱས་པ།’ (Gyas-pa, Extensive Treatise). He invited five hundred and seventy scriptures to Trophu (place name). Later, after the grand consecration ceremony, a celebration banquet was held, and he said, ‘Offer many scriptures to all the patrons.’ Then they offered. Later, in Lug-gu Dong (place name) in Shangs (place name), Bum-grags (person name), a wealthy servant of Jo-bo Deb-tse-ba (person name), invited him, and he stayed there for a long time. The translator went to visit him, but he criticized many bad offerings. The Acharya thought, ‘If he could relax a little, it would be good.’ At that time, Jo-bo Gon-po-pa (person name) of Gung-thang (place name) became frustrated and was ordained in front of the Dharma Lord, and the translator served as his ordination Acharya. Generally, there are many difficulties in performing rituals in front of the Dharma Lord, especially since the rituals must be performed in Sanskrit (Samskrta), so it is very cautious. However, the translator performed the ritual well, and the Dharma Lord said, ‘The translator’s eloquence is good, he knows the rituals well.’ ‘His heart is not good because he is not satisfied with my offerings.’ He pointed to his heart with his finger and said, ‘It is not good here.’ There are many such biographies, but because of the length, they are not written down. At the end of writing, he wanted to visit the Dharma Lord, so he rang a copper horn. The copper horn… Seed Syllables and Mantras: རྣམ་སྲས། (Vaisravana, वैश्रवण, vaiśravaṇa, God of Wealth)
་གི་ལྦ་བའི་མཚམས་སུ་བུ་ ག་ཅིག་འདུག་པ་ལྷ་ཆེན་པོ་བསྒྲིགས་པའི་བཟོ་བོས་དུམ་བུ་ཞིག་གིས་ལྷན་པ་བྱས། །སྐྱིལ་ཀྲུང་ལ་ཞབས་གཉིས་བསྣོལ་མཚམས་བག་ཙམ་ཅིག་མ་འགྲིག་པར་བྱུང་བས་ཞབས་གཡོན་པའི་ངར་གདོང་པ་ལ་ ཨེན་ཙམ་གཅིག་བརྐོས་པས་སྐུ་འོ་བརྒྱལ་བ་འདྲ་ཡང་འགྲིག་པར་བྱུང་ངོ་། །མགྲོན་ལྟར་ཕྱག་མཇལ་ནས་རག་དུང་ཕྱག་རྟེན་བྱས་པས་ལེན་དུ་མ་བཞེད་དེ་མི་ལེགས་ཡང་ཡང་གསུངས། དེ་ཅི་ཙུག་ལགས་ ཞུགས་པས་སངས་རྒྱས་མང་པོ་སྐྱེ་བ་འདིས་ཟོས་པས་མེད་པར་བྱས། དགའ་ལྡན་དུ་ཆོས་ཀྱི་སྒོམ་པ་མང་པོ་སྐྱེ་བ་འདི་རུ་ཐོས་ནས་མེད་པར་བྱས་གསུངས། དེའི་དོན་གོ་ནས་བཟོད་གསོལ་དུ་ རྗེ་བཙུན་བྱམས་པའི་ལུགས་སྐུ་ཆུང་ངུ་དེ་བཞེངས་པ་ཡིན་ནོ། །དེ་ནས་སྐུ་ཁམས་བཟང་ངམ་དྲིས་པས། ཕ་གི་ན་བྱམས་པ་བཅོམ་ལྡན་འདས་ཀྱི་རྐང་པ་མི་ལེགས་ཡོད། ང་ལ་རྐང་པ་ཨ་ན་ན་ཡོད། 2-822 ཕ་གི་ན་མི་ལེགས་མེད་ང་ལ་མི་ལེགས་མེད་གསུངས་སོ། །དེ་ནས་ཆུ་ཕོ་སྤྲེའུ་ལོ་བྲེའི་ཟླ་བའི་ཚེས་གསུམ་ནས་ཚེས་བཅུ་གསུམ་གྱི་བར་དུ་རབ་གནས་ཆེན་པོ་མཛད། ང་ལ་མངའ་གསོལ་ བའི་ནུས་པ་ཅི་ཡང་མེད་དེ། དགའ་ལྡན་གྱི་རྗེ་བཙུན་ཁོང་རང་གིས་གཟིགས་ཤིང་མཁྱེན་ཡོད་པས་ཁོང་རང་ལ་ཞུ་བ་ཡིན་གསུངས། དེའི་ཚེས་བརྒྱད་ལ་རོལ་མོའི་སྒྲ་ཆེད་དུ་དཀྲོལ་བ་མེད་པར་ མང་པོས་ཐོས་པ་ཡང་བྱུང་། སྤོས་ཀྱི་དྲི་རྨད་ཏུ་བྱུང་བ་ཞིག་གིས་ཕོ་བྲང་ཆེ་ཆུང་ཀུན་གང་བ་དང་། མེ་ཏོག་གི་ཆར་ཁུང་འབངས་བབ་པ་དང་། འོད་ཆེན་པོ་བྱུང་བས་མཆོད་པ་རྒྱ་ ཆེར་ཤོམས་ཅིག རྗེ་བཙུན་གྱི་ཕྱག་གཡས་བརྐྱངས་པའི་སྲིན་ལག་གཅིག་པུ་ཡང་དགའ་ལྡན་གྱི་ཕོ་བྲང་དུ་མ་ཤོང་གསུངས། དེའི་དུས་འོད་ཟེར་གོང་བུ་གཅིག་སྐུ་འབག་ལ་ཐིམ་པ་མཐོང་། དེའི་ཚེ་ཁོ་ བོ་དགའ་ཞིང་སྤྲོ་བས་རྗེ་བཙུན་བྱམས་པའི་བསྟོད་པ་དེ་བརྩམས། སཾསྐྲྀ་ཏའི་སྐད་དུ་ཕར་བསྒྱུར་བས། རྗེ་བཙུན་ཉིད་ཀྱི་བྱིན་རླབས་ཡིན་རྩོམ་པ་མཁས་བའི་ང་རྒྱལ་མ་བྱེད་གསུངས། སྔར་ཟངས་བཟོ་ཚར་ ནས་བསྒྲིགས་ཏེ་བར་ཆད་བསྲུང་བ་ཞུས་པའི་ཚེ་ཡང་། ཞལ་ཆོས་གང་གདའ་བ་རྣམས་བཟོ་བོ་ལ་གཞུག་པར་ཞུ་བྱས་པས། ཁ་ཏ་ཞལ་ཏས་འགྲུབ་པའི་རིགས་མ་ཡིན། བྱིན་རླབས་ཀྱིས་འབྱུང་བ་ཡིན་པས་སྟབས་ཀ་གར་སོང་དུ་གྱིས་གསུངས། 2-823 དེ་ལས་འཕྲོས་ཏེ། གསུང་གླེང་ཞིབ་ཏུ་བྱུང་བས། སྔོན་བོད་ཀྱི་མགར་བས་ཟངས་ལེབ་བརྡུངས་ནས་ཟངས་ལེབ་མཐུག་མཐུག་ཁ་ཅིག་བརྐུས་ཏེ་རྡོ་བཤག་གི་གསེབ་ཏུ་སྦས་པ་གནས་བརྟན་ཡེ་ཤེས་འོད་ཀྱི་ རྨི་ལམ་དུ་བསྟན་པ་དང་། སྐུ་སྟོད་སྐུ་སྨད་ཇི་ལྟར་ཡང་མ་འགྲིག་པ་ལ། ཡང་ལྷ་བཟོ་བ་ཨ་ཁུའི་རྨི་ལམ་དུ་བསླབས་པ་དང་། ཕྱག་གཡས་ཀྱི་ཕྱི་རྟེན་མེད་པའི་བཟོ་ནན་ཏར་དཀའ་ བའི་དུས་སུ་ཤིང་བཟོ་བ་དཔོན་སེང་གེ་གྲགས་ལ་འཁྲུལ་འཁོར་རྨ
【現代漢語翻譯】 在吉瓦瓦的交界處,有一個孩子,偉大的神匠用一塊碎片修補了他。盤腿而坐時,雙腿的交叉處稍微有些不協調,左腿的脛骨處略微有些凹陷,看起來身體有些疲憊,但最終還是完成了。像對待客人一樣行禮后,獻上海螺作為禮物,但他不肯接受,反覆說這不好。我問他為什麼,他說:『許多佛陀的轉世都被這個(雕像)吃掉了,所以消失了。在兜率天,許多修習佛法的人的轉世,聽到這個(雕像)后也消失了。』聽懂了他的意思后,爲了懺悔,我塑造了尊者彌勒的小雕像。 然後我問他身體是否安好,他說:『那邊(指雕像)的彌勒世尊的腳不好。我的腳疼。那邊沒有不好,我也沒有不好。』 在水猴年(藏曆),佈雷月的初三到十三之間,舉行了盛大的開光儀式。他說:『我沒有任何加持的能力,兜率天的尊者(彌勒)自己會看到並知道,所以要向他祈禱。』在初八那天,沒有特意演奏音樂,但許多人都聽到了聲音。奇妙的香氣充滿了所有大小宮殿,鮮花如雨般落下,出現巨大的光芒,所以要準備盛大的供養。尊者的右手伸出的一個小指,兜率天的宮殿都容不下。』當時,我看到一道光芒融入了雕像。那時,我高興地創作了尊者彌勒的讚歌。翻譯成梵文后,他說:『這是尊者您自己的加持,不要驕傲自滿。』 以前,銅像製作完成後,爲了消除障礙而祈禱時,我說:『請把所有的口頭教誨都傳授給工匠。』他說:『這不是靠口頭教誨就能完成的,而是靠加持才能實現的,所以要順其自然。』 由此引申開來,我們進行了詳細的交談。以前,西藏的鐵匠敲打銅板,偷走了一些厚銅板,藏在石縫裡,這在持律者耶喜沃的夢中顯現出來。雕像的上半身和下半身無論如何都無法協調,後來神匠阿庫在夢中得到了指導。在製作右手外側沒有支撐的雕像時,非常困難,木匠袞色僧格得到了輪…
【English Translation】 At the juncture of Giwa Wa, there was a child, whom the great divine craftsman mended with a piece. When sitting in the lotus position, the crossing of the legs was slightly uncoordinated, and the shin of the left leg was slightly indented, making it seem that the body was a bit tired, but it was eventually completed. After bowing like to a guest, I offered a conch shell as a gift, but he refused to accept it, repeatedly saying it was not good. I asked him why, and he said, ‘Many incarnations of Buddhas have been eaten by this (statue), so they have disappeared. In Tushita Heaven, many practitioners of Dharma, upon hearing of this (statue), have also disappeared.’ Understanding his meaning, I sculpted a small statue of Venerable Maitreya as an act of repentance. Then I asked him if he was well, and he said, ‘The feet of the Maitreya Bhagavan over there (referring to the statue) are not good. My feet hurt. There is nothing not good over there, and there is nothing not good with me.’ In the Water Monkey year (Tibetan calendar), between the third and thirteenth days of the month of Bre, a grand consecration ceremony was held. He said, ‘I have no power of blessing. The Venerable (Maitreya) of Tushita Heaven himself will see and know, so pray to him.’ On the eighth day, music was not intentionally played, but many people heard the sound. A wonderful fragrance filled all the palaces, large and small, flowers fell like rain, and a great light appeared, so prepare grand offerings. Even the little finger of the Venerable’s outstretched right hand cannot fit in the palace of Tushita Heaven.’ At that time, I saw a ray of light dissolve into the statue. At that time, I happily composed a hymn to Venerable Maitreya. After translating it into Sanskrit, he said, ‘This is the blessing of the Venerable himself, do not be arrogant.’ Previously, when the bronze statue was completed, and I prayed to remove obstacles, I said, ‘Please impart all the oral teachings to the craftsmen.’ He said, ‘This cannot be accomplished by oral teachings, but by blessings, so let it be as it goes.’ Extending from this, we had a detailed conversation. Previously, Tibetan blacksmiths hammered copper plates, stole some thick copper plates, and hid them in rock crevices, which was revealed in the dream of the Vinaya holder Yeshe Wo. The upper and lower parts of the statue could not be coordinated in any way, and later the divine craftsman Aku received guidance in a dream. When making the statue with the outer side of the right hand without support, it was very difficult, and the carpenter Gonse Senge received a wheel…
ི་ལམ་དུ་བསླབས་པ་ཐམས་ཅད་བྱིན་རླབས་འབའ་ཞིག་ཡིན་གསུངས། དེ་ལ་སོགས་པའི་རྟེན་འབྲེལ་ཕྲ་ཞིང་ཕྲ་བ་རྣམས་བྱིན་རླབས་སུ་ ཤེས་པས་ཤིན་ཏུ་འཇིགས་ཏེ། ཞབས་ཀྱི་བྱིན་པ་ལ་བརྐོས་པ་དེའི་བཟོད་སྲོལ་དུ་སྔོན་རི་བོ་བྱ་རྐང་ཅན་དུ། སློབ་དཔོན་ཐོགས་མེད་ཀྱིས་འཕགས་པ་བྱམས་པ་བསྒྲུབས་པས་ལོ་བཅུ་གཉིས་ཀྱི་མཐར་ བྲག་སྟེང་དུ་ཞལ་གཟིགས། དེའི་ཞབས་རྗེས་ཀྱི་རི་མོ་རྡོ་ལ་བྱོན་པའི་ཚད་བླ་མ་སྟེང་པ་ལོ་ཙྪ་བས་བོད་དུ་གདན་དྲངས་པ་དཔེ་བྱས་ཏེ་མི་ཕམ་པའི་ཞབས་རྗེས་བརྒྱ་རྩ་བྲིས་ནས་ སྤེལ། སློབ་དབོན་ཐོགས་མེད་ཀྱི་ཞབས་རྗེས་ལོ་གྲངས་བྱས་ནས་སྤེལ། དགའ་ལྡན་གྱི་ཁྱམས་སྨད་སྔོན་ལ་བཞེངས་པའི་རྒྱུ་གཅིག་ནི་དེ་ཡིན་ནོ། །དེ་ཡང་འདི་ལྟར་ཐོས་ཏེ་མ་བྱོན་པའི་སངས་རྒྱས་བདུན་པར་འགྱུར་ངེས་པ། 2-824 ཆོས་རྗེ་པཎ་ཆེན་ཤཱཀྱ་ཤྲཱིའི་མཚེ་མར་གྱུར་བའི་མཆེད་ཟླ་ཁ་ཆེའི་པཎྜི་ཏ་ཆེན་པོ་བུདྷ་ཙནྡྲ་…སངས་རྒྱས་ཟླ་བ་ཞེས་བྱ་བས་འཛམ་བུའི་གླིང་གི་གླིང་ཕྲན་སིངྒྷ་ལ་དཱི་ཝཱ་ཞེས་བྱ་བ། སྔོན་སྲིན་མོ་གནས་པའི་གླིང་ཕྲན་ཞིག ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པ། རྟའི་རྒྱལ་པོ་བྷ་ལ་ཧ་…སྟོབས་ཀྱི་རྟ་མགྲིན་གྱི་ཤུགས་བསྟན་ཞེས་པའི་འཕྲིན་ལས་ཀྱིས་བཏུལ་ནས། ད་ལྟ་ ནང་པ་སངས་རྒྱས་པའི་བསྟན་པ་དར་བའི་གནས་སུ་གྱུར་ཡོད་པས། དེར་རཏྣ་ཙུཎྜ་མཎི་སྥ་ར་ན་…རིན་པོ་ཆེའི་གཙུག་ཕུད་ཅན་གྱི་ནོར་བུ་འཕྲོ་བ་ཞེས་བྱ་བའི་ཕོ་བྲང་ན་དགྲ་བཅོམ་ པ་དངོས་སུ་བཞུགས་སོ། །ཞེས་བྱ་བ་ཐོས་ནས་ཁ་ཆེ་གྲིབ་བརྟན་གྱི་པྲ་བ་སུར་…རབ་མཆོག་གི་གྲོང་ཁྱེར་ཞེས་བྱ་བའི་གཙུག་ལག་ཁང་ནས་དཔལ་རྡོ་རྗེ་གདན་དུ་བརྒྱུད་དེ་མཧཱ་བོ་དྷི་ …བྱང་ཆུབ་ཆེན་པོ་ལ་མཆོད་པ་ཕུལ་ནས་དཀའ་བ་དུ་མ་སྤྱད་དེ། སིང་གྷ་གླིང་གི་དགྲ་བཅོམ་པའི་ཞལ་ཡང་བལྟས། དགྲ་བཅོམ་པ་ཡིན་ནམ་མ་ཡིན་གཏན་ལ་འབེབས་པའི་བརྟག་སྤྱད་མང་དུ་ བྱར་ཡོད་པ་ལེགས་པར་བྱས་ནས། ཡིད་ཆེས་ཏེ། དེ་ཉིད་དུ་དབྱར་ཟླ་བ་གསུམ་ཚུལ་དུ་བཞུགས་སོ། །དགག་དབྱེ་ཐོན་ནས་ལྗོངས་རྒྱུ་བའི་དུས་སུ། དགྲ་བཅོམ་པ་དེ་ཉིད་ཀྱིས་དེ་བཞིན་གཤེགས་པའི་རིང་བསྲེལ་ཡོད་པ། 2-825 བ་སོའི་ཟ་མ་ཏོག་ཕྲ་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་གཅིག་དང་། མེ་ཏོག་པདྨ་དཀར་པོ་ལྔ་ཁ་ཆེའི་པཎྜི་ཏ་དེ་ལ་གཏད་ནས། རིང་བསྲེལ་གྱི་ཟ་མ་ཏོག་འདི་དང་། ཟེའུ་འབྲུ་ཡོད་པའི་ མེ་ཏོག་འདི་ཐོག་མ་ཁོ་ནར་དགེ་སློང་ཤཱཀྱ་ཤྲཱི་བྷ་དྲ་…དཔལ་བཟང་པོ་ལ་ཕུལ། མེ་ཏོག་ལྷག་མ་བཞི་པོ་འདི་ཁྱེད་ཀྱིས་ལྷུང་བཟེད་དུ་ཁྱེར་ལ། ཁྱེད་རང་གིས་མཆེད་ཟླ་ཀསྨི་ར་པཎྜི་ ཏ་…ཁ་ཆེ་བསོད་སྙོམས་པ་དེའི་ཕྱག་ཏུ་རེ་ཤིག་གཏོང་ཞིང་། དེ་མ་འོངས་པའི་སངས་རྒྱས་བདུན་པ་ཡིན་པས་བསོད་སྙོམས་ཡོན་ཅུང་ཟད
【現代漢語翻譯】 他說,所有在修行道路上所接受的教導都是加持。因此,對於所有細微的緣起都視為加持,並對此深感敬畏。關於在(佛)足上雕刻(佛)足印的傳統,過去在鷲峰山,上師無著(梵文:Asaṅga,含義:無障礙)修持彌勒菩薩(梵文:Maitreya,含義:慈愛者)十二年後,在巖石上親見了彌勒菩薩。上師斯丹巴·洛扎瓦(藏文:བླ་མ་སྟེང་པ་ལོ་ཙྪ་བ་)將彌勒菩薩足跡在石頭上顯現的尺寸帶到了藏地作為範例,並繪製了一百個彌龐巴(藏文:མི་ཕམ་པ)的足跡進行傳播。上師無著的足跡也按照年份進行傳播。甘丹寺(藏文:དགའ་ལྡན་)下院首先建造的原因之一就是這個。 據說,他(指喀什米爾班智達)註定會成為未來佛陀七尊佛之一。 2-824 法尊班禪釋迦室利(梵文:Śākyaśrī,含義:釋迦吉祥)的兄弟,喀什米爾大班智達布達旃陀羅(梵文:Buddha Chandra,含義:佛月),又名桑結達瓦(藏文:སངས་རྒྱས་ཟླ་བ་,含義:佛月),聽說在贍部洲(梵文:Jambudvīpa,含義:閻浮提)的辛哈拉德瓦(梵文:Siṃhaladvīpa,含義:獅子國島),即過去的羅剎女居住的島嶼上,觀世音菩薩(梵文:Avalokiteśvara,含義:觀自在)的化身,馬王巴拉哈(梵文:Bala ha,含義:力量)——象徵著大力馬頭明王(梵文:Hayagrīva,含義:馬頸)的力量——調伏了那裡,現在那裡已成為佛教興盛之地。在那裡,名為拉那尊達瑪尼薩帕拉那(梵文:Ratna cuṇḍa maṇi spharaṇa,含義:寶髻珠光)的宮殿里,住著真正的阿羅漢(梵文:Arhat,含義:應供)。 聽到這些后,他從喀什米爾格里布丹(藏文:ཁ་ཆེ་གྲིབ་བརྟན་)的拉瓦蘇爾(梵文:Prabhāsur,含義:光明)寺院,途經菩提伽耶(梵文:Bodh Gaya,含義:菩提伽耶),向摩訶菩提(梵文:Mahābodhi,含義:大菩提)供奉,並進行了許多苦行。他還拜見了辛哈拉島的阿羅漢,並進行了許多測試以確定他是否是阿羅漢,最終確信無疑,並在那裡住了三個夏季。 在結束夏季安居,開始遊歷時,那位阿羅漢給了他一個裝飾著各種精美飾品的檀香木盒,以及五朵白蓮花,並告訴喀什米爾班智達:‘首先將這個裝有舍利(梵文:Śarīra,含義:遺骨)的檀香木盒和這朵帶有花蕊的蓮花獻給比丘釋迦室利巴扎(梵文:Śākyaśrī bhadra,含義:釋迦吉祥賢)。將剩下的四朵花帶在缽中,暫時交給你的兄弟喀什米爾班智達(藏文:ཀསྨི་ར་པཎྜི་ཏ་,含義:喀什米爾班智達),因為他是未來的第七尊佛,所以要稍微供養一些食物。’ 2-825
【English Translation】 He said that all the teachings received on the path of practice are blessings. Therefore, all subtle dependent originations are regarded as blessings, and there is great reverence for them. Regarding the tradition of carving (Buddha) footprints on (Buddha) feet, in the past, on Vulture Peak Mountain, Master Asanga (Sanskrit: Asaṅga, meaning: Unobstructed) practiced Maitreya (Sanskrit: Maitreya, meaning: Loving-kindness) for twelve years, and after twelve years, he personally saw Maitreya on a rock. Lama Stengpa Lotsawa brought the size of Maitreya’s footprints appearing on the stone to Tibet as an example, and drew a hundred footprints of Mipam (Tibetan: མི་ཕམ་པ) for dissemination. Master Asanga’s footprints were also disseminated according to the number of years. One of the reasons for building the lower courtyard of Ganden Monastery first was this. It is said that he (referring to the Kashmiri Pandit) is destined to become one of the future seven Buddhas. 2-824 The brother of Dharma Lord Panchen Shakya Shri (Sanskrit: Śākyaśrī, meaning: Shakya Auspicious), the great Kashmiri Pandit Buddha Chandra (Sanskrit: Buddha Chandra, meaning: Buddha Moon), also known as Sangye Dawa (Tibetan: སངས་རྒྱས་ཟླ་བ་, meaning: Buddha Moon), heard that on the island of Simhaladvipa (Sanskrit: Siṃhaladvīpa, meaning: Lion Country Island) in Jambudvipa (Sanskrit: Jambudvīpa, meaning: Rose-apple Continent), which was once inhabited by Rakshasa women, the emanation of Avalokiteśvara (Sanskrit: Avalokiteśvara, meaning: The Lord Who Looks Down with Compassion), the horse king Bala ha (Sanskrit: Bala ha, meaning: Power) - symbolizing the power of the mighty Hayagriva (Sanskrit: Hayagrīva, meaning: Horse Neck) - subdued the island, and now it has become a place where Buddhism flourishes. There, in the palace called Ratna cunda mani spharana (Sanskrit: Ratna cuṇḍa maṇi spharaṇa, meaning: Jewel Crest Jewel Radiance), dwells a true Arhat (Sanskrit: Arhat, meaning: Worthy One). After hearing this, he traveled from the monastery of Kashmir Gribtan (Tibetan: ཁ་ཆེ་གྲིབ་བརྟན་) in Prabhasur (Sanskrit: Prabhāsur, meaning: Radiant) via Bodh Gaya (Sanskrit: Bodh Gaya, meaning: Place of Enlightenment), offered to Mahabodhi (Sanskrit: Mahābodhi, meaning: Great Enlightenment), and performed many austerities. He also visited the Arhat of Sinhala Island and performed many tests to determine whether he was an Arhat, and finally became convinced, and stayed there for three summers. At the end of the summer retreat, when he began to travel, that Arhat gave him a sandalwood box decorated with various exquisite ornaments and five white lotus flowers, and told the Kashmiri Pandit: ‘First offer this sandalwood box containing relics (Sanskrit: Śarīra, meaning: Relic) and this lotus flower with stamens to the monk Shakya Shri Bhadra (Sanskrit: Śākyaśrī bhadra, meaning: Shakya Auspicious Good). Take the remaining four flowers in your bowl and temporarily give them to your brother, the Kashmiri Pandit (Tibetan: ཀསྨི་ར་པཎྜི་ཏ་, meaning: Kashmiri Pandit), because he is the future seventh Buddha, so offer him some food.’
་ཕུལ་ན། འབྲས་བུ་དཔག་ཏུ་མེད་པར་འགྱུར་རོ། །སིང་གྷ་ …སེང་གེ་གླིང་གི་དགེ་སློང་བི་ཧཱར་ག་ས་མན་ཏ་ཀ་ར་གུཔྟ་…འདོད་ཆགས་དང་བྲལ་བ་ཀུན་ནས་འབྱུང་གནས་སྦས་པ་ཞེས་བྱ་བས་བསྐུར་ཀྵེ་མ་ཀུ་ཤ་ལ་…སྐུ་ཁམས་བདེ་འམ་སྨྲོས་ ཤིག དེ་ནས་མེ་ཏོག་གཅིག་དྭ་བྷཱ་ཤཱི་མཻ་ཏྲི་ཤྲཱི་…བྱང་ཕྱོགས་སུ་གངས་ཅན་གྱི་སྐད་གཉིས་པ་མཻ་ཏྲི་ཤྲཱི་བྱ་བ་གཅིག་འབྱུང་བར་འགྱུར་བ་ལ་དེ་པཎྜི་ཏའི་སློབ་མར་གྱུར་ཏེ། དེ་ ལ་པཎྜི་ཏ་ཆེན་པོས་བྱིན་ལ། སཏྭ་རྠ་ཀ་རཿ…སེམས་ཅན་གྱི་དོན་གྱིས་ཤིག་ཞེས་སྨྲོས་ཤིག དེ་ནས་མེ་ཏོག་གཅིག་བོད་ཡུལ་དབུས་ཀྱི་འབྲི་ཁུང་ཞེས་བྱ་བ་དེར་དྷྱ་ཡི་བི་ཀྵུ་རཏྣ་ཤྲཱི་…སྒོམ་པའི་དགེ་སློང་རིན་ཆེན་དཔལ་བྱ་བས་པཎྜི་ཏ་ལ་ནོར་དང་ན་བཟའ་མང་པོ་འབུལ་དུ་འོངས་ཏེ། 2-826 དེར་སྦྲན་ཡང་མ་གཤེགས་པར་སྐྱེས་ལན་ཆོས་ཀྱི་ཚིགས་སུ་བཅད་པ་གཅིག་དང་མེ་ཏོག་པདྨ་གཅིག་སྐུར་ཞིག དེ་ནི་ཐུབ་པ་ཆེན་པོ་འདས་ནས་ལོ་བཞི་བརྒྱ་ན་བྱུང་བའི་འཕགས་པ་ཀླུ་སྒྲུབ་ བསྟན་པ་སྙིགས་ཤིང་ཡང་སྙིགས་སུ་གྱུར་པ་ན། འགྲོ་བ་མ་རུངས་པ་གཞན་གྱིས་གཏན་འདུལ་བར་མི་ནུས་པ་རྣམས་འདུལ་བའི་དོན་དུ་བྱོན་པ་ཡིན་པས། དེའི་ཆོས་སྟོན་པ་པོར་ཁྱེད་ཅག་…དེར་ སྦྲན་ཡང་འགྲོ་མི་དགོས་པའི་རྒྱུ་མཚན་མི་དགོས་པར་ཤེས་པར་གྱིས་ཤིག་གསུངས་སོ། །དེ་ནས་བོད་ཡུལ་དབུས་ཀྱི་རཏྣ་ཀུ་ཊ་…རིན་པོ་ཆེ་ན་བརྩེགས་པ་ཞེས་བྱ་བའི་གཙུག་ལག་ཁང་ནས་དྷྱ་ ཡི་པཎྜི་ཏ་ཞིག་གིས། འཁོར་རང་བཅས་པ་ལ་བསྙེན་བསྐུར་རྣམ་པ་དུ་མ་བྱས་ནས་སྤྱན་འདྲེན་དུ་འོང་བས། དེ་མ་འོངས་པའི་སངས་རྒྱས་སྐལ་ལྡན་ཤིང་རྟ་ཞེས་བྱ་བ་ཡིན། དེ་ལ་མེ་ ཏོག་འདི་ཕུལ་ལ་དབྱར་གནས་པས་ཐེག་པ་ཆེ་ཆུང་གི་ཆོས་མང་དུ་སྟོན་ཞིག པཎྜི་ཏ་རང་གིས་ལོ་གྲངས་དང་མཉམ་པའི་ཕྱིར་མི་ལྡོག་པ་ཐོབ་པར་བྱེད་པར་འགྱུར་རོ། །དེས་པཎྜི་ཏ་ཆེན་ པོ་དེ་དང་དེ་སློབ་མ་ནོར་བཟང་ཞེས་བྱ་བས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་འགྲོ་བ་མ་བསྒྲལ་བའི་ལྷག་མ་རྣམས་སྒྲོལ་བའི་དོན་དུ་སངས་རྒྱས་མི་ཕམ་པའི་…སྦྲོན་པ་ལ་འགྲོ་དགོས་པའི་རྒྱུ་མཚན་སྐུ་ཚད་བཞེངས་སུ་གསོལ་ནས། 2-827 དེའི་སྐུ་གསུང་ཐུགས་བྱིན་གྱིས་རླབས་པ་ཞག་བཅུ་གསུམ་གྱི་བར་དུ་བྱེད་པར་འགྱུར་ཞིང་། ལྷའི་རིགས་བཅུ་གསུམ་གྱིས་ཀྱང་མཆོད་པའི་རིགས་བཅུ་གསུམ་བྱེད་པར་འགྱུར་བས། དེའི་དང་པོ་མེ་ཏོག་གཅིག་དབུ་ ལ་ཞོག་ཅིག་གསུངས་སོ། །མེ་ཏོག་ལྔ་པོ་དེར་ཁ་ཟས་ཀྱི་བྱ་བ་ནམ་བྱེད་པའི་ཚེ་རིང་བསྲེལ་གྱི་ཟ་མ་ཏོག་འདི་ཆུག་ལ་མཆོད་པར་དང་མ་བྲལ་བར་གྱིས། མེ་ཏོག་དེ་རྣམས་རང་ རང་གི་མཆོད་པ་ཇི་སྲིད་མ་ཚར་བའི་བར་དེ་སྲིད་རྙིངས་པ་དང་སྟོར་བ་ལ་སོགས་པར་མི་འགྱུར་བར་བྱིན་གྱིས་བརླབས་ཡོད་དེ། ཞེས
【現代漢語翻譯】 獻上鮮花,將獲得無量的果報。辛哈… …僧伽羅(Simhala,獅子國,今斯里蘭卡)的比丘(Bhiksu)毗訶羅伽薩曼達卡拉古普塔(Viharagasa-mantakaragupta)…名為離欲和秘密根源的人送來鮮花,問候您是否安康。之後,一朵鮮花,達瓦巴什彌底力希里(Dvabhasimaitrisri)…北方將出現一位名為彌底力希里(Maitrisri)的第二位雪域語言大師,他將成為班智達(Pandita,學者)的弟子。偉大的班智達會賜予他:薩埵阿塔卡拉哈(藏文:སཏྭ་རྠ་ཀ་རཿ,梵文天城體:सत्वार्थकरः,梵文羅馬擬音:sattvārthakaraḥ,漢語字面意思:利益眾生者)…請利益眾生!之後,一朵鮮花,在西藏中部名為止貢(Drikung)的地方,一位名為仁欽貝(Ratnasri)的禪修比丘(Dhyanabhiksu)將帶著許多財物和衣物來供養班智達。 在那裡,即使被邀請也不要前往,送去一首回答的偈頌和一朵蓮花。這是在偉大的導師(釋迦牟尼佛)涅槃四百年後出現的聖者龍樹(Nagarjuna)。 當佛法衰敗時,爲了調伏其他難以調伏的眾生,他才出現。你們要成為他的佛法宣講者…在那裡,即使被邀請也不需要前往,要知道其中的原因。之後,在西藏中部名為仁波切塔(Ratnakuta,寶積)的寺廟裡,一位禪修班智達(Dhyanapandita)會帶著眷屬前來供養並迎請您。他就是未來的佛陀,名為賢劫善馬(Bhadrakalpa Hayagriva)。將這朵鮮花獻給他,讓他夏季安居時多多宣講大小乘佛法。班智達自己將獲得與年齡相同的不可逆轉的成就。班智達本人和他的弟子諾桑(Norsang)會請求您建造釋迦牟尼佛(Shakyamuni)的等身像,爲了救度佛陀未救度的眾生。 邀請您前去的原因是,他的身語意加持將持續十三天,十三種天神也會進行十三種供養。首先,將一朵鮮花放在他的頭上。當這五朵鮮花用於食物時,請將長壽甘露丸放入其中並供養,不要分離。這些鮮花在各自的供養未完成之前,都不會變質或消失,因為它們已被加持。 就這樣說。
【English Translation】 If you offer flowers, you will receive immeasurable fruits. Singha… …The Bhiksu (monk) Viharagasa-mantakaragupta from Singhaladvipa (Lion Island, present-day Sri Lanka) of the Simhala (Lion) country…A person named ‘Free from Desire and Hidden Source’ sends flowers, asking if you are well. Then, one flower, Dvabhasimaitrisri…In the north, there will appear a second master of the language of the snowy region named Maitrisri, who will become a disciple of a Pandita (scholar). The great Pandita will bestow upon him: Sattvarthakara (藏文:སཏྭ་རྠ་ཀ་རཿ,梵文天城體:सत्वार्थकरः,梵文羅馬擬音:sattvārthakaraḥ,漢語字面意思:One who benefits beings)…Please benefit beings! Then, one flower, in a place called Drikung in central Tibet, a meditation Bhiksu (Dhyanabhiksu) named Ratnasri will come to offer many riches and clothes to the Pandita. There, even if invited, do not go, but send a verse in reply and a lotus flower. This is the noble Nagarjuna who appeared four hundred years after the great teacher (Shakyamuni Buddha) passed away. When the teachings are degenerating, he appears to subdue those beings who are difficult to subdue by others. You should become the preachers of his Dharma…There, even if invited, there is no need to go, know the reason why. Then, from the temple called Ratnakuta (Pile of Jewels) in central Tibet, a meditation Pandita (Dhyanapandita) will come with his retinue to make offerings and invite you. He is the future Buddha, named Bhadrakalpa Hayagriva (Auspicious Aeon Horse Neck). Offer this flower to him, and let him extensively teach the Dharma of both the Greater and Lesser Vehicles during the summer retreat. The Pandita himself will attain irreversibility equal to his age. The Pandita himself and his disciple Norsang will request you to build a life-size statue of Shakyamuni Buddha, in order to liberate the beings not yet liberated by the Buddha. The reason for inviting you is that the blessings of his body, speech, and mind will last for thirteen days, and thirteen kinds of deities will also make thirteen kinds of offerings. First, place one flower on his head. When these five flowers are used for food, please put the longevity nectar pill in it and offer it, do not separate. These flowers will not deteriorate or disappear until their respective offerings are completed, because they have been blessed. Thus it was said.
་གསུངས་སོ། །དེ་ནས་ཁ་ཆེའི་པཎྜི་ཏས་ལྷུང་བཟེད་དུ་ མེ་ཏོག་དང་ཟ་མ་ཏོག་བཅུག་ནས་སིང་གྷ་གླིང་ནས་སླར་འཛམ་བུ་གླིང་དུ་འོངས་ཏེ། ཡང་དབུས་འགྱུར་འཆང་གི་བྱང་ཆུབ་ཆེན་པོ་མཧཱ་བོ་དྷི་ལ་གཏང་རག་གི་ཕྱག་འཚལ་དུ་བྱོན་པའི་ ཚེ་མཧཱ་བོ་དྷིའི་ཕོ་བྲང་གི་ཐེམ་སྐས་ལ་འཛེགས་པ་དང་། ཆོས་རྗེས་པཎ་ཆེན་མཧཱ་བོ་དྷི་ལ་ཕྱག་འཚལ་ནས་ཕྱིར་གཤེགས་པའི་དོན་དུ་རྡོ་རྗེའི་ཐེམ་སྐས་ལ་འབབ་པ་དང་ལྷན་ཅིག་འཛོམ་ པར་གྱུར་ནས། ཐེམ་སྐས་དེ་ཉིད་ཀྱི་སྟེང་དུ་སྔར་གྱི་གསུང་གླེང་རྒྱས་པར་མཛད་དེ་ཕན་ཚུན་གཉིས་ཀ་གཤེགས་བཞུད་མཛད་དོ། །གཏམ་རྒྱུད་འདི་དག་ནི་དཔལ་ཁྲོ་ཕུའི་གཙུག་ལག་ཁང་ཆེན་པོ་དགའ་ལྡན་གྱི་ཕོ་བྲང་དུ་ཁྲུ་བརྒྱད་ཅུ་པའི་བྱམས་ཆེན་མགོན་པོ་མཐར་ཕྱིན་ནས་རབ་གནས་མཛད་པའི་དུས་སུ་དགྲ་བཅོམ་པས་བསྐུར་བའི་ཟ་མ་ཏོག་རིང་བསྲེལ་གསུམ་དང་བཅས་པ་དང་། 2-828 མེ་ཏོག་པདྨ་དཀར་པོ་གཅིག་དང་། རྒྱ་གར་ཤར་ཕྱོགས་བ་རིན་ཏྲའི་རྒྱལ་པོས། ཆོས་རྗེ་ལ་ཕུལ་བའི་དུང་གཡས་སུ་འཁྱིལ་བ་ཆུང་ངུ་གསུམ་དང་བཅས་པ། ཆོས་རྗེ་པཎ་ཆེན་ཤཱཀྱ་ཤྲཱི་དེ་ཉིད་ ཀྱིས། སློབ་མའི་གཙོ་བོ་དགེ་སློང་བྱམས་པའི་དཔལ་དང་། དགེ་སློང་ཉི་མ་བསོད་ནམས་དང་། དགེ་སློང་རྡོ་རྗེ་འཕན་དང་བཅས་པ་རྣམ་གསུམ་ལ་རྒྱས་པར་གདམས་ངག་དང་བཅས་པ་གསུངས་ཤིང་གནང་། དེའི་ ཚེ་སིང་གྷ་གླིང་ནས་དགྲ་བཅོམ་པས་བསྐུར་བའི་ཟ་མ་ཏོག་དེ་ཁ་ཕྱེ་བས་རིང་བསྲེལ་གཅིག་ལ་ལྔར་འཕེལ་འདུག་གསུངས་ནས། ཟ་མ་ཏོག་དེ་བཞིན་གཤེགས་པའི་རིང་བསྲེལ་གསུམ་དང་བཅས་པ་ལོ་ ཙཱ་བ་ལ་གནང་ནས། རིང་བསྲེལ་གསུམ་ཟ་མ་ཏོག་གི་ནང་དུ་གླ་རྩི་དང་ག་བུར་ལ་སོགས་པས་དྲིལ་ཏེ་ཟབ་པའི་རྟེན་འབྲེལ་བསྒྲིགས་ནས། དུང་ཆུང་གཡས་སུ་འཁྱིལ་བ་གསུམ་གྱིས་བརྒྱན་ཏེ་ མཆོད་བསྟོད་གཟུངས་སྔགས་དང་བཅས་པས་ཐུགས་དམ་མང་དུ་མཛད་ནས་བྱམས་ཆེན་གྱི་ཐུགས་ཀར་བཞུགས། དེ་བཞིན་གཤེགས་པའི་རིང་བསྲེལ་གཅིག་ཆོས་རྗེ་ཉིད་ཀྱིས་ཕྱག་ཚགས་མཛད། རིང་བསྲེལ་གཅིག་ལོ་ཙཱ་བའི་སྲུང་ བའི་རྟེན་གྱིས་གསུངས་ནས། དགྲ་བཅོམ་པས་བསྐུར་བའི་མེ་ཏོག་དང་རིང་བསྲེལ་ལྷན་ཅིག་སྦྲགས་ནས་དུས་དེ་ཉིད་དུ་གནང་། དེ་ནས་དགྲ་བཅོམ་པས་སྔར་བསྐུར་བའི་མེ་ཏོག་དཀར་པོ་དེ་བྱམས་ཆེན་གྱི་དབུ་ལ་བཞག 2-829 དེ་ཉིད་ཀྱི་ནང་པར་ཆུ་ཕོ་སྤྲེའུའི་ལོ་བྲེའི་ཟླ་བའི་ཚེས་བཅུ་གསུམ་ལ་རབ་གནས་ཆེན་པོ་མཛད་དོ། །རབ་གནས་ཆེན་པོ་ཚར་བའི་རྗེས་ལ་བཤེས་གཉེན་ཆེན་པོ་མང་དུ་བསྡུས་ནས། ཐུན་མོང་ དུ་ཆོས་རྗེ་འཁོར་བཅས་ཁ་ཆེར་མི་བཞུད་པའི་ཞུ་འབུལ་བྱས། ཁྱད་པར་དུ་ཡང་སུ་འཇེབས་འཇེབས་ཀྱིས་བཞུགས་པའི་ཞུ་འབུལ་མང་པོ་བྱས་ཀྱང་། ཀསྨི་ར་དོན་ཆེན་པོ་གསུངས་ནས་ཡེ་མ་གསན། ཡར་ ལམ་ལ་དོན་མོ་རིར་བསྙུན་གཞི་བག་ཙམ་གཅ
【現代漢語翻譯】 於是,克什米爾的班智達將鮮花和糖果放入缽中,從辛哈拉(Siṃhala,獅子國,今斯里蘭卡)返回瞻部洲(Jambudvīpa,閻浮提,指我們所居住的世界)。之後,又前往位於中部地區的菩提伽耶(Bodh Gaya)大菩提寺(Mahābodhi)朝拜,以表達謝意。 當他登上大菩提寺宮殿的臺階時,恰好與法主班禪(Chos-rje Pan-chen)從大菩提寺朝拜后返回,走下金剛臺階相遇。他們在臺階上詳細地交談了之前的事情,然後各自離去。 這些故事發生在吉祥卓浦寺(Khro-phu Monastery)大殿,在為八十肘高的慈氏大怙主(Byams-chen Gon-po)圓滿舉行開光儀式時。阿羅漢(Arhat)供奉了三顆舍利(ring-bsrel)和糖果,以及一朵白蓮花。印度東部的瓦林達(Varendra)國王向法主供奉了三個右旋海螺。 法主班禪釋迦室利(Śākyaśrī)親自向他的主要弟子格隆絳巴貝(dge-slong Byams-pa’i dpal,比丘慈祥吉祥)、格隆尼瑪索南(dge-slong Nyi-ma bsod-nams,比丘太陽福德)和格隆多吉潘(dge-slong rDo-rje ‘phan,比丘金剛幢)三人詳細傳授了教誨和訣竅。當時,他說:『當打開阿羅漢從辛哈拉送來的糖果時,一顆舍利變成了五顆。』 於是,他將糖果連同三顆如來(Tathāgata)的舍利一起交給了譯師(lo-tsā-ba),將三顆舍利用樟腦等香料包裹在糖果中,以建立深刻的緣起。然後,用三個右旋小海螺裝飾,伴隨著讚頌和陀羅尼(dhāraṇī,總持),多次進行禪修,並將它們安放在慈氏大佛的心間。法主自己珍藏了一顆如來的舍利,並說一顆舍利將作為譯師的護身符。阿羅漢先前供奉的鮮花和舍利一起在當時被贈予。 之後,將阿羅漢先前供奉的白花放在慈氏大佛的頭上。在水陽猴年(chu pho spre’u’i lo)的佈雷月(bre’i zla-ba)十三日,舉行了盛大的開光儀式。盛大的開光儀式結束后,聚集了許多善知識(spiritual friends),共同請求法主及其眷屬不要前往克什米爾。特別是,許多人懇求他留在蘇傑傑(su ‘jebs ‘jebs),但他沒有聽從,說克什米爾有重要的事情。在亞隆(yar lam)的多摩日(don mo ri)生了一點小病。
【English Translation】 Then, the Kashmiri Paṇḍita put flowers and candies into the alms bowl and returned from Siṃhala (Lion Country, present-day Sri Lanka) to Jambudvīpa (the continent where we live). Then, he went to Bodh Gaya Mahābodhi Temple in the central region to pay homage, expressing his gratitude. As he ascended the steps of the Mahābodhi Temple palace, he happened to meet Dharma Lord Paṇchen (Chos-rje Pan-chen) who was returning from paying homage at the Mahābodhi Temple, descending the Vajra steps. They discussed the previous matters in detail on the steps, and then each departed. These stories took place in the great hall of the auspicious Khro-phu Monastery, during the consecration ceremony for the eighty-cubit-high Maitreya Great Protector (Byams-chen Gon-po). The Arhat offered three relics (ring-bsrel) and candies, as well as a white lotus flower. The King of Varendra in eastern India offered three small right-spiraling conch shells to the Dharma Lord. Dharma Lord Paṇchen Śākyaśrī personally and in detail imparted teachings and instructions to his main disciples, Gelong Jampa Pal (dge-slong Byams-pa’i dpal, Bhikṣu Maitreya Glory), Gelong Nyima Sonam (dge-slong Nyi-ma bsod-nams, Bhikṣu Sun Merit), and Gelong Dorje Phan (dge-slong rDo-rje ‘phan, Bhikṣu Vajra Banner). At that time, he said, ‘When the candies sent by the Arhat from Siṃhala were opened, one relic had multiplied into five.’ Then, he gave the candies along with the three relics of the Tathāgata to the translator (lo-tsā-ba), wrapping the three relics in the candies with camphor and other fragrances to establish a profound auspicious connection. Then, he decorated them with three small right-spiraling conch shells, and with praises and dhāraṇīs (總持), he meditated many times and placed them in the heart of the Maitreya Buddha. The Dharma Lord himself treasured one relic of the Tathāgata, and said that one relic would serve as the translator’s amulet. The flowers and relics previously offered by the Arhat were given together at that time. After that, the white flower previously offered by the Arhat was placed on the head of the Maitreya Buddha. On the thirteenth day of the Bre month in the Water Male Monkey year (chu pho spre’u’i lo), the grand consecration ceremony was held. After the grand consecration ceremony, many spiritual friends were gathered, and they jointly requested the Dharma Lord and his entourage not to go to Kashmir. In particular, many people pleaded with him to stay in Sujeb Je (su ‘jebs ‘jebs), but he did not listen, saying that there were important matters in Kashmir. He fell slightly ill at Donmo Ri (don mo ri) in Yarlung (yar lam).
ིག་བྱུང་བས། ནན་ཏན་ཆེན་པོས་ཤོལ་བཏབ་ཀྱང་མ་བཞེད་དེ་བར་ཆད་མེད་ཅེས་གསུངས། ཡར་ལམ་ལམ་འགར་གྱི་ལམ་ནས་ལ་སྟོད་ལྷོ་ནས་གཤེགས་ཏེ། འགྲོ་དོན་མཐའ་ཡས་སྤེལ། མི་ཆེན་ནམ། སྟོན་པ་རྐྱང་རེ་ལ་ཡང་། རིན་པོ་ཆེའི་བརྒྱད་སྟོང་པ་གནང་བ་དང་། གསེར་སྲང་རེ་རེ་གཉིས་གཉིས་སམ། སྣམ་བུ་ཁུར་དུ་ལོངས་པ་གནང་བ་ཡང་མང་ དུ་ཡོང་། གུང་ཐང་གི་གླང་རིར་སླེབས་པ་ན་ཤ་མར་དང་འབྲུ་མང་བོ་ལྷག་ལྷུག་ཏུ་བྱུང་བ་རྣམས་དགོན་པ་དང་བཤེས་གཉེན་རྣམས་ལ་གནང་། གསེར་གཡུ་ལ་སོགས་པ་རྣམས་ཉིད་ཀྱིས་བསྡུས་ནས་ སྟག་རི་ལོ་ཙྪ་བ་ལ་གཏད་དེ། ནོར་སྙིང་པོ་མེད་པ་ལས་སྙིང་པོ་བླང་དགོས་པས་དེ་རིང་སང་ཁྱོད་ཀྱིས་གཉེར་གྱིས་གསུངས། དར་ཆེན་གྱི་ཁ་ཚོན་སྣ་ལྟབ་བྱས་པར་སྟབས་གཅིག་གསེར་རྣམས་སིལ་མར་བླུགས་ཏེ། 2-830 སྲང་བརྒྱ་དང་སུམ་ཅུ་རྩ་དྲུག་བྱུང་བ་ལ་ཨ་བ་བཏབ་ནས། ཐུམ་ལྐོགས་ལྷུང་བཟེད་གསུམ་བྱུང་བ་རྣམས་སྤུངས་ནས་ལོ་ཙཱ་བ་བོས་ལ་གཏོད་གསུང་སྐད། ཁོ་བོས་སྤྱན་སྔར་ཕྱིན་པ་ན། སྔར་ གསེར་ལ་སོགས་པ་མང་དུ་ཁྱེད་ལ་བྱིན། ཁྱེད་ཀྱིས་ཀྱང་ལྷ་ཆེན་བསྒྲུབས་པས་དོན་ཆེ་བར་བྱས། ལྐོགས་པ་འདི་ཀུན་ཡང་ཚོལ་དགོས་ན་ཡེ་མི་རྙེད་པར་འདུག་པས་གཉེར་གྱིས་གསུངས། གསེར་སོགས་ཐུག་ མེད་གནང་ཟིན་པས་ཐུགས་ལ་བསམ་གྱིས་མི་ཁྱབ་པ་བཏགས་ཟིན། གསེར་འདི་ཙམ་ཞིག་ཁ་ཆེར་ཡང་མཆོད་པ་དང་སྐྱེས་ལ་སོགས་པ་འཚལ། ལམ་ཐག་རིང་པས་ཆ་རྐྱེན་མང་དུ་འཚལ་བས་ཡར་བསྣམ་ པར་ཞུ། ལྐོགས་པ་ཀུན་དངོས་གྲུབ་ལགས་པས་ཞུ་ལགས་ཞེས་གསོལ་ཏེ། སྨན་སྣོད་ལ་སོགས་པར་སྦས་སོ། །དེ་ནས་གུང་ཐང་དང་གློ་བོའི་བར་དུ་བསྐྱལ། འབྲལ་བ་ཡིད་མི་བདེ་བའི་སྟོབས་ཀྱིས་ཡང་ ཡང་མཆི་མ་འབབ་པ་བྱུང་། སང་འབྲལ་བར་འགྱུར་བའི་དོན་དུ་དོ་ནུབ་གདུང་བའི་ཤུགས་རིངས་བྱ་བའི་གསོལ་འདེབས་གཅིག་ཡིད་ལ་བརྩམས་ཏེ། ངུས་ཤིང་གསོལ་བ་བཏབ་བོ། །གསོལ་འདེབས་ཀྱི་ཚིགས་བཅད་འདི་ ཡིན་ཏེ། ལྔ་རིག་རྒྱལ་པོ་བརྟུལ་ཞུགས་འཛིན་པའི་མཆོག །མ་བྱོན་སངས་རྒྱས་ཆགས་མེད་བརྩེ་བ་ཅན། །བྱམས་སྒྲོལ་བདེ་ཆེན་ལྷ་ཡིས་རྗེས་བཟུང་བའི། །ཆོས་རྗེ་ཤཱཀྱ་ཤྲཱི་ལ་ཕྱག་འཚལ་ལོ། །བསྟན་པའི་སྒྲོན་མཆོག་མར་མེ་མཛད་དཔལ་གྱི། ། 2-831 ཉི་མ་འདས་པའི་རྗེས་བྱོན་སྣང་མཛད་པ། །བསླབ་གསུམ་དཀར་བསིལ་གསལ་བའི་འོད་ཟེར་ཅན། །བློ་གྲོས་ཟླ་རྒྱས་བདག་གི་སྤྱི་བོར་བཞུགས། །ཤར་ནུབ་རྒྱ་བོད་ཁ་ཆེའི་གླིང་བཞི་རྣམས། །སྨོན་ལམ་རླུང་གིས་ ལེགས་སྐྱོང་སྣང་མཛད་ནས། །སླད་དུས་དགའ་ལྡན་མཁའ་དབྱིངས་ཞིང་འགྱུར་བ། །དེ་ཚེ་ཞབས་རྡུལ་བསྟེན་པའི་བྲན་དགོངས་ཤིག །གདོང་དམར་གླིང་འདིར་པཎ་ཆེན་ཉི་ཟླ་དག །ནུབ་ནས་ཁོ་བོ་མེ་ཁྱེར་སྲིན་བུ་ ཡིས། །རབ་འབྱམས་ས་ཆེན་ཇི་ལྟར་སྣང་བགྱི་གསུངས། །དེ་བས་དོན
【現代漢語翻譯】 因此,雖然我極力挽留,但他還是不肯留下,說沒有阻礙。他從亞爾朗嘎爾的道路,經過拉堆洛向南方走去, 廣弘無邊的利生事業。對於大人物或者一般的導師,他都贈送珍貴的《八千頌般若經》,或者給予一兩金,或者給予足夠馱負的氆氌,這樣的事情很多。 到達貢塘的朗日時,剩餘的酥油和大量糧食,都佈施給寺院和善知識們。金銀珠寶等物,他自己收集起來, 交給達日譯師,說:『比起沒有意義的財物,更應該獲取有意義的東西,所以從今天起,這些東西由你保管。』他將大旗的邊緣摺疊起來,一次性將所有黃金傾倒進去, 總共有136兩黃金,他蓋上印章,將三個包裹、缽盂堆放在一起,叫來譯師交給他說。當譯師來到他面前時,他說:『之前我給了你很多黃金等物,你也建造了宏偉的佛像,做了很有意義的事情。 這些包裹如果想要尋找,恐怕是找不到的,所以要好好保管。』因為已經給予了無數的黃金等物,所以心中已經想好了無法估量的事情。拿出這些黃金,也供養和贈送給克什米爾人。路途遙遠,需要很多資糧,所以請你帶上。 所有的包裹都是成就之物,請你收下。』這樣祈求后,譯師將黃金藏在藥箱等物中。之後,他們一起走到貢塘和洛波之間。因為離別的不捨,常常流下眼淚。 爲了明日的離別,今晚心中創作了一首悲傷的祈禱文,哭泣著祈禱。這首祈禱文是: 『五明之王,持梵行之最勝者!未來之佛,無染之慈愛者!慈悲度化,大樂天神所攝受之,法王釋迦師利我頂禮!教法之明燈,如瑪爾麥匝巴大師之, 太陽逝去後,照亮世間之光明!具足戒定慧三學清涼之光芒,智慧如滿月般,祈請安住於我頂!東西藏漢克什米爾四大洲,以願力之風, 善加守護,照亮世間,未來將轉為兜率天之凈土,那時祈願能成為侍奉您足塵之僕人!』他說:『在此瞻部洲,班禪大師如日月般,西沉之後,我如螢火蟲般, 如何照亮這廣闊的大地呢?』因此,務必……
【English Translation】 Therefore, although I earnestly pleaded with him to stay, he refused, saying there were no obstacles. He departed from Lato Lho via the road of Yarlam Gangar, extending limitless benefit to beings. To great individuals or even ordinary teachers, he would offer precious ‘Eight Thousand Verse Prajñāpāramitā Sūtras,’ or one or two gold coins, or enough woolen cloth to fill a load. Such instances were numerous. Upon arriving at Langri in Gungtang, he generously distributed the remaining butter and abundant grains to monasteries and spiritual friends. He gathered gold, turquoise, and other valuables himself, and entrusted them to Tagri Lotsawa (translator), saying, ‘Rather than meaningless wealth, one must extract meaning from it, so from today, you take care of these.’ He folded the edge of a large banner and poured all the gold into it at once, amounting to one hundred thirty-six ounces of gold. He sealed it, piled up three packages and a begging bowl, summoned the translator, and instructed him to take them. When the translator came before him, he said, ‘Previously, I gave you much gold and other things. You have also built great statues and accomplished significant deeds. If one were to search for these packages, they would be impossible to find, so take good care of them.’ Having already given countless gold and other items, he had already conceived immeasurable thoughts. He offered this much gold as offerings and gifts to the Kashmiris. The journey is long, requiring many provisions, so please take them with you. ‘All the packages are objects of accomplishment, please accept them.’ After pleading in this way, the translator hid the gold in medicine boxes and other items. Afterward, they traveled together between Gungtang and Lobu. Due to the reluctance of parting, tears often flowed. In anticipation of the departure the next day, he composed a sorrowful prayer in his mind that night, weeping as he prayed. This prayer is: ‘Supreme among those who uphold the conduct of the King of the Five Sciences! Future Buddha, possessor of unattached love! Embraced by the deities of loving liberation and great bliss, Dharma Lord Shakya Shri, to you I pay homage! Lamp of the teachings, like Marme Dze Pal’s, sun having passed, illuminator who appears afterward! Possessing the clear rays of the cool white of the three trainings, wisdom like the waxing moon, may you reside upon my crown! The four continents of East, West, Tibet, and Kashmir, with the wind of aspiration, may you skillfully protect and illuminate the world, in the future transforming into the pure land of Tushita, at that time may I be a servant who attends to the dust of your feet!’ He said, ‘In this Jambudvipa, the Panchen Lamas are like the sun and moon, after they set in the west, how will I, like a firefly, illuminate this vast earth?’ Therefore, it is essential…
་གཉིས་གསོལ་བཏབ་འབྲས་བཅས་མཛོད། །ཅེས་བྱ་བའོ། །ནང་པར་ཐོ་རངས་ནམ་སང་སང་གི་དུས་སུ་ཉེ་གནས་པ་གཅིག་བཏང་ནས་འདི་ལྟར་ སྤྱན་སྔར་ཁྱུག་གིས་ཤོག་ཅེས་གསུངས་པས། ཁ་ཤས་ནས་བཀའ་བཀྱོན་དྲག་པོ་གཅིག་འོང་ལ་ཆ་སྙམ་ནས་སྐྲག་ཅིང་སྐྲག་ཅིང་མྱུར་དུ་ཕྱིན་པས། ཁ་ཆེ་བའི་སུན་མ་རྣམས་ཕྱིར་བསྐྲད་པའི་དོན་དུ་ འོ་མ་དང་ཞོ་རྫི་ཁ་ཅིག་གཏད་ནས། ད་ནང་ལ་ལ་འགྲོ་དགོས་པས་ཁྱེད་རྣམས་འོ་མ་དང་ཞོ་ལ་བསྟེན་ནས་ཚ་བ་འདི་ཀ་ལྟར་གྱིས་ཤིག ཅེས་བསྐུར་ནས་ཕྱིར་བཏང་ངོ་། མི་གཞན་ ཡེ་མེད་བདག་གཟིགས་པ་དང་། ལོ་ཙཱ་བ་ཆེན་པོ་ལ་ཀཱ་ཆེན་པ་ཆེན་པོ་མང་མཧཱ་ལོ་ཙཱ་བ་མཧཱ་ཀཱ་རྒྱ་བ་ཧུ་ལ། ཐལ་མོ་གཉིས་ཟེད་ཅིག་གསུངས། ཐལ་མོ་གཉིས་བཟེད་པ་ལ་ཉིད་ཀྱི་ཕྱག་གིས་གསེར་ཐུམ་སྐྱུར་བ་དང་ལྗིད་ཀྱིས་ནོན་ནས། 2-832 ས་ལ་ཐུག་ཚར་སོང་། ལྷ་བཟོ་བའི་རྫོངས་གྱིས་གསུངས་སོ། །དེ་ནས་ཕྱག་འཚལ་ཏེ་འདི་ཙམ་གནང་བ་ནི་སྐུ་དྲིན་ཚད་མ་མཆིས་ཏེ་སྔར་ཐུག་མེད་གནང་ཟིན་ལགས། ད་འདི་ཙམ་གཅིག་གཅིག་ཀྱང་ ཁ་ཆེར་འཁྱེར་བར་ཞུ་ཞེས་ཐེངས་གསུམ་ཞུས་ཀྱང་སྐབས་མ་ཕྱེ། ད་རུང་བཏུད་ལ་འཁྱེར་བར་ཞུ་སྙམ་པ་ལས། ཉེ་གནས་པ་ན་རེ། དངོས་གྲུབ་བྱུང་དུས་སུ་བླངས་ན་དགའ་འོ། །ཐུགས་ལོག་ན་ ཁ་ཆེ་བའི་ནན་ཏུར་ཅན་ལ་བྱིན་ན་གྱོང་ཆེ་བར་འོང་ཟེར། དེ་བདེན་སྙམ་ནས་དེ་མ་ཐག་ཏུ་ཞུས་ཏེ་མཆན་དུ་བཅུག་པ་དང་། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཞེས་པའི་ བསྔོ་བ་དེ་མཛད་ནས་ད་སོང་སོང་གསུངས། དེ་ནས་ཆོས་སྐྱོང་ལ་གཏང་རག་མཚོན་པ་གཅིག་ཕུལ་ནས། ལ་ལས་ཅི་ནུས་ཀྱིས་ཆོས་རྗེའི་དོ་ལི་བཏེག་ཅིང་གསོལ་བ་བཏབ། པུ་ཧྲངས་ཀྱི་བར་དུ་ སྐྱེལ་བར་ཞུས་ཀྱང་མ་གནང་། དབུ་ཞྭ་དང་། ཆགས་དང་རྒྱ་གར་གྱི་བརྒྱད་སྟོང་པ་རྣམས་གནང་། ཁྲོ་ཕུའི་འདྲ་འབག་ལ་གསོལ་བ་འདེབས་པའི་ཐབས་དེ་གནང་། དེ་ནས་བསྐོར་ཕྱག་མང་དུ་བྱས་ནས་མཆི་ མས་བརྣངས་བཞིན་དུ་ཚུར་ལོག་གོ །ཅུང་ཟད་ཅིག་ན་ཡར་ཤོག་དང་གསུངས་ནས་ལྷ་བཟོ་བ་ལ་ཡོན་ཇི་ཙམ་དགོས་གསུངས། འགུར་མོའི་ཡོན་བདག་སྐྱེ་ག་བྱ་བ་དང་། བལ་ཡུལ་གྱི་གནས་པོའི་སྐྱ་བ་གཉིས་ཀྱིས་མཚམས་བཟུང་སྟེ། 2-833 སྐུ་རང་གི་མཁན་པོ་ལ་སྲང་བདུན་བརྒྱ་དང་། གསེར་བཟོ་མཁན་ལ་ཉིས་བརྒྱ་དང་། རྒྱན་མཁན་ལ་སྲང་སུམ་ཅུ་ཐམ་པ་འཚལ། དྲིལ་བས་དགུ་བརྒྱ་སུམ་ཅུ་འཚལ་བ་ལ། སུམ་ཆ་གསེར་དངུལ་ངོ་ བོ། སུམ་ཆ་སྐམ་དང་སིལ། སུམ་ཆ་རྟ་དང་དར་ཟབ་ཏུ་འཚལ་ཞེས་ཞུས། ཕྱིའི་རྒྱ་མཚོ་ནས་ནོར་བུ་ལོན་ན་བརྫངས་ཚར་རམ་གཞན་དུ་དཀའ་བར་འདུག་གསུངས། དེ་ནས་སྐུ་བསྒྲུབས་པའི་འབྲས་བུ་ ཇི་ལྟ་བུ་ཞིག་དོན་དུ་གཉེར་གསུང་བ་ལ། སྔར་ཉིད་དུ་སྨོན་ལམ་རིན་པོ་ཆེའི་ལྗོན་ཤིང་བྱ་བ་བརྩམས་ཡོད་པས་དེ་ལན་གཅིག་ཁ་ཏོན་བྱས། དེ་ཡི་དོན་ཆེ་ལོང་ཞིག
【現代漢語翻譯】 『請您賜予我兩次祈禱的果實。』就這樣說了。第二天黎明時分,派了一位近侍,這樣說道:『請您迅速前來。』有些人心想:『恐怕會受到嚴厲的斥責。』感到害怕,急忙趕去。爲了驅逐克什米爾的遜尼派,給了他們一些牛奶和酸奶,並囑咐道:『今天早上我必須離開,你們就靠這些牛奶和酸奶來度過這段時間吧。』說完就讓他們離開了。沒有其他人,只有我被召見,還有偉大的譯師拉卡欽波(藏文:ལོ་ཙཱ་བ་ཆེན་པོ་ལ་ཀཱ་ཆེན་པ་ཆེན་པོ་,含義:偉大的譯師),瑪哈洛扎瓦(梵文天城體:महालाेचावा,梵文羅馬擬音:mahālocāva,漢語字面意思:偉大的譯師),瑪哈嘎雅瓦胡拉(梵文天城體:महाकाग्यावाहुला,梵文羅馬擬音:mahākāgyāvāhula,漢語字面意思:偉大的身體語者胡拉)。』說道:『雙手合十。』當雙手合十時,您用手將金塊扔了過去,金塊的重量壓得我的手 2-832 都碰到了地面。』說道:『這是神匠的禮物。』然後我頂禮說道:『給予我這麼多,真是恩德無量,以前已經給予我很多了。現在即使是這一點點,也請允許我帶回克什米爾。』這樣請求了三次,但您都沒有同意。我心想:『還是堅持請求帶走吧。』這時,近侍說道:『在成就實現的時候拿走才好。如果您的心意改變了,給了那些克什米爾的頑固分子,損失就太大了。』我心想:『這話說得對。』於是立刻請求並藏了起來,然後做了這樣的迴向:『愿以此功德,普皆能見。』 然後說道:『現在走吧,走吧。』之後,爲了感謝護法神,獻上了一份禮物。有些人盡其所能地抬著法王的轎子,並祈禱。請求護送到普蘭,但您沒有同意。您賜予了帽子,以及恰和印度的《八千頌般若經》。您賜予了向卓普的佛像祈禱的方法。然後,我做了許多繞行禮拜,含著眼淚回去了。過了一會兒,您說:『上來吧。』然後問神匠需要多少報酬。阿古爾莫的施主杰嘉,以及尼泊爾的朝聖者嘉瓦兩人從中調解, 2-833 說道:『給您自己的堪布(藏文:མཁན་པོ་,含義:親教師)七百兩黃金,給金匠兩百兩,給珠寶匠三十兩。』總共需要九百三十兩。其中三分之一是黃金和白銀,三分之一是穀物和水果,三分之一是馬匹和絲綢。』您說道:『如果從外海獲得寶石,是否已經準備好了,還是其他方面有困難?』然後您問道:『通過修行,您想獲得什麼樣的果實?』我念誦了一遍以前您自己創作的《如意寶樹祈願文》。並大致講述了其中的意義。
【English Translation】 『Please grant me the fruits of two prayers.』 Thus he spoke. The next morning, at dawn, he sent a close attendant, saying: 『Please come quickly.』 Some thought: 『Perhaps I will receive a severe scolding.』 Feeling afraid, they hurried over. To expel the Sunni Muslims of Kashmir, he gave them some milk and yogurt, and instructed: 『I must leave this morning, so rely on this milk and yogurt to get through this time.』 Having said this, he sent them away. No one else was there, only I was summoned, along with the great translator Lakachenpo (Tibetan: ལོ་ཙཱ་བ་ཆེན་པོ་ལ་ཀཱ་ཆེན་པ་ཆེན་པོ་, meaning: great translator), Mahālocāva (Sanskrit Devanagari: महालोेचावा, Sanskrit Romanization: mahālocāva, literal meaning: great translator), Mahākāgyāvāhula (Sanskrit Devanagari: महाकाग्यावाहुला, Sanskrit Romanization: mahākāgyāvāhula, literal meaning: great body speaker Hula).』 He said: 『Join your palms together.』 When I joined my palms, you threw a gold lump at me with your hand, and the weight of the gold 2-832 caused my hands to touch the ground. He said: 『This is a gift from the divine craftsman.』 Then I prostrated and said: 『Giving me so much is truly immeasurable kindness, you have already given me so much before. Now, even this little bit, please allow me to take it back to Kashmir.』 I requested this three times, but you did not agree. I thought: 『I should still insist on taking it.』 At this time, the close attendant said: 『It is better to take it when the accomplishment is realized. If your mind changes, giving it to those stubborn Kashmiris would be a great loss.』 I thought: 『This is true.』 So I immediately requested it and hid it away, and then made this dedication: 『May all beings see through this merit.』 Then he said: 『Now go, go.』 After that, to thank the Dharma protectors, I offered a gift. Some did their best to lift the Dharma Lord’s palanquin and prayed. I requested to be escorted to Purang, but you did not agree. You gave me a hat, as well as the Chak and Indian Ashtasahasrika Prajnaparamita Sutra. You gave me the method of praying to the Tro-phu statue. Then, I did many circumambulations, and returned with tears in my eyes. After a while, you said: 『Come up.』 Then you asked how much remuneration the divine craftsman needed. Agurmo’s patron Jiega, and the Nepalese pilgrim Kyawa mediated, 2-833 saying: 『Seven hundred liang of gold for your own Khenpo (Tibetan: མཁན་པོ་, meaning: preceptor), two hundred liang for the goldsmith, and thirty liang for the jeweler.』 In total, nine hundred and thirty liang are needed. One-third is gold and silver, one-third is grain and fruit, and one-third is horses and silk.』 You said: 『If gems are obtained from the outer sea, is it ready or are there difficulties elsewhere?』 Then you asked: 『What kind of fruit do you seek through practice?』 I recited once the Wish-Fulfilling Tree Prayer that you yourself had composed before. And I roughly explained its meaning.
་སྙན་དུ་ཞུས་ པས། སྤྱན་ཆབ་མང་དུ་བྱོན། ལྷ་རི་རབ་ཙམ་བཞེངས་ཀྱང་སྨོན་ལམ་དེས་མ་ཟིན་ན་དོན་ཆུང་བ་ལ། སྨོན་ལམ་དེས་འབད་པ་ཐམས་ཅད་དོན་ཅན་དུ་བཏང་འདུག་གསུངས་ནས་མཉེས། ཁྱོད་རང་གིས་ རྒྱུན་དུ་ལག་ལེན་གྱིས། གཞན་དག་ལ་ཡང་སྟོན་ཞིག རྫོངས་ལ་ངས་ཀྱང་གསོལ་བ་གདབ། ཆོས་དང་མི་མཐུན་པའི་རྙེད་པ་ཡེ་མ་བཙལ་ཞིག་མྱུར་དུ་རྫོངས་དེ་འོང་གསུངས། ཡང་ཡང་བསྐོར་ཞིང་ཕྱག་ བཙལ་ནས་ཞབས་སྤྱི་བོར་བླངས་ནས་འོངས། མར་ལམ་ནུབ་རེ་རེ་ཞིང་རྨི་ལམ་དུ་མཇལ་བ་རྨིས། རྨིས་པ་རེའི་རྗེས་སུ་མཆི་མ་བྱུང་ཞིང་གདུང་པོའི་ཤུགས་རིངས་ཀྱིས་གསོལ་འདེབས་རེ་བྱས་སོ། །དེ་ནས་ཆུ་མོ་བྱི་བའི་ལོ་ལ་པུ་ཧྲངས་སུ་བཞུགས་ནས་ཆོས་ཀྱི་རྒྱལ་པོ་སྟག་ཆའི་བླ་མ་མཛད། 2-834 དེ་ནས་རིམ་གྱིས་ཁ་ཆེ་གྲིབ་བརྟན་དུ་གཤེགས་ཏེ། ཡ་ང་བའི་ལམ་གཉིས་སུ་ཇག་པ་བྱུང་ཡང་། ངས་ནི་སྔར་ཉིད་དུ་དགྲ་སྤངས་པ་ཡིན་གསུངས་ཏེ། གསེར་མེད་པས་སྐུ་ལ་གནོད་པ་མ་ བྱུང་། གློ་བོ་དང་། དོལ་པོ་དང་། པུ་ཧྲངས་ལ་སོགས་པར་ཀ་ཅ་བྱུང་ཚད་ཐད་སོ་ཐད་སོར་བཀྱེ་བས་འོ་མི་བརྒྱལ་ཞིང་འགྲོ་དོན་འཕེལ་བར་གྱུར་སྐད་དོ། །ཆོས་རྗེ་འཁོར་བཅས་གུང་ཐང་ནས་ གློ་བོར་གཤེགས་པའི་ལམ་འབལ་ཏ་ལ་ཞེས་པའི་བར་དུ་བསྐྱལ་ནས། ལོ་ཙཱ་བས་གུང་ཐང་གླང་རི་དང་སྐྱིད་གྲོང་འཕགས་པའི་སྤྱན་སྔར་སླར་ལོག་སྟེ། ཆོས་རྗེ་དང་བྲལ་ཞིང་ཡིད་མི་དགའ་བས། ཡིད་སྐྱོ་བའི་ཚིགས་སུ་བཅད་པ་ལ་སོགས་པ་མང་དུ་བྱས། ཁྱད་པར་དུ་དམ་བཅའ་བཞི་ཁས་བླངས་ཏེ་དགག་པའི་དམ་བཅའ་གཉིས། སྒྲུབ་པའི་དམ་བཅའ་གཉིས་ཏེ་བཞི་ནི། ཆོས་མིན་ནོར་མི་འཛིན་ པ་དང་། དེས་འདུལ་འགྱུར་མ་རྟོགས་པའི་སྐྱོན་མི་སྨྲ་བ་དང་། ཞག་རེ་ལ་ཆོས་སྤྱོད་བཅུ་མ་ཆག་པར་བྱེད་པ་དང་། སེམས་ཅན་སྤྱོད་ཡུལ་དུ་གྱུར་ཚད་ལ་སྨོན་ལམ་སྦྱོང་བའོ། །མཐིང་ཤོག་ལ་ གསེར་གྱིས་བྲིས་ནས་འདི་སྐད་ཅེས་བྱ་སྟེ། གང་ཞིག་ཉིད་ཀྱི་ཐུགས་དམ་མཐར་ཕྱིན་ནས། །བརྩེ་བས་རྗེས་ཆགས་འགྲོ་བ་སྒྲོལ་བརྩོན་པ། །ཐུབ་དབང་ལ་བཏུད་ཁྱོད་མཐུས་ཚེ་འདིར་བདག །གྲོལ་བ་རང་དབང་ལྷུན་གྱིས་གྲུབ་པར་མཛོད། ། 2-835 ཇི་ལྟར་སྔོན་གྱི་བརྩེ་ཆེན་སྐྱོབ་རྣམས་ཀྱིས། །འགྲོ་བའི་དོན་དུ་བཀུར་དཀའི་ཁུར་བཞེས་ནས། གཞན་དོན་རྒྱ་མཚོའི་ཕ་རོལ་ཕྱིན་གྱུར་པ། །དེ་ལྟར་བདག་ཀྱང་འགྲོ་བ་བསྒྲལ་ཕྱིར་འབད། །དབང་གྱུར་འཕགས་མཆོག་ དེ་རིང་དགོངས་སུ་གསོལ། །བདག་མིང་དགེ་སློང་བྱམས་དཔལ་ཞེས་བགྱི་བ། །མཁའ་ཁྱབ་སྡུག་པའི་གཉེན་ཚོགས་རྗེས་བསྐྱབ་ཕྱིར། ཆོས་བཞིའི་ཡི་དམ་བཅའ་བ་བརྟན་པོར་ནོད། །དུས་འདི་ནས་བཟུང་ཇི་སྲིད་སྲོག་འགགས་ པར། །བདག་ནི་རྙེད་དང་བདེ་ལ་མ་ཆགས་པར། །འཛིན་མེད་ཆོས་མིན་ནོར་མི་འཛིན་པ་དང་། །སྐྱོན་འགོག་དེས་འདུལ་གྱུར་མ་གཏོག
【現代漢語翻譯】 我稟告了他,他流了很多眼淚,說:『即使建造像須彌山(lha ri rab,神山)一樣大的東西,如果不能通過這個願望來實現,那也是沒有意義的。這個願望使所有的努力都變得有意義。』他很高興,說:『你自己要經常實踐,也要教導其他人。作為臨別贈禮,我也會祈禱。不要尋求與佛法相悖的財富,儘快出發吧。』他一遍又一遍地繞著我,向我頂禮,用頭頂觸碰他的腳,然後我離開了。在回來的路上,我每天晚上都夢見他。每次夢見他之後,我都會流淚,用哽咽的聲音祈禱。』之後,在水鼠年,他住在普蘭(pu hrangs),成為曲吉嘉波·達察(chos kyi rgyal po stag cha,法王虎座)的上師。 之後,他逐漸前往克什米爾·格里布丹(kha che grib brtan)。在兩條危險的路上遇到了強盜,他說:『我早就放棄了敵人。』因為沒有黃金,所以沒有受到傷害。在洛沃(glo bo)、多波(dol po)和普蘭(pu hrangs)等地,無論發生什麼事情,他都直接處理,因此沒有發生騷亂,事業也得到了發展。據說,曲吉(chos rje,法主)一行人從貢塘(gung thang)到洛沃(glo bo)的路上,一直護送到名為埃巴爾塔(‘bal ta)的地方。譯師從貢塘朗日(gung thang glang ri)和吉隆帕巴(skyid grong ‘phags pa)的面前返回,因為與曲吉(chos rje,法主)分離而不高興,所以寫了很多表達悲傷的詩句。特別是,他承諾了四個誓言,即兩個否定的誓言和兩個肯定的誓言:不接受非法的財富,不說自己不理解的教義的過失,每天不間斷地進行十種佛法行為,以及為所有進入意識領域的眾生祈禱。他用金字在藍色的紙上寫下這些話:『無論何時您圓滿了您的誓願,以慈悲之心努力拯救眾生,向能仁(thub dbang,釋迦牟尼佛)致敬,愿您的大力使我今生,獲得解脫,自由自在地成就。』 『如同過去偉大的慈悲救護者們,爲了眾生的利益,承擔了難以承擔的重擔,到達了利他事業的彼岸。我也將爲了拯救眾生而努力。至尊聖者,今天請垂聽我的祈禱。我的名字叫格隆·絳巴(dge slong byams dpal,比丘慈護),爲了救護遍佈虛空的痛苦親友,我堅定地承諾這四種佛法的誓言。從現在開始,直到生命結束,我不貪戀財富和安樂,不執著,不接受非法的財富,不說自己不理解的教義的過失。』
【English Translation】 I reported to him, and he shed many tears, saying, ‘Even if one were to build something as large as Mount Meru (lha ri rab, divine mountain), it would be meaningless if it could not be achieved through this aspiration. This aspiration has made all efforts meaningful.’ He was pleased and said, ‘You yourself should practice it regularly, and also teach it to others. As a farewell gift, I too will pray. Do not seek wealth that is contrary to the Dharma, and depart quickly.’ He circled me again and again, prostrated to me, touched his feet with my head, and then I left. On the way back, I dreamed of meeting him every night. After each dream, I would shed tears and pray with a choked voice.’ After that, in the year of the Water Mouse, he resided in Puhrang (pu hrangs) and became the lama of Chögyal Takcha (chos kyi rgyal po stag cha, Dharma King Tiger Seat). After that, he gradually went to Kashmir Gribtan (kha che grib brtan). On two dangerous roads, robbers appeared, but he said, ‘I have long since abandoned enemies.’ Because he had no gold, he was not harmed. In places such as Lo-wo (glo bo), Dolpo (dol po), and Puhrang (pu hrangs), whatever happened, he dealt with it directly, so there were no disturbances, and his activities flourished. It is said that Chöje (chos rje, Dharma Lord) and his entourage escorted him from Gungtang (gung thang) to a place called Ebalta (‘bal ta) on the way to Lo-wo (glo bo). The translator returned from before Gungtang Langri (gung thang glang ri) and Kyidrong Phagpa (skyid grong ‘phags pa), and because he was unhappy about being separated from Chöje (chos rje, Dharma Lord), he wrote many verses expressing sadness. In particular, he vowed four vows, namely two negative vows and two positive vows: not to accept non-Dharma wealth, not to speak of the faults of teachings that one does not understand, to perform ten Dharma practices every day without interruption, and to pray for all beings who enter the realm of consciousness. He wrote these words in gold on blue paper: ‘Whenever you fulfill your vows, strive to liberate beings with compassion, pay homage to the Shakyamuni (thub dbang, the Powerful Sage), may your power make me in this life, attain liberation, and spontaneously achieve freedom.’ ‘Just as the great compassionate protectors of the past, for the benefit of beings, took on burdens that were difficult to bear, and reached the other shore of altruistic activities. I too will strive to liberate beings. Supreme Noble One, please hear my prayer today. My name is Gelong Jampa (dge slong byams dpal, Bhikshu Maitreya), and in order to protect the suffering relatives who pervade the sky, I firmly commit to these four Dharma vows. From this time until the end of my life, I will not be attached to wealth and comfort, I will be without attachment, I will not accept non-Dharma wealth, and I will not speak of the faults of teachings that I do not understand.’
ས་པའི་སྐྱོན་མི་སྨྲ་བས་ལེགས་སྤྱོད་ཞག་རེ་ལ་ཆོས་སྤྱོད་བཅུ་མ་ ཆག་པར་བྱེད་པ་སྨོན་ལམ་སྦྱོང་། སེམས་ཅན་སྤྱོད་ཡུལ་དུ་གྱུར་ཚད་ལ། དགག་པའི་དམ་བཅའ་གཉིས། སྒྲུབ་པའི་དམ་བཅའ་གཉིས་ཏེ་བཞིའོ། །དངོས་སམ་འཛིན་མེད་ཀྱི་དམ་བཅའ་ནི། འདི་དག་ཉིད་ཀྱི་སྤྱན་ སྔར་དབྱར་ལེན་ཏོ། །ཚེ་འདིའི་གཉེན་རྣམས་ཕ་རོལ་རྗེས་མི་འབྲང་། །ཕུན་ཚོགས་དགེ་བའི་ནོར་ནི་འཕྲོག་པར་བྱེད། །དཔག་མེད་སྡིག་སྡུག་རྩ་བར་འགྱུརའོང་ཞེས། །ཆོས་མིན་ནོར་ནི་ཆུང་ཡང་མི་འཛིན་ཏོ། །གཉིས་ པ་སྐྱོན་འགོག་གི་དམ་བཅའ་ནི། མི་སྲུན་དག་ནི་སྦྲུལ་གདུག་ལྕེ་འདྲ་སྟེ། །བདག་དོན་མི་འགྱུར་གཞན་གྱི་དཔལ་འཇོམས་བྱེད། །དེས་འདུལ་འགྱུར་བའི་ལས་ཅན་མ་གཏོགས་པར། །ནམ་ཡང་ཕ་རོལ་སྐྱོན་ནི་མི་སྨྲའོ། 2-836 གསུམ་པ་ལེགས་སྤྱོད་ཀྱི་དམ་བཅའ་ནི། །དོན་མེད་ལེ་ལོས་བརྟག་པར་དུས་འདའ་བས། །བདེ་ལེགས་རྒྱ་མཚོ་གངས་ཆེན་བསྒྱུར་འགྱུར་བ། །དགེ་ཚོགས་ཅི་མིན་དེ་བས་ཉིན་མཚན་དུ། །རྣམ་བཅུ་ལེགས་སྤྱོད་མ་ ཚང་མེད་སྤྱད་བགྱི། བཞི་པ་སྨོན་ལམ་ལ་སྦྱོར་བའི་དམ་བཅའ། །ལུས་ཅན་གདུང་བས་གདུངས་ལ་བདག་གདུང་ཞིང་། མ་ལུས་རྩོམ་པའང་དེ་དག་དོན་སླད་ཕྱིར། །སྐྱེ་བོ་བདག་གི་སྤྱོད་ཡུལ་གྱུར་རྣམས་ལ། ། བརྩེར་བཅས་སྨོན་ལམ་ལྕགས་ཀྱུས་དམ་པོར་ཟུང་། དམ་བཅའ་དང་པོ་འཛིན་མེད་པ། །ཡོངས་སུ་བཟུང་བའི་གཞི་ཉིད་དང་། དམ་བཅའ་གཉིས་པ་སྐྱོན་འགོག་།བསྔགས་མིན་གྲགས་པ་དགག་ཕྱིར་དང་། དམ་བཅའ་གསུམ་པ་ ལེགས་སྤྱོད། །དཀར་པོའི་ལམ་ནི་སྤྱོད་བྱེད་ཅིང་། །གདུལ་བྱ་རྗེས་བཟུང་ཕྱིར་བཞི་འོ།…དམ་བཅའ་བཞི་པ་སྨོན་ལམ་སྤྱོད་པ་དང་བཞིའོ། །དེ་ལྟར་བདག་གིས་ཀུན་ཏུ་སྤྱོད་པ་གདོན་མི་ཟ་བ་འདི་ནི་ ལེགས་པར་སྤྱད་པ་…ཆོས་མིན་ནོར་མི་འཛིན་པ་དང་པོ་ཉེ་བར་གཟུང་མེད་པ་ཉིད་དང་། དེས་འདུལ་འགྱུར་མ་གཏོགས་པའི་སྐྱོན་མི་སྨྲ་བ་གཉིས་པ་ལེགས་པར་སྤྱད་པས་ཁ་ན་མ་ཐོ་བ་ མེད་པ་ཉིད་དང་། ཞག་རེ་ལ་ཆོས་སྤྱོད་བཅུ་མ་ཆག་པར་བྱེད་པ་གསུམ་པ། ལེགས་པར་སྤྱད་པ་ཤིན་ཏུ་ལེགས་པར་སྤྱོད་པ་ཉིད་དང་། སེམས་ཅན་སྤྱོད་ཡུལ་དུ་གྱུར་ཚད་ལ་སྨོན་ལམ་འདེབས་བ་བཞི་པ། 2-837 ལེགས་པར་སྤྱད་པ་ཕ་རོལ་རྗེས་སུ་འཛིན་པ། ཉིད་ཀྱིས་བདག་གི་ཡི་དམ། དམ་པའི་ཆོས་དཀར་པོ་ཉེ་བར་སྤྱད་པ་སྤྱོད་པ་ནི། བཞི་པོ་འདི་དག་ལེགས་སོ། །ཇི་སྟེ་བདག་གི་ཡི་དམ་ འདི་ལ་མི་གནས་ཤིང་དྲལ་བར་བྱེད་པ་ལྟ་ན། དེ་ནི་དེ་ཉིད་ཀྱིས་ཆེས་བདག་ལ་ཅོ་འདྲི་ཞིང་མཐོ་འཚམ་པ་ཡིན་པ་ཉིད་དང་། ལྷ་དང་བཅས་པའི་དཔལ་དང་འཇིག་རྟེན་མཐའ་དག་སྤོང་ ཞིང་སུན་འབྱིན་པ་ཡིན་པས། ནམ་འདི་ལས་འགལ་བར་བྱེད་པ་དེ་ཉིད་ན་བདག་གི་མགོ་བོ་ཨརྫ་ཀའི་དོག་པ་ལྟར་ཚལ་པ་བདུན་དུ་འགས་ཤིག ལོ་ཟླ་ཞག་དང་སྐ
【現代漢語翻譯】 通過不說他人的過失,每天行持十種不間斷的佛法,修持發願文。對於所有成為我行為對象的眾生,我發誓遵守四項誓言:兩項禁止,兩項實踐。不執著的誓言是:在他們面前接受這些誓言。 今生的親友不會跟隨來世,他們會奪走圓滿的善財,成為無量罪惡的根源。因此,即使是少量的非法之財,我也不會持有。第二項是防止過失的誓言:不馴服的人像毒蛇的舌頭一樣,不會改變自己的利益,卻會摧毀他人的榮耀。除非是爲了調伏他們,否則我永遠不會說別人的過失。 第三項是行持善行的誓言:與其無意義地浪費時間,不如將安樂的海洋轉變為偉大的雪山。因此,日日夜夜,我都會圓滿地行持十種善行。第四項是將行為與發願文結合的誓言:當衆生因痛苦而受苦時,我也會感到痛苦,我所做的一切都是爲了他們的利益。對於所有成為我行為對象的眾生,我會以慈愛之心,用發願文的鐵鉤緊緊地抓住他們。第一項誓言是不執著,這是完全持守的基礎。第二項誓言是防止過失,爲了避免不好的名聲。第三項誓言是行持善行,行持純潔的道路。第四項是爲了引導所化眾生…第四項誓言是行持發願文。因此,我所做的一切都不會徒勞,這是善行。 不持有非法之財是第一項不執著的誓言。不說他人過失,除非是爲了調伏他們,這是第二項善行,沒有過錯。每天行持十種不間斷的佛法是第三項,這是善行,是非常好的行為。對於所有成為我行為對象的眾生,我都會發愿,這是第四項。這是善行,追隨他人。您以我的本尊,清凈的佛法為榜樣,行持,這四項都很好。如果我不安住於我的本尊,而是背離它,那麼這就像他責罵我,輕視我一樣。拋棄諸天和一切世間,並加以駁斥。如果我違背這一點,我的頭就會像阿扎卡的頭一樣,裂成七瓣。年月和日期。
【English Translation】 By not speaking of the faults of others, practicing ten uninterrupted Dharmas each day, and training in aspiration prayers. For all beings who become the object of my actions, I vow to keep four vows: two prohibitions and two practices. The vow of non-attachment is: to take these vows in their presence. Kinsmen of this life will not follow in the next, they will steal the wealth of perfect virtue, and become the root of immeasurable sins. Therefore, I will not hold even a small amount of non-Dharma wealth. The second is the vow to prevent faults: the unruly are like the tongues of venomous snakes, they do not change their own interests, but destroy the glory of others. Unless it is to subdue them, I will never speak of the faults of others. The third is the vow to practice virtue: rather than wasting time in meaningless idleness, I will transform the ocean of happiness into a great snow mountain. Therefore, day and night, I will fully practice the ten virtues without fail. The fourth is the vow to combine actions with aspiration prayers: when beings suffer from pain, I will also feel pain, and everything I do is for their benefit. For all beings who become the object of my actions, I will hold them tightly with the iron hook of aspiration prayers with love. The first vow is non-attachment, which is the foundation of complete adherence. The second vow is to prevent faults, in order to avoid bad reputation. The third vow is to practice virtue, practicing the pure path. The fourth is to guide those to be tamed… The fourth vow is to practice aspiration prayers. Therefore, everything I do will not be in vain, this is virtue. Not holding non-Dharma wealth is the first vow of non-attachment. Not speaking of the faults of others, unless it is to subdue them, is the second virtue, without fault. Practicing ten uninterrupted Dharmas each day is the third, this is virtue, it is a very good action. For all beings who become the object of my actions, I will make aspirations, this is the fourth. This is virtue, following others. You take my Yidam (ཡི་དམ་, इष्टदेवता, iṣṭadevatā, tutelary deity), the pure Dharma as an example, practice, these four are all good. If I do not abide in my Yidam, but turn away from it, then it is as if he scolds me and despises me. Abandoning the gods and all the world, and refuting them. If I violate this, my head will split into seven pieces like the head of Arjaka. Years, months, and days.
ར་ཚེས་དུས་གང་ཚེ། ། གནུབས་སྟོན་ལོ་ཙཱས་སྐྱིད་གྲོང་འཕགས་པའི་དྲུང་། །རྒྱལ་སྲས་འཕྲིན་ལས་ཡི་དམ་བཞི་མནོས་ཀྱིས། འཕགས་རྣམས་སྒྲུབ་པའི་མཆོད་པས་མཉེས་པར་མཛོད། །འདི་བཀོད་ད་ནི་བདག་གིས་རྣམ་ཀུན་ཏུ། །ས་འདི་མེ་ལྕེའི་ ཕུང་པོར་འབར་གྱུར་ཏམ། །གནམ་ལས་ལྕགས་མདའི་ཆར་པ་བབས་གྱུར་ཡང་། །ཁས་བླངས་བཅས་པའི་ཁུར་ཆེན་དོར་མི་བྱ། །དགེ་འདིས་མྱུར་དུ་ནམ་མཁའ་མཉམ་པའི་མ། །ལེགས་པར་སྤྱད་པ་བདུད་རྩིའི་ཆར་རྒྱུན་ གྱིས། །ཆགས་སོགས་སྙིང་ལ་མྱ་ངན་མེ་འབར་བའི། །གདུང་བ་རབ་ཞི་བསིལ་བ་ཐོབ་པར་ཤོག །བདག་ཀྱང་དང་ཤུགས་བསོད་ནམས་རྒྱ་ཆེན་འདིས། །འདི་ནས་ཤི་འཕོས་དགའ་ལྡན་སྐྱེ་བ་དང་། །བྱམས་ཆེན་བསྟན་ལ་བྱ་བ་བྱས་ནས་ནི། ། 2-838 བླ་མེད་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཞེས་བྱ་བ་བྲིས་ཏེ་ལུས་ཀྱི་སྒོ་ནས་བསྐོར་བ་བརྒྱ་རྩ་བརྒྱད་དང་། ཡན་ལག་སྨད་ལྔས་གཏུགས་པའི་ཕྱག་རྒྱ་རྩ་བརྒྱད་བཙལ། ངག་གི་སྒོ་ནས་རྗེ་ བཙུན་བྱམས་པས་དམ་བཅས་པའི་གཟུངས་བརྒྱ་རྩ་བརྒྱད་བཏོན། ཡིད་ཀྱི་སྒོ་ནས་མ་སྐྱེད་བྱེད་དང་། མ་སྐུལ་བྱེད་ཀྱིས་གཙོ་བྱས་པའི་སེམས་ཅན་ནམ་མཁས་ཁྱབ་ཚད་ལ་ཞེ་ཐག་པ་ནས་བྱང་ཆུབ་ཀྱི་ སེམས་ཀྱིས་ཀུན་ནས་བླངས་ཏེ་དམ་བཅས་སོ། །སྤྱིར་ན་ལོ་ཙཱ་བས་རང་ལོ་སུམ་ཅུ་རྩ་དགུ་ལོན་པའི་ཚེ་སློབ་དཔོན་ཕ་ཇོ་དགུང་ལོ་ལྔ་བཅུ་རྩ་བཞི་ལ་སྐུ་གཤེགས། རང་ལོ་བཞི་བཅུ་ རྩ་བཞི་ལོན་པ་ན་མ་གཅིག་གསལ་བྱེད་དྲུག་ཅུ་རྩ་བརྒྱད་ལ་འདས། སྒུ་གཤེགས་པ་སྣར་གྱི་གླས་མོ་ཆེར་གཤེགས་ཏེ་འཆི་ཀའི་མན་ངག་ཀྱང་ཐེབས། དག་སྣང་མང་པོ་ཤར་པུར་སྦྱངས་པས་མ་ ཅིག་རང་གི་བུ་མོ་བཙུན་མ་དད་པ་དཔལ་གྱི་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་ཁར་ས་པཱ་ཎི་ཕྱག་མཚན་ཡོངས་རྫོགས་དང་བཅས་པ་གྲ་མ་ཙམ་ལ་མ་ཚང་བ་མེད་པ་གཅིག་རྙེད་ ནས་མ་ཅིག་གི་ནང་རྟེན་ཀྱི་སྐུ་ཚབ་ཏུ་བཞུགས་སོ། །ཆོས་རྗེ་ཁ་ཆེར་གཤེགས་ནས། ཆོས་རྗེས་གནང་བའི་གསེར་རྣམས་ཀྱང་ལྷ་བཟོ་བ་ལ་བརྫངས། དབུས་ཀྱི་འབྲི་ཁུང་གི་བར་དུ་ཕྱིན། འབྲི་ཁྲུང་གི་ལན་གཉིས་པ་ལ་སྔོན་མཚམས་བཅད་པའི་ལྷག་མ་གཅིག་ལུས་པ་དེ་གསལ་བར་འདོད་ནས། 2-839 རྗེ་རིན་པོ་ཆེ་ལ་འུར་འདེད་ཀྱི་མན་ངག་ཞུས། རིན་པོ་ཆེ་ཉིད་ཀྱི་གཟིམས་ཁང་གསེར་ཁང་དུ་ཁྲིད་ནས་སྙིང་རྗེ་ཆེན་པོའི་ཁྲིད་རྒྱས་པ་བློ་ཐག་ཆོད་པ་གཅིག་མཛད། གཞན་ཡང་ཟབ་ཆོས་ དུ་མ་གནང་། ལྷ་བཟོའི་རྫོངས་ལ་གསེར་དངུལ་དང་། དར་ཟབ་གོས་ཆེན་རྟ་བཟང་དུ་མ་གནང་། གསེར་འབུམ་བཀྲ་ཤིས་སྒོ་འབྱེད་ཅེས་བྱ་བ་གནང་། དེ་རྣམས་ཀྱི་སྟེང་དུ་གཞན་དང་གཞན་གྱིས་ཕུལ་བ་ དང་། དྲང་སྲོང་སྲིན་པོ་རི་པའི་གསེར་ངོ་བསྲང་བདུན་ལ་སོགས་པས་ཁ་བསྐངས་ཏེ། འགུར་མོར་ལྷ་བཟོ་གསེར་བཟོ་མ་ལུས་པའི་རྫོངས་ལྷག་དང་བཅས་པ་ཚར་བར་བྱས
【現代漢語翻譯】 何日是吉祥日? 努斯敦·洛扎瓦(Gnubs ston lo tsā)在吉隆帕巴(Kyid grong ‘Phags pa)尊前,接受了嘉瑟·赤列(rGyal sras ‘Phrin las)的四本尊灌頂。以供養聖眾之法使之歡喜。我今書寫此文,無論何時何地,縱然此地燃起熊熊火焰,縱然天降鐵箭之雨,我亦不捨棄所承諾的重擔。愿以此善行,迅速使如虛空般廣闊的眾生之母,以善妙行持和甘露之雨,徹底平息貪慾等煩惱在心中燃燒的痛苦,獲得清涼。愿我亦憑藉最初的誓願和廣大的福德,從此命終之後往生兜率天,在彌勒(Byams chen)的教法中行利生之事,迅速獲得無上圓滿正等覺果位。如是書寫之後,以身體行一百零八次繞轉,以五體投地的姿勢做一百零八次大禮拜,以語言唸誦彌勒(rJe btsun Byams pa)所承諾的一百零八種陀羅尼,以意念從內心深處對如虛空般遍佈的眾生髮起菩提心,以不生起和不勸請之心為主而立誓。總的來說,譯師(Lo tsā ba)三十九歲時,導師帕喬(sLob dpon Pha jo)五十四歲時去世。自己四十四歲時,瑪吉·薩拉(Ma gcig gSal byed)六十八歲時去世。去世后在納爾(sNar)的格拉莫切(gLas mo che)去世,也得到了臨終的訣竅。許多清凈顯現生起,火化后,瑪吉(Ma gcig)自己的女兒,比丘尼達巴貝(bTsun ma Dad pa dPal)找到了一個圖杰欽波(Thugs rje chen po)的塑像,上面有薩帕尼(Sa pā ṇi)的所有法器,幾乎和格拉瑪(gra ma)一樣大,以此作為瑪吉(Ma gcig)的內依怙的代表。法王(Chos rje)前往克什米爾(Kha cher)后,將法王(Chos rje)賜予的金子送給工匠。到達衛藏(dBus)的竹貢(‘Bri khung)之間。在第二次去竹貢(‘Bri khung)時,想要澄清之前被限制的剩餘部分,向杰仁波切(rJe Rin po che)請求了驅逐的訣竅。仁波切(Rin po che)親自帶到寢宮金屋,做了一個徹底的大悲心開示,還給予了許多甚深教法。給予工匠的禮物有金銀、絲綢、緞子和好馬等。給予了名為『金曼扎·扎西果杰』(gSer ‘bum bKra shis sGo ‘byed)的禮物。在這些之上,還補充了其他人供養的,以及正直的食肉羅剎瑞巴(drang srong srin po ri pa)的七兩純金等,在古爾莫(‘Gur mor)完成了所有工匠和金匠的禮物和剩餘部分。
【English Translation】 Which day is auspicious? Gnubs ston Lo tsā before Jowo Shākya at Kyidrong, received the four Yidam initiations from Gyalsé Trinlé. Please the Holy Ones with offerings of practice. I write this now, always and everywhere, even if this place blazes with a mass of flames, even if a rain of iron arrows falls from the sky, I will not abandon the great burden of vows I have taken. May this virtue quickly cause the mother of beings, equal to the sky, to perfectly practice and with a stream of nectar rain, completely pacify the burning pain of attachment and other afflictions in the heart, and attain coolness. May I also, with the initial strength and vast merit, be reborn in Tushita after death from here, and having done deeds for the teachings of Maitreya, quickly attain the supreme perfect Buddhahood. Having written this, I circumambulated one hundred and eight times with my body, and performed one hundred and eight prostrations touching the ground with five limbs. From my mouth, I recited one hundred and eight dharanis vowed by Lord Maitreya. From my mind, I took the Bodhicitta from the depths of my heart for all sentient beings pervading the sky, mainly with the intention of not creating and not urging. In general, when the translator was thirty-nine years old, the master Phajo passed away at the age of fifty-four. When he was forty-four years old, Machig Saljé passed away at the age of sixty-eight. She passed away at Nari Glamoche, and also received the instructions on dying. Many pure visions arose, and after cremation, Machig’s own daughter, the nun Dawa Pal, found a statue of Thukjé Chenpo with all the attributes of Sapani, almost as big as a grama, and installed it as the representative of Machig’s inner support. After Chöjé went to Kashmir, he sent the gold given by Chöjé to the craftsmen. He went as far as Drigung in Ü. On the second trip to Drigung, wanting to clarify the remainder that had been restricted before, he asked Jé Rinpoche for the instructions on expulsion. Rinpoche himself took him to the golden room in his bedroom and gave a thorough teaching on great compassion, and also gave many profound teachings. He gave the craftsmen gifts of gold, silver, silk, brocade, and good horses. He gave a gift called ‘Golden Mandala Tashi Gojé’. On top of these, he supplemented with offerings from others, and seven ounces of pure gold from the righteous Rakshasa Ripa, and completed all the gifts and the remainder for the craftsmen and goldsmiths in Gurmo.
་སོ། །གནས་པོ་ལ་སོགས་པ་ རྫོངས་པའི་བར་མཚམས་པ་ལའང་གཏང་རག་ཆེ་བ་བྱས། དེ་ནས་སྔོན་གྱི་མཚམས་ལྷག་ལུས་པ་རྟོགས་པ་ཆེར་འཕེལ་ནས་རྣམ་འགྱུར་མངོན་པར་བྱུང་བ་དེ་གསོས་བཏབ་བོ། །དབེན་པ་དང་མི་དབེན་པ་ ཅི་རིགས་སུ་བསྟེན་ནས། ལོ་བརྒྱད་ཀྱི་བར་དུ་གདོན་མཚམས་དང་ཆོས་མཚམས་སྟབས་གཅིག་ཏུ་བྱས། རང་ལོ་ལྔ་བཅུ་རྩ་དྲུག་ལོན་པའི་ཚེ། མེ་མོ་གླང་གི་ལོ་ལ་རིན་པོ་ཆེ་ཀུན་ལྡན་སྐུ་ གཤེགས་ཏེ། ས་ཕོ་འབྲུག་ལོ་པ་བདུན་ཅུ་ཐམ་པ་ལ་སྐུ་འདས་སོ། །མེ་མོ་གླང་གི་ལོའི་སྒྲོག་གི་ཟླ་བའི་ཉ་ལ་ཟླ་བ་གཟས་བཟུང་བའི་དུས་སུ། རིན་པོ་ཆེ་སྐུ་གཤེགས་པའི་འོག་ཏུ་མཛལ་ཕུའི་གཟིམས་ཁང་སྟེང་ནས་སེར་བ་བཟློག་པའི་ལྟས་བསྟན། 2-840 འབར་མཆོད་ལ་བསྟེན་ནས་ལྕམ་གྱིས་ཉམས་དགའི་ཕོ་བྲང་བསྟན་པ་བྱུང་། རྗེ་འདས་པས་སྐྱོ་ཞིང་མྱ་ངན་གྱིས་བསྐུལ་བ་དང་། མཚམས་ཀྱི་ཚོད་འཛིན་མཛད་པའི་སློབ་དཔོན་གྲུ་གཏུམ་ཆེན་ཕྱག་ན་རྡོ་རྗེ་ གཉིས་པར་གྲགས་པ་དེ་ཉིད་ཀྱི་བརྟགས་པའི་འཇིགས་ཆེན་པོས་ཀྱང་ཉེན་པའི་དབང་གིས་དུས་སྔ་མ་ལ་ཅི་བྱ་ཆ་མེད་གྱ་གྱུར་གནས་པ་ལས་དུས་གཉིས་པར་དམ་པ་རྣམས་ཀྱི་སྐུ་དྲིན་གྱིས་ དུ་ཁ་ལམ་ཁྱེར་གྱི་གདམས་པ་རྙེད་དེ། བདག་ཉིད་རབ་ཏུ་ཞི་བ་སྤྱད་པ་དང་བྲལ་བས། ཞེས་བྱ་བ་ལ་སོགས་པས་གདོན་བགེགས་དགྲར་བལྟས་པ་ལ་བཟོད་གསོལ་བྱས། དེང་ནས་ལས་ཀུན་སེམས་ གསུམ་སྔོན་འགྲོ་ཞིང་། དངོས་གཞི་སྐུ་གསུམ་རང་བཞིན་བསྐྱེད་རྫོགས་བརྒྱན། །རྗེས་སྤྱོད་རྒྱས་འདེབས་བསྔོ་དང་བདེན་སྟོབས་བཅས། །ནམ་ཡང་བསམ་སྦྱོར་བརྟན་པོ་མི་བཏང་ངོ་། །ཞེས་དམ་བཅའ་བ་བྱས། དེ་ནས་རིང་པོ་ མ་ལོན་པར་རྫོང་ཕུ་དགེ་ལྡན་གྱི་བྲག་ཕུག་ཏུ་སྐུ་གསུམ་ཞལ་བསྒྱུར་གྱི་མན་ངག་ཤར་ནས། རང་དོན་དུ་གདོན་བགེགས་ཡི་དམ་དུ་སྒྲུབ་པའི་ཡན་ལག་བདུན་པ་བརྩམས། གཞན་དོན་དུ་གདོན་བགེགས་ ལྷར་སྒྲུབ་པའི་གཞེན་བསྐུལ་བཀོད། ས་མོ་ཡོས་བུའི་ལོ་བཞི་བཅུ་རྩ་བརྒྱད་ལོན་པའི་དུས་སུ། ཁྲོ་ཕུ་གཉན་དཀར་གྱི་བྲག་སེང་གེ་རྫོང་ན་ཡོངས་པ་ལ། གངས་ཀྱི་ལོ་ལ་མང་ཕོད་སྐྱོན་ཞེས་བྱ་བའི་བལྟས་ཤར་བ་ལ། 2-841 རྡོ་རྗེ་བདུད་འདུལ་བྱ་བའི་ནུ་བོ་གཅིག་གིས། བླ་མའི་སྐེག་ཚབ་ཏུ་སྨོན་ལམ་བཏབ་ནས་དེའི་སང་ཕོད་ནམ་མཐོངས་ཀྱི་ཟླ་བའི་ཉི་ཤུ་དགུ་ལ་སྐུ་འདས་སོ། །དེ་ནས་གཅུང་པོ་འདས་པའི་ རྣམ་འགྱུར་གྱིས་སྔར་དང་མི་འདྲ་བའི་སྐྱོ་བ་དྲག་པོ་སྐྱེས་ཏེ། ད་ནི་ཆོས་གལ་ཆེ་ཆེ་གཞན་ནས་རྙེད་པ་ཞུ་བ་ཞུས་བྱུང་ཡང་ཕར་བསྐོར་བས་རང་ཐག་ངས་བསྐོར་ལྟ་བུར་འགྲོ། གཞི་ བཟུང་ནས་གཞན་ལ་འཆད་པ་དང་། རང་ཉིད་དེ་ཡི་དོན་སྒོམ་པ་ཆབས་གཅིག་ཏུ་བྱ་དགོས་སྙམ་སྟེ། བུང་བ་གང་ནས་གང་དུའང་རྣམ་བསྐོར་ནས། །རྩི་ལྡན་མེ་ཏོག་དྲུང་དུ་རང་འོང་གི །རྩ་ བ་དོར་ནས་ང
【現代漢語翻譯】 對於住處等一切事物,直到圓滿結束之間,都給予了極大的滿足。之後,先前剩餘的修行境界大幅增長,顯現出顯著的轉變,並加以鞏固。無論在寂靜處還是非寂靜處,都加以依止。在八年間,同時進行驅除邪魔的修行和佛法修行。在五十六歲時,火陰牛年,仁波切(Rinpoche,尊稱,意為『珍寶』)袞丹(Kunden,人名,意為『一切具足』)去世,享年七十歲,于土陽龍年逝世。在火陰牛年鎖月的月末,月食之時,仁波切去世后,從麥府(Dzalfu,地名)寢宮上方顯現出冰雹消退的徵兆。 依靠火供,女眷們展現出歡樂的宮殿。由於上師(Rje,尊稱,意為『至尊』)的逝世而感到悲傷和哀悼,以及受到修行期間制定戒律的上師竹通欽(Druthum Chen,人名,意為『大成就者竹通』)恰那多吉(Chakna Dorje,人名,意為『金剛手』,也指金剛手菩薩)——被譽為第二金剛手——的嚴厲訓誡的鞭策,最初因恐懼而不知所措,但在後來的時間裡,由於諸位聖者的恩德,獲得了杜卡蘭杰(Dukalamkhyer,地名)的教誨。因此,我發誓要遠離自我放縱,並對那些將邪魔視為敵人的人們進行寬恕。從今以後,一切行為都以三思為先導,正行以身語意三門的自性——三身為莊嚴,後行包括增長、奉獻和真誠的力量。我將永遠不會放棄堅定的思想和行為。之後不久,在宗普(Dzongpu,地名)格魯(Geden,寺廟名,意為『具善』)的巖洞中,生起了三身顯現的竅訣。爲了自己的利益,創作了將邪魔轉化為本尊的七支修法。爲了他人的利益,撰寫了將邪魔轉化為天神的勸請文。在土陰兔年四十八歲時,在卓普(Khropu,地名)年噶(Nyankar,地名)的獅子崖宗(Dzong,意為『堡』)的永巴(Yongpa,地名)地方,出現了『雪年糧食歉收』的徵兆。 多吉杜度(Dorje Dudul,人名,意為『降魔金剛』)的弟弟爲了代替上師消災祈福,並在次年藏曆五月二十九日去世。弟弟去世后,他產生了與以往不同的強烈悲傷,心想:『現在即使從別處尋求重要的佛法,也可能會像繞圈子一樣回到原點。』因此,必須同時進行對他人講授佛法和自己修持佛法。像蜜蜂一樣,無論飛到哪裡,都會自然而然地回到充滿花蜜的花朵旁。如果拋棄根本……
【English Translation】 For all things such as dwellings, great satisfaction was given until the completion. Thereafter, the remaining meditative states from before greatly increased, manifesting significant transformations, which were then consolidated. Whether in solitary or non-solitary places, reliance was placed upon them. For eight years, both the practice of dispelling evil spirits and the practice of Dharma were carried out simultaneously. At the age of fifty-six, in the Fire Female Ox year, Rinpoche (an honorific title meaning ‘Precious One’) Kunden (a personal name meaning ‘All-Possessing’) passed away, reaching the age of seventy, passing away in the Earth Male Dragon year. In the Fire Female Ox year, at the end of the month of Srok, during a lunar eclipse, after the passing of Rinpoche, a sign of hail receding appeared from above the sleeping quarters of Dzalfu. Relying on fire offerings, the womenfolk displayed a palace of joy. Due to the passing of the Je (an honorific title meaning ‘Supreme One’), feeling sadness and grief, and spurred by the strict admonitions of the master Druthum Chen Chakna Dorje—renowned as the second Vajrapani (meaning ‘Vajra Handed One’, also referring to the Bodhisattva Vajrapani)—who established the precepts during the retreat, initially feeling overwhelmed by fear, but later, through the grace of the holy ones, the teachings of Dukalamkhyer were obtained. Therefore, I vow to abstain from self-indulgence and to offer forgiveness to those who regard evil spirits as enemies. From now on, all actions will be preceded by threefold consideration, the main practice adorned with the three Kayas (bodies) as the nature of body, speech, and mind, and the subsequent actions including increase, dedication, and the power of truth. I will never abandon steadfast thought and action. Shortly thereafter, in the rock cave of Dzongpu Geden, the key instructions for manifesting the three Kayas arose. For one’s own benefit, the seven-limbed practice of transforming evil spirits into Yidams (personal deities) was composed. For the benefit of others, an exhortation to transform evil spirits into deities was written. At the age of forty-eight in the Earth Female Hare year, in Yongpa of the Lion Cliff Dzong of Khropu Nyankar, a sign appeared saying, ‘Snow year, poor harvest’. The younger brother of Dorje Dudul, in order to avert misfortune for the Lama, offered prayers, and on the twenty-ninth day of the fifth month of the following year, passed away. After the passing of the younger brother, he felt a strong sadness different from before, thinking, ‘Now, even if seeking important Dharma from elsewhere, it may return to the starting point like going in circles.’ Therefore, it is necessary to simultaneously teach the Dharma to others and practice the Dharma oneself. Like a bee, no matter where it flies, it will naturally return to the flower filled with nectar. If abandoning the root…
་ཡི་རྩ་ལོང་ཞེས། །འདབ་མཛེས་སྦྲང་བུ་བཙལ་ཕྱིར་ག་ལ་རྒྱུག །བརྒྱ་ཕྱེད་ལོ་ལོན་ཕུང་པོ་ཡོངས་སྨིན་པའི། །མི་སྡུག་བལྟས་ངན་མང་མངོན་འགྱུར་བཞིན་ཡང་། །ད་དུང་བྱིས་ལོ་ཐ་ མལ་གཞན་དེ་བཞིན། །ཚེ་འདི་དོན་གཉེར་ཁོ་བོ་འཁྲུལ་བར་ཟད། །རང་བས་རྒན་གཞོན་མཉམ་པའི་སྟོབས་ལྡན་ཚོགས། །གྲངས་མེད་སྐྱེ་བོ་དུས་ལས་འདས་གྱུར་ཅིང་། །བདག་ཀྱང་ཡང་ཡང་འཆི་བདག་ཁ་གདེངས་སུ། ། འགྲོ་བར་ཆས་ལ་ཅུང་ཞིག་ངལ་གསོ་བས། །རང་གི་ཁུ་མེས་ཕ་མ་སྤུན་སོགས་འདིར། །མི་ལྡོག་གཤེགས་ཚེ་བདག་ཉིད་མདུན་གནས་ཡོད། །དེ་དག་རྣམ་འགྱུར་མཐོང་ཡང་མི་སྐྱོ་བ། །རྨོངས་ཆེན་བདག་སྙིང་རྡོ་རྗེ་གྱུར་ཏམ་ཅི། ། 2-842 ཞེ་སྨྲས་སོ། །དེ་ནས་མཚམས་ཀྱི་རྣམ་རྟོག་ཁྲོལ་ནས། །སློབ་དཔོན་གཏུམ་ཆེན་ལ། །དགའ་ཆེན་རང་རྡོལ་གྱི་བསྟོད་པ་བརྩམས། གཏང་རག་ཏུ་ཁམས་ནས་ཕུལ་བའི་གསེར་འབུམ་དང་། གཡུ་ཆེ་འབྲུག་དམར་འཁྱིལ་པ་ ཕུལ། དབེན་དགོན་དང་གཞིས་དགོན་གཉིས་ཕུལ། དགའ་སྟོན་རྒྱ་ཆེར་བྱས་སོ། །རང་ལོ་བཞི་བཅུ་རྩ་དགུ་ནས་ལྔ་བཅུ་རྩ་བརྒྱད་ཀྱི་བར་ལོ་བཅུ་ཐམ་པར་ཕར་ཕྱིན་གསར་མ་དང་། ཚད་མ་མདོར་བསྡུས་ དང་སྤྱོད་ཕྱོགས་ལ་སོགས་པ་འཆད་པའི་གྲྭ་ས་བསྐྱངས། ལྷོ་བྲག་ཏམ་ཤུལ་གྱི་རི་མེར་བྱ་བར། གྲྭ་པ་ཕན་ཚུན་རྩོད་པའི་རྣམ་འགྱུར་བག་རེ་བྱུང་བས་ཡིད་སྐྱོ་སྟེ་འཕགས་མ་སྒྲོལ་མ་ལ་ སྨྲེ་སྔགས་གསོལ་བ་ལྷ་མོ་དགུ་པ་ཞེས་བྱ་བ་བརྩམས་ཏེ།། ༈ །། ན་མོ་བཛྲ་ཏཱ་ར་ཡ། སྐྱབས་གཅིག་འཇིགས་ཀུན་སྒྲོལ་མཛད་ལྷ་མོ་ལ། །ཤིག་རང་ཁྲི་ཤིང་བྱིའུ་རི་བོང་དང་། །རུས་སྦལ་རུ་ ལེགས་སྦྲང་བུ་ར་སྐྱེས་སྐར། །སྨྲེ་སྔགས་དད་གུས་མཆོད་སྙིང་དཀྱིལ་གསོལ་བ་འདེབས། །ཁྲོ་ལོ་ཤིག་རང་བྲག་རིའི་སེར་ཀར་ཚུད། །རིམས་ནད་རོ་མྱགས་འདམ་གྱིས་ཕྱོགས་ཀུན་བསྐོར། །གཞོན་དར་གཡོག་འཁོར་གཤིན་རྗེའི་ ཞགས་པས་དྲངས། །ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། །ཁྲོ་ལོ་ཁྲི་ཤིང་མེ་ཏོག་རླུང་གིས་བདས། །རང་ཡུལ་ལྗོན་ཤིང་རྩེར་ཡང་ཡོང་མ་ཆགས། །བྱེས་ཁྲོད་ཤུལ་རིངས་མྱ་ངན་ཐང་ལ་འཁྱམས། །ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། ། 2-843 ཁྲོ་ལོ་ལྕང་ཁའི་བྱེ་ཆུང་རྒྱགས་ཆད་འཕུར། །རང་གནས་བྱེ་ཚང་འདྲ་ན་ཅི་ཡང་མེད། །བྱེས་ཡུལ་པོ་ལ་རྙེད་པ་ལྷམ་ལ་ཟད། །ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། །ཁྲོ་ལོ་རི་བོང་ མི་ཡུལ་གྲོང་ཁྱེར་འཐུམས། །འདུ་འཛིའི་ཁྱི་དང་བྱིས་པ་བརྒྱ་ཡིས་བཙེས། །ཡུད་ཙམ་རང་ལ་རང་དབང་གཏོལ་ཡང་མེད། །ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། །ཁྲོ་ལོ་རུས་སྦལ་རང་ལས་བརླབས་ཀྱིས་ འཕངས། །ཉང་ཤབ་བདེ་སྐྱིད་རྒྱ་མཚོའི་རླན་དང་བྲལ། །དགྲ་བགེགས་བྱ་གཅན་ཅི་དགའ་གླགས་སྐབས་ཚོལ། །ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། །ཁྲོ
【現代漢語翻譯】 名為『慾望之根』,爲了尋找美麗的鮮花和蜜蜂而四處奔波。 已經活了半百,衰老的身體完全成熟,醜陋的面容不斷顯現。 即便如此,仍然像孩童般追逐世俗,我真是太愚蠢了。 與自己年齡相仿、年輕力壯的人們,無數眾生已經逝去。 我也一次又一次地走向死神張開的大口,稍微休息一下再走。 我的祖輩、父母、兄弟等,在他們無法返回離世時,我就在他們面前。 即使看到他們的變化,我也不感到悲傷,難道我這愚昧的心已經變得像金剛石一樣了嗎? 如是說。之後,擺脫了界限的分別念,創作了對上師敦欽的《大樂任運頌》。 爲了表示感謝,獻上了從康區帶來的金曼扎、大型的藍綠色龍紋玉。 獻上了寂靜寺和家寺兩座寺廟,舉行了盛大的慶典。 從四十九歲到五十八歲的十年間,管理著講授新般若、略攝量論和行持等論典的僧院。 在洛扎丹雪的日梅地方,僧人們之間出現了一些爭論,感到厭倦,於是創作了祈禱度母的《九尊度母祈請文》: ༈ །། 頂禮 བཛྲ་ཏཱ་ར་ཡ། (藏文,梵文天城體:वज्रताराय,梵文羅馬擬音:vajratārāya,漢語字面意思:金剛度母)。 唯一的救怙者,救度一切恐懼的度母啊! 虱子、松樹、翠鳥、兔子,烏龜、如列、蜜蜂、羅睺星。 以虔誠的信心,在心間祈禱。 克若的虱子被困在巖山的黃土中,瘟疫、腐爛的屍體,泥漿環繞四方。 年輕的侍從被閻羅的繩索牽引,唉!請度母垂視這般境況。 克若的松樹花朵被風吹散,即使在自己的家鄉,也無法停留在樹梢。 流浪異鄉,在荒涼的平原上徘徊,唉!請度母垂視這般境況。 克若的柳樹上的小鳥因飢餓而飛走,像自己家一樣的沙窩什麼也沒有。 在異鄉波瓦,得到的只有破鞋,唉!請度母垂視這般境況。 克若的兔子被困在人間的城市裡,被喧鬧的狗和成百上千的孩子追趕。 即使片刻也無法獲得自由,唉!請度母垂視這般境況。 克若的烏龜被自己的業力所拋棄,離開了娘夏巴德吉措的濕潤。 敵人和魔障尋找著可乘之機,唉!請度母垂視這般境況。
【English Translation】 Called ‘Root of Desire,’ running around to find beautiful flowers and bees. Having lived half a century, the aging body is fully mature, and the ugly face is constantly appearing. Even so, still chasing after worldly affairs like a child, I am truly foolish. People of similar age, young and strong, countless beings have passed away. I, too, go again and again to the open mouth of the Lord of Death, resting a little before going. My ancestors, parents, siblings, etc., when they depart without return, I am present before them. Even seeing their changes, I do not feel sad, has my ignorant heart become like a diamond? Thus he spoke. Then, freed from the conceptualizations of boundaries, he composed the ‘Great Bliss Spontaneous Praise’ to the master Tumchen. To express gratitude, he offered a golden mandala brought from Kham, and a large turquoise dragon-patterned jade. He offered both the secluded monastery and the family monastery, and held a grand celebration. From the age of forty-nine to fifty-eight, for ten years, he managed the monastic college that taught the new Prajnaparamita, the condensed Pramana, and the conduct, etc. In the Rime area of Lhodrak Tamshul, there were some disputes among the monks, and feeling weary, he composed the prayer to Tara, ‘The Nine Forms of Tara’: ༈ །། Namo Vajrataraya. (藏文, Sanskrit Devanagari: वज्रताराय, Sanskrit Romanization: vajratārāya, Literal meaning: Diamond Tara). The sole protector, the goddess who liberates from all fears! Lice, pine trees, wrens, rabbits, turtles, Ru Leg, bees, Rahu star. With devout faith, I pray in the center of my heart. The lice of Krol are trapped in the yellow soil of the rocky mountain, plague, rotten corpses, mud surrounds all directions. Young attendants are led by the noose of Yama, alas! May the goddess look upon such a situation. The flowers of the pine trees of Krol are scattered by the wind, even in their own homeland, they cannot stay on the treetops. Wandering in foreign lands, roaming on desolate plains, alas! May the goddess look upon such a situation. The small birds on the willow trees of Krol fly away due to hunger, there is nothing like their own sandy nest. In the foreign land of Powa, all that is gained is worn-out shoes, alas! May the goddess look upon such a situation. The rabbits of Krol are trapped in the cities of the human realm, chased by noisy dogs and hundreds of children. Even for a moment, they cannot obtain freedom, alas! May the goddess look upon such a situation. The turtles of Krol are abandoned by their own karma, separated from the moisture of Nyangshab Detsok Gyatso. Enemies and obstacles seek opportunities to take advantage, alas! May the goddess look upon such a situation.
་ལོ་སྡིག་པའི་མ་མོ་ཕྲུག་གུ་འབྲངས། །ཟས་ནོར་གཏམ་ སོགས་མ་ཤ་བུ་ཡིས་ཟོས། །མི་རྒན་ལྐོགས་པ་མི་ཡུལ་བརྩིགས་གསེབ་སྐབས། །ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། །ཁྲོ་ལོ་གཡུ་སྦྲང་ཟ་ཟི་ཤ་རིང་ཆགས། །རྩི་བཅུད་འདབ་མཛེས་མེ་ཏོག་ཏིང་ འཛིན་སྤངས། རྙེད་གྲགས་རུལ་སུམས་དྲི་ཡིས་རྣམ་པར་མྱོས། །ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། །ཁྲོ་ལོ་རྭ་སྐྱེས་ཤིང་རྟ་བྱེ་རྫབ་བྱིང་། །སྣ་ཚོགས་བྱ་དཀའི་ཁུར་གྱིས་ལུས་རབ་དུབ། །ཁལ་ཁྱེར་ གྲོགས་མེད་མཐུ་ཆུང་གཅིག་པུར་ལུས། །ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། །ཁྲོ་ལོ་ཐོ་རངས་སྐར་ཆེན་ཤར་སར་ནུབ། །རྒ་ཤི་གཟི་ཆེན་ཉི་མའི་འོད་ཀྱིས་གཏུགས། །བུ་སློབ་སྐར་ཕྲན་འདྲ་རྣམས་སྔོན་དུ་ཤི། ། 2-844 ཀྱེ་མ་གནས་སྐབས་འདི་འདྲ་ལྷ་མོས་གཟིགས། །ཀྱི་ཧུད་ཀྱི་ཧུད་རང་ཡུལ་བདེ་རྩོད་མེ་དཔུང་འབར། །འགྲོ་ཡུལ་གྲྭ་རྩོད་གཞོང་སྟོང་ཁྱི་འཁྲུག་བྱེད། །ཆོས་མིན་ཆོས་ལྟར་སྣང་བའི་གྲྭ་ས་བསྐྱངས། །དེ་སྐྱོན་ དཔེ་དགུ་དོན་དགུ་འདི་ལ་གཟིགས། །ཞེས་བྱ་བ་བཀོད་དོ། །དེ་ནས་སྐྱོ་བ་དྲག་པོ་སྐྱེས་ཤིང་རང་གི་ཡུལ་ཕྱོགས་སུ་ཡང་མི་འགྲོ་བར། ལྷོ་བྲག་ཁོ་མཐིང་དང་། མཁར་ཆུ་དགོན་པ་ལྟར་འགྲོ་ སྙམ་ནས་ཆོས་པ་ལས། ལྟས་མི་བཟང་བ་ཁ་ཅིག་མཐོང་ནས་རང་གི་སེམས་ལ་རང་གིས་གྲོས་བཏབ་ནས། སྟོན་པ་སྟག་ཁྲོམ་གྱི་དགོན་པ་ལྷོ་བྲག་དར་མའི་དབེན་གནས་སུ་འདུག་ནས་འདི་སྐད་ ཅེས་སྨྲས་སོ། །ལུས་སྟོད་སྨད་ཁོ་མཐིང་གཉིས་ཀྱི་མཚམས། འབྱུང་འདུས་རྟེན་འབྲེལ་རྒྱལ་བློན་གྱིས། །ལྟེ་བ་སྤྲུལ་པའི་ལྷ་ཁང་བརྩིགས། །གཏུམ་མོ་ཡེ་ཤེས་ཀྱི་ལྡེར་སོ་བཞེངས། ཉམས་བདེ་གསལ་གཉིས་ཀྱི་བྱིན་རླབས་ འབར། བུ་གཟིགས་མོ་མཛད་ན་དེ་རུ་མཛོད། ཕྱི་ཡི་ལྷ་ཁང་གོག་པོ་རུ། རྒྱུ་འགྲུལ་གྱི་མི་རྒན་ཐང་ཤ་ཆང་། སེམས་བཅོལ་ཅུང་ཁྱོད་ལ་གྲོས་ཤིག་འདེབས། །ཡིད་ཀུན་བྱེད་རྒྱལ་པོ་དེ་རང་སར་ ཞོག །བྱང་ཁོག་མཁར་ཆུའི་དབེན་གནས་ན། རྩ་འཁོར་ལོ་གསུམ་གྱི་ནགས་ཚལ་འཐིབས། །དོན་སྙིང་གྲུབ་ཐོབ་ཀྱི་བྲག་ཁུང་མཆིས། ལྷན་སྐྱེས་རང་བྱུང་གི་དཀྱིལ་འཁོར་བཞེངས། སྣ་ཚོགས་སྙིང་རྗེའི་གྲུབ་ཐོབ་འཚོགས། སེམས་མ་བཅོས་པད་མའི་འབྱུང་གནས་དང་། 2-845 འོད་གསལ་ནམ་མཁའི་སྙིང་པོ་བཞུགས། བརྟགས་རླུང་སེམས་ཁ་སྦྱོར་གྱི་ལྕགས་ཕུར་བཏབ། འཕོ་བ་རྫུ་འཕྲུལ་གྱི་མཁའ་ལ་འཕུར། སྒྲུབ་ཁང་གཅིག་མཛད་ན་དེ་རུ་མཛོད། ཕྱི་རོལ་བྲག་ཁུང་སྟོང་པ་རུ། །འཛེགས་ ཀྱང་དོན་མེད་གཡང་དུ་ལྟུང་། །སེམས་བཅོལ་ཆུང་ཁྱོད་ལ་གྲོས་ཤིག་འདེབས། །ཡིད་ཀུན་བྱེད་རྒྱལ་པོ་རང་སར་ཞོག ཞེས་བྱ་བའོ། །སྤྱིར་ཡང་དུ་ཁའི་ཆུ་བོ་ཆེན་པོ་བཞིའི་ཉེས་པས་འཇིགས་དགོས་པར་ཞེ་ ཐག་པ་ནས་ངེས་ཤེས་སྐྱེས་ཏེ། དུ་ཁ་བཞི་
【現代漢語翻譯】 唉,罪惡的母夜叉追逐著孩子,食物、財富和話語都被母子吞噬。老人在隱蔽處建造房屋,唉,神靈看到了這樣的境況! 憤怒如綠蜂般貪婪,沉迷於肉慾。捨棄了花朵的汁液和美麗的花瓣,沉醉於腐爛的名利之臭。唉,神靈看到了這樣的境況! 憤怒如長角的公羊,陷入泥濘的車轍。身體疲憊不堪,揹負著各種難以承受的重擔。獨自留下,沒有馱運的牲口和朋友,力量弱小。唉,神靈看到了這樣的境況! 唉,憤怒如清晨的啟明星,升起又落下。衰老和死亡如強大的陽光般逼近。像小星星一樣的孩子和學生們先我而去。唉,神靈看到了這樣的境況! 唉,唉,家鄉燃起爭奪的戰火。前往他鄉,卻如空蕩的容器般爭吵不休。扶持著看似佛法實則非法的寺廟。請看這九個例子中的九個錯誤!’ 寫下了這些話。然後,他產生了強烈的悲傷,不願再回到自己的家鄉,心想去洛扎科廷(Lhodrak Khoting)和卡曲寺(Kharchu Monastery)修行。但看到了一些不好的預兆,他自己與自己的內心商議,住在斯東巴塔克瓊(Stonpa Tagkhrom)的寺廟,洛扎達瑪(Lhodrak Dharma)的隱居處,說了這樣的話: 身體上下是科廷(Koting)二地的交界處,五行聚合,緣起如國王和大臣。在肚臍處建造了化身佛殿,用拙火(藏文: གཏུམ་མོ།,梵文天城體: चण्डाली,梵文羅馬擬音: caṇḍālī,漢語字面意思: 猛烈的)智慧建造墻壁。禪修的樂、明二境的加持熾盛。如果想看,就在那裡看吧!外面的破舊寺廟裡,只有來往的過客,老人喝著酒。我向你傾訴心聲,給你一個建議!讓意念的造作者安住在自己的位置上! 北方卡曲(Kharchu)的隱居處,三脈輪的森林茂密。有成就者的巖洞,蘊含著精華。自然形成的壇城。聚集著各種慈悲的成就者。未被改造的心,是蓮花的源泉,光明是天空的精華。在那裡,打下審視風息和心識結合的鐵橛。在遷識和神變的空中飛翔。如果想建造禪房,就在那裡建造吧!外面的空曠巖洞里,攀登也毫無意義,只會墜入深淵。我向你傾訴心聲,給你一個建議!讓意念的造作者安住在自己的位置上!’ 總的來說,他從內心深處確信,必須對四大河流的過患感到恐懼,即四種杜卡(痛苦)。
【English Translation】 Alas, the sinful ogress chases after her child, food, wealth, and words are devoured by mother and child. An old man builds a house in a hidden place, alas, the deity sees such a situation! Anger is greedy like a green bee, indulging in carnal desires. Abandoning the nectar of flowers and beautiful petals, intoxicated by the stench of decaying fame and fortune. Alas, the deity sees such a situation! Anger is like a horned ram, sinking into muddy ruts. The body is exhausted, bearing various unbearable burdens. Left alone, without a pack animal or friends, with little strength. Alas, the deity sees such a situation! Alas, anger is like the morning star, rising and falling. Old age and death approach like the powerful sunlight. Children and students, like small stars, die before me. Alas, the deity sees such a situation! Alas, alas, the homeland is ablaze with the fires of contention. Going to other places, they quarrel like empty vessels. Supporting monasteries that appear to be Dharma but are not. Look at these nine mistakes in nine examples!’ These words were written. Then, he felt intense sadness and was unwilling to return to his homeland, thinking of going to Lhodrak Khoting and Kharchu Monastery to practice. But seeing some bad omens, he consulted with his own mind and stayed at the monastery of Stonpa Tagkhrom, the hermitage of Lhodrak Dharma, and said these words: The upper and lower body are the boundary between the two places of Koting, the five elements gather, and dependent origination is like a king and ministers. At the navel, build a manifestation temple, build walls with wisdom of Tummo (Tibetan: གཏུམ་མོ།, Sanskrit Devanagari: चण्डाली, Sanskrit Romanization: caṇḍālī, Chinese literal meaning: fierce). The blessings of bliss and clarity in meditation are blazing. If you want to see, see there! In the dilapidated temple outside, there are only passing travelers, old men drinking wine. I pour out my heart to you, give you a suggestion! Let the creator of thoughts stay in his own place! In the hermitage of Kharchu in the north, the forest of the three channels and wheels is dense. There is a cave of accomplished ones, containing the essence. A naturally formed mandala. Gathered are various compassionate accomplished ones. The untransformed mind is the source of the lotus, and luminosity is the essence of the sky. There, drive in the iron peg of examining the union of wind and mind. Fly in the sky of transference and miraculous powers. If you want to build a meditation room, build it there! In the empty cave outside, climbing is meaningless and will only lead to falling into the abyss. I pour out my heart to you, give you a suggestion! Let the creator of thoughts stay in his own place!’ In general, he was deeply convinced that one must fear the faults of the four great rivers, that is, the four kinds of Dukkha (suffering).
པོའི་གཟུགས་རེ་ཕྱོགས་བཞིར་བྲིས་ནས་ཚིགས་སུ་བཅད་པ་རེ་རེ་བཀོད་དེ། རྒྱུན་དུ་བསམས་སོ། །བཞི་པ་ནི། ཐོག་མེད་ནས་འོངས་ཐ་མ་མེད་འགྲོ་ ཞིང་། སུས་ཀྱང་གང་དུ་ནམ་ཡང་བཟློག་དཀའ་བ། སྡིག་ཚོགས་ལྗན་ལྗིན་བཅས་ཏེ་ཐུགས་གཞོལ་བའི། །ཉོན་མོངས་ཆུ་བོ་ཀྱེ་མ་རྒྱུན་རེ་དྲག །མདོག་སྟོབས་གཟི་བརྗིད་ལང་ཚོ་དྲེགས་པ་ཡི། །དཔལ་འཇོམས་མི་ སྡུག་སྡིག་པའི་གཟུགས་འདྲ་བ། །ཡུལ་བརྒྱ་ལྡན་ཡང་བསྟེན་པའི་མཐུ་མེད་པའི། །འཇིགས་བྱེད་རྒས་པ་འདི་ལ་གྲོགས་དག་ལྟོས། །གང་སྔར་ཕུན་ཚོགས་དགའ་སྐྱེད་སྤྲིན་རུམ་ཡང་། །དཔལ་མིན་མི་དགའི་རླུང་གིས་ཕྱིས་ གཏོར་ན། མཚོ་བསྐམས་ཉ་ཚོགས་ཉི་འོད་མེས་གདུངས་འདྲ། །རབ་རྒུད་མྱ་ངན་མེ་འདི་མཁས་པས་ལྟོས། །ཤིང་ལས་མེ་ལྟར་རང་སྐྱེས་རང་སྲེག་ནང་། །མི་ཟད་ཚོར་བས་ཉིན་མཚན་འདྲེ་ལྡོག་ཅིང་། །ཐབས་བརྒྱ་བསྟེན་ཀྱང་སྐྱོན་བརྒྱ་འཕེལ་འགྱུར་བའི། ། 2-846 དབྲལ་དཀའ་ན་བའི་འདི་ཀོ་སུ་མི་འཚེར། །མཛའ་སྡུག་གཉེན་དང་འབྱོར་བའི་ནོར་དབྱིག་དང་། །ཁང་བཟང་རིན་ཆེན་བ་བཞོན་སྟོང་ཡོད་ཀྱང་། །གཅིག་པུ་གཏོལ་མེད་འཆི་འོ་ཀྱི་ཧུད་འཇིགས། །ཕུང་བྱེད་ཉིང་མཚམས་ སྦྱོར་ལ་མཁས་རྣམས་ལྟོས། །བྱམས་དཔལ་ལོ་ཙཱས་རང་གཞན་སྲིད་པའི་མཚོ། །རྒལ་དཀའ་ན་རྒ་རྒུད་དང་འཆི་བ་ཡི། །རྒྱུན་འབབ་ཆུ་བོ་བཞི་ལས་མདོར་བྱས་པའི། །མན་ངག་གཏམ་འདི་ཡིད་རབ་སྐྱོ་བས་ བརྩམས། །ཞེས་བྱ་བའོ། །ལོ་བཅུ་ཐམ་པ་རྫོགས་ནས། ལུང་རིགས་གཉིས་ལ་མཁས་པའི་མཐར་ཕྱིན་ཞིང་མན་ངག་རིན་པོ་ཆེའི་རྒྱན་དང་བཅས་པ་དགེ་བའི་བཤེས་གཉེན་ཆེན་པོ་བཟང་རིངས་ཞེས་བྱ་བ་ལ་ གྲྭ་ས་གཏད་དེ། དེས་སྡེ་སྣོད་རིན་པོ་ཆེའི་སྒྲོན་མེ་ཆེས་ཆེར་འབར་བར་མཛད། ལྔ་ཅུ་རྩ་དགུ་པ་ལ་བླ་མ་རིན་པོ་ཆེ་ཆོས་རྗེ་པཎྜི་ཏ་ཆེན་པོའི་གདུང་དང་། རིང་བསྲེལ་ལ་སོགས་ པའི་བཞུགས་གནས་མཆོད་རྟེན་ཆེན་པོ་དེ་བརྩམས། ཕྱི་རོལ་དུ་ཐུགས་ཀྱི་རྟེན་བཞེངས་པ་ལྟར་ནང་གི་རྣལ་འབྱོར་ལ་ཅི་ནུས་ཀྱིས་མཉམ་པར་འཇོག་པའི་ཚུལ་དུ་བྱས་སོ། །ཆོས་རྗེའི་རྟེན་བྱོན་ཚུལ་ཡང་། སྤྱིར་ཁ་ཆེའི་ཡུལ་ན་བསྟན་པ་དར་བར་ཡོད་ཀྱང་། བཙུན་པ་ཉུང་བ་ལས། ཆོས་རྗེས་རབ་ཏུ་བྱུང་བ་ཐུག་མེད་དར་བར་མཛད། སྔགས་དང་མཚན་ཉིད་ཀྱི་བཤད་སྲོལ་གང་དང་གང་ནུབ་པ་རྣམས་སྲོལ་དོད་པར་མཛད། 2-847 སྔགས་ཀྱི་ལག་ལེན་འཆོལ་བ་དང་། བྱིན་རླབས་ཀྱི་བཀའ་ཤོར་བ་རྣམས་ལེགས་པར་བཅོས། པཉྩ་པུ་ར་ཞེས་པ་ལ་སོགས་པའི་ཕོ་བྲང་དང་མཆོད་རྟེན་ཞིག་རལ་ཐམས་ཅད་གསོས། རྒྱལ་པོ་དང་ཡུལ་དཔོན་ ཆོས་ལ་མ་ཆུད་པ་རྣམས་ཀྱང་བཅུག་སྟེ་ཕྱོགས་ཀུན་ཏུ་དར་བར་མཛད་དོ། །དེ་ནས་སྔོན་གྱི་སློབ་དཔོན་ཆེན་པོ་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་གྲུབ་པའི་རྗེ་བཙུན་སྒྲོལ་མའི་ལྷ་ཁང་དུ་ བསྟེན་ནས
【現代漢語翻譯】 在四面畫上衰老的畫像,並寫下偈頌,經常思索。第四首是: 從無始而來,向無終而去, 誰也無法何時何地阻止它。 罪惡如污泥般堆積,心也隨之沉淪, 煩惱之河啊,多麼湍急! 顏色、力量、光輝、青春的傲慢, 摧毀榮耀,醜陋如罪惡的化身。 即使擁有百國,也無力侍奉, 看看這令人恐懼的衰老吧,朋友們! 曾經是圓滿、快樂的雲朵, 若被非吉祥的不悅之風吹散, 如海枯竭,魚群被陽光之火炙烤。 智者啊,看看這徹底衰敗的悲傷之火! 如木中生火,自生自焚, 無盡的感受日夜顛倒。 即使嘗試百種方法,也會增加百種過失, 這難以擺脫的疾病,誰不害怕呢? 親朋好友、財富珍寶, 高樓大廈、珍貴牲畜成千上萬。 獨自一人,突然死去,多麼可怕! 看看那些擅長連線死亡的人吧! 慈悲的譯師啊,自己和他人的輪迴之海, 難以超越,衰老和死亡的, 從四條奔流之河中總結出的, 這教誨之語,以極度悲傷之心寫成。 以上。 十年圓滿后,將精通經論二藏,擁有珍貴教言裝飾的善知識大善知識讓仁(善知識的名字)委任於寺院,他使寶貴的佛法明燈更加閃耀。五十九歲時,建造了尊貴的上師法王班智達大師的遺骨和舍利等所在的大佛塔。如同在外建造身之所依,同樣盡力在內修瑜伽。 關於法王聖物出現的方式: 通常,克什米爾地區佛教興盛,但僧人很少,法王使出家僧團極度興盛。所有衰敗的密法和教理的講授傳統都得以恢復。密法的修行變得混亂,加持的傳承也遺失了,這些都被很好地糾正了。所有崩塌的Pancha Pura(地名)等宮殿和佛塔都得以修復。國王和不信奉佛法的官員也被引入佛法,佛法因此在各處興盛。之後,以前的所有大學者都供奉在全知善知識成就的至尊度母殿中。
【English Translation】 Having drawn images of old age on four sides and composed verses, he constantly contemplated them. The fourth is: Coming from beginningless, going to endless, Who can ever reverse it, where or when? Sins piled up like filth, with the mind immersed, The river of afflictions, alas, how strong! Color, strength, splendor, the arrogance of youth, Destroying glory, ugly like the embodiment of sin. Even possessing a hundred countries, powerless to serve, Look at this terrifying old age, friends! What was once a cloud of perfect joy and happiness, If blown away by the wind of non-auspicious displeasure, Like a sea dried up, fish scorched by the sun’s fire. Wise ones, look at this fire of utter ruin and sorrow! Like fire from wood, self-born, self-burning within, Endless feelings turning day and night. Even trying a hundred methods, a hundred faults increase, Who does not fear this disease that is hard to separate from? Dear friends, relatives, wealth, treasures, Mansions, precious cattle, even a thousand. Alone, suddenly dying, alas, how terrifying! Look at those skilled in connecting death! Compassionate translator, the ocean of samsara for oneself and others, Hard to cross, old age and death, Summarized from the four flowing rivers, This instruction, composed with extreme sorrow. The End. After ten years were completed, the monastery was entrusted to the great Khenpo Zang Ring (name of the Khenpo), who was learned in both scripture and reasoning and adorned with precious instructions, and he made the lamp of the precious Tripitaka shine even brighter. At the age of fifty-nine, he built the great stupa where the relics and remains of the precious Lama Chöje Pandita were enshrined. Just as he built the support of the body externally, he also practiced yoga internally as much as he could. The way the relics of Chöje appeared: Generally, although the teachings flourished in the land of Kashmir, there were few monks, but Chöje made the ordained Sangha extremely prosperous. He revived all the teachings of tantra and philosophy that had declined. He corrected the practices of tantra that had become confused and the blessings that had been lost. He restored all the palaces and stupas that had collapsed, such as Pancha Pura (place name). He also brought kings and officials who did not believe in the Dharma into the Dharma, and thus the Dharma flourished everywhere. After that, all the great scholars of the past were revered in the Jetsun Drolma Lhakhang (Tara Temple) accomplished by the omniscient spiritual friend.
་གྲོང་ཁྱེར་དུ་བསོད་སྙོམས་མཛད་ཅིང་ཡུན་རིང་དུ་བཞུགས། འཕགས་མའི་ཞལ་ནས། སྔོན་གྱི་སྐྱེས་བརྩིས་དང་བསྟུན་པའི་ཚེ་ཚད་དེ་མཐར་ཕྱིན་ནས། བསྟན་པའི་ཞབས་ཏོག་བྱས་པས་ལོ་ལྔ་འཕར་བ་ ཡིན། ད་ནི་དགའ་ལྡན་དུ་སྨོན་ལམ་བཏབ་པ་མངོན་དུ་འགྱུར་བར་ཉེ་བོ་གསུང་སྐད། རྒྱལ་པོ་མུ་སྟེགས་ལ་དད་པ་ཚུར་ལྡོག་ནས་སངས་རྒྱས་པའི་བསྟན་པ་ལ་ཞུགས་པ་རྣམས་ཀྱིས་སྟོན་མོ་ ཆེན་པོ་བྱས། དེ་ཡི་ཚེ་ག་པུར་བག་ཙམ་དྲངས་པ་ལ་བསྟེན་ནས་བསྙུན་ནད་ཅུང་ཟད་བྱུང་བ་ལ་རྩིས་མཛད་པས་སྐུ་འདའ་བར་མཁྱེན་སྐད། ཕྱི་ནང་གི་པཎྜི་ཏ་ལ་སོགས་པ་ཐམས་ཅད་ ལ་སྦྱིན་གཏོང་རྒྱ་ཆེར་མཛད། ཉིད་ཀྱིས་ཕྱག་རིས་རྒྱ་ཡིག་ཏུ་བྲིས་ཏེ་པཎྜི་ཏ་ས་གྷ་མ་ཤྲཱི་…འཇུག་ངོགས་དཔལ་བྱ་བ་དང་། ཏྲཻ་ལོ་ཀྱ་ཨཱ་ནན་…འཇིག་རྟེན་གསུམ་གྱི་ཀུན་དགའ་བྱ་བ་གཉིས་ལ་གསུང་ཕབ་ནས་ང་འདས་པའི་འོག་ཏུ་བོད་ན་རྗེ་བཙུན་བྱམས་ཆེན་བཞུགས་པའི་ནང་དུ་རུས་པ་དང་རིང་བསྲེལ་རྣམས་ཆུག་ཅིག 2-848 གལ་ཏེ་ལོ་ཙཱ་བས་མཆོད་རྟེན་གྲུབ་ན་ཤིན་ཏུ་ཡང་ལེགས་སོ་ཞེས་གསུངས་ནས་བརྫངས་སོ། །བསྙུང་གི་ཞད་དེ་ཟླ་བ་གསུམ་དང་། ཞག་གསུམ་བྱུང་བའི་བར་དུ། པྲ་བ་སུར་བྱ་བའི་ཁོར་ཡུག་ རྣམས་ཉིན་མཚན་ཁོར་ཡུག་ཏུ་གཞའ་ཚོན་གྱི་རི་མོ་ཤིན་ཏུ་གསལ་བས་ཕུབ་པ་དང་། དེའི་ནང་རོལ་མ་ལུས་པར་ལྷའི་སྤོས་ཀྱི་དྲི་སྔར་བྱུང་མ་མྱོང་བས་ཁྱབ་ཅིང་། དུད་འགྲོས་ཀྱང་མནམ་དུ་ རུང་བ་དང་། མེ་ཏོག་དཀར་པོ་ལ་རྩེ་མོ་དམར་བ་ཞིག་གི་ཆར་ཉིན་རེ་ལ་ལན་གསུམ་གསུམ་རྒྱུན་དུ་འབབ་པ་བྱུང་ངོ་། །པུར་སྦྱོང་བའི་ཚེ་རྒྱལ་པོ་ལ་སོགས་པའི་ཡོན་བདག་རྣམས་ཀྱིས་ ཙན་དན་གྱི་ཤིང་བསགས་ཏེ་མཆོད་པ་རྒྱ་ཆེན་པོ་བཤམས། པཎྜི་ཏ་མང་པོ་དང་དགེ་འདུན་མང་པོས་མཆོད་བསྟོད་བྱས། སྐྱེ་བོ་འདུས་པ་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་ཕྱག་འཚལ་བ་ལས། སྟེང་གི་ནམ་མཁར་རོལ་མོའི་སྒྲ་རྨད་དུ་བྱུང་བ་ཡུན་རིང་དུ་གྲགས་པ་ཀུན་གྱིས་ཐོས་པར་བྱུང་། དེའི་རྗེས་ཐོགས་ལ་སྒྲའི་དབྱངས་རོལ་མོའི་སྐད་ཀྱིས་ཚིག་འབྲུ་སིལ་སྙན་བདུན་པ་བྱ་བའི་ཆོས་ སྒྲ་བྱུང་། པཎྜི་ཏ་མང་པོས་ཞལ་མཐུན་པར་ཟིན་ནས་སོ་སོར་ཡི་གེ་བྲིས་སྐད། བྱའི་ལོ་སྒྲོག་གི་ཟླ་བ་གཟའ་སྤེན་པ་རྒྱུ་པའི་གྲལ་ཚེས་ལྔའི་ཉིན་པར་ཡིན་ནོ། །དེ་ནས་གདུང་ལ་སོགས་པ་བསྡུས་ནས་མཆོད་རྟེན་བྱས་ཏེ་ད་དུང་ཡར་ངོའི་ཚེས་བཅུ་ལ་རྟག་ཏུ་མེ་ཏོག་གི་ཆར་འབབ་པ་ཀུན་གྱིས་མཐོང་སྣང་དུ་ཡོད་སྐད། 2-849 དེ་ནས་པཎ་ཆུང་གཉིས་ཀྱིས་དབུའི་གདུང་མ་ལུས་པ་དང་རིང་བསྲེལ་གསུམ་བོད་དུ་གདན་དྲངས། རིང་བསྲེལ་གསུམ་ལ་ལམ་དུ་བཅུ་གསུམ་དུ་འཕེལ་བ་ལས། ཡ་ཙེའི་རྒྱལ་པོས་ལམ་དུ་པཎ་ཆུང་གཉིས་ གདུང་དང་བཅས་པ་ཟླ་བ་གསུམ་ཞབས་ཏོག་བྱས་ཏེ་འགྲོ་ཁར་རིང་བསྲེལ་གསུམ
【現代漢語翻譯】 在城市中托缽乞食,長久居住。聖母說:『按照之前的壽命推算,壽命已經到了盡頭,因為弘揚佛法,壽命延長了五年。現在往生兜率天的願望快要實現了。』國王改變了信仰,皈依了佛法,所有人都舉行了盛大的宴會。 當時因為服用了一點樟腦,稍微生了病,占卜后得知即將圓寂。於是對所有內外班智達等進行了廣泛的佈施。他自己用漢字寫了遺囑,交給班智達薩伽瑪室利(Sāgamāśrī),意為『入處吉祥』,以及班智達特萊洛迦阿難(Trailokyānanda),意為『三界喜悅』,吩咐說:『我圓寂后,將我的骨灰和舍利安放在西藏的杰尊絳欽(rJe btsun byams chen)像中。』 如果譯師能建成佛塔,那就太好了。』說完就去世了。生病期間,三個月零三天里,普拉瓦蘇爾(prāva sur)周圍的環境日夜都被彩虹環繞,非常清晰,而且到處都瀰漫著前所未有的天上的香氣,連動物也能聞到。每天三次,都會下一種白色的花,花尖是紅色的。 火化時,國王等施主們堆積了檀香木,進行了盛大的供養。許多班智達和僧侶進行了供養和讚頌。聚集了無數的人,繞行和頂禮。天空中響起了奇妙的音樂聲,持續了很久,所有人都聽到了。之後,出現了聲音的旋律,是音樂的聲音,是『七支妙音』的法音。許多班智達一致記錄了下來。時間是鳥年(雞年)鎖格月(sgron)的星期六,五日。 之後,收集了遺骨等,建造了佛塔,據說直到現在,每個月的初十,仍然會下花雨,所有人都親眼目睹。 之後,兩位小班智達將所有的頭蓋骨和三顆舍利帶回了西藏。在路上,三顆舍利增長到了十三顆。亞澤(ya tse)的國王在路上用三個月的時間供養了兩位小班智達和遺骨,臨走時又給了三顆舍利。
【English Translation】 He begged for alms in the city and stayed for a long time. The Holy Mother said, ‘According to the previous calculation of lifespan, the lifespan has come to an end, but by serving the doctrine, it has been extended by five years. Now the aspiration to be reborn in Tushita is about to be realized.’ The king changed his faith and entered the Buddhist doctrine, and all held a great feast. At that time, due to taking a little camphor, he became slightly ill, and after divination, it was known that he was about to pass away. So he made extensive offerings to all the inner and outer paṇḍitas, etc. He himself wrote a will in Chinese characters and gave it to the paṇḍita Sāgamāśrī (薩伽瑪室利, 入處吉祥, ‘Auspicious Entrance’) and the paṇḍita Trailokyānanda (特萊洛迦阿難, འཇིག་རྟེན་གསུམ་གྱི་ཀུན་དགའ་, 三界喜悅, ‘Joy of the Three Realms’), instructing them, ‘After my death, place my bones and relics inside the statue of Jetzun Jampa (rJe btsun byams chen) in Tibet.’ ‘If the translator can build a stupa, that would be very good.’ After saying this, he passed away. During the illness, for three months and three days, the environment around Prāva Sur (པྲ་བ་སུར་) was surrounded by rainbows day and night, very clear, and everywhere was filled with heavenly fragrance that had never been experienced before, which even animals could smell. Three times a day, a rain of white flowers with red tips would fall. During the cremation, the patrons such as the king piled up sandalwood and made great offerings. Many paṇḍitas and monks made offerings and praises. Countless people gathered, circumambulating and prostrating. A wonderful sound of music was heard in the sky above, lasting for a long time, which everyone heard. After that, a melody of sound appeared, the sound of music, the Dharma sound of ‘Seven Limbs of Melodious Speech’. Many paṇḍitas unanimously recorded it. The time was the fifth day of the Bird Year (Year of the Rooster), the month of Srog (སྒྲོག་), on Saturday. After that, the bones and so on were collected and a stupa was built, and it is said that even now, on the tenth day of each month, a rain of flowers still falls, which everyone witnesses. After that, the two young paṇḍitas brought all the skull bones and three relics back to Tibet. On the way, the three relics increased to thirteen. The king of Yaze (ཡ་ཙེའི་) served the two young paṇḍitas and the relics for three months on the way, and gave three more relics when they left.
་ཁྱེར། གཞན་ལོ་ཙཱ་བའི་ལག་ཏུ་བཏང་སྟེ་ཉང་སྟོང་ཉན་ཚོའི་གནས་སུ་བྱོན་པ་ཡིན་ནོ། །ཆོས་རྗེའི་རྟེན་བྱོན་པས། ཡང་བླ་མ་དེ་མ་བྱོན་པའི་སངས་རྒྱས་ཡིན་པས། སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་ནས་སྐད་ཀྱིས་གནངས་པར་མཆི་མ་བྱུང་། དེ་ཉིད་ཀྱི་བར་ལ་རིང་བསྲེལ་གསུམ་བྱོན། དེ་ན་སྔར་སོར་བཅུ་ གསུམ་བཞུགས་སོ། །ལོ་ཙཱ་བས་རང་ལོ་དྲུག་བཅུ་རྩ་གསུམ་ལོན་པ་རྟའི་ལོ་ལ་ཁྲོ་ཕུ་དགའ་ལྡན་གྱི་སུམ་ཐོག་སྟེང་མའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལེགས་པར་བཀོད་ཅིང་བསྒྲིགས་པ་ལ། སུམ་ ཐོག་གི་ནུབ་ཕྱོགས་ཀྱི་དཀྱིལ་ན། བསྟན་པའི་བདག་པོའི་ལུགས་སྐུ་ཟླ་མཆོག་མ་ཁྲུ་གང་ཙམ་གྱི་ཚད། ཆོས་ཀྱི་རྗེ་ཤཱཀྱ་ཤྲཱིས་རབ་གནས་མཛད་པའི་ཚེ། དགའ་ལྡན་ནས་འོད་ཀྱི་རྣམ་པར་བྱོན་ནས་ དངོས་སུ་ཐིམ་པའི་སྐུ་དེ་བཞུགས། ཡང་སྔོན་རྗེ་བཙུན་རྒྱལ་ཚས་བཞེངས་པའི་རྒྱ་གར་གྱི་ལྷ་བཟོ་ཀཎྜིས་བཟོ་བྱས་པས། རབ་གནས་ཀྱི་ཚེ་ཕག་མོ་དོན་གྲུབ་མས་དངོས་སུ་བྱིན་གྱིས་བརླབས་པས། ཁྲོ་ཕུའི་གཙུག་ལག་ཁང་འདི་མ་འོངས་པའི་དུས་སུ་དགེ་སློང་བྱམས་པའི་དཔལ་ཞེས་བྱ་བ། 2-850 རྗེ་བཙུན་བྱམས་པའི་བསྟན་པ་ལ་གདུལ་བྱ་ཁྲིད་པའི་སྐུ་གསུང་ཐུགས་གྱི་བྱ་བ་རྒྱས་པར་བྱེད་དོ་ཞེས་ལུང་བསྟན་པའི་རྟེན་ལི་ཡུལ་མའི་རྟེན་གཙོ་དེ་བཞུགས། ཡང་དེའི་གཡོན་ན་ཁྲོ་ལོ་མཛེ་ ནད་ལས་ཐར་བའི་གཏང་རག་གཏོང་བའི་ཚེ། བླ་མ་གྲུ་རྡོ་རྗེ་གཏུམ་པོ་ཞེས་བྱ་བ་ལ་བྱམས་ཆེན་གྱི་ཐུགས་ཀ་ནས་འོད་ཀྱི་གོང་བུ་གསང་བདག་གི་སྐུ་ཇི་བཞིན་པ་བྱོན་ཏེ། མཻ་ ཏྲི་པྲ་ཏི་ཏིཥྛན་དུ་སྭཱ་ཧཱ། བྱམས་པའི་རབ་ཏུ་གནས་པའི་བརྟན་པར་གྱུར་ཅིག ཞེས་ལན་གསུམ་བརྗོད་པས་ཁྲོ་ཕུའི་ལུང་པ་ཁེངས་པའི་གྲགས་པར་བྱིན་གྱིས་བརླབས་པའི་དཔལ་གསང་བདག་ཁྱུང་གཤོག་ཅན་ བྱིན་རླབས་ཤིན་ཏུ་ཆེ་བ་དེ་བཞུགས། དེའི་གཡོན་ན་ཆོས་རྗེ་ཤཱཀྱ་ཤྲཱི་བོད་ནས་ཁ་ཆེའི་ཡུལ་དུ་གཤེགས་པའི་ཚེ། ཁྲོ་ལོས་གུང་ཐང་གི་བར་དུ་བསྐྱལ་ནས་ཁ་ཆེ་གྲིབ་བརྟན་དུ་ཕྱི་བཞིན་ དུ་འབྲང་བར་ཞུས་པས། སྐྱེ་བ་འདི་དང་བདུན་དུ་ངས་བླ་མ་དམ་པའི་བྱ་བ་བྱས། ཁྱེད་ཀྱིས་སློབ་མ་ལ་མཆོག་གི་བྱ་བ་བྱས། བྱམས་མགོན་འཛམ་བུ་གླིང་དུ་བྱོན་པའི་ཚེ་རང་གཞན་ གྱི་དོན་ཆེན་པོ་འགྲུབ་པའི་བྱ་བ་བསམ་གྱིས་མི་ཁྱབ་པ་ལ་འཛོམ་པར་འགྱུར་པས། དེའི་ཚེ་ཡུན་རིང་ཞིང་དོས་དྲག་པར་འོ་སྐོལ་གཉིས་ལ་ལས་འབྲེལ་བཞག་པའི་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་འཕྲིན་ལས་བྱེད་པ་ལ་འཛོམ་པར་འགྱུར་རོ། ། 2-851 ད་རེས་ཨ་ཚོ་གཅིག་གསུངས། དེ་བཞིན་གཤེགས་པའི་རིང་བསྲེལ་འདི་ཡང་སྙིང་པོར་གྱིས། ངའི་སྐུ་འབག་ཅི་འདྲ་མ་འདྲའི་ལུགས་སྐུ་ཆུང་ངུ་ཞིག་གྱིས་ལ་གསོལ་བ་འདེབས་པའི་རྟེན་དུ་བཞུགས་ཤིག དོན་ མང་པོ་འགྲུབ་པར་འགྱུར་རོ། །ཞེས་
【現代漢語翻譯】 帶走。之後交給了譯師,前往娘通年措的地方。法王(Chosrje,指釋迦師利)的聖物顯現。 又因為上師(喇嘛)是未降臨的佛陀,憶念身語意的功德,哭泣時流下了眼淚。就在那時,出現了三顆舍利。那裡原來有十三根手指。 譯師在自己六十三歲,馬年的時候,在克珠寺(Khro phu dGa’ ldan)三層樓的頂層,妥善地安置和整理了身語意的聖物。在三層樓西側的中央,有一尊丈量單位為『月』,高度大約一『咫』的教主(bstan pa’i bdag po)風格的身像,是法王釋迦師利(Chos kyi rje Shakya Shri)開光的時候,從兜率天(dGa’ ldan)以光的形式降臨並融入其中的身像。還有以前杰尊嘉賽(rJe btsun rGyal tsha)建造的,由印度工匠坎迪(Kaṇḍi)製作的身像,在開光的時候,帕摩頓珠瑪(Phag mo don grub ma)親自加持過,預言說:『克珠寺(Khro phu)的這座寺廟,未來會有一位名叫格隆江巴貝(dGe slong Byams pa’i dpal)的人, 弘揚杰尊江巴(rJe btsun Byams pa)的教法,廣做引導所化眾生的身語意事業。』作為預言的象徵,來自里域(Li yul,于闐)的主尊像安放在那裡。還有在那尊像的左邊,克羅(Khro lo)爲了感謝擺脫麻風病,一位名叫喇嘛竹多杰滾波(bla ma Gru rDo rje gTum po)的上師,從慈氏(Byams chen)的心間發出光團,顯現出如同秘密主(gSang bdag)的身相,唸誦: 『མཻ་ཏྲི་པྲ་ཏི་ཏིཥྛན་དུ་སྭཱ་ཧཱ།(藏文) मैत्रेय प्रति तिष्ठन्तु स्वाहा(梵文天城體) Maitreya prati tiṣṭhantu svāhā(梵文羅馬擬音) 愿慈氏安住! (漢語字面意思)』三次,加持克珠(Khro phu)山谷充滿了名聲,非常靈驗的持金剛(dPal gSang bdag)瓊肖堅(khyung gshog can,金翅鳥)就在那裡。在那尊像的左邊,法王釋迦師利(Chos rje Shakya Shri)從西藏前往克什米爾(kha che)的時候,克羅(Khro lo)送到了貢塘(gung thang),請求像影子一樣跟隨到克什米爾(kha che grib brtan)。法王說:『這一世和之後的七世,我做了上師的事務,你做了弟子的殊勝事務。當慈氏怙主(Byams mgon)降臨贍部洲(‘Dzam bu gling)的時候,會聚集無法想像的成就自他大利益的事業, 那時,我們兩個會聚集在一起,長久而猛烈地從事結緣的所化眾生,做不可思議的事業。 這次說了一句『阿措』。把如來(de bzhin gshegs pa)的舍利也作為核心。做一尊像我身像無論像不像的小身像,作為祈禱的象徵安放。會成就很多事情。』
【English Translation】 Take it away. Then he handed it over to the translator and went to Nyangtong Nyan Tsho. The relics of Chosrje (referring to Shakya Shri) appeared. Also, because the Lama was a Buddha who had not yet descended, tears came out when he remembered the qualities of body, speech, and mind. At that moment, three relics appeared. There were originally thirteen fingers there. When the translator was sixty-three years old, in the year of the Horse, he properly arranged and organized the relics of body, speech, and mind on the top floor of the three-story building of Khro Phu Ganden. In the center of the west side of the three-story building, there is a statue in the style of the Lord of the Doctrine (bstan pa’i bdag po), measuring about one ‘cubit’, which is the statue that descended from Tushita (dGa’ ldan) in the form of light and merged into it when Chos kyi rje Shakya Shri consecrated it. There is also a statue built by Jetsun Gyaltsa (rJe btsun rGyal tsha) in the past, made by the Indian craftsman Kandi, which Phag mo don grub ma personally blessed during the consecration, prophesying: ‘This temple of Khro Phu will have a monk named Gelong Jampa Pel (dGe slong Byams pa’i dpal) in the future, who will propagate the teachings of Jetsun Jampa (rJe btsun Byams pa) and extensively carry out the activities of body, speech, and mind to guide the disciples.’ As a symbol of the prophecy, the main statue from Li yul (Khotan) is placed there. Also, to the left of that statue, Khro lo, in gratitude for being freed from leprosy, a Lama named Lama Dru Dorje Gtum po, a ball of light emanated from the heart of Maitreya (Byams chen), manifesting as the body of Secret Lord (gSang bdag), reciting: 『མཻ་ཏྲི་པྲ་ཏི་ཏིཥྛན་དུ་སྭཱ་ཧཱ།(Tibetan) मैत्रेय प्रति तिष्ठन्तु स्वाहा(Sanskrit Devanagari) Maitreya prati tiṣṭhantu svāhā(Sanskrit Romanization) May Maitreya abide! (Literal meaning in Chinese)』 three times, blessing the Khro Phu valley with fame, the very efficacious Vajrapani (dPal gSang bdag) with Garuda wings is there. To the left of that statue, when Chos rje Shakya Shri went from Tibet to Kashmir (kha che), Khro lo escorted him to Gungtang, requesting to follow him like a shadow to Kashmir (kha che grib brtan). The Dharma Lord said: ‘In this life and the next seven lives, I have done the affairs of the Lama, and you have done the excellent affairs of the disciple. When Maitreya (Byams mgon) descends to Jambudvipa (‘Dzam bu gling), he will gather unimaginable achievements to accomplish the great benefit of himself and others, At that time, the two of us will gather together to engage in the inconceivable activities of guiding the disciples with whom we have a karmic connection for a long time and intensely. This time he said ‘A Tsho’. Also, take the relics of the Tathagata (de bzhin gshegs pa) as the core. Make a small statue of my body, whether it looks like me or not, and place it as a symbol of prayer. Many things will be accomplished.’
གསུངས་ནས། དེ་ལྟར་སྐུ་འབག་ལུགས་སྐུ་ཆུང་ངུ་གཅིག་བཞེངས་ནས། རང་གིས་རབ་གནས་བྱས་པའི་ཚེ་འོད་ཀྱི་ཕུང་པོ་གཞའ་ཚོན་གྱི་རི་མོའི་བདེ་མཆོག་ཡི་གེ་ བདུན་པའི་གཟུགས་ཤིན་ཏུ་གསལ་བ་གཅིག་ཐིམ་པ་དེ་བཞུགས། དེའི་གཡོན་ན་སྟོན་པ་སེང་བཟང་གིས་ཕུལ་བའི་ལྡེར་སྐུའི་བྱམས་མགོན་བཞུགས་ཏེ། དེ་ཁྲོ་ཕུར་མ་བྱོན་པ་ནས་དེ་ཉིད་ཇི་འདྲ་མ་ འདྲའི་ཆ་བྱད་བསྟན་ནས། ང་ལ་བསུ་བ་གྱིས་ཤིག ཁྱོད་ཀྱི་སྲོག་གི་བར་ཆད་བྱེད་པའི་ལྟས་ཐམས་ཅད་བཟློག་པ་ཡིན་ནོ། །ཞེས་དབུགས་འབྱིན་པའི་རྟེན་དེ་བཞུགས། དེའི་གཡོན་ན་ལོ་ཙཱ་བ་རང་ གི་ལྷག་པའི་ལྷ། སྔོན་མཛེ་མཚམས་ལོ་བཅུ་བཅད་པའི་ཚེ་ཁྲོ་ཕུའི་ཟུར་ཁང་ཤར་དུ་རྨི་ལམ་དུ་དག་སྣང་ཤར་བས་སྣ་ཁྲག་མང་པོ་དངོས་སུ་འཇིབས་ཏེ། ནད་ལས་གྲོལ་བའི་ལྷ་རྡོ་རྗེ་ འཛིན་པ་ལུགས་སྐུ་ཁྱུང་གཤོག་ཅན་གཅིག་བཞུགས་པ་དེ་ཡིན་ནོ། །དེའི་ནང་གི་གཡས་ན། ཆོས་རྗེ་ཤཱཀྱ་ཤྲཱི་རྫི་སྐུ། ཕྱག་གཡས་ས་གནོན་དང་། གཡོན་མཉམ་གཞག་ཅན། ཆོས་བགྲོ་སྒྲོག་མཁན་གྱི་ཕོ་བྲང་དུ་རབ་གནས་པ་བྱོན་པའི་ཚེ། 2-852 ས་གཡོས་ཆེན་པོ་བྱུང་བས། ལྷ་དང་ལྷ་ཁང་རྣམས་འཇིག་པས་ཉེན་པ་ལ་ས་གནོན་གྱི་ཕྱག་རྒྱས་གཞི་མི་འགུལ་བར་བྱིན་གྱིས་བརླབས་པ་དེ་བཞུགས། ཡང་གཡོན་ཕྱོགས་ཀྱི་ཤར་ན། ཆོས་རྗེས་པའི་ སྐུ་འབག་རྫ་ལས་བྱས་པ་ཆུང་ངུ་ཡར་ལུངས་སོལ་ནག་ཐང་པོ་ཆེར་གང་ཟག་ཕྱུག་པོ་རྣམས་ཀྱིས་གསེར་དངུལ་ཟངས་ཁྲབ་གཡུ་དང་། རྟ་མང་པོ་འབུལ་བ་བྱུང་བ་ལ། ཁ་ཆེ་བ་དང་། རྒྱ་ གར་བའི་གཡོག་འཁོར་རྣམས་ཀྱི་ཆགས་ཞེན་དྲག་པོ་སྐྱེས་ནས། ཀ་ཅ་འདི་ཙམ་གཅིག་གཞན་ན་མི་སྟེར་བར་ཁ་ཆེར་གཤེགས་པའི་ལམ་གྱི་ཆ་རྐྱེན་མཛད་པར་ཞུ་བྱས་པས། དེ་རྣམས་སེར་སྣས་བཅིངས་ པའི་གཉེན་པོར་སླར་ཉིད་ཀྱིས་ཕྱག་བཅུག་ནས། བཙུན་པ་དང་སྐྱེ་བོའི་ཚོགས་དང་སྤྲང་པོ་ཐམས་ཅད་ལ་འདི་དང་འདི་ཁྱེར་ཞེས་ཕྱག་གིས་གསེར་སྦྲམ་དང་། གཡུ་ལ་སོགས་པ་བརྒྱ་ཕྲག་མང་པོ་དངོས་ སུ་བྱིན་པ་མཚོན་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན་ཆོས་རྗེ་ཉིད་ཀྱིས་རབ་གནས་ལན་ལྔ་མཛད་པ་གཅིག་བཞུགས་སོ། །རང་ལོ་དྲུག་ཅུ་རྩ་བཞི་བར་གྱུར་བ་ལ། ལས་སྟོད་དུ་ཆོས་འཁོར་ལ་ བྱོན་ཏེ། ཕྱུག་པོ་བཙན་ཕྱུག་རྗེས། མདོ་འབུམ་གྱིས་སྣ་དྲངས་པའི་གསེར་སྦྲམ་འཛམ་གླིང་རྒྱན་སོགས་ཕུལ། གཏེར་བ་ཞིག་པོ་ཡབ་སྲས་དང་ར་ལུང་གི་དགེ་སློང་རྡོ་རྗེ་སྐྱབས་ཀྱི་གསེར་ཞོ་བརྒྱ་རྩའི་མཎྜལ་དང་། 2-853 དགེ་གཤེགས་གྲགས་རྡོར་གྱིས་གསེར་འབུམ་བྱང་ཆགས་ཀྱིས་སྣ་དྲངས་གསེར་ཞོ་བརྒྱའི་མཎྜལ་ཐེབས་གསུམ་དང་། དགེ་བཤེས་རྫིང་འབྲིང་པ་ཡབ་སྲས་ཀྱིས། གསེར་མང་པོ་དང་། ཁྲབ་བཟང་པོ་དང་། ཇོ་བོ་ལྷའི་འབུལ་སྟོན་ དང་། ན་རིངས་པ་དང་། རྟེ་ཀྱུས་པ་དང་དོན་མོ་རི་བ་ལ་སོགས་པ་ཆོས་དང་
【現代漢語翻譯】 說完后,塑造了一個小小的身像。當自己進行開光時,一道光芒化為彩虹般的圖案,融入了極其清晰的勝樂七字(藏文:བདེ་མཆོག་ཡི་གེ་བདུན་པ,梵文天城體:सुखोत्तम सप्त अक्षर,梵文羅馬擬音:Sukhotama Sapta Akshara,漢語字面意思:至樂七字)。它的左邊是斯通巴·桑布(藏文:སྟོན་པ་སེང་བཟང་)供奉的泥塑彌勒佛像。自從克珠佛(藏文:ཁྲོ་ཕུ)沒有來過之後,就展示了與他一模一樣的形象,並說:『迎接我吧!它能遣除你所有威脅生命的徵兆。』這就是加持呼吸的所依。它的左邊是譯師自己的本尊。以前在麻風病閉關十年時,在克珠寺東北角的房間里,夢中顯現清凈景象,真實地吸了很多鼻血,從而從疾病中解脫出來的本尊多吉·卓洛(藏文:རྡོ་རྗེ་འཛིན་པ་,梵文天城體:वज्रधर,梵文羅馬擬音:Vajradhara,漢語字面意思:金剛持),這是一個帶有瓊鳥翅膀的身像。裡面的右邊是法王釋迦師利(藏文:ཤཱཀྱ་ཤྲཱི་)的泥塑像,右手觸地印,左手禪定印。在法王進行講經說法的宮殿里進行開光時,發生了大地震,神和神殿都面臨倒塌的危險,他用觸地印加持地面,使其不再移動。還有左邊的東面,是法王的泥塑小像,由雅礱索朗唐波切(藏文:ཡར་ལུངས་སོལ་ནག་ཐང་པོ་ཆེ)用黏土製作,富人們供奉了金銀銅甲、綠松石和許多馬匹。克什米爾人和印度人的僕人產生了強烈的貪戀,說:『不要把這些東西給別人,請為我們去克什米爾的道路提供方便。』爲了對治那些被吝嗇束縛的人,他親自把東西拿出來,對僧人和民眾以及所有乞丐說:『拿這個,拿那個。』他用手真實地給予了成百上千的金幣和綠松石等,象徵著最殊勝的佈施手印,法王自己進行了五次開光。在六十四歲時,他去了拉堆的曲果寺(藏文:ཆོས་འཁོར་),富有的贊普·強曲杰(藏文:བཙན་ཕྱུག་རྗེས་)等人供奉了以《百部經》(藏文:མདོ་འབུམ་)為首的『瞻洲莊嚴』(藏文:འཛམ་གླིང་རྒྱན་)等金幣。掘藏師西波父子(藏文:གཏེར་བ་ཞིག་པོ་ཡབ་སྲས)和熱隆寺的格隆多吉·嘉波(藏文:ར་ལུང་གི་དགེ་སློང་རྡོ་རྗེ་སྐྱབས་)供奉了百兩黃金的曼扎,格西扎多(藏文:དགེ་གཤེགས་གྲགས་རྡོར)以《十萬頌》(藏文:འབུམ་)為首,供奉了百兩黃金的曼扎三次,格西仁仲巴父子(藏文:དགེ་བཤེས་རྫིང་འབྲིང་པ་ཡབ་སྲས)供奉了很多黃金、精美的盔甲、覺臥拉杰(藏文:ཇོ་བོ་ལྷའི་)的供品、納仁巴(藏文:ན་རིངས་པ་)、德久巴(藏文:རྟེ་ཀྱུས་པ་)和頓莫日巴(藏文:དོན་མོ་རི་བ་)等等,他們都供奉了佛法。 After saying that, a small statue was made. When he consecrated it himself, a mass of light transformed into a rainbow-like pattern, merging into the extremely clear form of the Supreme Bliss Seven Letters (Tibetan: བདེ་མཆོག་ཡི་གེ་བདུན་པ,Sanskrit Devanagari: सुखोत्तम सप्त अक्षर,Sanskrit Romanization: Sukhotama Sapta Akshara, Literal meaning: Supreme Bliss Seven Letters). To its left is a clay statue of Maitreya offered by Stonpa Sengzang (Tibetan: སྟོན་པ་སེང་བཟང་). Since Khro Phu hadn’t come, it showed an image exactly like him, saying, ‘Welcome me! It will avert all signs that threaten your life.’ This is the support for blessing the breath. To its left is the translator’s own tutelary deity. Previously, during a ten-year leprosy retreat, in the northeast room of Khro Phu Monastery, a pure vision appeared in a dream, and he actually sucked a lot of nosebleeds, thus being liberated from the disease. This is the deity Dorje Drolo (Tibetan: རྡོ་རྗེ་འཛིན་པ་,Sanskrit Devanagari: वज्रधर,Sanskrit Romanization: Vajradhara, Literal meaning: Vajra Holder), a statue with Garuda wings. Inside to the right is a clay statue of Chöje Shakya Shri (Tibetan: ཤཱཀྱ་ཤྲཱི་), with his right hand in the earth-touching mudra and his left hand in the meditation mudra. When the Dharma Lord was consecrating the palace where he preached the Dharma, a great earthquake occurred, threatening the collapse of the gods and temples. He blessed the ground with the earth-touching mudra, preventing it from moving. Also, to the east on the left is a small clay statue of the Dharma Lord, made of clay by Yarlung Solnak Tangpoche (Tibetan: ཡར་ལུངས་སོལ་ནག་ཐང་པོ་ཆེ). Wealthy people offered gold, silver, copper armor, turquoise, and many horses. The Kashmiri and Indian servants developed a strong attachment, saying, ‘Don’t give these things to others, please facilitate our journey to Kashmir.’ To counter those bound by stinginess, he personally took the things out and said to the monks, the people, and all the beggars, ‘Take this, take that.’ He actually gave hundreds of gold coins and turquoise, etc., symbolizing the most supreme giving mudra, and the Dharma Lord himself performed the consecration five times. At the age of sixty-four, he went to Chökhor in Lato, where the wealthy Tsanpo Changchokje (Tibetan: བཙན་ཕྱུག་རྗེས་) and others offered gold coins, led by the ‘Hundred Thousand Sutras’ (Tibetan: མདོ་འབུམ་), the ‘Ornament of Jambudvipa’ (Tibetan: འཛམ་གླིང་རྒྱན་), etc. The tertön Shikpo and his son (Tibetan: གཏེར་བ་ཞིག་པོ་ཡབ་སྲས) and the gelong Dorje Kyab of Ralung Monastery (Tibetan: ར་ལུང་གི་དགེ་སློང་རྡོ་རྗེ་སྐྱབས་) offered a mandala of one hundred sho of gold, and Geshe Drakdor (Tibetan: དགེ་གཤེགས་གྲགས་རྡོར) offered a mandala of one hundred sho of gold three times, led by the ‘Bum’ (Tibetan: འབུམ་). Geshe Ring Trungpa and his sons (Tibetan: དགེ་བཤེས་རྫིང་འབྲིང་པ་ཡབ་སྲས) offered a lot of gold, fine armor, offerings to Jowo Lhaje (Tibetan: ཇོ་བོ་ལྷའི་), Naringpa (Tibetan: ན་རིངས་པ་), Tekyupa (Tibetan: རྟེ་ཀྱུས་པ་), and Dönmo Riba (Tibetan: དོན་མོ་རི་བ་), etc., all offered the Dharma.
【English Translation】 After saying that, a small statue was made. When he consecrated it himself, a mass of light transformed into a rainbow-like pattern, merging into the extremely clear form of the Supreme Bliss Seven Letters (Tibetan: བདེ་མཆོག་ཡི་གེ་བདུན་པ,Sanskrit Devanagari: सुखोत्तम सप्त अक्षर,Sanskrit Romanization: Sukhotama Sapta Akshara, Literal meaning: Supreme Bliss Seven Letters). To its left is a clay statue of Maitreya offered by Stonpa Sengzang (Tibetan: སྟོན་པ་སེང་བཟང་). Since Khro Phu hadn’t come, it showed an image exactly like him, saying, ‘Welcome me! It will avert all signs that threaten your life.’ This is the support for blessing the breath. To its left is the translator’s own tutelary deity. Previously, during a ten-year leprosy retreat, in the northeast room of Khro Phu Monastery, a pure vision appeared in a dream, and he actually sucked a lot of nosebleeds, thus being liberated from the disease. This is the deity Dorje Drolo (Tibetan: རྡོ་རྗེ་འཛིན་པ་,Sanskrit Devanagari: वज्रधर,Sanskrit Romanization: Vajradhara, Literal meaning: Vajra Holder), a statue with Garuda wings. Inside to the right is a clay statue of Chöje Shakya Shri (Tibetan: ཤཱཀྱ་ཤྲཱི་), with his right hand in the earth-touching mudra and his left hand in the meditation mudra. When the Dharma Lord was consecrating the palace where he preached the Dharma, a great earthquake occurred, threatening the collapse of the gods and temples. He blessed the ground with the earth-touching mudra, preventing it from moving. Also, to the east on the left is a small clay statue of the Dharma Lord, made of clay by Yarlung Solnak Tangpoche (Tibetan: ཡར་ལུངས་སོལ་ནག་ཐང་པོ་ཆེ). Wealthy people offered gold, silver, copper armor, turquoise, and many horses. The Kashmiri and Indian servants developed a strong attachment, saying, ‘Don’t give these things to others, please facilitate our journey to Kashmir.’ To counter those bound by stinginess, he personally took the things out and said to the monks, the people, and all the beggars, ‘Take this, take that.’ He actually gave hundreds of gold coins and turquoise, etc., symbolizing the most supreme giving mudra, and the Dharma Lord himself performed the consecration five times. At the age of sixty-four, he went to Chökhor in Lato, where the wealthy Tsanpo Changchokje (Tibetan: བཙན་ཕྱུག་རྗེས་) and others offered gold coins, led by the ‘Hundred Thousand Sutras’ (Tibetan: མདོ་འབུམ་), the ‘Ornament of Jambudvipa’ (Tibetan: འཛམ་གླིང་རྒྱན་), etc. The tertön Shikpo and his son (Tibetan: གཏེར་བ་ཞིག་པོ་ཡབ་སྲས) and the gelong Dorje Kyab of Ralung Monastery (Tibetan: ར་ལུང་གི་དགེ་སློང་རྡོ་རྗེ་སྐྱབས་) offered a mandala of one hundred sho of gold, and Geshe Drakdor (Tibetan: དགེ་གཤེགས་གྲགས་རྡོར) offered a mandala of one hundred sho of gold three times, led by the ‘Bum’ (Tibetan: འབུམ་). Geshe Ring Trungpa and his sons (Tibetan: དགེ་བཤེས་རྫིང་འབྲིང་པ་ཡབ་སྲས) offered a lot of gold, fine armor, offerings to Jowo Lhaje (Tibetan: ཇོ་བོ་ལྷའི་), Naringpa (Tibetan: ན་རིངས་པ་), Tekyupa (Tibetan: རྟེ་ཀྱུས་པ་), and Dönmo Riba (Tibetan: དོན་མོ་རི་བ་), etc., all offered the Dharma.
ཟང་ཟང་གི་འབུལ་བ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་བྱུང་སྟེ། སྐུ་ཁམས་ཅུང་མ་བདེ་བས་ འདར་གླེ་ལ་སོགས་སུ་མ་བྱོན་པར་མར་ལམ་ལ་དངུལ་ཆུ་བྲག་ཏུ་ཡུན་རིང་དུ་བཞུགས་པར་དགོངས་པ་ལ། ཁམས་ཧ་ཅང་མ་བདེ་བ་དང་། དགེ་བཤེས་རྒྱ་མཚོ་སྐུ་འདའ་བ་ལ་ཐུགས་པས་ ཡིད་སྐྱོ་བ་དྲག་པོ་ཡང་སྐྱེས། དེ་ནས་རྫོང་གི་སྟག་རིར་བྱོན་པ་ན་ཚེ་ཐུང་ངུ་…སྤྱན་སྔན། བསོད་དབང་། ནམ་བྱང་ཡོད་པ་ལ། ཟླ་བ་དྲུག་ལས་བསྡད་ལོང་མེད་གསུངས་ཏེ་གསོལ་བ་བཏབ་ ལས་མི་སྡོད་པའི་རྨི་ལྟས་གཅིག་བྱུང་བས་སེམས་ལ་སེམས་ཀྱིས་གྲོས་བཏབ་སྟེ། ཕྱིའི་སྤྲོས་པ་རྣམསབདག་རིམ་གྲོ་མང་པོ་དོར་ནས། ནང་གི་རྣལ་འབྱོར་ལ་འབད་པའི་ཚུལ་ཙམ་དུ་བྱས་སོ། །ས་ཆེན་ རྡུལ་དང་ས་ལེ་སྦྲམ་བཞིན་དུ། སྐྱོན་མཐའ་ཡས་ཡོན་ཏན་སྲིད་མཐའ་ཙམ། རྐུན་པོའི་ནོར་བཞིན་སྐྱོན་རྣམས་སྦས་ནས་ནི། །འབད་པས་ཡོན་ཏན་གང་ཡོད་བྲིས་པ་ཡིན། །ཉམ་ཆུང་བདག་ལ་…རང་སྟོབས་སྦྱོར་དངོས་རྗེས་རྣམས་སུ། ། 2-854 བསམ་སྦྱོར་འབྲས་སྟོབས་ཏིལ་ཙམ་ཡོད་མིན་ཡང་། རང་སྟོབས་ཆུང་བས་།ཁྲི་ཤིང་ཕྲ་མོས་ས་ལའི་ཤིང་…གཞན་སྟོབས་ཆེན་པོ་ཆེན་བཞིན། བླ་མ་ལྷ་ངོ་མཚར་ཅན་བྱིས་བྱིན་རླབས་ལ་བསྟེན་ནས། །རླབས་ཆེན་ དགེ་ཚོགས་རྣམ་འཕེལ་ཨེ་མ་རྨ། །འདིར་སྐྱེས་…བསོད་ནམས་ཚོགས་རྒྱ་ཆེན་དྲི་མེད་…ཡེ་ཤེས་ཀྱི་ཚོགས་ལེགས་ཚོགས་མཐུས། །མཁའ་ཁྱབ་མ་རྣམས་སྐུ་གཉིས་ལྷུན་གྲུབ་གྱུར། །འགྲོ་དཔལ་ཁྱེད་མཆོད་…མཆོད་སྦྱིན་གཉིས་ལས་ མཆོད་པའི་དོན་ནམ་མཁའ་གང་བར་ནི། །སྲིད་པ་ཇི་སྲིད་ཕན་བདེ་རབ་འབྱམས་ཤོག །ཟབ་ཡངས་རྒྱ་མཚོ་ནམ་མཁའ་ལྷའི། །བློ་གྲོས་ཆེན་པོ་གཟང་རིང་གིས། །ལེགས་བསྐུལ་ལོ་ཙཱའི་རྣམ་ཐར་འདི། །བཀོད་ལ་ མཁས་རྣམས་ཆེན་བཟོད་མཛོད། །ཕྱིས་བྷི་ཀྵུ་ག་ག་བོ་དྷིས་…དགེ་སློང་ནམ་མཁའ་བྱང་ཆུབ་རྒྱས་པར་ཞུས་སོ།། །། དྷ་ཡི་སིཾ་ཧ་བྷ་དྲ་ལ…བསམ་གཏན་སེང་གེ་བཟང་པོ། གུ་རུ་མཻ་ཏྲི་བྱ་ཀྲི་ ཡ་…བླ་མ་བྱམས་པ་དག་པ། ཛ་ལ་ཀྲ་ཐི་…འབར་བ་གསུང་ཨེ་མ་ཧོ། བདེ་བའི་དོན་ཐོག་མ་རུ་སསྡྱ་པྲ་པ་ཧོ།། །། སྭསྟི། པཎ་གྲུབ་གསུམ་གྱི་རྣམ་ཐར་དཔག་བསམ་གྱི། །སྡོང་པོ་དག་ ལ་ཁྲོ་ལོའི་རྣམ་ཐར་ནི། །འཁྲིལ་ཤིང་ཚུལ་གྱུར་པར་དུ་བཞེངས་པ་འདི། །ཤཱཀྱའི་སྲས་གྱུར་དམ་པ་མཆོག་རྣམས་ཀྱི། །དགོངས་པ་རྫོགས་ཤིང་ཕྱོགས་དུས་ཐམས་ཅད་དུ། །སངས་རྒྱས་བསྟན་པ་དར་དང་འགྲོ་རྣམས་ལ། ། 2-855 བདེ་སྐྱིད་འབྱུང་ཕྱིར་བྱམས་པ་ཕུན་ཚོགས་ཀྱི། །དད་དང་འབྱོར་པའི་རྟ་བདུན་གྱིས་དྲངས་ཏེ། །མི་ཟད་ཆོས་སྟེར་ཉི་མའི་དཀྱིལ་འཁོར་བཞེངས། །ཡི་གེའི་འདུ་བྱེད་གུང་ཐང་དཔལ་འབར་ཡིན། །བརྐོས་ལ་སྦྱངས་པ་ མཁས་པ་དུ་མའོ། །བདེ་བསྒྲུབས་དགེ་བས་བདག་གཞན་འགྲོ་བ་ཀུན། །འཆི་འཕ
【現代漢語翻譯】 由於供養非常豐厚,難以想像,無法言說,但因為身體有些不適,沒有去往འདར་གླེ་等地,而是打算在མར་ལམ་的དངུལ་ཆུ་བྲག་長期居住。但身體非常不適,又因為དགེ་བཤེས་རྒྱ་མཚོ་去世而感到非常悲傷。之後前往རྫོང་的སྟག་རིར་時,發現ཚེ་ཐུང་ངུ་…སྤྱན་སྔན། བསོད་དབང་། ནམ་བྱང་在那裡,說只能住六個月,祈禱后,做了一個不能久留的夢,心中反覆思量,放棄了外在的繁瑣事務和許多自我保護的儀式,只是努力修行內在的瑜伽。 如同大地是塵土和沙礫的混合,缺點無邊無際,優點微乎其微。如同盜賊隱藏贓物一樣隱藏缺點,努力書寫所有的優點。對於弱小的我…在自力、加行、真實和結果中,思考、行為和果報的力量即使有芝麻大小嗎?因為自力微小,如同細小的木片試圖移動娑羅樹…如同他力巨大。依靠上師和神奇的本尊的加持,偉大的善行得以增長,真是奇妙!在此出生…無垢的廣大福德資糧…憑藉智慧資糧的圓滿力量,愿遍佈虛空的眾生都能成就二身(色身和法身)。眾生榮耀,您是供養…在供養和佈施二者中,供養的意義充滿虛空,愿存在多久,利益和安樂就持續多久! 如同深廣的海洋和天空,擁有偉大智慧的གཟང་རིང་,懇請您寬恕我編寫的這部譯師傳記中的不足之處。之後,比丘ག་ག་བོ་དྷིས་…དགེ་སློང་ནམ་མཁའ་བྱང་ཆུབ་རྒྱས་པར་ཞུས་སོ(藏文,梵文天城體,梵文羅馬擬音,漢語字面意思:比丘虛空菩提增長),དྷ་ཡི་སིཾ་ཧ་བྷ་དྲ་ལ(藏文,梵文天城體,梵文羅馬擬音,漢語字面意思:禪定獅子賢),གུ་རུ་མཻ་ཏྲི་བྱ་ཀྲི་ཡ་(藏文,梵文天城體,梵文羅馬擬音,漢語字面意思:上師慈氏清凈),ཛ་ལ་ཀྲ་ཐི་(藏文,梵文天城體,梵文羅馬擬音,漢語字面意思:火焰燃燒,嗡 誒瑪 霍),བདེ་བའི་དོན་ཐོག་མ་རུ་སསྡྱ་པྲ་པ་ཧོ(藏文,梵文天城體,梵文羅馬擬音,漢語字面意思:安樂之義最初成就,梭哈)。 吉祥!三位班智達和成就者的傳記如同如意樹,ཁྲོ་ལོའི་的傳記如同纏繞的藤蔓般被撰寫出來。愿這部著作能圓滿釋迦之子的心願,在所有時間和方向,爲了佛教的興盛和眾生的利益,由慈氏圓滿的信心和財富的七馬所牽引,建立起永不枯竭的法施太陽壇城。文字的作者是གུང་ཐང་དཔལ་འབར་。雕刻和校對者是許多智者。愿通過成就安樂的善行,我和其他眾生都能脫離死亡和…
【English Translation】 Due to the inconceivable and inexpressible abundance of offerings, but also because of some physical discomfort, instead of going to places like ‘འདར་གླེ་’, he intended to reside for a long time at ‘དངུལ་ཆུ་བྲག་’ in ‘མར་ལམ་’. However, he felt very unwell and was deeply saddened by the passing of ‘དགེ་བཤེས་རྒྱ་མཚོ་’. Later, when he went to ‘སྟག་རིར་’ in ‘རྫོང་’, he found ‘ཚེ་ཐུང་ངུ་…སྤྱན་སྔན། བསོད་དབང་། ནམ་བྱང་’ there, who said he could only stay for six months. After praying, he had a dream that he could not stay long. He pondered this repeatedly in his heart, abandoned external complexities and many self-protective rituals, and merely tried to practice inner yoga. Like the earth is a mixture of dust and gravel, faults are boundless, and merits are minimal. Like a thief hides stolen goods, I hide my faults and strive to write down all the merits I have. For the weak me… in self-power, preparation, reality, and results, is there even a sesame seed’s worth of strength in thought, action, and fruition? Because my self-power is small, like a thin piece of wood trying to move a ‘娑羅’ tree… like the power of others is great. Relying on the blessings of the Lama and the wonderful deity, may the great accumulation of virtue increase, how wonderful! Born here… vast and stainless accumulation of merit… through the power of the perfect accumulation of wisdom, may all beings pervading the sky achieve the two bodies (Rūpakāya and Dharmakāya). Glory to beings, you are the offering… among offering and giving, may the meaning of offering fill the sky, and may benefit and happiness last as long as existence lasts! Like the deep and vast ocean and sky, ‘གཟང་རིང་’ with great wisdom, please forgive the shortcomings in this biography of the translator that I have written. Later, the Bhikshu ‘ག་ག་བོ་དྷིས་’… requested ‘དགེ་སློང་ནམ་མཁའ་བྱང་ཆུབ་རྒྱས་པར་ཞུས་སོ’ (Tibetan, Devanagari, Romanized Sanskrit, Chinese literal meaning: Bhikshu Space Bodhi Increase), ‘དྷ་ཡི་སིཾ་ཧ་བྷ་དྲ་ལ’ (Tibetan, Devanagari, Romanized Sanskrit, Chinese literal meaning: Dhyana Lion Good), ‘གུ་རུ་མཻ་ཏྲི་བྱ་ཀྲི་ཡ་’ (Tibetan, Devanagari, Romanized Sanskrit, Chinese literal meaning: Guru Maitreya Pure), ‘ཛ་ལ་ཀྲ་ཐི་’ (Tibetan, Devanagari, Romanized Sanskrit, Chinese literal meaning: Flame Burning, Om Ema Ho), ‘བདེ་བའི་དོན་ཐོག་མ་རུ་སསྡྱ་པྲ་པ་ཧོ’ (Tibetan, Devanagari, Romanized Sanskrit, Chinese literal meaning: Meaning of Bliss Initially Accomplished, Svaha). Auspicious! The biographies of the three Panditas and Siddhas are like a wish-fulfilling tree, and the biography of ‘ཁྲོ་ལོའི་’ is written like a winding vine. May this work fulfill the wishes of the sons of Shakya, and in all times and directions, for the flourishing of Buddhism and the benefit of beings, may the mandala of the sun of inexhaustible Dharma-giving be established, drawn by the seven horses of faith and wealth of ‘慈氏’. The author of the text is ‘གུང་ཐང་དཔལ་འབར་’. The engravers and proofreaders are many wise individuals. May through the virtuous act of achieving happiness, I and all other beings be liberated from death and…
ོས་གྱུར་པའི་མོད་ལ་བདེ་ལྡན་དུ། །ཆོས་ཀྱི་མཐོ་བའི་གནས་མཆོག་དེར་སྐྱེས་ནས། །འོད་དཔག་མེད་ཀྱི་ཞལ་མཆོག་མཐོང་བར་ཤོག ། མཐོང་མ་ཐག་ཏུ་ཆོས་ཀྱི་སྒྲ་ཐོས་ཤིང་། །ཐུགས་རྗེ་ཆེན་པོས་བརྩེ་བས་རྗེས་བཟུང་ནས། །གཟུངས་དང་མངོན་ཤེས་ཚོགས་ཀྱི་རྒྱུད་གང་སྟེ། །མཁའ་མཉམ་འགྲོ་བའི་རེ་འདོད་སྐོང་བར་ཤོག །རྣམ་དཀར་དགེ་བ་ ཇི་སྙེད་བསགས་པའི་མཐུས། །དཔལ་ལྡན་བླ་མ་རྟག་ཏུ་མཉེས་བྱས་ཤིང་། །ཐོས་བསམ་སྒོམ་པའི་བྱ་བ་མཐར་ཕྱིན་ནས། །ལུང་རྟོགས་བསྟན་པ་ཕྱོགས་བཅུར་རྒྱས་བྱེད་ཤོག །ཚུལ་འདི་མང་ཡུལ་འཕགས་པའི་བྱང་འདབས་ ཀྱི། །བོད་ཀྱི་ཙན་དན་ཤུག་པའི་ནགས་ཁྲོད་དུ། །ལེགས་པར་བསྒྲུབས་ནས་མི་ཟད་གླེགས་བམ་སྤེལ། འགྲོ་ལ་བདེ་སྐྱིད་འབྱུང་བའི་བཀྲ་ཤིས་ཤོག། །།ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། །ཨེ་ཝཾ། མངྒ་ལཾ།། །
【現代漢語翻譯】 愿我臨終之際,得生極樂剎土。 于殊勝之法座,得見無量光佛。 一見彼佛即聞法音,大悲尊者慈悲攝受。 愿我獲得總持與神通,圓滿如虛空般眾生之愿。 以我所積一切善業力,愿能恒時令具德上師歡喜。 聞思修持究竟圓滿,令教法於十方弘揚。 此法于芒域聖地之北麓,藏地旃檀松樹林中。 善加修成,愿此不朽之書廣為流傳,為眾生帶來安樂吉祥! 嗡 索巴ra 帝 扎 班 扎 耶 梭哈 (藏文:ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།,梵文天城體:,梵文羅馬擬音:oṃ supratiṣṭha vajrāye svāhā,漢語字面意思:愿其穩固,金剛) 愿如是!吉祥!
【English Translation】 At the moment of death, may I be born in Sukhāvatī (the Land of Bliss). In that supreme place of Dharma, may I behold the face of Amitābha (Infinite Light). Immediately upon seeing him, may I hear the sound of the Dharma, and may the Great Compassionate One lovingly hold me with compassion. May my being be filled with collections of dhāraṇīs (mnemonic devices, spells) and clairvoyance, so that I may fulfill the hopes and desires of beings as vast as space. Through the power of whatever white virtuous deeds I have accumulated, may I always please the glorious Lama. May the activities of hearing, contemplating, and meditating be perfectly completed, and may the teachings of scripture and realization spread in the ten directions. This method, in the northern foothills of Mangyul Powa (芒域聖地), in the juniper forests of Tibetan Tsandan (旃檀). Having been well accomplished, may this inexhaustible book spread, bringing happiness and well-being to beings! May there be auspiciousness! Oṃ Supratiṣṭha Vajrāye Svāhā (藏文:ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།,梵文天城體:,梵文羅馬擬音:oṃ supratiṣṭha vajrāye svāhā,literal meaning: Om, may the vajra be well established, svāhā!) May it be thus! May there be auspiciousness!
同部經論
與本文同名或相近的其他版本、科判、譯文與註疏。