菩薩藏佛教學會
20
背景
翻譯
下載 ▾

寧瑪噶瑪卷80|寧瑪噶瑪卷80(續2)

འདི་ལ་རིམ་པའི་རྩོལ་བ་མེད། །རྒྱ་མཚོར་ཉི་ཟླ་ཤར་བ་འདྲ། །དོན་གཉིས་མ་བཙལ་རྫོགས་པར་བྱེད། །སྤྱོད་པ་བླང་དོར་མེད་པར་སྤྱོད། །དེ་ལྟར་མ་ནུས་ཉམས་མི་ལྟ། །དེ་ལ་གོང་མས་སྐྱོན་བརྗོད་པ། །ཐམས་ཅད་བདེ་བ་ཆེན་པོ་ལ། །མ་འདྲེས་ཡོངས་སུ་རྫོགས་འདོད་ན། །མཚན་མའི་སྐུ་བསྐྱེད་མྱོས་སམ་ཅི། །ཁྱེད་བཞིན་རྟོག་འབྱུང་མི་འགལ་ལམ། །མཚན་མས་འགྲོ་དོན་རྫོགས་འདོད་ནོར། །ཡབ་ཡུམ་འབྱེད་དང་ཁ་དོག་གྲངས། །རྩོལ་བ་བདེ་ཆེན་དོན་དང་འགལ། །དེ་ཕྱིར་བྱ་བྲལ་མཐོང་བ་མེད། །གལ་ཏེ་མ་གྲུབ་པས་བྱེད་ན། ། རྒྱུ་འབྲས་འཁྲུལ་པའི་འགལ་བར་འགྱུར། །དོན་གཉིས་མ་བརྩལ་རྫོགས་ཤེ་ན། །སྐད་ཅིག་དཀྱིལ་འཁོར་བསྐྱེད་ཅི་བྱ། །རང་གིས་བཅིངས་པའི་རྨོངས་པ་ཁྱོད། །བླ་མེད་དོན་ལ་བཏང་སྙམས་བྱེད། །དེ་ཉིད་རྩོལ་བ་མ་ཡིན་ནམ། །སྤྱོད་ཡུལ་བྲལ་བ་དམིགས་པར་བྱེད། །དེ་ཉིད་ཡུལ་དང་ཡུལ་ཅན་མེད། །བསམ་མེད་ངང་ལ་གསལ་བར་འདོད། །དེ་ཉིད་བསམ་བརྗོད་རྟོག་པའི་གཞི། །གྲུབ་མེད་ངང་ལ་ནོར་དུ་གཉེར། །དེ་ཉིད་རེ་དོགས་རྩ་བ་ཡིན། །དེ་ལྟའི་ལྟ་སྤྱོད་སེམས་པ་ཡིས། །ཀློང་ཆེན་ངང་ལ་ཕྱོགས་མི་འགྱུར། །དེ་དག་སྐབས་ཀྱི་རང་༄༅། །རང་གི། །ལྟ་ལ་ཞེན་པས་ལྡོངས་པ་ཡིན། །ལྷུང་བའི་ཕྱིར་ན་གོལ་ས་དང་། །དེས་ན་གོལ་སྒྲིབ་ཐུན་མོང་འགྱུར། །ལྟ་བའི་མིག་གི་དབུལ་བ་དག །ཡེ་ཤེས་ཉིད་ལ་བདག་ཏུ་འཛིན། །རང་ལ་རང་ཉིད་ཡུལ་དུ་འཛིན། །དོན་ལ་དོན་ཉིད་རྗེས་སུ་འབྲང་། །ཡེ་ཤེས་ཉིད་ལ་གསལ་བར་འདོད། །བདག་ལ་བདག་ཉིད་སྤྱོད་མཐའ་འཚོལ། །ཟིན་པའི་དོན་ལ་སྒྲུབ་པར་བྱེད། །བྱ་བྲལ་ཉིད་ཀྱི་བྱ་བ་བྱེད། །བགྲོད་མེད་ལམ་ལ་བགྲོད་པར་བྱེད། །མི་དམིགས་པ་ཡིས་དམིགས་པར་བྱེད། །ཀྱེ་མའོ་ཐུགས་རྗེའི་གནས་སུ་རུང་། །དེས་སང་དུས་ཀྱི་གང་ཟག་རྣམས། །མ་རིག་ལིང་ཏོག་མ་སོལ་པས། །ལྟ་བའི་ལ་ཤན་མ་ཕྱེད་དེ། །ལྷག་པའི་ཆེ་བ་མ་མཐོང་བས། །རྒྱུད་ལུང་མན་ངག་དགོངས་པའི་ས། །རྨངས་དང་རྗེ་དང་རྒྱལ་འདྲ་བ། །ཀུན་རྫོབ་མི་མཉམ་དོན་དམ་མཉམ། །དེ་སྐད་སྨྲ་བའི་མུས་ལོང་དག །ཁྲེའུ་འབྲུ་ཐུས་ས་གཞི་ཆེ། །མ་མཐོང་ཚུལ་དང་མཚུངས་པའོ། །དམིགས་ལྟ་བསྟན་པ་འདི་དག་གས། །གཟའ་བྲལ་ངང་ལ་དམིགས་མི་འགྱུར། །དེས་ན་སྐལ་ལྡན་སྐྱེས་མཆོག་བུས། །མ་བགྲོད་ས་ལ་གནས་བྱའི་ཕྱིར། །རྫོགས་ཆེན་ང་ཡི་དོན་ལ་ལྟོས། །ཡོད་མེད་སྟོང་འདས་ང་ལ་འཐུང་། །ཀུན་གྱི་སྐུ་མཆོག་ཡེ་ཤེས་ཞལ། །གདངས་པས་རྨོངས་འཁྲུལ་དུས་གསུམ་གྱི། །སྙིང་ཁྲག་འཐུང་ཞིང་ཀུན་གཞི་ཉིད། །གཏན་ནས་ཕུང་བྱེད་ང་ལ་འཐུང་། །ཟད་པའི་དུས་ན་བསྐལ་པའི་མེ་འབར་བ། །མི་བཟང་འཇིགས་གཟུག་མངའ་བ་ང་ལ་འཐུད། །བསྐལ་པའི་ཆུ་ཆེན་རབ་ཏུ་འཁྲུག་པ་འབུམ། །འཇིག་བྱེད་དེས་ཀྱང་ལྗགས་ཀྱི་མཐའ་མ་སྣབས། ། ཁྲག་མཚོ་མཐའ་མེད་སྐྱེམས་ལ་ཕྱག་འཚལ་འདུད། །འཐོར་རླུང་དྲག་པོས་འཇིག་རྟེན་ཀུན་ཁྱབ་པ། །དེས་ཀྱང་ང་ཡི་སྤུ་ཙམ་བསྐྱོད་མི་ནུས། །ཟིལ་གནོན་སྐུ་ཚད་མངའ་བ་ང་ལ་འཐུད། །གཡོ་དང་མི་གཡོ་ཀུན་གསོལ་བའི། །འཇིགས་བྱེད་ང་ལྟ་བུ་ལ་ཇི་སྐད་བྱ། །སངས་རྒྱས་ཐམས་ཅད་གསོལ་ཡང་ང་མ་བཤོས། །བྱང་ཆུབ་སེམས་དཔའ་གསོལ་བས་ཁ་བྱུག་ཙམ། །ད་རུང་འགྲོ་ཀུན་གསོལ་བྱེད་བསྒྲིབས་ཤིང་སྐྱེམས་པས་ང་ལ་འཐུད། །སྣང་སྲིད་ཀུན་གསོལ་བདེ་བར་བཞེས། །ཐམས་ཅད་ཀུན་གསོལ་བདག་ལས་མེད། །འོ་ན་ཀྱང་མ་བགྲོད་རྫོགས་ཆེན་ཉིད་དུ་འགྱུར། །ལྟག་པའི་རྣལ་འབྱོར་ལུགས་ཉིད་ཀྱིས། །བསླབ་པ་མེད་པའི་བསླབ་པ་ཉིད། །བསླབ་རྣམས་འཇིགས་བྱེད་བསླབ་པའི་མཆོག །དངོས་པོ་སྤྱོད་༄༅། །ཅིང་མཐའ་མི་འཚོལ། །དོན་ལ་ངན་དུ་འདོར་མེད་ཕྱིར། །གཟའ་བྲལ་ངང་ལ་གཟའ་མི་བྱེད། །བྱ་མེད་དོན་ལ་དེ་ཉིད་ཀྱང་། །ཆེད་དུ་ལེན་ཅིང་རྩོལ་མི་བྱེ། །རང་སེམས་ཅི་ལའང་འབྲང་བ་དང་། །འདོད་པའི་སེམས་དང་ཡེ་ནས་བྲལ། །དེ་ལ་སྙོམས་ལས་གྱུར་པའང་མེད། །ཐིག་ལེ་ཆེན་པོ་རྒྱལ་བའི་ཐུགས། །བརྟགས་ན་མེད་ལ་བསམས་ན་སྣང་། །དངོས་མེད་ཆ་ལུགས་ཀུན་ལ་སྟོད། །རང་བཞིན་གཅིག་ཏུ་མ་ངེས་པས། །རྫས་སྣང་རྣམ་པ་གཅིག་ལ་ཡང་། །ལོག་མཐོང་དྲུག་དང་ཡང་དག་དགུ། །ཅིར་ཡང་སྣང་བའི་ངོ་བོ་ཉིད་། །རང་བཞིན་མེད་པའི་རང་བཞིན་ཅན། །འདི་འདྲར་རྒྱལ་བས་བརྗོད་དུ་མེད། །གལ་ཏེ་བརྗོད་ཀྱང་ཕེབས་མི་འགྱུར། །སྣ་ཚོགས་སྣང་བ་ང་ཡི་སྐུ། །ཇི་སྐད་བརྗོད་པ་ང་ཡི་གསུངས། །་དྲན་རྟོགས་རིག་ཤེས་ང་ཡི་ཐུགས། །སྣ་ཚོགས་སྣང་བ་ངོ་བོ་མེད། །ཆེ་བ་ལྔ་ཡིས་ཡེ་ནས་འཕགས། །ཐིག་ལེ་དྲུག་དང་རང་བཞིན་ལྡན། ཁམས་གསུམ་བདེ་སྡུག་ང་ལ་རྫོགས། ་དེ་ལ་བདེ་སྡུག་ངང་གིས་བྲལ། །དུས་གསུམ་རྒྱལ་བར་རང་ཉིད་ཤར། །དེ་ལ་བྱུང་ཤར་གདོད་ནས་མེད། །གཟའ་གཏད་མེད་པ་ལྟ་མཆོག་ལ། །དེ་ཉིད་དུ་ཡང་ལྟ་བ་མེད། །

གལ་ཏེ་འདུག་ན་དམིགས་ལྟ་མེད། །ཐམས་ཅད་མཁྱེན་པ་བསྒམས་པའི་མཆོག །ངོ་བོ་ཉིད་ནི་དམིགས་སུ་མེད། །སྣང་བ་མེད་པ་ཆོས་སྐུ་ལ། །མ་བཙལ་བཞག་ནས་བསྒོམས་པ་ཡིན་ །དེ་ལ་བཞག་པར་བྱ་བ་འང་མེད། །བྱ་མེད་དོན་ལའང་ཡིད་མི་རྟོག །དེ་ལྟར་གང་ཤེས་ཏིང་འཛིན་མཆོག །དམིགས་པའི་སྐྱོན་འབྱུང་འགྱོད་མི་བྱེད། །དེ་ལ་དེ་གསལ་དབབ་མི་དགོས། །དྲོད་རྟགས་སྣང་ལ་རེ་བ་མེད། །ཐམས་ཅད་བདག་ཉིད་ཆེན་པོའི་ཕྱིར། །སྣོད་བཅུད་མཆོད་རྟེན་བདེ་སྡུག་བསྔལ། །ཉི་ཟླ་དྲོད་བསིལ་བྱེད་སོགས་པའི། །ཅིར་སྲིད་ཅིར་སྣང་སྤྱོད་པ་ཀུན། །བདག་ཉིད་ཆེན་པོའི་སྤྱོད་པས་ན། །དེ་ཉིད་གསལ་བ་སྤྱོད་པ་སྟེ། །དེ་ལ་སྤྱོད་དང་མི་སྤྱོད་མེད། །འགྲོ་དོན་རྒྱུན་དུ་མ་བྱས་རྫོགས། །ཡང་དག་ས་ལ་མ་བགྲོད་ཕྱིན། ཚོགས་གཉིས་མ་བཙལ་ལྷུན་གྱིས་རྫོགས། །མ་བསྒྲལ་ཁམས་གསུམ་གནས་སུ་སྟོབས། །མ་ཕུལ་མཆོད་པ་ཀུན་ལ་ཐིམ། །མ་བླངས་དངོས་གྲུབ་རང་ལ་ཤར། །མ་བསྲུངས་དམ་ཚིག་ཉམས་པ་མེད། །མ་ནོས་ཐམས་ཅད་རང་དབང་འགྱུར། །མ་བལྟས་ལྟ་བ་ཀུན་ལ་གསལ། །མ་བསྒོམ་ཏིང་འཛིན་ཡེངས་ས་མེད། །མ་བཅོས་རྣམ་རྟོག་རྒྱུ་འགྲུལ་བྲལ། །མ་༄༅། །བསྒྲུབས་འབྲས་བུ་བདག་ཉིད་ཆེ། །མ་སྦྱར་དུས་གསུམ་འདུ་འབྲལ་མེད། །མ་སྦྱངས་སྒྲིབ་པ་ཀ་ནས་དག །མ་བཟུ་ཐུགས་རྗེས་ཀུན་ལ་སྣམ། །དེས་ན་བྱས་ཟིན་བྱ་བ་མེད། །བྱ་བ་གང་ཡང་འགོག་པའང་མེད། །དེ་ལྟར་སུས་རྟོགས་བྱས་པའི་མཆོག །བྱ་མེད་བརྩོན་འགྲུས་བར་ཆད་མེད། །སྐྱེས་མཆོག་གང་ཞིག་འདི་ལྟ་ལྟོས། །ཐམས་ཅད་སྣང་བ་ང་ཡི་སེམས། །ཐེག་པ་མཐོ་དམན་ཇི་སྙེད་པ། །ཉི་ཟེར་ལྟ་བུར་ང་ལ་སྣང་། །བསྐལ་པར་དགེ་སྤྱོད་བརྩོན་བྱས་ཀྱང་། །ང་དང་མ་འཕྲད་འཚང་མི་རྒྱ། །དེས་ན་གདེང་ཆེན་དོན་ལ་རྟོགས། མཐོང་བ་ཉིད་ན་ཆོས་ཀྱི་སྐུ། །གོ་བའི་ཡུལ་ན་བདེ་བ་ཆེ། །དེ་ལ་འཇིག་རྟེན་རང་བཞིན་མེད། །དེ་ཉིད་རྣམ་དག་འཇིག་རྟེན་ཡིན། ཇི་བཞིན་བྱང་ཆུབ་སྙིང་པོ་ལ། །བསྒྲུབ་བྱ་ལྷུན་རྫོགས་ཟླ་མེད་པས། །ང་ཞེས་མིང་དུ་བསྙད་པར་ཟད། །དོན་དུ་ང་ལ་འདི་འདྲ་ཞེས། །དངོས་གཞི་བསྟན་པར་ནུས་པ་མེད། །བརྟན་གཡོ་དངོས་པོ་འཛིན་མེད་ཅིང་། །རྟག་ཆད་གཉིས་ཀ་བློ་ཞེན་པའི། །སྙིང་པོ་དོན་ལས་གོལ་བར་གསུངས། །ཤིན་ཏུ་རྣལ་འབྱོར་ཆེན་པོ་ཉིད། །དངོས་པོར་ཞེན་དང་གདོད་ནས་བྲལ། །འཇིག་རྟེན་ཕལ་པར་ལྟུང་བ་མེད། །

རྟག་ཆད་གཉིས་ལ་མི་གནས་པས། །མུ་སྟེགས་ལྟར་ལ་གནས་པ་མེད། །སྟོང་ཉིད་དོན་དམ་མ་སྐྱེས་པའི། །ཕྱོགས་ལ་བྱ་བྲལ་མི་བལྟ་བས། །སྟོན་མུན་ལྟ་བས་ང་མི་མཐོང་། །མཚན་མར་འཆོལ་བའི་སྐུ་མི་བསྒོམ། །གཉིས་མེད་དོན་ལ་གཙོར་མི་འཛིན། །སྐུར་བསྐྱེད་འགྲོ་དོན་མི་རྩོམ་པས། །ཡོ་ག་ཕྱེ་ནང་སར་མི་ལྟུང་། །བྱ་མེད་ངང་ལ་བྱ་བ་རྫོགས། །དེ་ལ་རྩོལ་བའི་གདུང་བ་མེད། །དེ་ཉིད་དོན་ལ་བདག་འཛིན་ན། །དེ་ལྟར་ལྟ་བ་ཏིར་ཏི་ཀའོ། །སྙིང་རྗེ་མེད་པའི་གང་ཟག་ནི། །དེང་སང་དུས་ན་འབྱུང་བ་དང་། །ཀུན་བཟང་ཚིག་ཙམ་སྨྲ་མེད་ཅིང་། །གདེང་ཆེན་དོན་དང་མི་ལྡན་པར། །ཕང་རལ་རྩིང་ཆོས་ན་རག་སྣོད། །རྒྱུ་འབྲས་དོན་ལ་ཡིད་འབྱུང་ཞིང་། །ཚིག་ཙམ་ལྟ་ལ་རྟེན་པ་དག །གདེང་མེད་སྤྱོད་ཅིང་འཆོལ་བའི་རྒྱུས་། །བསྐལ་པར་དཀའ་བ་ཅི་སྤྱོད་ཀྱང་། །སྙིང་པོ་དོན་དང་འཕྲད་མི་འགྱུར། །དེས་ན་བཟང་མོའི་སྤྱོད་ལམ་ནོས། །ཅི་སྤྱོད་ཀུན་བཟང་སྤྱོད་པར་འགྱུར། །གདེང་ཆེན་དོན་དང་གང་ལྡན་ཡང་། །རྣམ་པར་དཀར་སྤྱོད་སྤང་མི་བྱ། །བསམ་སྟན་རོ་མཆོག་རླུང་གནས་ཀྱང་། །འགྲོ་བའི་བླ་མ་སྤྱི་བོར་བཀུར། །སྟོང་གསུམ་སངས་རྒྱས་སར་ཤེས་ཀྱང་། །སྙིང་རྗེའི་༄༅། །དོན་དང་འབྲལ་མི་བྱ། །སྐྱེ་ཤི་མེད་པའི་གདེང་ལྡན་ཡང་། །སེམས་ཅན་སྦོམ་ཕྲའི་སྲོག་མིང་དབྲོག་། །འདུ་འབྲལ་མེད་པའི་དོན་རྙེད་ཀྱང་། །འཇིག་རྟེན་འཚོ་གཡེངས་ལས་མི་བྱ། །རང་བཞིན་མ་ངེས་དོན་ཤར་ཡང་། །དོན་དུ་མི་འགྱུར་རྫུན་མི་བྱ། །བདག་ཉིད་ཐིག་ལེའི་ངང་གནས་ཀྱང་། །ཕ་རོལ་རྫས་ལ་བརྐམ་མ་བྱེད། །ཁྲོ་གཏུམ་ངང་ཐུག་འཁྲུག་པའི་བདུད། །སྣང་བའི་སྤྱོད་ཡུལ་བྱ་བ་མིན། །དེ་ཉིད་ངང་ལ་དེ་མེད་ཕྱིར། །རྗེས་འཇུག་དེ་ཡང་དེ་བཞིན་ནོ། །དེ་བཞིན་མི་སྤྲོད་དེ་དག་ཀྱང་། །རཀྴ་ཡཀྴའི་བརྒྱུད་འཛིན་པས། །ཐེག་ཆེན་རིས་སུ་ག་ལ་ཚུད། །རྣལ་འབྱོར་ཆེན་པོའི་མིང་ཅི་ཡོད། །སངས་རྒྱས་ཁས་འཆེས་དཔྱང་ཐག་ཡན། །བྱ་མེད་རྣལ་འབྱོར་མཆོག་སྤྱོད་པ། །སྤང་མེད་ཤེས་ནས་དཀར་ཕྱོགས་ཀྱང་། །ཆེད་དུ་བྱ་བ་མེད་ཅེ་ན། །སྡིག་ལས་མི་བྱ་སྨོས་ཅི་དགོས། །ལྷུན་གྲུབ་སྤྱོད་དང་བྱ་བྲལ་སྤྱོད། །ཐུགས་རྗེ་ཆེན་པོའི་མཛད་སྤྱོད་དང་། །ནམ་ཡང་འབྲལ་བར་མ་བྱེད་ཅིག། དེ་ལྟར་རྟོགས་དྲན་སྤྱོད་པའོ། །གོལ་སྒྲིབ་ལྟུང་བ་གཡང་ས་ཡང་། །སྤང་དུ་མེད་དེ་ཐིག་ལེའི་དབྱིངས། །ལྟུང་དང་མི་ལྟུང་ཐ་སྙད་བྲལ། །ཆོས་ཉིད་དོན་ལ་མཆོག་འཛིན་ན། །མེ་དང་དུ་ལྟར་གོལ་སྒྲིབ་འབྱུང་། །གང་དུ་འདུ་ཤེས་མ་སྐྱེས་ན། །གོལ་མ་གོལ་གྱི་མིང་ཅི་ཡོད། །ཀུན་ཏུ་རྒྱུ་ལ་འཇིགས་པ་འབྱུང་། །ཕྱིན་པ་མེད་ལ་འཇིགས་བྲལ་འདྲ། །དེས་ན་གང་ལའང་དོགས་མི་བྱ། །རེ་བའི་སེམས་སྤྱོད་དེ་བཞིན་ཏེ། །རེ་དོགས་བྲལ་བའི་དོན་ཞེས་བསྟན། །གང་དག་ཤེས་མིག་ལྡོག་འདྲེས་པའི། །ལིང་ཏོག་བསལ་ཕྱིར་ཐུར་མ་འདི། །རབ་རིབ་ནད་བྲལ་རྫོགས་ཆེན་སྐུ། །མངོན་མཐོང་ཀུན་གྱིས་མཆོག་ཐོབ་ཤོག །ཕོ་དྲེགས་ཕྱི་མ་ངང་ཐུང་འཁྲུག །བཅོས་དཀའ་གདུང་བྲལ་གདོང་འདས་ཅན། །དད་མེད་ཆགས་ཤིང་བསླུ་བྲིད་མཁན་། །དེམ་མེད་ཡལ་འཇོག་སྣང་འཚོད་བྱེད། །ལྕིའི་སེམས་བྲལ་རང་གར་སྤྱོད། །བྱིལ་མ་ནོར་ཆུང་མཚང་རྫོགས་པ། །ལྕེ་མཁན་ཐབས་སུ་ཚོལ་བ་ལ། །སྙིང་སྒོར་བྱུང་ཡང་བསྟན་མི་བྱ། །གཡུའི་ཐང་མ་སྐས་དགུ་རྫོགས་སོ། །མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའོ། །བི་མ་ལས་ཕན་ཡུལ་དུ་ཛྙཱ་ན་ལ་གཏད། ། ། །ཨི་ཐི། །

ག་ ཀི་ཨཱིགག་གས་མ་རྩེ་༄༅། །ལ ཀྵ ཎཱ ལ ཀེནཱམཱ སྟི། ༄༅། །མཚན་ཉིད་སྒྲོན་མ་ཞེས་བྱ་བ་བཞུགས་སོ།

༄༅། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྣང་དང་ཞེན་པའི་ཐ་སྙད་གཉིས། །དྭངས་བའི་ཆུ་ཟླ་གཟའ་སྐར་བཞིན། །ཡུལ་བྲལ་མ་འདྲེས་གསལ་མཁྱེན་ལ། །རང་བཞིན་རྟོགས་དང་གྲུབ་ཕྱག་འཚལ། །དངོས་གཉིས་ལོང་ཐུག་བཞིན་འདྲའི་མ་མཐོང་འཁྱམས་པའི་འགྲོ་བ་རྣམས། ནང་གི་ལིང་ཏོག་བསལ་ཕྱིར་ཚིག་གི་ཐུར་མས་དབྱེ་བ་ཡང་། དངོས་གཉིས་ཤེས་པའི་མཚོན་ཆས་རང་བཅིངས་ཐག་པ་བཅད་བྱས་ཏེ། ལམ་གཉིས་སྒོ་ནས་ཐར་པ་མངོན་ཐོབ་གཞན་དོན་བརྩམ་ཕྱིར་བཤད། དོན་འདི་ལུང་གཉིས་གཞིར་བཞག་སྟེ། །རྗེས་འགྲོ་རིག་པས་ཐག་གཅོད་པ། །ཉེ་བའི་དཔེ་ཡིས་མཚོན་བྱས་ཏེ། །ཐབས་ཆེན་ཐེག་པར་མངོན་འཇུག་པ། །མཛུབ་མོས་རི་བོར་ཅན་བཞིན་དུ། །ཤེས་བྱ་ཡིད་ཆེས་ཡན་ལག་གིས། ། བསྒྲུབ་བྱ་ཐ་སྙད་མངོན་ཆུད་དེ། །ཡང་ནས་ཡང་དུ་གོམས་བྱའོ། །རྒྱུད་མཆོག་སྒྱུ་འཕྲུལ་དྲྭ་བ་ལས། །བདེ་ལྡན་གསུང་གི་དོན་འབྱུང་བའོ། །སྐབས་ཀྱི་ཚིག་མདོ་ལུས་བཞག་ན། །ཆོས་༄༅། །དང་ཡིད་ཆེས་ཡན་ལག་དང་། །དོན་ངེས་རྙེད་པའི་མཚན་ཉིད་དང་། །འགལ་སྐྱོན་ཡོན་ཏན་མཚན་ཉིད་དོ། །ཆོས་ཀྱི་དོན་ཉིད་ཐོག་མ་སྟེ། །རྣམ་པར་དཀར་དང་མཚན་མ་འཛིན། །མཚན་གཅིག་ངོ་བོས་གཉིས་འགྱུར་བ། །རྣམ་པར་དཀར་བ་ལམ་རྣམས་ཏེ། །དེ་ཡང་ཐུན་མོང་ཁྱད་པར་གཉིས། །མཚན་ཉིད་སྤྱི་དང་རང་གིས་ཕྱེ། །སྤྱི་མཚན་ངེས་ཚིག་ངོ་བོ་དང་། །གཞི་དང་ཉེས་པ་གང་གིས་ཡུལ། །རྣམ་གྲངས་ངེས་པ་གང་ལ་སྒྲིབ། །དུས་དང་སྤང་ལུགས་མཐུན་པའི་དཔེ། །ལོག་པའི་དུས་ཀྱི་དུས་བཞག་གོ། །དེ་ཉིད་བཤད་པའི་ཡན་ལག་ནི། །སྤྱིར་ནི་སྒྲ་དང་དོན་གྱིས་ཏེ། །བརྗོད་པ་རྩལ་དང་དངོས་པོར་གསལ། །དེ་ཉིད་མི་རྟག་སྡུག་བསྔལ་སྟོང་བདག་མེད། །ངོ་བོ་རྒྱུ་ནི་མཚུངས་དང་གྲོགས་བྱེད་དང་། །ལྷན་ཅིག་མ་རིག་རྟོག་འདུ་འཕྲོ། །སྒྲ་དོན་སྤྱི་ཡུལ་ཡིད་ཀྱིས་ཤེས། །གཞི་དང་གནས་སྐབས་དང་པོར་རེ། །ཤེས་བཞིན་ངོ་བོ་གྲངས་འཇུག་སྟེ། །མཚན་ཉིད་ཆད་དང་རྣམ་གྲངས་དང་། །ལྟོས་པའི་ཀུན་བརྟགས་རྣམ་པ་ནི། །ཞེན་པ་སྣང་བའི་ཡིད་རྣམ་ཤེས། །སྒྲ་དོན་ཀུན་གྱི་སྤྱིར་སྣང་བའོ། །རང་སྣང་བདག་ཉིད་ཆེན་པོ་ལ། །གུད་དུ་བེམ་རྫས་བདག་སྣང་བ། །དེ་དག་ཉིད་དུ་དེ་འདོད་དོ། །ཞེན་པ་རང་སྣང་སྐད་ཅིག་ཀྱང་། །སྔ་ཕྱི་རྒྱུ་འབྲས་ཚུལ་གྱིས་སྐྱེ། །དབང་པོའི་ཡུལ་རྟེན་ནང་རྣམས་ཀྱིས། །འཁྲུལ་པའི་རྒྱུ་བཞིས་ཅིར་ཡང་སྣང་༏ །ལོག་རྟོག་གསུམ་དང་ཡང་དག་པའི། །ལམ་གནས་སོ་སོའི་ཞེན་མཐའ་འོ། །བདག་དང་ཆོས་ཀྱི་ལམ་འབྲས་མྱོང་། །ལོག་དང་ཡང་དག་སོ་སོ་སྟེ། །གཞི་དང་གནས་སྐབས་དང་པོར་རོ། །ཐོག་མ་ཐ་མ་མེད་དུས་ནས། །རྣམ་སྨིན་ལུས་དང་གྲིབ་བཞིན་འགྲོགས། །ཉི་མུན་གསེར་འགྱུར་ཇི་བཞིན་དུ། །མ་སྤངས་དངོས་འགྱུར་ཐ་སྙད་མིང་། །ཐག་སྤྲུལ་སྨིག་རྒྱུ་ཇི་ལྟ་བར། །མེད་བཞིན་སེམས་ཀྱིས་ལོག་བཏགས་པས། །ཕྱོགས་ཙམ་དཔེ་ཞེས་ཐ་སྙད་འདོགས། །མེད་བཞིན་སེམས་ཀྱིས་ལོག་བརྟགས་ཕྱིར། །གཞི་བོ་མེད་པ་བཞིན་དུ་འདོད །ལྡོག་པའི་དུས་ནི་བསྐྱེད་མཐོང་སྟེ། །ཇི་སྙེད་སྐད་ཅིག་ཡེ་ཤེས་ཕྱིར། །མ་སྤང་བྲལ་བར་ལྡོག་ཅེས་དོགས། །རང་མཚན་དོན་དང་སྒྲ་ཉིད་ནི། །རྒྱས་པར་ལུས་བཞག་༄༅། །བཅུད་དང་གཞི། །གཞི་མཚན་གྲངས་དང་གང་སྣང་དང་། །ཚུལ་དུས་རྐྱེན་ཉེས་རྒྱུ་ལྡོག་དང་། །གང་ཡུལ་གང་ལ་སྒྲིབ་པའོ། །ཐོག་མ་གཞི་བོ་བཤད་བཞིན་ཏེ། ། འདྲ་གཞི་མེད་སྣང་རྨི་ལམ་ཚུལ། །མཚན་ཉིད་རང་ནི་སྲ་གཤེར་སོགས། །ངོ་བོས་དེ་བཞིན་ཉིད་དབང་བརྗོད། །གྲངས་གཉིས་ཡང་དག་མཆོག་སྣང་བའོ། །གྲགས་པའི་དབང་དུ་དྲུག་དང་ལེན། །ཁྱད་པར་སྐབས་སུ་ཤེས་བཞིན་གཉིས། །བདག་གཞན་ཤེས་སོགས་རྡུལ་སོགས་སྣང་། །སྐད་ཅིག་སྔ་ཕྱི་དངོས་སྦྱར་བའི། །དངོས་པོ་རྫོགས་ཞེན་ཕྱི་ལ་སྣང་། །དུས་ན་རྗེས་བཞིན་ཕྱིས་ཐོག་མེད། །རྒྱུ་བདག་དམིགས་དང་དེ་མ་ཐག །བྱུང་ཚོར་སྐྱེ་ཤི་སྡུག་བསྔལ། བདག་ཐོབ་ལྟ་ངན་གྱིས་ལམ་བྲལ། །རྒྱུ་ནི་ལྷན་ཅིག་སྨོས་པ་དང་། །རྟོག་པ་བསླུ་འགྱུར་ཞེན་ཉིད་དོ། །ལྡོག་པ་བདེན་མཐོང་ཐ་སྙད་དེ། །ངོ་བོས་སྣང་བ་གསལ་མ་ཡིན། །གཙང་བྱས་རྣམ་གཉིས་སུ་ཡང་འགྱུར། །སྤྱི་ནི་རྩ་བའི་ཤེས་ཡུལ་དེ། །ཁྱད་པར་ཚོགས་དྲུག་ཡུལ་སྣང་ངོ་། །ཡང་དག་སྣང་བ་ཡིན་ཀྱིའོ། །ཤེས་པ་དྲུག་སོགས་སྣང་བའོ། །ཀུན་གཞི་ཡིད་སོགས་དྲུག་སྣང་བའོ། །བདག་སྣང་ཉོན་མོངས་ཆ་ཡིན་ཏེ། །རྡུལ་དང་སྣ་ཚོགས་ཡིན་སྣང་བའོ། །དེ་ཡང་དག་དང་གཞན་ལས་འཁྲུལ། །ཐོ་ཡོར་ལ་མི་འཁྲུལ་ཞུགས་རྫས། །རྐྱེན་དང་མ་བརྒྱན་ཆས་འཁྲུལ་སྣང་། །མི་གཙང་རུས་སྒོམ་ཐག་སྤྲུལ་དང་། །སྨིག་རྒྱུ་ལ་སོགས་ཕྱོགས་གཉིས་ཀྱིས། །མཚན་ཉིད་རྣམ་གཉིས་མཚོན་པར་བརྗོད། །མེད་བཞིན་སྣང་རྟོག་སེམས་སྐྱེས་ནས། །འཇུག་དུས་ལ་འཚོལ་རྣམས་ལ་སྒྲིབ། །མཚན་ཉིད་ཡན་ལག་ཡིད་ཆེས་རྒྱུས། །མངོན་བྱེད་བཞི་དང་དོན་སྒྲུབ་པ། །ལུང་དང་རིགས་དཔེ་གཏན་ཚིགས་དང་། །དོན་ཚིག་ཚོལ་ཕྱིར་དོན་སྒྲུབ་པའོ། །རང་བཞིན་ཆོས་ཉིད་རིགས་ཚུལ་ལོ། །དོན་ངེས་སྤྱི་དང་རང་མཚན་ཉིད། །དབྱེར་མེད་གཉིས་གྲོལ་མཚན་ལྡན་རྣམས། །མཚན་ཉིད་མེད་པའི་མཚན་ཉིད་ཅན། །སྐབས་མིན་སྣང་གྲགས་འདྲེན་ཞེས་བརྗོད། །འདྲས་ངུས་རྣམ་གྲངས་ཤེས་བྱ་བ། །ལོག་དུས་ནམ་མཐོང་སྐབས་སུ་ཤེས། །བརྟག་ཡུལ་སྣང་བ་མ་རིག་པས། །སྤྱི་ལ་རང་གི་མཚན་དུ་མཐོང་། །རང་སྤྱི་ངོ་བོ་བྱེད་མེད་པའོ། །གྲལ་གསུམ་འདྲེས་དང་སྔ་ཕྱི་དང་། །རིགས་མཐུན་བསྲེ་བར་བརྗོད་པ་ཉིད། །འདྲེས་པ་བརྗོད་ཟིན་སྔ་ཕྱི་ནི། །རིགས་མཐུན་རྟོག་པས་བསླུས་པ་སྟེ། །སྔ་མ་ཡུལ་ལ་ཕྱིས་མཐུན་རྟོག །རིག་མཐུན་བསྲེ་བ་འདི་ལྟ་6П78П

༄༅། །སྟེ། ་མི་གང་དངོས་པོ་ཕུང་ཁམས་རྣམས། །དུ་མ་གཅིག་ཏུ་རྟོག་པའོ། །འགལ་བ་དཔེ་ལུང་རང་གི་ཚིག །མཚོན་བྱེད་རྒྱུ་དང་འབྲས་བུ་སྟེ། །ལུང་ན་ཡོད་བཞིན་མེད་སྨྲ་བ། །བཀའ་དང་འགལ་བའི་སྐྱོན་དུ་བརྗོད། །དཔེ་དང་མཐུན་དཔེ་ཡིས་འགལ། །དོན་ལ་མཚོན་པ་མ་ཡིན་ཏེ། །རང་གི་ཚིག་ལ་སྔ་ཕྱི་དང་། །དངོས་སུ་འགལ་བ་འབྱུང་བ་དང་། །མཚན་བྱ་ཐབས་བྲལ་ཚིག་མཐའ་བྲལ། །སྨྲེ་བྱེད་མཚོན་དུ་མི་རུང་ངོ་། །རྒྱུ་ལ་གཉིས་སྨྲ་འབྲས་བུ་གཅིག །རྒྱུད་དང་འབྲས་བུ་མི་མཐུན་ཏེ། །གཉིས་པའི་ཐ་སྙད་རིམ་བཟློག་པ། །སྐྱོན་བཟློག་ཡོན་ཏན་ཉིད་དུ་སྣང་། །མཚན་ཉིད་སྐབས་ལས་འཕྲོས་པའི་དོན། །དངོས་གཅིག་གཉིས་དང་ཐ་དད་པའི། །རྒྱུ་འབྲས་དོན་དང་ཐ་དད་པའི། །སྒྲ་དོན་གཅིག་དང་ཐ་དད་པའི། །དེ་བཞིན་རིགས་དང་གཅིག་ཐ་དད། །ངོ་བོ་གཅིག་དང་བཟློག་པས་ཕྱེ། །རྟོགས་པས་ཐ་དད་སོགས་དབང་གིས། །མཚན་ཉིད་རྗེས་སུའང་སྐབས་ཀྱིས་སྦྱར། ། ཟླ་ དངོས་པོ་ཟུང་དང་བཅས་རྣམས་ལ། །ལྟོས་ནས་འདོགས་པ་ཟླ་ལས་ཏེ། །འདི་ནི་ཀུན་ལའང་འགྲོ་བ་ཡིན། །འཇིན་རྟེན་འདས་དང་འཇིག་རྟེན་པའི། །རང་དང་སྤྱི་རུ་བསྟན་པའི་སྐབས། །བརྗོད་པ་རང་སྤྱིའི་དོན་རྟགས་ཏེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད། །མངོན་ཐོབ་ཐུགས་རྗེ་འབྲེལ་བའི་རྒྱུས། །གཞི་སྣང་བ་ཡི་དོན་བྱེད་ཤོག །གཏིང་ནས་བསྟན་པ་མི་འཛིན་ན། །ཕྱི་རོལ་སྒྲ་གོམས་དོ་མོས་ཆུང་། །སེར་སྣ་ཕོ་དྲེགས་རང་ཕྱོགས་ཅན། །ཕྱོགས་ཆ་མྱ་ངན་འདས་སེམས་ལ། ནམ་དུའང་མི་གཏང་ཡང་ཁོང་གཙང་། །སྐར་ཁུང་ནམ་མཁའ་མཚོ་མིག་ལྟར། །ཚིག་བསྡུས་དོན་རྒྱས་བློ་མཆོག་དོན། །བརྟན་པ་ཤེས་རབ་མི་རྙེད་པའི། །རྒྱ་ཆེ་ལམ་གྲོལ་འདོད་ལ་ཕྱིར། །རྨོངས་འཕྱར་ཁེ་གྲགས་དབང་སོང་བས། །བསྟན་པ་བེའུ་གཡང་སོང་ལྟར། །གཉིས་ཀ་རྡོ་རྗེ་དམྱལ་བར་སྐྱེ། །མཚན་ཉིད་སྒྲོན་མ་ཞེས་བྱ་བ་བི་མ་ལས་མཛད་པ་རྫོགས་སོ། ། ། །མངྒ་ལཾ། ། ༄༅། །རྣལ་འབྱོར་ཆེན་པོ་ཤེས་རབ་སྤྱན་འབྱེད་ཀྱི་མན་ངག་ཅེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། མ་ཧཱ་ཡོ་ག་པྲཛྙ་པྲ་བེ་ཤ་ཙཀྵ་ཨུ་པ་དེ་ཤ་ན་མ། བོད་སྐད་དུ། རྣལ་འབྱོར་ཆེན་པོ་ཤེས་རབ་སྤུན་འབྱེད་ཀྱི་མན་ངག་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་གཙོ་བོ་སྐྱེས་བུའི་མཆོག། །དམ་པ་ལྷ་ཕྱིར་ཕྱག་འཚལ་ནས། རྣལ་འབྱོར་ཆེན་པོའི་རྒྱུད་དོན་མཆོག །རང་བཞིན་རྐྱེན་གྱིས་མངོན་བྱའི་ཕྱིར། །རྒྱུད་གསུམ་སྣང་བ་རྣལ་འབྱོར་གསུམ། །བྱ་བྱེད་ཚུལ་གཉིས་བདག་ཉིད་དང་། །ཚིག་དོན་དང་ནི་དེ་ཉིད་ཅན། །རྒྱུ་འབྲས་ཐབས་ཚུལ་འབྲེལ་ཕྱིར་གསུམ། །ཤེས་ཐོབ་བྱེད་པ་བར་ཚུལ་ལ། །ངོ་བོ་རྐྱེན་བཤད་ཐབས་དང་དབྱེ། །རིམ་པར་མི་བརྗོད་འདིར་བརྗོད་པ། །དང་པོ་བར་མས་མཐར་བྱེད་པའི། །ལམ་གཉིས་ཐུན་མོང་རྒྱུ་དང་མཆོག །མཆོག་ལ་ཕྱི་དང་ནང་ལའང་། །ཐབས་དང་ཤེས་རབ་ལམ་གཉིས་ཀྱིས། །ངེས་བྱེད་སྔོན་ལ་སྟེང་འོག་ཐབས། །གཅིག་ཤོས་གཅོར་བྱེད་སྤྱི་བླུགས་རིམ། །བཞི་བྲལ་ལྔས་དབུལ་ལས་བཟློག་པ་ཡིས། །རྣལ་འབྱོར་ཆེ་ལ་མོས་རྣམས་ཀྱི། །ཤི་ཤའི་དོན་ཕྱིར་མདོ་ཙམ་བརྗོད། །ཕུན་སུམ་ཚོགས་པ་ལྷུན་གྲུབ་རྣམས། ། གསང་དབང་མཆོག་གིས་འབྱེད་བྱེད་པའོ། །སྔོན་བྱས་ཐབས་མཆོག་ཆགས་མཆོག་དོན། །སངས་རྒྱས་ཞབས་ཀྱི་གསུངས་པར་ཤེས། །ཐོས་བསམ་བསྒོམས་པའི་མཉམ་སྦྱོར་གྱིས། ། རང་བྱུང་ཀུན་ངམ་ལྷུན་གྲུབ་ཕྱིར། །གསུམ་གྱིས་གྲོལ་བྱེད་ལམ་བཤད་པ། །མཚན་ཉིད་གསུམ་ལ་གཅིག་གཞི་གསུམ། །གཙོ་མཆོག་མཚན་ཉིད་དང་པོར་བཤད། །ལམ་ཀུན་གཟུངས་སུ་བྱ་ཕྱིར་རོ། །དེ་ལ་བརྟག་བྱ་ཐབས་ངོ་བོས། །ངེས་ཚིག་རྟག་རྐྱང་དང་། །ཁྱད་པར་གོལ་ས་ཡོན་ཏན་སྐྱོན། །སྤྱན་མཆོག་ལུས་སུ་རྣམ་པར་བསྒྲགས། །འཆིང་གྲོལ་བྱེད་པ་ལྷུན་རྫོགས་ཀྱང་། །དབང་སྤྱན་མཆོག་དང་བྲལ་བ་ཡིས། །སྲིད་གསུམ་འབྲས་བུ་མིང་ཙམ་སྣང་། །དང་པོ་ཆུ་བོ་བཞི་རྒལ་ལྟར། །སྣང་བ་གཅིག་ལ་གཉིས་ཚུལ་སྣང་། །ངན་ཤོག་བདག་གཞན་སྟོད་ཕུར་སྣང་། །དེ་དེ་རིམ་པ་གྲུབ་མ་གྲུབ། །མཐའི་དོན་རྣམས་ཅིངའགྱུར་བརྟག །མཐོང་བྱེད་ཐབས་ཀྱང་རྒྱུད་པ་དང་། །རྟགས་ཀྱིས་མཆོད་ཅིང་གཏན་ལ་འབེབས། །

༄༅། །དམན་ལ་རྒྱུ་གསུམ་གོམས་པ་ཡིས། །བརྟན་ནས་བརྟགས་སྤྱད་ཀླུང་ཞུགས་མཐོང་། །བསྒོམ་པ་ལམ་དུ་བསྟན་པར་བྱ། །རིམ་པར་སྐྱེ་ལ་ཐེ་ཚོམ་མེད། །ཤེས་བྱ་དམ་པ་རྟགས་མཚོན་པའང་། །རང་བཞིན་རྟགས་དང་འབྲས་བུའི་རྟགས། །དང་པོ་རང་གི་རིགས་པ་ཡིས། །ཆོས་འཕྲུལ་སྣང་བའི་འབྱུང་བ་དང་། །ཕྱོགས་དང་ཁ་དོག་ལ་སོགས་ཀྱིས། མཚོན་ནས་ཇི་བཞིན་ཉིད་རྟོགས་བྱེད། །སེམས་ཅན་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོགས་བསྒྲིབས་བྱས་ཏེ། །ཡེ་ཤེས་ལྔ་ཡི་དོན་མ་མཐོང་། །མ་མཐོང་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་དམར་དང་སེར་བ་དང་། །ལྗང་གུ་ལ་སོགས་ནག་པོར་བསྟན། །འདི་ཡིས་ལྷུན་གྲུབ་རྟོགས་པར་ཅེས། །ཅིག་ཤོས་མཐར་ཕྱིན་ཡེ་ཤེས་ཀྱི། །དཀྱིལ་འཁོར་རྟེན་དང་བརྟེན་ཅན་ལྟར། །སྣང་བའི་གནས་བརྒྱད་གདན་སོགས་དང་། །རྟེན་ཅིང་རྒྱ་བཞི་རྒྱན་སོགས་མཚུངས། །་གཏན་ཚིགས་རྒྱས་པར་ལུས་བཞག་ན། །ཚན་མ་བཀའ་གཞུང་གཏན་ཚིགས་དང་། །སྒྲ་མཐུན་དོན་ལྤགས་གཏན་ཚིགས་ཀྱིས། །གཞལ་བྱ་བདག་ཉིད་ཆེ་སོགས་བལྟ། །

ཚད་མ་བཀའ་ལ་དག་མཉམ་གྲངས། །རྟོགས་པ་བཞི་དང་བདེན་གསུམ་དག །སྐབས་ཀྱིས་བྱ་ཐབས་མཐར་འགྱུར་ཡང་། །བྱེད་ལ་གཙོར་བརྗོད་དག་པ་ཡིས། །སྣང་བ་མི་སྤོང་འབྲས་བུར་བྱེད། །མཉམ་པས་མཉམ་བྱེད་བདག་ཉིད་ཆེ། །རྟོགས་པ་རྣམ་བཞིའི་གཏན་ཚིགས་ཀྱིས། །མི་བཟད་རྒྱུན་གྱི་འཁོར་ལོར་བྱེད། །བདེན་པ་གཉིས་མེད་ཟུང་དུ་འཇུག། ལྡེམ་དགོངས་མན་ངག་གཏན་ཚིགས་ཀྱིས། །སྐབས་ཀྱིས་དོན་ཉིད་མཐོང་བར་བྱེད། །དངོས་པོ་ལོ་རྒྱུས་གཏན་ཚིགས་ཀྱིས། །བདག་ཉིད་ཆེན་པོ་སྨོས་ཅི་དགོད། །རང་བཞིན་གཏན་ཚིགས་ལྷུན་གྲུབ་འཇུག །འོན་ཏང་ཐ་དད་དོན་ལ་མེད། །སྒྲ་མཐུན་དོན་ལྤགས་རང་དང་སྤྱི། །མཚན་ཉིད་གཞལ་མཐའ་བྲལ་བའོ། །ཆོས་ཀུན་རང་དང་སྤྱིར་བཏགས་པས། །མ་སྐྱེས་ཐམས་ཅད་མཁྱེན་པའི་དོན། །རྣམ་པ་ཀུན་ལྡན་སྟོང་པར་སྣང་། །དེ་ཕྱིར་སྐུ་གསུང་ཐུགས་སུ་སྣང་། །དངོས་ཀུན་གཅིག་དང་དུ་མར་བྲལ། །མཐའ་གསུམ་དང་ཉིད་བཞི་བྲལ་ལུགས། ། ཁྱད་པར་ཅན་གྱིས་དེ་ཉིད་མཐོང་། །དེ་ཡང་མ་སྤངས་བྲལ་བར་བརྗོད། །རྣམ་པར་དབྱེ་དང་མཚོན་པའི་དཔེ། །དེ་བཞིན་ཉིད་དུ་ཐེ་ཚོམ་མེད། །ཤེས་རབ་སྤྱན་གྱིས་ངོ་བོ་སྐབས་༄༅། །འཇུག་ཀྱང་། །རྒྱུ་འབྲས་ཕྱིར་ན་ཅི་གཤོས་ལ། ཡུལ་མེད་རང་རིག་མངོན་སུམ་པའོ། །བྱེ་བྲག་འདོད་གཞུང་གཏན་ཚིགས་ཀྱིས། །ཞོར་བརྗོད་བཅུ་གསུམ་རྣམ་གྲངས་ཙམ། །མཐོང་བྱེད་ངེས་ཚིག་མཐོང་ལྟ་གཉིས། །སྒོས་བྲལ་སྐུར་མེད་དོན་ཆེན་པོ། །ས་ལུ་ཕུབ་ཁྲོད་སྣང་མེད་བཞིན། །ཡུལ་མེད་རང་གསལ་ཉམས་རྙེད་ལ། །མཐོང་ཞེས་ཐ་སྙད་བརྗོད་པར་འང་། །དེ་ཕྱིར་བལྟ་དང་བལྟ་མེད་པས། །ཆོས་ཀུན་རང་རིག་ཉིད་སྣང་བ། །མེ་ལོང་ལྟ་བུའི་ཚུལ་བཞིན་དུ། །མི་རྟོག་གསལ་བས་ངེས་ཚིག་འགྲུབ། །དེ་ལྟར་སྐྱེས་མཆོག་སུ་ལྡན་པ། །དམ་ལ་རུབ་ཅིང་སྙིང་རྗེར་ལྡན། །ཕ་ལ་དྲིན་སྐྱེས་མན་ངག་འཆེའོ། །མི་སྐྱོན་དོན་བརྩོན་ཆགས་བྲལ་འབྱུང་། །སྤྱོད་ཞིབ་ཉམ་ང་གཡང་ས་མེད། །དེ་ཡོད་དམིགས་དང་ལྡན་པའི་རྟགས། །རྣལ་འབྱོར་ཆེ་ལ་ཕྱིར་རྒྱུ་དང་། །མུ་སྟེགས་ཞོར་འབྱུང་རིག་བྱེད་དང་། །ངོ་བོ་རྒྱུར་སྨྲ་ཕྱོགས་ལུང་རྟེན། །བདུན་སྡེ་མཉམ་འཇོག་ལ་སོགས་ཀྱིས། ། རེག་མིན་དེ་ལས་གཞི་ནས་སྤགས། །ལྟ་སྤྱོད་མི་མཐུན་སྨོས་ཅི་དགོས། །བསྐལ་པར་སྦྱངས་པས་དོན་མཐོང་བ། །ཕྱིན་ཆད་མི་ལྡོག་ས་ལ་གནས། །སྤྱོད་སོགས་ལས་ཀུན་ཕ་རོལ་ཕྱིན། །གཟུངས་ཀྱི་དམ་པར་རྒྱལ་བས་གསུངས། །ཤེས་རབ་སྤྱན་དང་མ་ལྡན་ན། །དཀར་ཕྱོགས་ལྷ་ཡི་སྟེགས་ཙམ་ལས། །སྤྱད་ཀྱང་མི་ཐོབ་འཆི་བར་འགྱུར། །ནག་པོའི་ལས་སྤྱོད་སྨོས་ཅི་དགོས། །ཚིག་ཙམ་ལྟ་ལ་རྟེན་བྱེད་ཅིང་། །དམ་མེད་སྤྱོད་ཅིང་སྒོམ་དགུ་ཡི། །ཉོན་པ་བྱེད་དེ་ཐར་པར་དཀའ། །སྟེགས་དབང་ཙམ་གྱིས་རྙེད་དཀའ་བས། །སྒྲ་འདུལ་བདུད་བཟློག་བརྩོན་པར་འབོད། །དེ་མེད་ནམ་ཡང་ཐར་མི་སྲིད། །སྤྱོད་དང་སྐྱོན་བཅོས་མི་གཟོད་ཅིང་། །ལྕི་དང་གདུང་མེད་འདོད་ཐོབ་ནས། །མི་ཁུར་སྤོངས་བྱེད་རིགས་མ་ངེས། །ལྟུང་བྱེད་དེ་དང་མ་ཕྲད་ཅིག །དེ་བཟློག་སྣོད་ལྡན་དཔལ་དུ་ཤོག །དེས་ཀྱང་དེ་བཞིན་འཚོ་བར་ཤོག །རབ་རིབ་སེལ་བྱེད་ཐུར་འདྲ་བའི། །དམན་ཕྱིར་བརྩོན་བྱས་གཞུང་འགལ་སྐྱོན། ། རྒྱལ་བ་རིགས་འཛིན་མཆོག་གསུམ་ལ། །བཟོད་གསོལ་གཉིས་མེད་ངང་དུ་བཤགས། །ངལ་བའི་དགེ་རྩས་འགྲོ་བ་རྣམས། །མི་ལྡོག་སྤྱན་ལྡན་སངས་རྒྱས་ཤོག །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་བཤེས་པའི་མཚན་ཉིད་བཤད་པ། ཤེས་རབ་སྤྱན་འབྱེད་ཅེས་བྱ་བ། བིམ་ལས་མཛད་པ་རྫོགས་སོ། ། ། །

༧ བེ་པོ་མ་ཊིརྟན་སྙི་ག། ༄༅། །ཙི ཏྟ སྱཏཱལབིཧར ཏི སྨ། ། ༄༅། །ཐུགས་ཀྱི་སྒོ་ལྕགས་བཞུགས་སོ།

༄༅། །དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདུ་འབྲལ་མེད་པ་ཐུགས་ཀྱི་གཏེར། །འབྱུང་འཇུག་མེད་པ་གསང་བའི་སྒོ། །ཐུགས་ཀྱི་སྒོ་ལྕགས་དམ་པོ་དེ། །བཀའ་འགྲོས་རིག་པས་བཤད་པར་བྱ། །དགུ་ཡི་དོན་བསྡུས་གཅིག་སྣང་བ། །རང་རང་གཏན་ཚིགས་གཞུང་དང་བཅས། །སོ་སོར་གཏན་ལ་ཀུན་གྱིས་འབེབས། །གཅིག་ནི་གླང་ཆེན་མདོག་རིས་ཚད། །ཕབ་པ་མེད་པར་ཀུན་ཕེབས་པའོ། །ནམ་མཁའ་རྡོ་རྗེའི་ཚད་མ་ཡིན། །བྱེ་བྲག་གཏན་ཚིགས་གཞུང་གསུམ་པོ། །འགྲོ་འདུལ་ཐབས་ཀྱི་ཚད་མ་ཡིན། ། མུན་པའི་ཤེས་པ་གཞུང་གཉིས་པོ། །བྱིས་པ་པ་ཡང་གཉིས་སུ་འདོད། །ཕྱོགས་རིས་བྱེད་པའང་གཉིས་མིན་སྟེ། །མཐའ་དབུས་མེད་པ་གསུམ་དུ་འདོད། །སྤངས་ལེན་ཅན་དང་གཉིས་སུ་སྟེ། །རྣལ་འབྱོར་བདེ་བ་ལྔར་སྣང་སྟེ། །སྐྱེ་མེད་རྣལ་འབྱོར་གསུམ་དུ་ལྟ། །ཤིན་ཏུ་རྣལ་འབྱོར་གཅིག་མཐའ་ཡས། །དེ་ཡང་བསྡུ་ན་འདོད་པ་གཉིས། །བཀའ་ཡི་ཐ་རམ་དམ་པོ་དེ། །

༄༅། །ཀུན་འཆར་ཀུན་གྱི་མཐར་ཡི་གནས། །ལྔ་བཞི་ལྡེ་མིག་ཐབས་ཀྱིས་དབྱེ། །ཐུགས་ཀྱི་སྒོ་ལྕགས་དམ་པོ་འགྲོལ། །ཐུགས་ཀྱི་སྒོ་ལྕགས་དམ་པོ་ལས། །ལུས་ཀྱི་བཅའ་གཞིའི་ལེའུ་དང་པོའོ། །མུན་པ་ཅན་དང་ལོག་སྲེག་ཅན། །མུན་པའི་འདོད་པ་གཉིས་ཡིན་ཏེ། །ཕྱལ་བ་དང་ནི་རྒྱང་འཕེན་ནོ། །ཕྱལ་བ་ལ་ས་གཉིས་ཡིན་ཏེ། །དམངས་རིགས་དང་ནི་རིགས་མ་ངེས། །དམངས་རིགས་སྒྲུབ་བྱེད་རིགས་པ་ནི། །བསྟན་བཅོས་བློ་ལ་མི་སྣང་བར། །རང་འཐད་འདོད་པ་ཚད་མར་བྱེད། །རང་བཞིན་ལོག་པ་ཞེས་སུ་བསྟན། །མ་ངེས་པ་ལ་གཉིས་ཡོད་དེ། །གང་ལ་གྲོངས་པར་འཇུག་པ་དང་། །བདག་འཛིན་རྫས་སུ་འདོད་པའོ། །བདག་འཛིན་པ་ཡི་རིགས་པ་ནི། །རྒྱུ་རྐྱེན་ལས་ལས་མ་གྲུབ་པར། །དངོས་པའི་ཆོས་རྣམས་ཐམས་ཅད་ལ། །བྱེད་པ་པོ་ཡིས་བྱ་བར་འདོད། །རྒྱང་འཕེན་འདོད་པ་འདིར་བསྟན་པ། །རིགས་ཆད་པ་དང་འདུ་ཤེས་ཅན། །རིགས་ཆད་སྒྲུབ་པའི་རིགས་པ་ནི། དགེ་སྡིག་ལས་ཀྱིས་ཆོས་རྣམས་ལ། །རྒྱུ་དང་འབྲས་བུ་མ་ངེས་ཏེ། །མེ་ཤི་ཤིང་ཟད་ལྟ་བུར་འདོད། །འདུ་ཤེས་ཅན་ལ་གསུམ་ཡོད་དེ། །སྤྱོད་ཡུལ་ཚད་མར་བྱས་ནས་ནི། །ལོངས་སྤྱོད་ཡང་དག་འཛིན་པའོ། །དེ་ནི་གཡེང་བའི་འདུ་ཤེས་ཅན། །ཕྱི་པར་ལོངས་སྤྱོད་འབྱུང་བར་འདོད། །གསང་ཚིག་རྟེན་ཅིར་ལྷ་ལ་མཆོད། །བགེགས་ལ་ཡང་དག་ཚད་མར་བྱེད། །དེ་ནི་སར་བའི་འདུ་ཤེས་ཅན། །ལྷ་མཆོད་དངོས་གྲུབ་འབྱུང་བར་འདོད། །ཕྱི་ཡིས་བསྟན་ཅིང་ཡང་དག་འཛིན། །དམིག་གནོན་ལ་སོགས་ཚད་མར་འཛིན། །དེ་ནི་མོས་པའི་འདུ་ཤེས་ཅན། །གང་རི་ལྷ་རུ་བྱེད་པ་ཡིན། །ལོག་སྲེད་ཅན་ལ་གཉིས་ཡོད་དེ། །མུ་དྲུག་པ་དང་མུ་སྟེགས་པའོ། །མུ་དྲུག་པ་ལ་རིགས་བཞི་སྟ། །ཕྲ་མིན་སྤྱད་པ་འདོད་པ་ནི། །ལུས་དང་སེམས་ལ་ངེས་མེད་པར། །ཕྱིན་ཅི་ལོག་པ་འཇོལ་ཉོག་སྤྱོད། །ཡང་དག་དོན་དང་མི་ལྡན་པར། །ལྡན་པར་ཚུལ་འཆོས་བྱེད་པ་ནི། །ཕྲ་མེན་སྤྱོད་པའི་ཚད་མའོ། །ལུང་གི་ཕྱོགས་ཙམ་བསྟན་པ་ནི། ། བཀའ་ཡི་དོན་དང་མི་ལྡན་པར། །མི་རྟག་ཆོས་ལ་ཡིད་ཆེས་ནས། །འདོད་པའི་དད་པ་ཡོད་པ་ནི། །ལུང་ཙམ་བརྟེན་པའི་ཚད་མ་ཡིན། །ལོག་ཆོས་འཆམ་བའི་འདོད་པ་ནི། །ལས་ལ་༄༅། །དགེ་སྡིག་མེད་ཟེར་ཅིང་། །ཚེ་ལ་སྔ་ཕྱི་མེད་པར་འདོད། །སྐྱེས་ལ་མ་འགགས་ཚད་མར་བྱེད། །རྟགས་ཙམ་འཛིན་པའི་འདོད་པ་ནི། །དགེ་སློང་ཆ་བྱད་ངེས་བཟུང་ནས། །ཡང་དག་སྡོམ་ལ་མི་གནས་པར། །སྤྱོད་པ་བཏུལ་ཞུགས་བཀའ་ཐུབ་མེད། །སྤྱོད་པ་འཁྲུལ་པའི་ཚད་མ་ཡིན། །མུ་སྟེགས་པ་ལ་བཞིར་འདོད་དེ། །ཕྱི་རོལ་པ་དང་ཡང་དག་པར། །གསང་སྔགས་པ་དང་གསང་ཆེན་པའོ། །ཕྱིར་རོལ་པ་ལ་འདི་ལྟ་སྟེ། །དགོས་པ་མེད་པ་འཆལ་བར་འདོད། །རང་སྣང་ཕྱོགས་ཅིག་འདོད་པ་ནི། རང་ལ་ཐེག་པའི་གཞུང་མེད་པར། །ང་ཡིན་གཞན་གྱི་མིན་ཞེས་བརྗོད། །མུན་འཁྲུལ་ཚད་མར་བྱེད་པ་ཡིན། །ཡང་དག་འདོད་པ་འདི་ལྟ་སྟེ། །ཕྲ་ཞིང་ཟབ་པ་ཡིན་ཟེར་ཞིང་། །དངོས་པོ་ཕྲ་རབ་མ་རྟོགས་པར། །ཡིད་དཔྱད་ཙམ་དུ་ཕྲ་ཟབ་འདོད། །འཐབ་པ་སེར་སྐྱའི་འདོད་པ་ཡིན། །གསང་སྔགས་པ་སི་འདོད་པ་ལ། །རིགས་བྱེད་པ་ལས་འཕྲུལ་པ་ནི། །རིག་པ་ལྷ་དང་མི་ལྡན་པར། ། དངོས་ཀུན་ལྷ་རུ་འདོད་པ་དེ། །ཡུལ་ལས་འཁྲུལ་བའི་ཚད་མ་ཡིན། །རིག་སྦྱོར་པ་ལས་འཁྲུལ་པ་ནི། །ལྟ་སྤྱོད་ཟུང་དུ་མི་ལྡན་པར། །ལྟ་སྤྱོད་གོང་འོག་འཛིན་པ་དེ། །འཛིན་པ་འཁྲུལ་བའི་ཚད་མ་ཡིན། །རིགས་སྦྱོར་པ་ལས་འཁྲུལ་པ་ནི། །རྒྱལ་བའི་རིགས་དང་མི་ལྡན་པར། །དུག་ལྔ་ཚིག་གིས་སྤང་བྱེད་ཅིང་། ཡེ་ཤེས་ལྔ་རུ་སྒྲུབ་བྱེད་པ། །ཏིང་འཛིན་འཁྲུལ་པའི་ཚད་མ་ཡིན། །གསང་ཆེན་པ་ཡི་འདོད་པ་ལ། །བརྟུལ་ཞུགས་ཆེར་སྤྱོད་པ་དག་ནི། །ཐབས་དང་ཤེས་རབ་མི་ལྡན་པར། །འཁྲིགས་པ་རང་དགར་སྤྱོད་བྱེད་པ། །ཐིག་ལེའི་རྫས་ལ་མྱོས་བྱེད་ཅིང་། །སྤྲོད་པ་འཁྲུལ་བའི་ཚད་མ་ཡིན། །རྒྱལ་ཕོག་པ་ནི་འདི་ལྟ་སྟེ། །དབྱིངས་དང་ཡེ་ཤེས་དོན་མེད་པར། །གཉིས་མེད་སྲས་སུ་འདོད་པ་དེ། །ལྟ་བ་འཁྲུལ་བའི་ཚད་མ་ཡིན། །རྒྱལ་ཐབས་པ་ནི་འདི་ལྟ་སྟེ། །དོན་གྱི་ཕྱོགས་མེད་མ་རྟོགས་པར། །ཚིག་ཏུ་ཀུན་ཡིན་ཅང་མིན་སྨྲ། །མུ་ཅོར་སྨྲ་ཞིང་དོན་མ་མཐོང་། །ཐུགས་ཀྱི་སྒོ་ལྕགས་ལས། ལུས་ཀྱི་བཅའ་གཞི་གཉིས་པ་མུན་པའི་སྤྱོད་ཡུལ་བསྟན་པའི་ལེའུ་སྟེ་གཉིས་པའོ། །འདུ་ཤེས་ཆུང་བ་འདི་ཡིན་ཏེ། །མདོ་སྡེ་པ་དང་བྱེ་བྲག་པའོ། །ཡུལ་སེམས་ཐ་དད་མཐུན་པ་སྟེ། །ལ་དུའི་ཚུལ་དུ་མངོན་མི་རྒྱུ། །མདོ་སྡེ་པ་ཡི་འདོད་པའོ། །ཡུལ་རྣམས་མ་འདྲེས་རྫས་གྲུབ་སྟེ། །མུན་ནང་སྙིང་སྟོབས་བར་ནས་རྒྱུ། །རྟོགས་པ་ཕྲ་མོའི་སྤྱོད་ཡུལ་ཏེ། །འཐབ་པ་སྒྲུབ་པའི་ཚད་༄༅། །མ་སྒྲུབ། །སྤྱིར་ནི་འདུ་ཤེས་ཆུང་བ་དག །ཡུལ་གྱིས་བསྐྱེད་པའི་ཤེས་པ་ནི། །ཟབ་པས་འབྲེལ་བ་ཟབ་པ་སྟེ། །གང་ཟག་བདག་མེད་རྟོགས་པ་ཡིས། །ཉོན་མོངས་ཕྲ་རྒྱས་སྤངས་པ་ཡིན། །བདེན་བཞི་རིགས་པའི་སྒོར་ཞུགས་ནས། །ཚོགས་དྲུག་འགོག་པའི་སྙོམས་འཇུག་གིས། །ཕྲ་རྒྱས་ཉོན་མོངས་སྤངས་ནས་ནི། །ཟུང་བཞི་ཡ་བརྒྱད་འབྲས་བུ་ཐོབ། །རང་དོན་སྤྱོད་པའི་འབྲས་བུ་ལེན། །ཐུགས་ཀྱི་སྒོ་ལྕགས་ལས་བྱིས་པའི་ཤེས་པ་བསྟན་པའི་ལེའུ་སྟེ་གསུམ་པའོ། །ཕྱོགས་རིས་འབྱེད་པ་འདི་ལྟ་སྟེ། །གང་ཟག་བདག་མེད་རྟོགས་བྱས་ནས། །ཆོས་དང་ཤེས་པ་ཇི་བཞིན་པས། །ཆོས་ཀྱི་ཕྱོགས་ཅིག་བདག་མེད་འདོད། །བཅུ་གཉིས་གཏན་ཚིགས་དག་གི་ནི། །ཕྱི་ནང་ཉི་ཤུ་བཞི་རུ་འགོག། ལུགས་ནས་འབྱུང་ཞིང་ལུགས་སུ་བཟློག །ཆོས་ཉིད་ཟབ་མོའི་དོན་རྟོགས་ནས། །བསེ་རུ་ལྟ་བུར་སངས་རྒྱས་ནས། །རང་དོན་རྫུ་འཕྲུལ་འགྲོ་བྱེད་པའི། །རྡོ་རྗེ་གདན་ནས་གངས་རི་ལ། རྟོག་ཅིང་གྲོལ་ཐོབ་གཞན་དོན་བྱེད། །ཐུགས་ཀྱི་སྒོ་ལྕགས་ལས། ཕྱོགས་རིས་འབྱེད་པའི་ཤེས་པ་བསྟན་པའི་ལེའུ་སྟེ་བཞི་པའོ། །མཐའ་དབུས་མེད་པའི་འདོད་པ་ནི། །མདོ་སྡེ་རྣལ་འབྱོར་སྤྱི་གཞུང་གསུམ། །མཐའ་དབུས་མེད་པའི་འདོད་པ་སྟེ། །མདོ་སྡེ་ཡུལ་རྣམས་སྒྱུ་མར་མཐོང་། །རྣལ་འབྱོར་སྤྱོད་པའི་རིགས་པ་ལ། །ཞི་གནས་སྐྱེ་བ་མེད་པར་མཐོང་། ། སྤྱི་གཞུང་པ་ཡི་འདོད་པ་ནི། །ཆོས་དང་གང་ཟག་གཉིས་པོ་ལ། །བདག་མེད་པ་རུ་རྟོགས་ནས་ནི། །བདེན་པ་གཉིས་སུ་སྣང་ཞིང་སྟོང་། །རིགས་པས་གནོད་ལ་མ་གྲུབ་པས། །དེ་ནི་ལོག་པའི་ཀུན་རྫོབ་ཡིན། །སྣང་ལ་ཆོས་བཞི་གྲུབ་པ་ནི། །དེ་ནི་ཡང་དག་ཀུན་རྫོབ་བོ། །དོན་དམ་ལ་ཡང་གཉིས་སུ་བསྟན། །སྣང་ལ་རང་བཞིན་ཙམ་དུ་འདོད། །དེ་ནི་རྣམ་གྲངས་དོན་དམ་མོ། །མྱ་ངན་འདས་པའི་ཆོས་རྣམས་ལ། །རང་བཞིན་མེད་པར་གང་ཤེས་པ། །རྣམ་གྲངས་མ་ཡིན་དོན་དམ་མོ། །སྒྲུབ་པར་བྱེད་པའི་རིགས་པ་ནི། །མངོན་སུམ་རྗེས་སུ་དཔག་པ་དང་། །ལུང་གི་གཏན་ཚིགས་གསུམ་དུ་བསྟན། །མངོན་སུམ་རྟོག་མེད་མ་འཁྲུལ་པས། །ཆོས་ཉིད་ཟབ་མོ་གཏན་ལ་འབེབས། །ཆོས་ཉིད་ལ་ཡང་གཉིས་ཡོད་དེ། །ཐ་སྙད་མིང་གི་ཆོས་ཉིད་དང་། །མངོན་སུམ་རང་བཞིན་རྣམ་བཞི་ཡིས། །ཆོས་སྐུ་རང་བཞིན་གཏན་ལ་འབེབས། །རྗེས་སུ་དཔག་པ་གཉིས་ཡོད་དེ། །བདག་དོན་གཞན་དོན་གཉིས་སུ་༄༅། །བསྟན། ་བདག་དོན་རྗེས་སུ་དཔག་པ་ནི། །རིགས་པ་ཉམ་མྱོང་ཚད་མ་ཡིན། །སངས་རྒྱས་དགོངས་པ་གཏན་ལ་འབེབས། །གཞན་དོན་རྗེས་སུ་དཔག་པ་ནི། ། མཚོན་བྱེད་ཚིག་གི་ཚད་མ་སྟེ། །མུ་སྟེགས་བདག་ཏུ་ལྟ་བ་ལ། །གཅིག་དང་དུ་མའི་གཏན་ཚིགས་བསྟན། །མུ་སྟེགས་ཆད་པར་ལྟ་བ་ལ། །རྟེན་ཅིང་འབྲེལ་བའི་གཏན་ཚིགས་བསྟན། ། ཉན་ཐོས་ཆོས་བདག་ཡོད་པ་ལ། །རྡོ་རྗེ་ཟེགས་མའི་གཏན་ཚིགས་བསྟན། །རང་རྒྱལ་ཕྱོགས་ཅིག་བདག་ཡོད་ལ། །མུ་བཞི་སྐྱེ་འགགས་གཏན་ཚིགས་བསྟན། །གཏན་ཚིགས་གཏན་ལ་ཕབ་ནས་ཀྱང་། །ཚོགས་གཉིས་ལམ་གྱི་བརྟེན་བཅས་ཏེ། །ཚོགས་བཅུ་དག་ལ་བརྟེན་བཅས་ནས། །ས་བཅུ་རིམ་གྱིས་མཐར་ཕྱིན་པའོ། །ཡེ་ཤེས་ཚོགས་ལ་གཉིས་ཡིན་ཏེ། །ཞི་གནས་ལྷག་མཐོང་འབྲེལ་བ་ཡིས། །ལས་མཐའ་བཅུ་གཅིག་རྫོགས་པའོ། །ངོ་བོ་སྐུ་གསུམ་ལྷུན་གྲུབ་པས། །ཆོས་སྐུ་སྐྱེ་མེད་བརྗོད་ལས་འདོད། །ལོངས་སྐུ་སེམས་དཔའི་རྟེན་དུ་སྣང་། །་སྤྲུལ་སྐུ་བྱེ་བ་བསམ་མི་ཁྱབ། །ཐུགས་ཀྱི་སྒོ་ལྕགས་ལས། མཐའ་དབུས་མེད་པའི་ཤེས་པ་བསྟན་པའི་ལེའུ་སྟེ་ལྔ་པའོ། །སྤོང་ལེན་ཅན་ནི་འདི་ལྟ་སྟེ། །བདག་ཉིད་གང་ལ་མོས་པའི་ཚུལ། །གཟུགས་མཐོང་ལྷ་ཡི་སྣང་བ་སྟེ། །སྒོ་གསུམ་དག་པས་མཆོད་བྱས་ནས། །རྗེ་བོས་དངོས་གྲུབ་སྟེར་བ་མཐོང་། །སྒྲུབ་པར་བྱེད་པའི་རིག་པ་ནི། །རི་མོའི་གཟུགས་དང་བདག་ཉིད་ལ། །ཐབས་ལས་བྱུང་བའི་འབྲེལ་པ་ཡིས། །ཁྱད་པར་བཞི་ཡི་སྒོ་ནས་འཕགས། །རྟེན་དང་ཡུལ་དང་སྤྱོད་པ་དང་། །མི་གཏོང་དམ་ཚིག་བཞི་ཡི་འཕགས། །རྡོ་རྗེ་འཛིན་པའི་ས་ནོན་ཏེ། །ཞི་གནས་སྣང་བ་ཆོས་སྐུ་སྟེ། །རིགས་གསུམ་ལོངས་སྤྱོད་རྫོགས་པའོ། །འོད་ཀྱིས་སྤྲུལ་པས་གཞན་དོན་བྱེད། །ཀུན་རྫོབ་ལྷག་པའི་གཟུགས་ཡིན་ཏེ། །བླ་ཁབ་མེད་པའི་གནས་མཆོག་ན། །པདྨའི་གདན་ལས་འགྲོ་བ་འདྲེན། །ཐུགས་ཀྱི་སྒོ་ལྕགས་ལས། སྤོང་ལེན་ཅན་གྱི་འདོད་པ་བསྟན་པའི་ལེའུ་སྟེ་དྲུག་པའོ། །རྣལ་འབྱོར་བདེ་བའི་འདོད་པ་ནི། །བྱང་ཆུབ་ལྔ་ཡི་སྒོར་ཞུགས་ཏེ། །བདག་ཉིད་བྱིན་རླབས་ལྷ་རུ་ལྟ། །སྤྱོད་པ་དག་བྱེད་གཙོ་མི་འཛིན། །དམ་ཚིག་ཏིང་འཛིན་གཙོ་རུ་འཛིན། །སྒྲུབ་པར་བྱེད་པའི་ཚད་མ་ནི། །ཕྱག་རྒྱ་བཞི་ཡིས་གཏན་ལ་འབེབས། །གཟུང་འཛིན་བག་ཆགས་ལྔ་བྱང་ནས། །ཡེ་ཤེས་ལྔ་ཡི་རྩལ་དག་གིས། །སྟུག་པོ་བཀོད་པའི་ས་ནོན་ནས། །རིགས་ལྔ་འདུས་པའི་༄༅། །འབྲས་བུ་ཐོབ། །སྐྱེ་མེད་ཆོས་སྐུ་དག་པ་ནི། །སྐྱེ་མེད་སྒོ་ནས་འགྲོ་དོན་མཛད། །ཕྱག་རྒྱ་རིགས་ལྔ་ལོངས་སྤོད་རྫོགས། །བྱང་ཆུབ་སེམས་དཔའི་འགྲོ་དོན་རྫོགས། ་སྤྲུལ་སྐུ་བྱེ་བ་ས་ཡ་ཡིས། །རིགས་དྲུག་ངོ་ལ་ཅིར་ཡང་སྟོན། །ཐུགས་ཀྱི་སྒོ་ལྕགས་ལས་རབ་འབྱོར་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་བསྟན་པའི་ལེའུ་བདུན་པའོ། །རྣལ་འབྱོར་ཆེན་པོའི་དོན་བསྟན་པ། །ཐབས་དང་ཤེས་རབ་བཟུང་འབྲེལ་བས། །ཉོན་མོངས་ཡེ་ཤེས་རྩལ་དུ་སྣང་། །དམ་རྫས་ལྔ་ཡང་སྤྱོད་པའི་རྩལ། །བསྐྱེད་རྫོགས་གཉིས་ཀྱི་སྒོར་ཞུགས་ནས། གཞི་ལམ་འབྲས་བུ་ཐག་བཅད་ནས། །ཏིང་འཛིན་ལྔ་ཡི་སྒོར་ཞུགས་ནས། །རིགས་འཛིན་ལྔ་ཡི་ལམ་རྒྱུད་དེ། །ཆོ་ག་ལྔ་ཡིས་དོན་མཚོན་ནས། །སྔགས་ཀྱི་ཡན་ལག་ལྔར་ལྡན་པས། །ཡོ་བྱད་ལྔ་ཡི་ཐབས་ཆེན་པོས། །རྩ་བ་ཡན་ལག་དམ་ཚིག་གིས། །ཏིང་འཛིན་ལྔ་གསུམ་བརྟེན་བྱས་ནས། །གཏན་ཚིགས་བཞི་ཡིས་གཏན་ལ་ཕབ། །ཐབས་དང་ཤེས་རབ་ས་ཐོབ་སྟེ། །སྐུ་གསུང་ལྷུན་གྲུབ་རྡོ་རྗེ་ཐོབ། །ཆགས་སྡང་ལྔ་ཡིས་འགྲོ་བ་འདྲེན། །ཐུགས་ཀྱི་སྒོ་ལྕགས་ལས། རྣལ་འབྱོར་ཆེན་པོའི་གཞུང་བཀྲོལ་བའི་ལེའུ་སྟེ་བརྒྱད་པའོ། །སྐྱེ་མེད་རྣལ་འབྱོར་དོན་བཤད་པ། །ཡེ་ཤེས་དབྱིངས་དང་སྲས་ཀྱི་ཚུལ། །སྐྱེ་མེད་དབྱིངས་ཉིད་ཡེ་ཤེས་ཏེ། །ཡེ་ཤེས་རིག་པ་དབྱིངས་ཉིད་ཚུལ། །གཉིས་མེད་རོལ་པ་བདེ་བ་ཆེ། །རིམ་པར་འཇུག་པ་མ་ཡིན་ཏེ། །སྣང་སྲིད་ཕྱག་རྒྱ་ཐམས་ཅད་ལ། །ཆུ་ལ་ཉ་ལྡང་ཇི་བཞིན་དུ། །ཐུགས་འཕྲད་སྣང་སྲིད་ཕྱག་རྒྱ་སྟེ། །རིག་པ་སྲས་སུ་རྟོགས་གྱུར་ན། །སྣང་སྲིད་ལྷ་རུ་མ་གསལ་ཀྱང་། །འབྲས་བུ་རང་ལ་རྫོགས་པ་ཡིན། །རྟོགས་པར་བྱེད་པའི་ཚད་མ་ཡང་། །རིག་པ་རྩལ་གྱི་ཚད་མ་ཡིན། །ཡེར་གྱིས་རྟོགས་ན་ཕེབས་པ་ཡིན། །མེད་པ་ཕྱལ་བ་རང་བཞིན་དང་། །གཅིག་པུ་ལྷུན་གྱིས་གྲུབ་པའོ། །སྤྱོད་པ་ཚོགས་ཀྱི་ཁྱད་པར་ཡང་། །སྣང་སྲིད་བཀྲ་གསལ་ཚོགས་ཀྱི་མཆོག །རིམ་པར་བཀོད་ཅིང་སྒྲུབ་མི་དགོས། །ཡེ་ཤེས་བླ་མའི་ས་ལ་གནས། སྐུ་གཅིག་ཀུན་ཏུ་ཁྱབ་པ་ཡིས། །ཆུ་ཟླའི་ཚུལ་དུ་འགྲོ་དོན་བྱེད། །ཐུགས་ཀྱི་སྒོ་ལྕགས་ལས་ཆོས་ཉིད་རྣལ་འབྱོར་གྱི་དོན་བཀྲོལ་བའི་ལེའུ་སྟེ་དགུ་པའོ། །ཤིན་ཏུ་རྣལ་འབྱོར་དོན་བཤད་པ། །ཇི་བཞིན་ནམ་མཁའ་རྡོ་རྗེ་དང་། །རྟོགས་བྱ་ཐེག་པའི་ཡང་རྩེའོ། །རྟོགས་བྱ་ཐེག་པའི་རང་བཞིན་ནི། །སྣང་སྲིད་རིག་པའི་ལྷུན་གྲུབ་ལ། །ཐེག་པའི་རྩོལ་བས་༄༅། །སྒྲུབ་མི་བྱེད། །ཅིར་སྣང་ཆོས་ལ་འགེགས་མི་བྱེད། །སྐྱེ་རྟོགས་འགག་མེད་པ་ཅིར་མི་དགོངས། །སྐྱེ་འགག་ཀུན་གྱི་ཞིང་དུ་གནས། །དགུ་ཡི་དངོས་ཆར་དགུར་མི་གནས། །རྒྱ་མཚོར་ནམ་མཁའི་ཆོས་སྣང་བཞིན། །དགག་སྒྲུབ་མེད་པར་སེམས་ལ་རྫོགས། །སྤྱིར་ན་ཐེག་པའི་བྱེ་བྲག་རྣམས། སྣང་བའི་ཆོས་འདུ་ཆོས་འབྱུང་བཞིན། །ཀུན་འབྱུང་ཀུན་འདུ་ཀུན་གྱི་གཞི། །ཐེག་པ་མཐོ་དམན་མཐོང་སྟངས་དང་། །སྐས་ཀྱི་གདང་ངམ་རི་རྒྱལ་དང་། །རི་ཕྲན་རྣམས་ཀྱིས་མཐོང་གསལ་འདྲ། །ཁྱད་པར་ཆེ་ཆུང་ཅིར་སྣང་ཡང་། །མཐོང་སྟངས་དངོས་པོ་གཅིག་ལས་མེད། །སྣང་བ་ཙན་དྲའི་གཟུགས་བརྙན་ལ། མི་ཡིས་མཐོང་བསྐོར་མཐོང་བ་བཞིན། །བསྒྲུབ་པའི་ཚད་མའི་རྟོགས་བྱེད་ནི། །གཅིག་ལ་གསུམ་གྱིས་གཏོས་བྱས་དབབ། །སྣང་སྲིད་མཐོ་དམན་ཐམས་ཅད་དང་། །འབྱུང་བ་ལྔ་པོས་བསྡུས་པ་ཀུན། །མཐོང་སྟངས་གསུམ་དུ་མཐོ་བ་སྟེ། །ཀ་དག་སྤྲོས་བྲལ་དངོས་པོའི་དོན། །རྒྱལ་བའི་དགོངས་པ་སྤྱོད་ལས་འདས། །དེ་ནི་རྣམ་དག་ལམ་ཆེན་པོ། །སྟོབས་ཅན་མ་བསྐྱོད་རང་གར་བཞག །སྣང་བ་སྲིས་མ་ཐིམ་པར་བཞིན། ཕྱོགས་ཆར་མ་བཟུང་འབྲས་བུའི་མཆོག །སྐུ་གསུམ་འདོད་པའི་ཐ་སྙད་བྲལ། གདུལ་བྱ་འདུལ་བྱེད་མ་གྲུབ་པས། །གདུལ་བྱའི་དོན་གྱི་ཐ་སྙད་བྲལ། །འཁོར་འདས་གཞི་ལ་རྫོགས་པ་དེ། །སྣང་སྲིད་རིག་པའི་བདག་ཉིད་པས། ། ཆེ་བའི་ཆེན་པོར་བདག་ཉིད་གནས། །སྟོབས་ཅན་གློད་ལ་གྲོད་པ་བཞིན། །ལྷུན་གྱིས་གྲུབ་པའི་ངང་ཉིད་འདི། །བརྟགས་ན་ལྷུན་གྲུབ་ཉིད་དུ་སྣང་། །ལྷུན་གྲུབ་ཀློང་ན་ངང་གནས་ན། ། མི་རྟོག་བསམ་གཏན་བསམ་གཏན་མིན། །རྟོག་པ་བློ་ཡི་སྤང་བླང་ཅན། །ཁྱུད་ཧུ་ཉན་པའི་བྱིས་པ་དག །སྒྲིབ་སྤངས་སྣང་བའི་འདོད་པ་འདྲ། །མ་སྤངས་ལྷུན་གྲུབ་འབྲས་བུའི་མཆོག འགྲོ་དོན་གཞན་དུ་སྒྲུབ་མི་དགོས། །དངོས་པོ་མ་ངེས་སྣང་བའི་དོན། །གཞི་གཅིག་ཀུན་ཏུ་སྣང་བ་སྟེ། །མ་ངེས་ཁ་དོག་སྣ་ཚོགས་ལ། །ཇི་ལྟར་གནས་པས་དེ་བཞིན་སྣང་། ། ཐེག་པ་མཐོ་དམན་ཐམས་ཅད་དང་། །མཐོ་རིས་ངན་སོང་བྱེ་བྲག་ཀུན། །མ་ངེས་ཕྱིར་ན་སྣ་ཚོགས་སྣང་། །བསམ་གཏན་དོན་དང་མ་ངེས་ཕྱིར། །ཤེས་པ་མ་བཅོས་རང་དགར་སྐྱེ། ། རིག་པ་མ་ཡེངས་འཛེམ་བག་མེད། །དེ་ནི་བསམ་གཏན་རྒྱལ་པོ་ཡིན། །ཆུ་སྲིན་རྒྱུས་པའི་ཟས་བཞིན་ནོ། །རྟོགས་པའི་ཡེ་ཤེས་མ་ངེས་ཏེ། །རྒྱལ་བའི་སྐུ་དང་རྩི་ཤིང་སོགས། །གདུལ་༄༅། །བྱའི་ངོས་ལ་ཅིར་ཡང་སྣང་། །རྡོ་ཡི་སྙིང་པོའི་དཔེ་བཞིན་ཏེ། །ནམ་མཁའ་རྡོ་རྗེའི་གནས་ལུགས་ནི། །ཐེག་པ་དགུ་ཡི་བྱེ་བྲག་དང་། །སྣང་སྲིད་དངོས་པོའི་ཆོས་རྣམས་ཀུན། །རང་གནས་རང་འཆར་རང་གྲུབ་པས། །ཀུན་འཁོལ་ཀུན་སྤྱོད་ཀུན་ཏུ་གནས། །མཐོ་དམན་མེད་པས་རྩེ་འབྱམ་སྟེ། །སྣང་བའི་མཐོ་དམན་འགོག་མི་བྱ། །བལྟ་རྒྱུ་མེ་པའི་ལྟ་བ་ཅན། །རྫོགས་པའི་ཐེག་པའི་གཞུང་གསུམ་མོ། །འདོད་བཞིན་གནས་པ་མ་མིན་ཏེ། །འཆར་བ་མི་འགོག་གསུམ་མི་གནས། །གཅིག་ཏུ་འདུས་པས་ངོས་བཟུང་མེད། ། བསྒོམ་ཡང་རང་བསྒོམ་བསྒོམ་མི་བྱེད། །བྱུང་ཚོར་གཟུང་བའི་རྟེན་མི་བྱ། །ནམ་མཁའ་རྡོ་རྗེའི་ཚད་མ་སྟེ། །གཅའ་བ་མེད་པར་ཡེ་ཕེབས་པའོ། །རང་ཤར་གྲོལ་དུ་མེད་པ་སྟེ། །མདོག་མ་བསྒྱུར་བ་བསྒྱུར་པའི་མཆོག །མཚམས་མེད་མི་དགེའི་ཚོགས་རྣམས་ཀུན། །མ་བཟློག་མ་སྤངས་མ་ཡན་ན། །དེ་ཉིད་རྫོགས་པའི་ཡེ་ཤེས་ཡིན། །དེ་ལྟར་རྟོགས་ན་རྣལ་འབྱོར་པའོ། །་བཤད་དུ་མེད་པའི་ཆོས་འདི་ལ། །བཤད་པར་བྱ་བའི་རང་བཞིན་འབྱུང་། །རྒྱལ་བའི་ཡེ་ཤེས་གཏི་མུག་མཆོག །གསོ་རྒྱུ་མེད་པའི་རྟོགས་པ་ཅན། །བསྟན་ཅིང་བརྟགས་པས་རྟོགས་མི་འགྱུར། །མུན་པ་སྣང་བའི་འཁྲིགས་པ་ཅན། །རྟག་པ་རྒྱུན་དུ་ཁྲེ་རུ་འབྱུང་། །ཅི་སྐྱེས་རང་བྱུང་རང་ཡན་ཏེ། །སྤང་བླང་མ་བྱས་ཀུན་གྱི་རྗེ། །མ་བསྒྲུབས་ཆེ་བའི་ཆེན་པོར་གནས། །ནམ་མཁའ་ཆེ་ཐུགས་ཀྱི་སྒོ་ལྕགས་ལས། །ཤིན་ཏུ་རྣལ་འབྱོར་གྱི་དོན་བཀྲོལ་བའི་ལེའུ་སྟེ་བཅུ་པའོ། །སློབ་དཔོན་ཆེན་པོ་ཤྲཱི་རི་སེང་ཧས་ཐུགས་ཀྱི་སྒོ་ལྕགས་དབྱེ་བའི་དོན་བཀྲོལ་བའོ། །རྫོགས་སོ། །དཔལ་གྱི་སེང་གེ་དགོངས་པའི་བཅུད། །དྲུག་པ་ཀུན་བཟང་ཐུགས་ཀྱི་གཏིང་། མཚོན་བྱེད་སྒོ་ལྕགས་དབྱེ་འགྲོལ་འདིས། །མ་ལུས་གྲོལ་ནས་བློ་མ་སྣང་། །འདི་རོག་གི་དཀར་ཆག་ན་མེད། །སེའི་དཀར་ཆག་ལ་ཡོད་ཚིག་དོན་ལེགས་མདོག་ཁ་བཤུས་ཀྱང་ཡོད་ལོ་ཆེན་གསུངས།

༄༅། །མ ཎྜ ལ སྱ དྷཱ རྨ རྠ སཱུཏྲ སཾ གྲ ཧ ནཱ མ བི ཧ ར ཏི སྨ། ། ༄༅། །དཀྱིལ་འཁོར་གྱི་ཆོས་དོན་མདོར་བསྡུས་པ་ཞེས་བྱ་བ་བཞུགས་སོ། །

༄༅། །རྒྱ་གར་སྐད་དུ། །མཎྜལ་དྷརྨཱ་ཪྠ་པཱུ་ཏྲ་སཾ་གྲ་ཧ། བོད་སྐད་དུ། དཀྱིལ་འཁོར་གྱི་ཆོས་དོན་མདོར་བསྡུས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། ཐུགས་ཀྱི་དཀྱིལ་འཁོར་ཆོས་ཉིད་སྤྲོས་པ་མེད། །གསུང་གི་དཀྱིལ་འཁོར་བསྟན་པ་བརྗོད་དུ་མེད། །སྐྲ་ཡི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད། །དཀྱིལ་འཁོར་གཙོ་ལ་དཀྱིལ་འཁོར་ཚུལ་དུ་མོས། །རྒྱུད་ཀྱི་རྒྱལ་པོ་མ་ལུས་གཞུང་དོན་ལས། །ལྷ་དང་ཕོ་བྲང་ཇི་སྙེད་བསྟན་པ་ཀུན། །གནས་ཤིང་བཞེངས་ཚུལ་ཐུན་མོང་གྱུར་པ་རྣམས། །ལམ་གྱི་རྣམ་འབྱོར་དོན་དུ་ཅུང་ཟད་བཤད། །གཞུ་འདིར་ཚད་མས་ལུས་སྨོས་པ། །ངོ་བོ་དབྱེ་བ་ངེས་ཚིག་དང་། །གནས་ཐབས་སྐྱོན་ཡོད་དཔེ་དག་དང་། །དོན་རྟགས་བརྒྱད་ཀྱིས་དོན་རྣམས་བསྡུས། །ངོ་བོ་ཆོས་རྣམས་ཐམས་ཅད་དེ། །བདེན་པ་གཉིས་ཀྱི་མཚན་ཉིད་ཅན། །དོན་དམ་སྤྲོས་དང་བྲལ་བ་ལས། །ཀུན་རྫོབ་གཙོ་འཁོར་དེ་ཉིད་དོ། །དབྱེ་བ་རང་བཞིན་ཏིང་འཛིན་དང་། །

༄༅། །གཟུགས་བརྙན་དཀྱིལ་འཁོར་རྣམ་པ་གསུམ། །རང་བཞིན་དོན་དམ་ཀུན་རྫོབ་གཉིས། །དོན་དམ་རྣམ་མིན་རྣམ་གྲངས་ཅན། །དང་པོ་རྣམ་གྲངས་མིན་པ་ནི། ། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པ། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོ་གསུངས། །དེ་ལྟར་རྒྱུད་རྒྱལ་ཀུན་ལས་བཤད། ། རྣམ་གྲངས་ཅན་གྱི་དཀྱིལ་འཁོར་ནི། །ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་རྣམས་ །ལྷ་དང་ལྷ་མོའི་རང་བཞིན་དུ། །ངང་གིས་ཆོས་མཐུན་དེ་ལྟར་གནས། །རང་བཞིན་ཀུན་རྫོབ་དཀྱིལ་འཁོར་ནི། །འོག་མིན་བླ་མེད་གནས་མཆོག་ན། །འབྲས་བུ་རྒྱལ་བའི་དཀྱིལ་འཁོར་རྣམས། །དོན་དམ་མཚོན་ཕྱིར་རྟགས་སུ་སྣང་། ༈ །ཏིང་འཛིན་དཀྱིལ་འཁོར་རྣམ་གསུམ་སྟེ། །རང་བཞིན་དེ་ལ་བསྒོམ་པ་དང་། །གཟུགས་བརྙན་དེ་ལ་སློབ་པ་དང་། །རང་གི་རྩལ་གྱིས་བསྐྱེད་པའོ། །གཟུགས་བརྙན་དཀྱིལ་འཁོར་གཉིས་ཡིན་ཏེ། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་ནོ། །དང་པོ་རྣམ་པ་དྲུག་ཡིན་ཏེ། །གསེར་དངུལ་ལུགས་དང་དུང་རྡོ་འབུར། །རྭ་ཤིང་བཞོགས་དང་རས་ལ་བྲིས། །ས་མྱག་ལྡེར་དང་རྡུལ་ཚོན་གཅལ། ༈ ། ། ལྷག་པའི་གཟུགས་བརྙན་རྣམ་གསུམ་སྟེ། །ཕི་དང་ནང་དང་གསང་བའོ། །ཕྱི་ནི་ལུས་དང་ཡན་ལག་ལྔ། །ནང་ནི་འཁོར་ལོ་དྭངས་མ་ལ། །གསང་བ་རྡོ་རྗེ་པདྨར་སྦྱར། །དེ་དག་སྤྱི་ཡི་དབྱེ་བའོ། །ངེས་ཚིག་དཀྱིལ་ནི་གཙོ་བོ་སྟེ། །འཁོར་ནི་དེ་ཡི་སྤྲུལ་པ་ཡིན། །ཡང་ན་འདས་པ་དཀྱིལ་ཡིན་ཏེ། །འཁོར་ནི་འཇིག་རྟེན་པ་ལ་བྱ། །གནས་ཐབས་དཀྱིལ་འཁོར་རྣམ་གསུམ་ལས། །རང་བཞིན་དོན་དམ་དཀྱིལ་འཁོར་ནི། །ཅི་ཡང་མ་ཡིན་ཇི་ལྟའི་ཚུལ། །དངོས་པོའི་གནས་ལུགས་ཉིད་དུ་གནས། །རང་བཞིན་ཀུན་རྫོབ་དཀྱིལ་འཁོར་ནི། ། རྟེན་དང་བརྟེན་པ་གཉིས་ཡིན་ནོ། །རྟེན་ཡང་གཞི་དང་གཞལ་ཡས་ཁང་། །གཞི་ནི་འབྱུང་བའི་དཀྱིལ་འཁོར་བསྟན། །གཞལ་ཡས་དངོས་དང་གདན་ཡིན་ནོ། །གཞལ་ཡས་དངོས་ལ་བརྒྱད་ཡིན་ཏེ། །དབྱིབས་དང་ཁ་དོག་རྩིག་པ་དང་། །ཤིང་དང་ལོངས་སྤྱོད་ར་བ་འོབས། །རྒྱན་དང་མཐའ་ཡས་ཞིང་ཁམས་སོ། །དབྱིབས་ལ་རྣམ་པ་བཞི་ཡིན་ཏེ། ། ༄༅། །ཕྱི་དང་ནང་དང་སྒོ་དང་གཞི། །ཕྱི་དབྱིབས་མཆོད་རྟེན་མཁར་ཐབས་དང་། །རྒྱལ་ཁབ་རི་བོ་གུར་དུ་འདོད། །ནང་དབྱིབས་རིགས་དང་ཕྲིན་ལས་བཞི། །སོ་སོའི་རྒྱུད་བཞིན་ཤེས་པར་བྱ། །སྒོལ་ལ་འོག་དང་སྟེང་ཡིན་ཏེ། །འོག་ནི་སྒོ་དང་སྒོ་ཁང་ཅན། །སྟེང་ནི་སྐས་དང་གླང་རྒྱབ་སོགས། །ཇི་ལྟར་མཛེས་པའི་ཚུལ་དུ་བཞེངས། ༈ །གཞི་ཡི་དབྱིབས་ནི་ཚད་མེད་དེ། །རྒྱ་མ་ཆད་པ་ཕྱལ་ལེ་བའོ། །ཁ་དོག་རྣམ་པ་མང་མོད་ཀྱང་། །རིགས་དང་ཕྲིན་ལས་ཡེ་ཤེས་དང་། །སྤྱི་མཐུན་ལྷུན་པའི་ཚུལ་ཉིད་དུ། །སྔགས་རྒྱུད་རྣམས་ལས་སོ་སོར་འབྱུང་། །རྩིག་པ་རྨང་དང་ལོགས་དང་རྩེ། །རྨང་ནི་ནང་དུ་རྐྱང་པ་དང་། །ཕྱི་ནི་རིན་ཆེན་ལྔ་རུ་སྦྲག །ལོགས་ནི་རྨང་བཞིན་བཞེངས་པ་ལ། །ཕྱི་ཡི་རྩེ་ལ་ཕ་གུ་བཏོང་། །སྒོ་ཕུགས་གོང་དུ་བསྟན་པ་བཞིན། །ཤིང་ལ་སྒོ་ཕུགས་རྣམ་པ་གཉིས། །ཕུགས་ན་ཀ་བ་བརྒྱད་པོ་ཡིས། །གདུང་ཆེན་བཞི་ཡི་རྩེ་ནས་བཏེག །གདུང་ཆེན་བཞི་ཡི་རེ་མིག་ཀྱང་། །ཕྱམ་རྩ་ཉེ་ཤུ་བརྒྱད་ཀྱིས་བཀབ། །དེ་བཞིན་དྲལ་ཐོག་ཅི་རིགས་པའོ། །སྒོ་ཁང་ཕྱི་ཟུར་བཞི་པ་ན། །ཀ་བ་བཞི་བཞིས་གདུང་སྣ་ནི། །བརྒྱད་བརྒྱད་བཏེག་པ་རྟ་བབས་རྨང་། །ཀ་གདན་ཀ་ཞི་རིགས་པའོ། །ལོངས་སྤྱོད་འདོད་ཡོན་སྣམ་བུ་ལ། །གཟུགས་མཛེས་སྒྲ་སྙན་དྲི་མཆོག་དང་། །རོ་ཞིམ་ཡིད་འོང་ཆོས་རྣམས་ཀྱི། །ལྷ་མོ་རྣམས་ཀྱིས་དགྱེས་པར་རོ། ༈ །ར་བ་རྡོ་རྗེ་མུ་ཁྱུད་དེ། །འོབས་ནི་མེ་འོབས་འཁོར་ཡུག་ཡིན། །རྒྱན་ནི་བླ་རྒྱན་འོག་རྒྱན་དང་། །རྩེ་རྒྱན་དང་ནི་ལོགས་རྒྱན་དང་། །སྒོ་རྒྱན་དང་ནི་རྣམ་པ་ལྔ། །དོན་རྟགས་སྐབས་སུ་ཤེས་པར་བྱ། ༈ །ཞིང་ཁམས་སྐུ་གསུམ་འདུལ་ཚད་ཀྱང་། །སོ་སོའི་རྒྱུད་ལས་བསྟན་པར་ཟད། ༈ གདན་གཉིས་སེང་གེ་གླང་སོག་ཁྲི། །ཉི་ཟླ་པདྨ་རིན་ཆེན་གདན། །གཙོ་འཁོར་རྣམས་ལ་ཅི་རིགས་པར། །རྒྱུ་ལས་གསུངས་པ་བཞིན་དུ་བཤད། །བརྟེན་པ་ལྷ་ཡི་དཀྱིལ་འཁོར་ལ། །སྐུ་དང་སྐུ་མདོག་མཚན་དཔེ་དང་། །ཕྱག་རྒྱ་ཕྱག་མཚན་བཞུགས་སྟབས་ཚུལ། །རྒྱན་ཆས་འོད་ཀྱིས་བསྡུས་པའོ། །སྐུ་ནི་ཞལ་གཅིག་ཕྱག་གཉིས་དང་། །ཞལ་གསུམ་ཕྱག་དྲུག་དེ་བཞིན་དུ། །ཕོ་དང་མོ་ཡི་མཚན་མ་ཅན། །དེ་ལ་སོགས་པ་མཐའ་ཡས་མཆོག །སྐུ་མདོག་ཉི་མ་ཟླ་བ་དང་། །གསེར་དང་པདྨ་རཱ་ག་དང་། །ཨི་ཎྜ་ནཱི་ལ་ལ་སོགས་༄༅། །པ། །འདྲེས་དང་མ་འདྲེས་ཁ་དོག་ཅན། །མཚན་ནི་སུམ་ཅུ་རྩ་གཉིས་ཏེ། །དུང་དང་མཛོད་སྤུ་སྤྱི་གཙུགས་དང་། །ཐུན་མོང་མཚན་ནི་ཉི་ཤུ་དགུ། །བསོད་ནམས་ཁྱད་འཕགས་མདོ་བཞིན་བཤད། ༈ །དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ཁྱད་པར་གནས་སྐབས་ལས་། །དཔེ་བྱང་བཟང་པོ་མདོ་བཞིན་བརྩི། །ཕྱག་རྒྱ་ཕྱག་གི་འདུ་བྱེད་དེ། །བཅིངས་དང་དགྲོལ་དང་བསྒྱུར་ལ་སོགས། །དམ་ཚིག་ལས་སུ་ཕྱེ་བ་ཡང་། །ས་གནོན་ལ་སོགས་བསྟན་པ་ཡིན། ཕྱག་མཚན་ཕྱག་ན་བསྣམས་པ་སྟེ། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་ལ་སོགས་པ། །དོན་རྣམས་མཚོན་ཕྱིར་རྟགས་སུ་བསྣམས། །བཞུགས་སྟབས་རྫོགས་དང་སེམས་ཚུལ་དང་། །བཞེངས་དང་དོར་སྟབས་ལ་སོགས་པ། །གཙོ་བོ་ཉིད་ནི་ཀུན་ཏུ་ཞལ། །འཁོར་རྣམས་གཙོ་བོ་ཉིད་ལ་བལྟ། །ཡུམ་དང་བཅས་པའི་དཀྱིལ་འཁོར་རྣམས། །ཡུམ་རྣམས་གཡོན་ནས་ཡབ་ལ་བལྟ། །སྒོ་བ་ཡབ་ཡུམ་ལྡན་པ་རྣམས། །ཕོ་མོ་གཡས་གཡོན་ཟུར་གྱིས་གནས། །ཚུལ་ནི་རྣམ་པར་དགུ་ཡིན་ཏེ། །ལྷ་དང་ལྷ་མོའི་དཀྱིལ་འཁོར་རྣམས། །

མཉེན་ལྟུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུས་གཟི་བྱིན་ནོ། །རྒྱན་ནི་རྣམ་པ་བདུན་ཡིན་ཏེ། །དབུ་རྒྱན་སྙན་ཆ་མགུར་ཆུ་དང་། །ངོ་ཤལ་དཔུང་རྒྱན་སེ་མོ་དོ། ་ཕྱག་དང་ཞབས་ཀྱི་གདུ་བུའོ། །ཆས་ནི་རྣམ་པ་ལྔ་ཡིན་ཏེ། །སྟོད་གཡོགས་དང་ནི་སྨད་དཀྲིས་དང་། །ཟེ་ཁབ་དང་ནི་ཆོས་གོས་དང་། །གཙང་གོས་ན་བཟའ་ལྔ་རུ་བཤད། ༣ ། འོད་ནི་དགྱེས་དང་སྡུད་པ་དང་། །ངོ་བོ་གཟུག་བརྙན་རྣམ་པ་དང་། །ལས་དང་ལྔ་ཡི་དབྱེ་བ་ཡིས། སྣང་བ་གཏན་ལ་དབབ་པར་བྱ། །འགྱེད་པ་ཐུན་མོང་ཐུན་མོང་མིན། །སྡུད་པ་བྱེ་བྲག་བཅུ་གཉིས་ཏེ། །ངོ་བོ་གསལ་བའི་ཡོན་ཏན་ཅན། །གཟུགས་བརྙན་སྐུ་གསུང་ཐུགས་སུ་སྣང་། །ལས་ནི་སྣོད་སྦྱང་བཅུད་སྨིན་བྱེད། །དེ་ལྟར་མདོ་སྡེ་དག་ལས་གསུངས། རང་བཞིན་དཀྱིལ་འཁོར་ཇི་ལྟར་བར། །ལྷག་མ་རྣམ་ཀྱང་དེ་བཞིན་གནས། །རྣལ་འབྱོར་ལམ་ལ་གནས་པ་ཡིས། །དེ་ལྟར་ཡིད་ལ་གོམས་པར་གྱིས། །རང་བཞིན་དཀྱིལ་འཁོར་མ་རྟགས་ན། །ཆོས་ཉིད་ལྟ་བའི་དོན་དང་འགལ། །བདག་མེད་ལྟ་བ་མ་རྟོགས་ན། །བླ་མེད་བྱང་ཆུབ་ཐོབ་མི་འགྱུར། །ཏིང་འཛིན་དཀྱིལ་འཁོར་མ་བསྒམས་ན། །རྟོག་པའི་དེ །

༄༅། །དབང་བསྒྱུར་ཏིང་འཛིན་པས། །མ་བསྒོམས་ལམ་ལ་བགྲོད་མེད་ཅིང་། །མཐར་ཐུགས་འབྲས་བུ་འབྱུང་མི་འགྱུར། །གཟུགས་བརྙན་དཀྱིལ་འཁོར་མ་མཚོན་ན། ། རྨོངས་པས་དོན་རོ་མི་ཚོར་ཏེ། །གཞན་དོན་མཐར་ནི་མི་ཕྱིན་པས། །བྱང་ཆུབ་སྤྱོད་པ་ཉིད་དང་འགལ། ༈ །སྐྱོན་བཟློག་པ་ནི་ཡོན་ཏན་ཏེ། །དཀྱིལ་འཁོར་གསུམ་ལ་གནས་བྱས་ནས། །བདག་གཞན་དོན་རྣམས་མ་ལུས་པ། །ཐབས་ལ་མཁས་པས་མྱུར་དུ་འགྲུབ། །ཐབས་མཁས་ཐུགས་རྗེའི་མཛད་སྤྱོད་ཀྱིས། །འདོད་ལ་ཞེན་པའི་གདུལ་བྱ་རྣམས། །མི་སྤང་ལམ་དུ་དྲང་བའི་ཕྱིར། །འཁོར་ལོས་སྒྱུར་རྒྱལ་ཆོས་བཞིན་མཛད། །ཞིང་ཁམས་དང་ནི་ཕོ་བྲང་དང་། །བཙུན་མོ་སྲས་དང་འཁོར་རྣམས་དང་། །ལོངས་སྐྱོད་རྒྱན་དང་དམ་ཁྲིམས་རྣམས་ །འཁོར་ལོ་སྒྱུར་རྒྱལ་ཆོས་དང་མཚུངས། །དོན་རྟགས་རྣམ་གྲངས་བསྟན་པ་ནི། །གཞི་ལམ་འབྲས་བུར་བཅས་པའི་ཆོས། །ཡོན་ཏན་རྣམ་གྲངས་ཇི་སྙེད་པ། །དཀྱིལ་འཁོར་གསུམ་ལ་ཡོངས་སུ་རྫོགས། །རྒྱས་པར་རྟེན་དང་བརྟེན་པ་གཉིས། །རྟེན་ལ་གཞི་ཡི་དོན་རྟགས་ནི། །མཁའ་རླུང་མེ་ཆུ་ས་དང་ལྡན། །ཡུམ་ལྔའི་རྟགས་ཏེ་རི་རབ་དང་། ། རི་ཕྲན་གླིང་དང་གླིང་ཕྲན་རྣམས། །ཡབ་ཀྱི་རྟགས་ཏེ་ཕོ་བྲང་སྤྱི། །གཙུག་ཏོར་འཁོར་ལོས་སྒྱུར་བའི་ཚུལ། །གཞལ་ཡས་དབྱིབས་ཀྱི་དོན་རྟགས་རྣམས། །མཆོད་རྟེན་བརྒྱད་སོགས་བསྟན་པ་ནི། །སྡུག་བསྔལ་བརྒྱད་སྒྲོལ་མཛད་པ་བརྒྱད། །མཁར་ཐབས་རྒྱལ་ཁབ་རི་བོ་རྣམས། །བདུད་དཔུང་འཇོམས་དང་ལོངས་སྤྱོད་དང་། །བསྲུང་བའི་དོན་དུ་ཤེས་པར་བྱ། །འཁོར་ལོར་རྡོ་རྗེ་རིན་ཆེན་དང་། །པདྨ་རྒྱ་གྲམ་རིགས་ཀྱི་རྟགས། །ཟླུམ་པོ་པདྨ་ལེ་ཚེ་ཞི། །གྲུ་བཞི་འཁོར་ལོ་རིན་ཆེན་རྒྱས། །ཟླ་གམ་གྲུ་ཆད་གཞུ་དབྱིབས་དབང་། །གྲུ་གསུམ་བྷ་ག་ཁྲོ་ཞལ་དྲག །སྒོ་ནི་ཡེ་ཤེས་བཞི་དག་དང་། །བསྡུ་བ་ཚད་མེད་རྣམ་ཐར་བཞི། །ལམ་སྟེགས་བརྒྱད་ནི་འཕགས་ལམ་དང་། །ཐེག་པ་བརྒྱད་དང་རྣམ་ཐར་བརྒྱད། །སྒོ་ཁང་སྒོ་སྲུང་ཁང་པ་སྟེ། །སྟེང་ནི་མ་རིག་མུན་པ་སེལ། །ཡེ་ཤེས་མཐོངས་ཁུང་དབྱེ་བའི་ཕྱིར། །བཅུ་གཅིག་རྡོ་རྗེའི་རེ་མིག་ཅན། །སྐས་དང་གླང་པོའི་རྒྱབ་འདྲ་དང་། །གདུགས་ཅན་ལ་སོགས་སྟེང་དབྱིབས་ནི། །གདུལ་བྱ་ཡིད་འོང་བྱ་བའི་ཕྱིར། །ཇི་ལྟར་མཛེས་པར་བསྟན་པ་ཡིན། །ཆོས་དབྱིངས་མུ་མེད་བརྡལ་བའི་ཕྱིར། །གཞི་དབྱིབས་ཚད་མེ་བསྟན་པ་ཡིན། ༅ ༄༅། །ཁ་དོག་དོན་རྟགས་བསྟན་པ་ནི། །དཀར་དམར་སེར་ལྗང་མཐིང་ག་རྣམས། །སྐུ་གསུང་ཡོན་ཏན་ཕྲིན་ལས་དང་། །ཐུགས་ཀྱི་རྟགས་ཏེ་གོ་རིམ་བཞིན། །མེ་ལོང་ཡེ་ཤེས་སོ་སོར་ཏོག །མཉམ་ཉིད་བྱ་བ་ནན་ཏན་དང་། །ཆོས་ཀྱི་དབྱིངས་ཀྱང་གོ་རིམ་རྟགས། །ཡང་ན་སྤྱི་མཐུན་ལྷུན་པོ་བཞིན། །ཡང་ན་ཞི་དབང་རྒྱས་པར་དང་། །སྣ་ཚོགས་དྲག་པོ་གོང་མ་བཞིན། །རྩིག་པའི་དོན་རྟགས་བསྟན་པ་ཡང་། །རྐྱང་པ་རང་བྱུང་ཡེ་ཤེས་ཏེ། །གསུམ་རིམ་སྐུ་གསུང་ཐུགས་ཀྱི་རྟགས། །ལྔ་རིམ་ཡེ་ཤེས་ལྔ་རུ་སྦྱར། ༈ །ཕ་གུ་ཡོན་ཏན་དཔགས་པ་སྟེ། །རྩེ་ལ་རྣམ་པ་མང་མོད་ཀྱང་། །རེ་ཞིག་བྱང་ཆུབ་ཆེན་པོ་ལ། །དྲན་དང་ཡང་དག་རྫུ་འཕྲུལ་དབང་། །བང་རིམ་བཞི་ཡི་དོན་དུ་བཞེད། །བུམ་རྟེན་སྟོབས་ཏེ་བུམ་པ་ནི། །བྱང་ཆུབ་ལམ་ཡིན་བྲེ་དག་ནི། །འཕགས་པའི་ལམ་དུ་ཤེས་པར་བྱ། །སྒོ་སྟེགས་རྟ་བབས་བཞི་པོ་ནི། །གསུམ་ནི་ཁམས་གསུམ་བཞི་པ་ནི། །འཕགས་ལམ་པདྨས་མཚན་པ་ཅན། །ཤིང་གི་དོན་རྟགས་བསྟན་པ་ལ། །ཕུགས་ཀྱི་ཤིང་གི་གནས་ཚུལ་ནི། །ཀ་གདན་བསྙེན་གནས་ཀླུ་ཆེན་བརྒྱད། །ཀ་བ་འཕགས་ལམ་ལྷ་ཆེན་བརྒྱད། །ཀ་གཞུ་རྣམ་ཐར་གཟའ་ཆེན་བརྒྱད། །གདུང་ནི་མི་འཇིགས་རྒྱལ་ཆེན་བཞི། །ཕྱམ་རྩ་སྟོང་ཉིད་ཕ་རོལ་ཕྱིན། །དེས་མཚོན་རྒྱུ་སྐར་ཉི་ཤུ་བརྒྱད། །ཕྱམ་ནི་གནོད་སྦྱིན་ཉེར་བརྒྱད་ཀྱིས། ། སྟོབས་བཅུ་མ་འདྲེས་བཅོ་བརྒྱད་མཚོན། །དྲལ་ཐོག་ཡོན་ཏན་བསམ་མི་ཁྱབ། ༈ །སྒོ་ཁང་ཕྱི་ཟུར་བཞི་པོ་ཡི། །ཀ་གདན་ཀ་བ་ཀ་གཞུ་ནི། །དྲན་དང་སྤོང་དང་རྫུ་འཕྲུལ་རྐང་། །གོ་རིམ་བཞིན་དུ་སྦྱར་བར་གསུངས། །གདུང་བཞི་སྣོལ་མར་བཏང་བ་ནི་ །བདེན་བཞི་བསམ་གཏན་བཞི་དང་ལྡན། །ལོངས་སྤྱོད་རྣམས་ཀྱི་དོན་རྟགས་ནི། །བསོད་ནམས་ཚོགས་ནི་རྫོགས་པའི་ཕྱིར། །གཟུགས་སྒྲ་དྲི་རོ་རེག་ཆོས་ཀྱི། །ལྷ་མོ་རྣམས་ཀྱི་མཉེས་པར་མཆོད། །ར་བ་འོབས་ཀྱི་དོན་རྟགས་ནི། །རྡོ་རྗེའི་ར་བས་བདུད་དཔུང་འཇོམས། །མེ་ཡ་འོབས་ཀྱིས་ཉོན་མོངས་བསྲེག །ཆུ་དང་རླུང་ལ་སོགས་པ་ཡང་། །ཅི་རིགས་ཉིད་དུ་སྦྱར་བར་བྱ། །ཁྲོ་བོ་རྣམས་ལ་དུར་ཁྲོད་ནི། །འཁོར་བ་མ་སྤངས་གནས་དག་རྟགས། ༈ ། གཞན་ཡང་རྒྱན་གྱི་དོན་རྟགས་ནི། །བླ་རྒྱན་ཆོས་ཉིད་བླ་བྲེས་དང་། །ཐབས་དང་ཤེས་རབ་ཉི་ཟླ་དང་། །ཡེ་ཤེས་ཕྲ་མིན་སྐར་ཚོགས་གསལ། །འོག་གཞི་རྒྱན་གྱི་དོན་རྟགས་༄༅། །ནི། །གདན་གྱི་སྐབས་སུ་འཆད་པར་འགྱུར། །རྩེ་རྒྱན་རྣམ་གཅིག་མཆོད་རྟེན་ལ། །སྲོག་ཤིང་སྐུ་གསུང་ཐུགས་སུ་བསྟན། །འཁོར་ལོ་ས་ཡི་ཁྱད་པར་ཡིན། ། ཆར་ཁབ་ཐུགས་རྗེ་ཆེན་པོ་སྟེ། །འཕན་ནི་མཆོད་པའི་ལྷ་མོ་ལ། །དྲིལ་བུ་སྟོང་པ་ཉིད་ཀྱི་སྒྲ། །ཟླ་ཚེས་ཐབས་དང་ཤེས་རབ་ཡིན། །ཏོག་ནི་མི་ནུབ་རྒྱལ་མཚན་ནོ། །ལོགས་རྒྱན་ཕྱམ་མགོ་འཛི་པ་ཏྲའི། །ཁ་ནས་རིན་ཆེན་ཕྲེང་བ་ནི། །དྲྭ་བ་དྲྭ་བ་ཕྱེད་གྱུར་པ། །དབྱིངས་དང་ཡེ་ཤེས་བརྡ་ཡིན་ནོ། །སྒོ་རྒྱན་རྣམ་པ་མང་མོད་ཀྱང་། །རེ་ཞིག་དབང་གི་རྟག་བཅུ་དང་། །རྒྱན་དགུ་དང་ནི་རྫས་བརྒྱད་དང་། །རིན་ཆེན་བདུན་དང་བརྡ་དྲུག་གོ། །བཟློག་སྟེ་བརྡ་དྲུག་བསྟན་པར་བྱ། །ཆོས་ཀྱི་འཁོར་ལོ་གཙོ་བོའི་བརྡ། །རི་དྭགས་འཁོར་གྱི་བརྡ་ཡིན་ཏེ། །ཅོང་ནི་ངེས་དོན་བརྡ་སྒྲ་ཡིན། གཎྜི་དྲང་དོན་བརྡ་ཡིན་ཏེ། །རྡོར་དྲིལ་ཐབས་དང་ཤེས་རབ་བརྡ། ༈ །རིན་ཆེན་བདུན་ནི་འདི་ལྟ་སྟེ། །དབང་ནི་འཁོར་ལོ་རིན་ཆེན་དང་། །ལྷ་མོ་བཙུན་མོ་རིན་ཆེན་དང་། །སྒོ་བ་དམག་དཔོན་ཚུལ་དགུ་དང་། །མངོན་ཤེས་བློན་པོ་བྱ་ར་བ། །སྟོབས་བཅུ་གླང་པོ་རིན་པོ་ཆེ། །རྫུ་འཕྲུལ་རི་དྭགས་རྟ་ཡི་ཚུལ། ། ཡིད་བཞིན་ནོར་བུ་རིན་ཆེན་ནོ། །རྫས་བརྒྱད་ལ་ནི་འདི་ལྟ་སྟེ། །བདུད་འཇོམས་མི་ནུས་རྒྱལ་མཚན་དང་། །ཐུགས་རྗེའི་གདུགས་དང་དཔལ་བེའུ་ཐུགས། །བདུད་རྩིའི་བུམ་པ་མི་བསྙེལ་ཉ། །ཆོས་ཀྱི་དུང་དང་དགོས་འདོད་འབྱུང་། །སྐུ་ལྔ་བགྲོད་པའི་འཁོར་ལོ་འོ། ༈ །སྒོ་ཁང་ནང་གི་རྒྱན་དགུ་ནི། །རྨང་ན་ཉོན་མོངས་ཟིལ་གྱིས་གནོན། །གླང་དང་སེང་གེ་ངང་པ་ཡང་། །སྟོབས་དང་མི་འཇིགས་ཚད་མེད་དེ། །སཱ་ལའི་ཤིང་གི་ཚལ་ཡིན་ནོ། །བར་ན་ལས་རྣམས་སོ་སོར་འབྱེད། །རི་དྭགས་མི་དང་སྲང་ཁྲམ་དང་། །གཡོ་དང་འབྱེད་དང་བཏབ་པ་སྟེ། །བློན་པོ་རིན་པོ་ཆེ་བཞིན་ནོ། །སྟེང་ན་སྡུག་བསྔལ་དང་དུ་ལེན། །ཀླུ་དང་ཆུ་སྲིན་ག་རུ་ཌ། །ཡེ་ཤེས་ཐུགས་རྗེ་ཕྲིན་ལས་ཏེ། །ཁྱུང་གིས་ཀླུ་རྒྱལ་བླངས་པ་བཞིན། ༈ དབང་གི་རྟགས་བཅུ་འདི་ལྟ་སྟེ། །དབུ་རྒྱན་ཅོད་པན་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །སྙིང་པོ་ལྔ་ནི་ཡེ་ཤེས་དང་། །ཆོས་མོས་རྫུ་འཕྲུལ་སྨོན་ལམ་དང་། །སྐྱེ་ལས་ཚེ་དང་ལོངས་སྤྱོད་དང་། །སེམས་ལ་དབང་བ་གོ་རིམ་བཞིན། །གདན་གྱི་དོན་རྟགས་མི་འཇིགས་སྟོབས། །རྫུ་འཕྲུལ་དབང་དང་ལས་༄༅། །ཀྱི་ཁྲི། །ཐབས་དང་ཤེས་རབ་སྐྱོན་བྲལ་དང་། །དགོས་འདོད་ཚུལ་དུ་མཚན་པའོ། །བརྟན་པ་ལྷ་ཡི་དོན་རྟགས་ནི། །ལྷ་དང་ལྷ་མོར་བསྟན་པ་ཡང་། །གཞི་ནི་གཟུང་དང་འཛིན་པ་སྟེ། །ལམ་ནི་ཐབས་དང་ཤེས་རབ་ཡིན། །འབྲས་བུ་དབྱིངས་དང་ཡེ་ཤེས་པོ། །སྐུ་དང་སྐུ་མདོག་ཕྱག་རྒྱ་དང་། །ཕྱག་མཚན་བཞུགས་སྟབས་ཚུལ་དགུ་དང་། ། རྒྱན་ཆས་འོད་ཀྱི་རྣམ་གྲངས་ནི། །གྲུབ་པ་རྟགས་ཀྱི་ཕྱག་རྒྱ་དང་། །མཚོན་པ་ཐབས་ཀྱི་ཕྱག་རྒྱ་དང་། །མཛད་པ་ལས་ཀྱི་ཕྱག་རྒྱར་སྦྱོར། །དེ་ཡང་རྒྱུད་རྒྱལ་མ་ལུས་ཀྱི། །དགོངས་པ་མདོར་ནི་བསྡུས་པ་ཡིན། །མཚན་དང་དཔེ་བྱད་འོད་དང་གསུམ། །བསོད་ནམས་རྫོགས་ཤིང་ཡོན་ཏན་མཚོན། །སེམས་ཅན་དོན་རྣམས་མཛད་པ་སྟེ། །རྒྱས་པར་མདོ་སྡེའི་དགོངས་པ་བཞིན། །དོན་རྟགས་རྣམས་ཀྱི་ཆོས་མཐུན་ནི། །གཞུང་འདིར་དེ་ལྟར་སྦྱར་མོད་ཀྱི། །གཞན་དུ་ཆོས་མཐུན་མཐའ་ཡས་པ། །རྒྱུད་དང་རྟོག་པ་རྣམས་ལས་འབྱུང་། །དཀྱིལ་འཁོར་དབང་དང་དམ་ཚིག་གསུམ། །རྒྱུད་རྣམས་ཀུན་གྱི་སྲོག་ཤིང་ཡིན། །རྣལ་འབྱོར་གསང་སྒོར་ཞུགས་རྣམས་ཀྱིས། །གཅེས་པའི་ཡིད་ཀྱིས་གཞུང་འདིར་སྤྱོད། །དཀྱིལ་འཁོར་དོན་བསྡུས་རྒྱུད་ཀྱི་མན་ངག་འདིར། །ནོངས་པ་སྲིད་ན་ལྷ་ལ་བཟོད་པར་གསོལ། །འདི་བརྩམས་དགེ་བས་སེམས་ཅན་མ་ལུས་ཀུན། །དཀྱིལ་འཁོར་གསུམ་གྱི་ཀློང་དུ་གནས་གྱུར་ཅིག །དཀྱིལ་འཁོར་གྱི་ཆོས་དོན་མདོར་བསྡུས་པ་ཞེས་བྱ་བ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་བུ་དྷ་གུ་ཧྱ་པཱ་དས། །བོད་ཀྱི་ལོ་ཙཱ་བ་དབས་མཉྫུ་ཤྲཱི་དང་། །བྲན་ཁ་མུ་ཁེནྜེ་རཀྵི་ཏ་གཉིས་ལ་བརྫངས་པ། །སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའོ། །མངྒ་ལཾ་ཤཱུ་བྷཾ། ། ། །

༡ སཱཀྶཾཝེལྱོབཐེཧ ༄༅། །སཱུ ཏྱཾ བི ཎཱརྦྦ ཿ བི ཧ ར། ། ༄༅། །ཐིག་གི་བཎྜིརྠ་བཞུགས་སོ།

༄༅། །དཔའ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །མི་ཤེས་རྨོངས་པའི་འགྲོ་བ་ལ། །མཚོན་པས་གསང་བའི་དོན་ལྡན་ཕྱིར། ། གཟུགས་བརྙན་ལྷག་པ་བཤད་པར་བྱ། །བརྟན་ཞིང་ངོས་འཇམ་ཁང་བུ་ལ། །རས་སམ་གྲོ་གའམ་ཤི་ཤུན་དང་། །ཏཱ་ལའི་ལོ་མའམ་དུར་ཁྲོད་རས། །ཞིང་ཆེན་རས་ལ་སོགས་པ་ལ། ། ཕྱག་རྒྱ་མཉམ་རྫོགས་བྲིས་པ་ནི། །མཚན་མ་འབྱུང་བའི་རྟེན་ཡིན་ནོ། །རྡོ་དང་ཤེས་རྡོ་བ་སོ་དུང་། །རྒྱུ་ལ་འབུར་གཏོད་དེ་བཞིན་ནོ། །གསེར་དངུལ་ཟངས་ལྕགས་ལ་སོགས་ལ། ། མཁན་གྱི་ལུགས་བྱས་རྟེན་དུ་བཤད། །སླག་ཤ་བྱང་ཆུབ་ཤིང་སོགས་ལ། །མཉེན་ལ་རྒྱ་བྱས་མཚན་མ་འབྱུང་། །ས་སྟེང་ཀུན་ཏུ་རྒྱས་པ་ལ། །ངོས་མཉམ་བྱི་དོར་མཁར་སིལ་བཞིན། །དེ་ལ་རྡུལ་ཚོན་མཛེས་བྱས་ནས་ །དངོས་གྲུབ་འབྱུང་བའི་གཞི་རུ་འགྱུར། །ཐ་མ་ཀུན་གྱིས་གྲུབ་བྱ་བའང་། །གནས་དང་ས་ལ་གཟུགས་བརྙན་ལས། །དང་པོ་བླང་དོར་ཤེས་བྱ་བའང་། །རི་༄༅། །ཡི་རི་བྲན་འདུས་པ་སྤྱི། །གངས་དཀར་ཤེས་གྱི་འདབས་ཆེན་དང་། །ནགས་ཚལ་མང་པོ་གཏམས་པ་དང་། །ཤིན་ཏུ་བཙན་དང་འཇིགས་པའི་ངོགས། །དུར་ཁྲོད་གནས་དང་ངམ་འབྲོག་གནས། །སུམ་མདོ་གྲོང་སླེ་བཤུམ་བའི་གནས། །དགོན་པ་ཆེན་པོའི་ཕུགས་ཆེན་དང་། །བྲག་ཆེན་རྡོ་རྗེ་གཏམས་པ་སྟེ། །རིམ་བཞིན་ལས་བཞིའི་གནས་སུ་ཤེས། ། མཚོ་སླེ་ཆུ་མདོ་མཚོ་ཡི་འཇིངས། །ཆུ་ཡི་ཀློང་ངམ་རྒྱ་ཚོའི་གནས། །ཆུ་ཅན་ཕྲ་བའི་གནས་ཤེས་བྱ། །ལས་རྣམས་ཀུན་ལ་དེར་ཤིས་སོ། རི་བོ་འདུས་པའི་རྩེ་མོ་རྣམས། །ཙནྡན་ནགས་ཚལ་མེ་ཏོག་ཚལ། །ཡིད་འོང་བཀྲ་ཤིས་ཉམས་དགའ་བའི། །གནས་སུ་དཀྱིལ་འཁོར་བྱ་བར་ཤིས། །ནམ་མཁའ་བར་སྣང་ས་གཞི་རྣམས། །མཚོན་ལྔའི་དབྱིབས་འདྲ་མཁའ་དྭངས་ཤིས། ་བར་སྣང་ས་བོ་ཁ་དོག་ལྡན། །སྤྱན་ནི་མ་ཉམས་པ་མ་གྲུབ་མཉམ། །ཚྭ་སྒོ་གྱོ་མོ་རུས་གསོང་མེད། །ཅིག་ཤོས་གཤིན་རྗེ་མདུང་སྲིན་དུས། །གནོད་སྦྱིན་སྤར་ཤུལ་མ་སྦར་རྗེས། །

འབྱུང་རྐུན་འཇོལ་པ་རླུང་སྐྱོན་ཅན། །རྒྱུ་བའི་སྲང་དང་རྒྱལ་བློན་འདུག །ཆགས་པ་ཁ་ན་མ་ཐོ་བའི། །མདུན་ས་གཉེན་འབྲེལ་དུར་རྐུན་བཞིན། །ལྔ་པའང་བསླང་སྦྱང་དབང་བྱ་སོགས། །སྟ་བོན་ཡོངས་སུ་བཟུང་བསྙམས་ལ། །བཀའ་རྒྱུད་མན་ངག་རྗེས་སུ་ཞུགས། །ལྔ་གཉིས་རབ་གནས་ལྡན་པར་བྱ། །རིག་བྱེད་དག་གི་ཡན་ལག་ལས། །བཀྲ་ཤིས་ལྷ་ཡི་ཉི་མ་ལ། །འབྱོར་དང་དུས་ཚིགས་བཟང་པོ་ནི། །མཚན་མ་འགྲུབ་ཕྱིར་ལེགས་པར་བརྟགས། །ཚོན་ལྔ་རིན་ཆེན་འབྲུ་རྡུལ་ཚོན། །སྲད་བུ་རས་བལ་བ་སུ་ཏ། །གསང་བའི་ལྕང་ལོ་འཁྱིལ་མདས་སོགས། །གསུམ་དང་ལྔ་འཁྲིལ་སྲོག་ལྡན་བྱ། །ཚད་ནི་མཎྜལ་ཁོར་ཁྱུད་དེ། །ཅིག་ཤོས་ལོག་གཅིག་ཅུང་ཟད་སྲིད། །ཕྲ་སྦོམ་འཇུར་མདུད་དགྲ་སོགས་མེད། །སྔ་མ་གཤེར་ཞིང་གཉིས་ཀའང་གསར། །ཐིག་གདབ་ཆོ་ག་ཕུན་སུམ་ཚོགས། །མཁས་ལྡན་ཆེན་པོས་རབ་བསྒྲིབ་ཏེ། །རིག་པས་ཐིག་གདབ་ལེགས་པར་བྱ། །སོ་སོའི་ཚད་ལྡན་སྟེགས་བུ་ལ། །ཉི་ཤུ་རྩ་ལྔ་རབ་སྙམས་བྱུག །ཅིག་ཤོས་མཐུ་ལྡན་ལྔ་ཉིན་དོ། །གཞི་ལ་ལས་བསྐྱེད་རབ་བསྐྲད་དེ། །བྱིན་རླབས་གསུམ་དང་ལྡན་པའི་ས། །རང་བཞིན་དཀྱིལ་འཁོར་གནམ་༄༅། །ཐིག་གདབ། །དེ་ནས་ས་ཐིག་འཆད་པ་བཞིན། །ངེས་པར་བྲལ་བར་གདབ་པར་བྱ། །ཡང་ན་ཡེ་ཤེས་དམ་ཚིག་གཉིས། །རྗེས་ལ་རབ་གནས་ལྡན་ཕྱིར་གདབ། ། ཕྱི་མ་རབ་གནས་གསུམ་ལྡན་པ། །ཕྱོགས་མཚམས་ཕྱེ་སྟེ་རབ་བསྙམས་ལ། །བླ་མ་དྲི་ཟའི་ཕྱོགས་འདུག་སྟེ། །ཐིག་གཡོག་ཆུ་ལྷའི་གནས་ཉིད་དུ། །འདུག་པར་མེས་པོའི་ཐིག་གདབ་བྱ། །དེ་བཞིན་གཤིན་རྗེ་གནོད་སྦྱིན་ཕྱོགས། །སྒོར་འདུག་བསྐོར་བ་མ་ནོར་བར། །ལྷོ་དང་མཚམས་དང་དེ་བཞིན་བརྩམ། །ཡིག་འབྲུ་དགུ་པའི་གསང་སྔགས་ཀྱིས། །ཕྱོགས་མཚམས་ཕྱེ་སྟེ་རབ་བསྙམས་ལ། །འཁོར་ལོ་ལྟེ་བ་རྩིབས་མཉམས་ལ། །ཆ་ཆེན་ཆུང་དུ་བཞི་འགྱུར་ཏེ། །པདྨ་ལེ་ཚེ་ཟུར་བརྒྱད་འདྲའོ། །ཚངས་ཐིག་གཡས་གཡོན་ཆ་ཆེན་ཕྱེད། །ར་བ་ཕྱི་ནང་ཆ་ཕྲན་ཚད། །ར་བ་ནང་གི་ཕྱི་རོལ་དུ། །གཞི་ཆེན་ནང་གི་རེ་ཆ་ཆུང་། །གྲུ་ཆད་ཉིད་དམ་རེ་ཆ་མཉམ། །གློ་འབུར་ཆ་ཕྲན་སྒོ་ཁྱམས་གཉིས། །ཚད་བྱ་པཉྩ་རཱ་ག་གཅིག །ཁྱུད་ལུད་ཕོ་བྲང་ཞེས་དུ་མཉམ། །དེ་ཕྱེད་ཡ་ཕུབས་གཡས་གཡོན་ཡང་། །བཅུ་དྲུག་ཡ་ཕུགས་པཉྩ་རེ། །གདུང་དང་རྟ་བབས་བརྒྱད་ཆ་མཉམ། །ཆོས་ཀྱི་འཁོར་ལོ་ཆ་གཉིས་ཏེ། །

གདུགས་དང་ཡུ་བ་རེ་རེའོ། །རྡོ་རྗེ་མེ་རི་ལག་ཆུ་ཧ། །ཆ་ཕྲན་གསུམ་སྟེ་ཕྱེད་ཆར་བཅད། །ངོས་གཅིག་སུམ་ཅུ་རྩ་གཅིག་སྟེ། །རྟ་བབས་བཞི་ནི་རྩ་བདུན་ནོ། །དེ་བཞིན་ཕྱོགས་གསུམ་བརྩམ་པར་བྱ། །ཕྱོགས་བཞི་བརྒྱ་དང་ཉི་ཤུའམ། །ཡང་ན་ཉི་ཤུ་རྩ་བཞིའོ། །ར་གསུམ་མེ་རི་བདུན་དུ་བསྐོར། །བཅོ་བརྒྱད་པ་ཡང་དེ་བཞིན་ཏེ། །ཁ་ཅིག་གྲུ་ཆད་སྒོ་ཅན་འདོད། ། རྒྱས་པའི་ཆ་ཆེན་སྟེགས་བུ་ཡི། །ཚད་དཔག་སྔ་མའི་ཕོ་བྲང་མཉམ། །དེ་སྟེང་ཐིག་ཐུང་ཁ་དོག་དམར། །ཚངས་ཐིག་བཞི་ནི་ཟུར་ཕྱོགས་བཞིར། །ར་བ་ཕྱི་ནང་ཆ་ཕྲན་ཚད། །འཁོར་ལོ་ལྟེ་བ་ཕོ་བྲང་ལྔ། །ཆ་མཉམ་ཆེ་ཆུང་སྔ་མ་བཞིན། །དབུས་བརྒྱད་ཕྱོགས་ན་དགུ་བཞིའི་ཕྱིར། །ཕྱོགས་ཀུན་བསྡོམས་པས་བཞི་བཅུ་བཞི། །ར་བ་གཉིས་འདོད་བཅུ་དྲུག་བཞི། །གྲུ་ཆད་ལ་སོགས་རྗེས་སུ་བཤད། །འབར་བའི་དཀྱིལ་འཁོར་སྒོ་གཉིས་བརྩེགས། །ཕོ་བྲང་རྗེས་སུ་མཐུན་པ་ལས། །ནང་གི་སྒོ་ཀུན་ཆ་ཕྲན་གཉིས། །ཁྱུ་དང་ལོག་ནི་རེ་རེའོ། ། ཡང་ན་ཐོད་སྐམ་རྩིག་པས་ཕྱེ། །སྤྱིར་དཔགས་ལོགས་ཀྱི་ཕྱེད་ཐིག་མཐའ། །ཀུན་ལའང་དམར་པོ་སྦྱར་བ་དང་། །མཁའ་འགྲོ་ཁྱམས་རྣམས་ཚད་མཉམ་སྟེ། །ཕྱི་རིམ་སྒོ་བན་ཆ་མཉམ་༄༅། །ལ། ་ཕྱིར་རླུང་རྟ་བབས་བཞི་ཆ་ལྔ། །འཁོར་ལོ་ལ་སོགས་དེ་བཞིན་ཏེ། །ཁྱམས་སྒོ་མང་ཉུང་སྐྱེ་འཕྲི་བྱ། །དེ་ནས་དང་པོ་གནས་པ་བཞིན། །འདུག་སྟེ་ཡུན་བྱིན་བརླབས་ནས་ནི། །བྱང་ཆུབ་སེམས་ཐིག་མཁའ་ལ་དྲངས། །ཡི་གེ་བཞི་བཅུ་སྔགས་བཅས་པས། །རྗེས་མཐུན་གྲངས་བཞི་སེམས་ཐིག་བྱ། །ཡང་ན་གནས་ཐིག་ཐིམ་པར་བསམ། ༣༽ ། རྗེས་སུ་བྲི་བའི་ཆོ་ག་ནི། །ཉི་ཤུ་ལྔ་ཡི་གྲངས་ལྡན་པས། །རྒྱལ་པོ་བཅས་བཞུགས་བཞུགས་རྣམ་བསྐྱེད་ །ཕབ་ཐིམ་དམ་རྒྱ་མུཾ་གྱི་བརྡེག །བདག་ཉིད་ཡན་ལག་བྱིན་རླབས་ནས། །རྡོ་རྗེ་ཐལ་མོ་ཁུ་ཚུར་གྱིས། །འདུལ་བའི་ཆོ་ག་བཞིན་དུ་བཀྱེ། །ཡེ་ཤེས་རྩིག་པ་རིམ་གཅིག་བྲི། །རྩིག་ཕྱིར་དྲྭ་བ་མགུལ་འཁོར་བར། །ལྷ་མོ་ཉིད་གདན་ཕ་གུ་སྟེ། །མུ་ཏིག་ཐོད་རྒྱུ་བྲི་བར་བྱ། །རྒྱན་རྣམས་མཛེས་པ་ཉིད་དུའོ། །མཛེས་པའམ་རང་བཞིན་ཇི་བཞིན་བརྩམ། །ཟིན་ནས་ནམ་མཁའི་ཐིག་ཕབ་སྟེ། །བྱིན་དང་ལྡན་པར་བྱ་བ་དང་། །སྐུ་གསུང་ཐུགས་ལྡན་གཟུགས་ཉིད་ཀྱང་། །གདན་གསུམ་བྲིས་པའི་ཐོག་ཏུ་དགོད། །བཅོས་བུ་རས་ནི་སྣ་ཚོགས་དང་། །རྒྱན་ཕྲེད་བཏུང་དང་བྲོ་བས་བསྐོར། །བླ་རེ་རྒྱལ་མཚན་འཕན་དང་གདུགས། །པི་ཝཾ་གླིང་བུ་བདབ་པ་དང་། །རྫ་རྔ་ཀུན་མུ་རྔ་ཆེན་དང་། །ད་རྟ་ར་དང་མུན་ཙ་ར། །དབྱངས་དང་གར་དང་བཞད་པ་ཆེ། །རོལ་མོ་ཡོ་བྱད་ཇི་སྙེད་ཀྱིས། །དག་བྱེད་དཀྱིལ་འཁོར་དག་ལ་བརྒྱན། ་རིམ་པ་ཉིད་ན་བུམ་པ་དང་། །དངོས་གྲུབ་ཚེ་ན་རྫས་རྣམས་དགོད། །མཆོད་པ་རྣམས་ཀྱང་དགྲམ་པར་བྱའོ། །རྣལ་འབྱོར་ལས་བསྐོས་ཕྱོགས་སུ་བཞུགས། །གདབ་ཕྱོགས་འཕྲུལ་བས་ཉམས་པར་འགྱུར། །རྒྱུན་ཆད་བར་ཆད་ཆེན་པོ་འབྱུང་། །ཡེ་ཤེས་སྐུད་ཆད་སློབ་དཔོན་འཆི། །རབ་གནས་ལྡན་པའི་ཐིག་འགོམས་ན། །བདེ་གཤེགས་ཀུན་ལ་སྐུར་བཏབ་འདྲ། །འབྲས་བུའི་ཆོས་ལ་རིམ་འགྱུར་ཕྱིར། །ཧྲིཿ བརྗོད་འདུལ་བའི་རྣལ་འབྱོར་བྱ། །ཚོན་རྩིའང་འདྲེས་ན་ནད་དུ་འགྱུར། །འཕྲལ་སྐབས་ལོངས་སྤྱོད་ཆུང་བར་འགྱུར། ། ཡོ་བ་ཡུལ་དུ་འཁྲུག་པ་འབྱུང་། །ཆད་ན་འཕོ་བའི་རྐྱེན་འབྱུང་སྟེ། །དེ་སོགས་ཉེས་དམིགས་བཅས་པའི་ཕྱིར། །འདི་ལ་ཤིན་ཏུ་ནན་ཏན་བྱའོ། །ས་ལ་སོགས་པ་ཕྱག་རྒྱར་བྱས། ། རྣམ་གྲོལ་རིམ་པ་ཐོབ་པར་འགྱུར། །དེ་ཉིད་དག་པས་སྦྱང་གནས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །འབྱུང་བ་བཞི་ལས་གྱུར་རྣམས་ཀུན། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱུ། ། ༄༅། །བདག་ཕྱིས་སུས་ཀྱང་མཐོང་མི་བྱ། །དངོས་གྲུབ་གསང་བ་ཉམས་མེད་ཕྱིར། །དབེན་པའི་ཕྱོགས་སུ་འགྲུལ་བཅད་དེ། །སྔགས་པ་སེང་གེ་བཞིན་དུ་རྒྱུ། །གཞན་ཕྱིར་མཐོང་མོས་ཞུགས་པ་ཡིས། །ཐུན་མོང་སྡིག་ལས་གྲོལ་བར་འགྱུར། །བྱས་ཏེ་དད་ལྡན་རབ་ཞུགས་ན། །འདོད་པ་ཡིད་འོངས་མཉམ་པར་འགྱུར། །བཞད་པ་དྲི་མེད་རྡོ་རྗེ་ལས། ། འོངས་པ་གང་ཡིན་བྲིས་པ་ཡིས། །དཀྱིལ་འཁོར་ཡུལ་གྱུར་གསལ་ཤེས་ཏེ། །ཀུན་གྱིས་བྱང་ཆུབ་ཐོབ་པར་ཤོག །ཐིག་གི་པིནྠ་རྠ་ཞེས་བྱ་བ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་རྫོགས་སོ། ། ། །

༄༅། །སེམས་བསྐྱེད་ཀྱི་ཆོ་ག་བཞུགས་སོ། །

༄༅། །བཅོམ་ལྡན་འདས་བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དད་པའི་ལྷ་ལ་ཕྱག་འཚལ་ནས། །ཐམས་ཅད་མཁྱེན་ཉིད་མངོན་དད་པའི། ། རྣལ་འབྱོར་ཆེན་པོ་རྣམས་དོན་ཕྱིར། །སེམས་སྐྱེད་ཆོ་ག་བཤད་པར་བྱ། །རྩོམ་པའི་དང་པོ་མེད་པས་ན། །དཔག་ཏུ་མེད་པའི་སྒོ་ཡོད་ཀྱང་། །ས་བོན་རྒྱ་མཚོ་འདི་མེད་པས། །མཐར་ཕྱིན་འབྲས་བུ་མིན་སྣང་སྟེ། །དེ་ཉིད་སྡུག་བསྔལ་ས་བོན་འགྱུར། །དེ་བས་བཞི་འདི་གོམས་པར་བྱོས། །དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་འབྱུང་ཁུངས་ཀྱི་རྩ་བར་ངེས་པ་ནི་སེམས་ཡིན་ཏེ། གཞུང་ལས། དེ་བཞིན་ལེགས་པ་རྣམས་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོ་ལས་བྱུང་བའོ། ་ཐབས་ཀྱི་མཐར་ཕྱིན་པའོ་ཞེས་འབྱུང་བ་དང་། །རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་བྱང་ཆུབ་སེམས་ཀྱི་ས་བོན་ལྟ་བུའོ། །ཞེས་པ་དང་། ཆོས་རྣམས་ཀུན་གྱི་༄༅། །ཡོ་བྱད་ནི། །སྙིང་རྗེ་བྱང་ཆུབ་སེམས་ཡིན་ཏེ། །ཡོ་བྱད་དེ་དང་མ་ལྡན་ན། །དོན་རྣམས་འགྲུབ་པར་མི་འགྱུར་རོ། །ཚད་མེད་སྙིང་རྗེ་སྐྱེད་པ་དང་། །བྱང་ཆུབ་སེམས་ལ་དགའ་བ་ནི། །སྔོན་དུ་འགྲོ་བའི་མཆོག་ཡིན་ཏེ། །སྒྲུབ་པ་པོས་ནི་ནན་ཏན་བྱ། །རྩ་བ་བྱང་ཆུབ་སེམས་ཉིད་རྟོགས། །ཐབས་ཀྱི་ཕ་རོལ་ཕྱིན་པར་སྤྱོད། །སྙིང་རྗེས་ཆུད་མ་ཟོས་པར་ཟུང་། །གདོན་མི་ཟ་བར་འགྲུབ་ཅེས་གསུངས། །ཞེས་པ་ལ་སོགས་རྒྱས་པར་གསུངས་སོ། །དེ་དག་གི་ཁྱད་པར་ནི། །དཔེར་ན་ས་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་སྟེ། འགྱུར་བ་མེད་ཅིང་ལན་དུ་ཕན་འདོགས་པ་ལ་རེ་བ་མེད་དོ། །དེ་བཞིན་དུ་སེམས་དང་པོ་བསྐྱེད་པ་ཡང་། །སྙིང་པོ་བྱུང་ཆུབ་ལ་ཐུག་གི་བར་དུ། །སེམས་ཅན་ཐམས་ཅད་ཀྱི་འཚོ་བ་སྟེ། ། འགྱུར་བ་མེད་ཅིང་ལན་དུ་ཕན་འདོགས་པ་ལ་རེ་བ་མེད་པའོ། །དཔེར་ན། རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་ཅན་ཐམས་ཅད་ཟིལ་གྱིས་གནོན་པ་སྟེ། །རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་དོར་ལ་དབུལ་བ་ཐམས་ཅད་ཀྱང་བཟློག་གོ །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་བསྐྱེད་པའི་སེམས་རིན་པོ་ཆེ་བསྒྲུབ་པ་དང་མ་ལྡན་ཡང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏེ། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། །འཁོར་བའི་དབུལ་བ་ལས་ཀྱང་བཟློག་གོ། །དཔེར་ན་སེང་གེའི་ཕྲུ་གུའི་དྲི་མནམ་པའི་རྫིང་ཕྱོགས་ན་གནས་པའི་གཅན་གཟན་ཐམས་ཅད་ཀྱང་འབྲོས་པར་འགྱུར་རོ། །དེ་བཞིན་དུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་གང་དུ་ཕྱིན་པའི་ས་ཕྱོགས་ན་གནས་པའི་ལོགས་པར་སྤྱོད་པའི་སེམས་ཅན་ཐམས་ཅད་སྐྲག་པར་འགྱུར་རོ། །གནས་འདིར་བསྐྱེད་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་བླ་མར་བཅས་པའོ། །མཆོད་ནས་ཉན་ཐོས་བདུད་ཀྱི་སྡེ་རྣམས་ཟིལ་གྱིས་གནོན་ཞེས་གསུངས་པའོ། །ཐབས་ཆེན་བྱང་ཆུབ་སེམས་དཔའི་གསང་བའི་སྤྱོད་པའང་འདི་ཉིད་དོ། །འདི་མེད་རྒྱལ་བ་རྣམ་པར་སྣང་མཛད་ཐེག་ས་གསུམ་སྟོན་མི་སྲིད་དོ། །སྐད་ཅིག་ཙམ་ཡང་དད་པའི་ཤུགས་བསྐྱེད་དེ་ཡང་མྱུར་དུ་འཇམ་དཔལ་གཞོན་ནུར་འགྱུར། དཀྱིལ་འཁོར་གསང་བར་ཞུགས་ཤིང་ཐེག་ཆེན་དམ་ཚིག་མཆོག་ཀྱང་སྲུང་བ་༄༅། །ཡིན། །ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་བསྲུངས་ཤིང་སྦྱིན་གནས་དམ་པར་རབ་ཏུ་བསྔགས། །གང་དག་འདིར་ནི་མངོན་སྤྱོད་ལ། །དགའ་བའི་ཡིད་ཀྱིས་ཕྱོགས་བྱེད་པ། །དེ་ནི་དངོས་དང་འདྲ་བ་སྟེ། །འབྲས་བུ་ལ་ཡང་མཐོ་དམན་མེད། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་ཡོད་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་ལས་ལྷག་པར་འགྱུར། །ཞེས་པ་ལ་སོག་པ་རྒྱས་པར་གསུངས་སོ། །དེ་ལས་སེམས་བསྐྱེད་མདོར་བསྟན་ཏེ། །དངོས་པོ་གཉིས་དང་རིམ་པ་བཞི། །གཞི་དང་དཔང་པོ་ཡོ་བྱད་དང་། །ཆོག་རིལ་སེམས་བསྐྱེད་སྡོམ་པའི་དངོས། །སྒོ་གསུམ་ལས་ཀྱིས་སྤྱོད་པ་དང་། །ཤེས་བཞིན་བཤགས་པ་རྣམ་བཅུ་གཅིག །ལས་ཀྱི་གཙོ་བོར་གང་ལེན་པ། །དེ་ནི་ལྡོག་པར་མ་གསུངས་ཏེ། །ཅུང་ཟད་ཙམ་གྱི་ལས་རྣམས་ཀྱང་། །རྒྱ་མཚོ་བཞིན་དུ་མི་སྐམ་ཞིང་། །འབྲས་བུ་བདག་གཞན་གཉིས་ལ་སྣང་། །དེ་བས་ནན་ཏན་སྙིང་པོས་གྱིས། ༈ ཀུན་རྫོབ་སེམས་ནི་སྙིང་རྗེའི་མཆོག །སྡུག་བསྔལ་བཅུ་གཅིག་ཡུལ་བྱས་ཏེ། །གདུང་བས་སྐྱོབས་པའི་སེམས་བཅས་པས། །མགོན་སྐྱབས་བདག་པོར་ཡིད་ལ་བྱེད། །བདག་བདེ་བརྗེ་དང་དོན་འདོར་བ། །དེ་ནི་ལྡོག་པ་མ་གསུངས་སོ། །འཁོར་ལོས་དཔུང་གི་ཚོགས་འདྲེན་བཞིན། །དེ་ནི་སངས་རྒྱས་ཆོས་རྣམས་འདྲེན། །ས་དང་རྒྱ་མཚོ་ནོར་བུ་བཞིན། །ཡོན་ཏན་དོན་དང་སྣང་བ་རྣམས། །སྙིང་རྗེ་ཆེན་པོ་ཉིད་ལས་འབྱུང་། །མེ་ལོང་ཆུ་བཞིན་སྒྲུབ་བྱས་པ། །དངོས་གྲུབ་གགས་སུ་བྲལ་གསུངས་སོ། །བུ་དང་ཞེ་འབྲས་སྤྱོད་པ་ཡིས། །བྱང་ཆུབ་སེམས་དཔའི་མིང་མེད་ན། །སངས་རྒྱས་ཁས་འཆེས་རྣལ་འབྱོར་ཆེ། །དོན་དམ་ངེས་པར་རབ་བཤད་པ། །མ་གཡོས་ཀུན་གཞིའི་ངང་དུ་བཤད། །རང་བཞིན་སྣང་བའི་གསེར་ཚུལ་ལྟར། །གཉིས་སུ་མེད་པར་རྒྱལ་བས་བཤད། །དྲི་དང་ག་པུར་ནུས་པ་བཞིན། །མཚན་མ་མེད་པར་སེམས་མི་དམིགས། །སེམས་ཉིད་གང་ཡིན་ཆོས་ཉིད་དེ། །ཆོས་ཉིད་ཀྱང་ནི་དེ་བཞིན་ནོ། །ཆོས་སེམས་གཉིས་མེ་ལྡན་གྱུར་པས། །བླ་མེད་བྱང་ཆུབ་ཆེན་པོར་བཤད། །ནམས་མཁའ་གར་ཁྱབ་ཆོས་ཀྱིས་ཁྱབ། །ཆོས་ཉིད་གར་ཁྱབ་སེམས་ཡིན་པས། ། ཕྱི་ནང་གཉིས་མེད་སེམས་སུ་གསལ། །མོས་དང་རྒྱུན་དྲན་མངོན་འགྱུར་བར། །ཡིད་ལ་བྱེད་པའི་སེམས་དག་གིས། །དོན་འདི་ཡོངས་སུ་རྫོགས་པར་བརྗོད། །གཡོ་ཞིང་སྨོན་ངོ།

༄༅། །པར་བྱེད་པ་ནི། །རང་བཞིན་མཚུངས་པར་ལྡན་པ་དང་། །ཞར་འབྱུང་ལྷན་ཅིག་བྱེད་པ་དང་། །ཡོན་ཏན་མཐོང་ཐོས་རྗེས་འཇུག་དང་། །བྱིན་རླབས་ཤུགས་ཀྱིས་འབྲེལ་པ་བཞིན། །རྐྱེན་གྱི་རྣམ་པ་འདུས་པ་ཡིན། །སྐད་ཅིག་ཅུང་ཟད་ས་བོན་ལས། །བཙལ་མེད་བཞིན་དུ་སྐྱེ་བར་གསུངས། །ལྷག་པར་འཕེལ་བའི་གང་ཟག་གིས། །སྙིང་རྗེ་སྐྱེ་དང་ལྟར་ལྡན་པས། །དོན་གཉིས་རྒྱུ་རུ་འདི་ཤེས་ནས། །གོམས་པར་མང་དུ་བྱས་པ་ཡིས། །ཟླ་བ་ཡར་གྱི་ངོ་བཞིན་དུ། །ཇེ་ཆེ་ཇེ་མང་མངོན་འཕེལ་བར། །དམ་བཅའ་འཇུག་པར་བྱ་བ་ཡིན། །ལྷག་པའི་བསམ་པ་མངོན་བྱས་ཏེ། །འགྱུར་བ་མེད་པར་གནས་པར་བྱའོ། །དངོས་གཞི་གཉིས་ལ་རབ་བརྟན་པར། །འཇུག་པའི་སྐྱེས་བུར་དེ་བཞིན་དོ། །ཕྱིས་འབྱུང་སྡོམ་པའི་དངོས་པོ་ལ། །རྒྱུན་དང་དུམ་བུར་གང་གནས་པ། །གནས་པའི་སེམས་སུ་རབ་ཏུ་བརྟན། །དེ་ཉམས་གསུམ་དུ་ཤེས་པར་བྱ། །གནས་པ་མང་པོའི་མཐུ་རྫོགས་ལས། །མངོན་བྱས་རྐྱེན་གྱིས་མི་འཕྲོགས་ཤིང་། །བསྒྲུབ་པའི་རྐྱེན་གྱིས་མཐར་ཕྱིན་པ། །ཀློང་ཡངས་ནམ་མཁའི་དཀྱིལ་འཁོར་ལ། །སྤྲིན་མེད་ཉི་མ་འབུམ་གྱིས་བདལ། །མི་སྐྱེ་མི་འགག་ངོ་བོ་ལས། །

ཇི་ལྟར་བལྟས་དགུ་དེར་སྣང་བས། །དོན་གཉིས་ལྷུན་གྲུབ་རྟོག་བྲལ་བ། །མཐར་རྫོགས་སེམས་སུ་རྒྱལ་བས་གསུངས། །དངོས་གཞི་སྒྲིབ་བྲལ་ཉིད་དུ་བསྟན། །ཡུལ་ཉིད་ལྔ་ཡི་དབང་པོ་ནི། །རིམ་པ་གསུམ་གྱི་མཚན་ཉིད་ཅན། །སྙིང་རྗེ་ཆེན་པོ་བརླན་ལྡན་པས། །ཁེ་གྲགས་འདོད་པའི་སེམས་གསུམ་སྤངས། །ཤེས་བྱ་བར་མ་ཀུན་མཁྱེན་པས། །མ་འདྲེས་དོན་གྱི་ཐ་སྙད་རྣམས། །ནད་དང་སྨན་གྱི་རིམ་བཞིན་བྱེད། །སྟོན་པའི་མཆོག་ཏུ་འདི་གསུངས་པས། །དང་པོའི་རིམ་ལ་གནས་པའི་མིས། །བརྩོན་འགྲུས་དགའ་བའི་ལས་རྣམས་ཀྱིས། །འདུ་ཤེས་སྟོན་པར་བཞག་སྟེ་བླང་། །ཅུང་ཟད་འགལ་བའི་སེམས་མེད་པར། །རྟག་པར་གདུང་བས་རྨོངས་བྱེད་པ། །དེ་འདྲ་བྲལ་བས་མ་གསུངས་སོ། ༈ །དཔང་འགྱུར་རྡོ་རྗེ་དམ་ཅན་རྣམས། །བྱིན་རླབས་གཉན་པའི་སེམས་དག་གིས། །ལས་ཀྱི་སྟོངས་སུ་འགྱུར་བའི་ཕྱིར། །ཞིང་ཁམས་བྱེད་པའི་རྡུལ་འདས་པའི། །སངས་རྒྱས་འཁོར་འདས་བཞུགས་པར་བྱ། །དེ་དག་རྟག་ཏུ་མངོན་བསམ་སྟེ། །ཤེས་བཞིན་རང་གི་སྡོམ་པར་བསྔོ། །སྨོན་ལམ་དབང་གིས་གཟིགས་པར་འགྱུར། །མཎྜལ་བདུད་རྩིའི་དྲིས་བྱུགས་པ། །ཙནྡན་༄༅། །བདུད་རྩིའི་ཆུས་སྦྱངས་པ། །དྲི་ཞིམ་ཆས་ཀྱིས་རབ་བརྒྱད་ཏེ། །རིན་ཆེན་འབྱོར་པས་ལག་ཐོགས་བྱ། །སྣ་ཚོགས་ཡོལ་པའི་ཕྱི་རོལ་འདུག །ཁ་སྦྱར་བྷནྡྷའི་བུམ་ཆུ་སྦྱིན། །དྲིལ་བུས་རྡོ་རྗེའི་མིང་བརྟགས་བྱ། །སངས་རྒྱས་འཁོར་འདས་གཟུགས་བརྙན་དགྲམ། །སྣ་ཚོགས་མཆོད་པ་རྒྱས་པ་དག །འཁོར་གསུམ་དག་པའི་སེམས་ཀྱིས་དབུལ། ། ཁར་སིལ་རོལ་མོ་རྒྱས་པར་སྦྱིན། །འབྱུང་པོ་ཀུན་གྱི་གཏོར་རམ་དང་། །འགྲོ་དྲུག་སྦྱིན་པ་ཆེན་པོའི་ངང་། །དུག་གསུམ་སྤངས་པའི་སེམས་ཀྱིས་བཏང་། །སེམས་བསྐྱེད་མཚོན་པའི་རྡོ་རྗེ་ཡང་། །རྟག་ཏུ་བཅང་བར་བྱ་བ་ཡིན། །དང་པོ་འདས་དང་འཇུག་འདོད་དང་། །གཡོ་བར་མཁན་པོས་གསོལ་བཏབ་པས། །མཁན་པོས་གསོལ་བ་བཏབ་ནས་ནི། །དད་པའི་སེམས་ལ་གནས་སུ་གཞུགས། །དགོས་པའི་ཡོ་བྱད་རང་འབྱོར་ནས། །དགེ་བའི་བར་ཆད་བཟློག་པའི་ཕྱིར། །རྡོ་རྗེ་མི་ཤིགས་གུར་བཅིང་བྱ། །བུམ་ཆུ་གསུམ་པོ་བྱིན་བརླབ་ཕྱིར། ། བདུད་རྩི་འཁྱིལ་པའི་དྲན་པ་ཡིས། །བགེགས་བསྐྲད་པ་ཡི་རང་བཞིན་དུ། །འབྲུ་ལྔས་ཡེ་ཤེས་ཆུ་རྒྱུན་དགུག །མ་ལུས་འདུས་པའི་ཁྲོ་བཞི་ཚོགས། །བསྐྱེད་དང་སྤྱན་གྲངས་མཆོད་ཚོགས་སྦྱར། །སྔགས་ཟློས་གསོལ་བཏབ་བུ་བྱིན་བརླབས། །ཁྲུས་བྱས་དྲི་ཞིམ་རྒྱན་ལྡན་བུ། །ཡོལ་ཕྱིར་ཕྱག་བྱས་ཐལ་སྦྱར་ཏེ། །དཔའ་བོ་རྡོ་རྗེ་འཛིན་པའི་བདག །འཁོར་བ་འདོན་པའི་དེད་དཔོན་ཆེ། །སྡུག་བསྔལ་ཆུ་བོ་རྒྱུན་བཟློག་དང་། །དོན་གཉིས་བདག་གིས་མངོན་བྱས་པའི། །ཐབས་ཀྱི་ལས་མཐའ་གང་ལགས་པ། །རིམ་པ་ཡང་དག་བསྟན་པའི་ཕྱིར། ། ཐུགས་རྗེ་ཉེ་བར་བསྐྱེད་མཛད་དེ། །དེ་རིག་གནང་བ་མཛད་པར་རིགས། །མ་ལུས་ཕྱོགས་བཅུ་ན་བཞུགས་པའི། །སྔོན་གྱི་དབང་པོ་ཇི་སྙེད་པའི། །རྒྱས་པར་སྤྱན་དྲངས་མཆོད་པར་བྱ། །སངས་རྒྱས་ལྟ་བུའི་མོས་བྱས་པས། །ལག་བཟུང་ནང་དུ་གནས་པར་བྱ། །ཐལ་སྦྱར་ཞིང་ལ་ལུས་དབུལ་བྱ། །བི་ཤུ་དེ་དང་སྦྱོར་སྔགས་ཀྱིས། །ཙནྡྲན་བདུད་རྩི་ཆུ་སྦྱར་ཏེ། །དད་པའི་ལྷར་བསྐྱེད་བྱིན་གྱིས་བརླབས། །རིན་ཆེན་བསྙེན་པས་གསོལ་བཏབ་པས། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །ཐུགས་རྗེ་ཉེ་བར་བསྐྱེད་མཛད་དེ། །དམ་ཚིག་དམ་བཅས་རིམ་པ་བཞིན། །བདག་ལ་བྱིན་གྱིས་བརླབ་པར་རིགས། །རབ་ཏུ་གཏོར་ཏེ་འབྲེལ་པ་བརྟག །རྡོ་རྗེའི་མིང་ཡང་སྦྱིན་པར་བྱ། །དེང་ཁྱོད་སངས་རྒྱས་དཀྱིལ་འཁོར་གྱིས། །རིམ་པར་༄༅། །རབ་ཞུགས་ངེས་པ་ཡིན། །དམ་ཚིག་འདོད་པའི་སེམས་བསྐྱེད་ཅིང་། །གཞན་དོན་རབ་དགའི་སེམས་ལྡན་པས། །བཤགས་པའི་མཆོག་གིས་རབ་བཤོགས་ཏེ། དག་པའི་སེམས་ཀྱིས་བསླང་བར་གྱིས། །འདབ་བརྒྱད་པདྨའི་དཀྱིལ་འཁོར་ལ། །བརྟན་ནས་སྤྲད་ཅིང་མོས་བྱེད་དེ། །མཐའ་རྣམས་བྲལ་བའི་བྱང་ཆུབ་སེམས། །མི་རྟོག་མི་གནས་ནམ་མཁའ་ཉིད། །ཆོས་རྣམས་དེ་འདྲར་མོས་པ་དང་། །མཐོང་སྒོམ་ལམ་ལ་གནས་པ་དང་ །མཐར་ཕྱིན་ཐམས་ཅད་མཉམ་སྦྱོར་བས། །དམ་བཅས་ཡིད་ཀྱིས་བརྟན་པར་བྱ། །རྒྱུན་ཡང་དེ་བཞིན་བརྟན་པར་གསུངས། །དེ་ཡི་ཡོན་ཏན་དཔེ་རྣམས་ཀྱིས། །ངེས་པར་མཚོན་པ་བཞིན་དུ་བཤད། །བརྟན་པའི་བྱང་ཆུབ་སེམས་བསྐྱེད་དོ། །མ་རིག་གཞི་དང་བཅས་པའི་སེམས་། ་སྐད་ཅིག་རྒྱུན་གྱི་ལས་ཉོན་མོངས། །མཐུན་པར་སྣང་བའི་ལྟོས་པའི་ཆོས། །རྨི་ལམ་བཞིན་དུ་ཉམ་ཐག་རྣམས། །དྲན་པའི་སྙིང་རྗེ་གདུང་སེམས་ཀྱིས། །ཁུད་པའི་ཞིང་དུ་མངོན་བྱས་པས། །སྡུག་བསྔལ་རྒྱ་མཚོ་བཟློག་པའི་ཕྱིར། །ཆོ་འཕྲུལ་ལབ་དང་སྐུ་དོན་རྣམས། །རྒྱལ་བས་གྲངས་མཐའ་མི་རྟོགས་སོ། །མངོན་འདོད་བྱ་བའི་མོས་པ་དག །བརྟན་པར་བསྐྱེད་ཅིང་རྒྱུན་གནས་པ། །སེམས་ཀྱིས་མངོན་བཞིན་གནས་པར་བྱ། །ཐབས་སྦྱར་གུས་པའི་ལུས་གནས་ཏེ། །དང་པོར་གསོལ་བའི་ཚིག་བཤད་བཞིན། །སྔོན་དུ་བཏང་ནས་གཏམ་པར་བྱ། །དཀྱིལ་འཁོར་མཆོད་པ་སྦྱིན་སྲེག་སོགས། །གཞན་དོན་གྲངས་ལ་ཇི་སྙེད་པ། །ཚེ་འདི་གནས་ཙམ་མཐར་ཐུགས་པར། །ནམ་ཡང་རྒྱུད་ཆད་མ་གྱུར་ཅིག །ཐུན་མོང་ཐབས་ཀྱི་སྤྱོད་དྲུག་དང་། །མི་མཐུན་འདུལ་བའི་སྤྱོད་པ་རྣམས། །དེ་བཞིན་བརྟན་པར་བསྒྲུབ་པ་ཡིས། །འགྲོ་བ་མི་འདུལ་མེད་པར་ཤོག །དམ་བཅས་རིམ་པའི་སྡོམ་པ་རྣམས། ། ཚིག་བཤད་བཞིན་དུ་སེམས་ཀྱི་བསྒྲུབ། །དོན་གཉིས་འགྱུར་བའི་ལུས་སྤྱོད་དག །ལུས་ཀྱི་ལེ་ལོ་སྤངས་པས་བྱས། །དོན་མེད་སྤྱོད་པས་སེམས་ཀྱིས་མནན། །སྙིང་པོ་བཤད་དང་ཕན་པའི་གཏམ། །མ་གཏོགས་པ་ཡི་རྒྱུན་བཅད་དེ། །ལེ་ལོ་སྤངས་པས་གསུམ་བསྒྲུབ་བྱ། །ཅ་ཅོ་ནམ་ཡང་མ་ཡིན་པ། །སངས་རྒྱས་ཆོས་སུ་དེ་བཤད་དོ། །བསམ་གཏན་ཤེས་རབ་རབ་མ་དང་། །སྙིང་རྗེ་སྡོམ་པ་བསྔོ་བའི་སེམས། །གཡེངས་དང་བྱིངས་རྨུགས་རྣམ་སྤངས་པས། །བསམ་བྱ་རྟག་པར་གང་དྲན་པས། །སངས་རྒྱས་ཆོས་བཞིར་འདི་བཤད་དོ། །སྒོ་གསུམ་༄༅། །ཆུང་བར་མོས་འགྲུབ་པས། །རྟག་ཏུ་རང་ཉམས་སྨོད་བྱེད་པ། །དམ་ཚིག་སྡོམ་པའི་གཞིར་ཤེས་བྱ། །སངས་རྒྱས་སྐུ་གསུང་ཐུགས་ཐོབ་འགྱུར། །རྒྱས་པར་ཡོན་ཏན་བརྗོད་མི་ལོང་། །ཁུད་པའི་ཞིང་དུ་གྱུར་རྣམས་ལ། །སྡུག་བསྔལ་ཡིན་ཡང་མཐར་ཕན་སྤྱད། །སྟོད་ཅིང་མཐོ་སེམས་རབ་སྤངས་པས། །འཁྲུལ་པ་ཇི་སྙིད་བརྗོད་མི་ལོང་། །འདི་འདྲ་བ་ཡང་སྣོད་མ་སྨྲ། །རྒན་པོ་བླ་མའི་འདུ་ཤེས་བྱེད། །ཕྲག་དོག་ཅན་ལ་སེམས་ངན་མེད། །དཔག་ཚད་དུ་མའི་མཐར་གནས་བྱ། །མན་ངག་ཟང་ཟིང་ལན་སྤངས་སྦྱིན། །མགྲོན་གཉེར་དགོས་མེད་དབང་དུ་བྱ། །དོན་ཡོད་སྡིག་པ་དང་དུ་བླང་། །མ་བསྔོས་འཚོ་བ་རྟག་ཏུ་སྤངས། །གྲགས་དང་འགྲན་ནོར་དགེ་བ་དོར། ཉམས་ལ་སྙིང་རྗེ་བཏང་སྙོམས་སྤངས། ། དོན་འགྱུར་ཕྱིར་ན་བདག་དགེ་སྤངས། །དེ་ནི་ལྡོག་པར་མ་གསུངས་སོ། །འཛིན་སྤངས་པ་ཡི་སྦྱིན་པ་བཞི། །འཆང་བས་སྦྱིན་པ་བཟློག་པར་བྱ། །ལུས་འདོད་དུམ་བུའི་སེམས་དག་གིས། །སྤྲུལ་སྐུ་ཐོབ་ཕྱིར་སྦྱིན་པར་བྱ། །ཉམས་སད་ལོག་ལྟ་སུན་དབྱུང་ཕྱིར། །སྐལ་པའི་སྦྱིན་པས་བཟློག་པར་བྱ། །བསམ་གཏན་རོ་མཆོག་རླུང་གནས་ཀྱང་། །ཐེག་དམན་སྤྱོད་པ་དོར་བ་མིན། །འདོད་པའི་སེམས་ཀྱིས་གྲོང་མི་གཉེར། །བཟློག་པའི་སེམས་ཀྱིས་གྲོང་རྒྱུ་བ། །ཆོས་ཀྱི་སྐྱེས་ཀྱིས་འགྲོ་བར་བྱའོ། །དད་དང་སྡུག་བསྔལ་ཅན་གཡོས་བྱེད། །ཚུལ་ཁྲིམས་བསམ་སྤྱོད་ལྟུར་མི་འཛིན། །མཉེས་དང་བྲལ་ན་དག་པར་གསུངས། །རྩོད་པའི་རྩ་བ་སོམས་དྲན་དང་། །རྣམ་སྨིན་དྲན་པར་བཟློག་པར་བྱ། །ཁོང་ཁྲོ་ཉེས་ཆེན་བྲལ་འགྱུར་བ། ། འདི་ལྡན་བྱང་ཆུབ་སེམས་དཔའ་མེད། །ཆོས་སྤྱོད་བཅུ་ལ་དམ་བཅས་ནས། །ཐུན་མོང་ཞེན་པ་བཟློག་པར་བྱ། །སྡུག་བསྔལ་བསམ་པ་ནམ་མི་འདོར། །སྣོད་མ་བརྟས་ལ་སེམས་མི་བསྟན། ་དེ་ལ་དོན་འགྱུར་སྤངས་མི་བྱ། །ཕན་བྱེད་རྣམས་ལ་ལན་མི་གླན། །མྱ་ངན་ཅི་ཡང་གསང་བར་བྱ། །སྒྲོ་སྐུར་སྤངས་ཏེ་ཡོན་ཏན་བརྗོད། །ངན་བྱེད་མཐོང་བ་མེད་སྨོན་དང་། ་དངོས་ངན་མཐོང་བ་དེ་བཞིན་ཏེ། །སྨོན་ལམ་བདག་གི་ཞིང་དུ་བཏབ། །བཟང་པོར་སྤྱོད་དང་དངོས་པོ་བཟང་། །མཆོད་རྫས་མཐོང་བ་ཇི་སྙེད་པ། །བདག་ཞིང་ཀུན་གྱིས་སྤྱོད་པར་སྨོན། །གདུག་པ་སངས་རྒྱས་ཞིང་གནས་དང་། །འགྲོ་བ་སྤྲུལ་པས་དོན་བྱེད་དང་། །བྱིན་པ་བསམ་གཏན་བདེན་གནས་དང་། །བསམ་རྩིས་ཆོས་ཀྱི་བསམ་པ་དང་། །འགྲོ་༄༅། །བ་སེམས་ཅན་དོན་བསྟན་དང་། །དཔའ་བོ་བདུད་བཞི་གཡུལ་འཇོམས་དང་། །ཐམས་ཅད་སྤྱོད་བཞིན་མ་གོས་དང་། །སྲོག་གཅོད་ཁྲོ་བོ་ཕྲིན་ལས་དང་། ། འདོད་ཆགས་མཉམ་པར་སྦྱོར་བ་དང་། །སྐུ་བྱེད་དངོས་གྲུབ་ལེན་པ་དང་། །རི་བོ་རྟོགས་པས་མི་འཕྲོགས་དང་། །ཆུ་རྒྱུན་ཆོས་སྤྱོད་རྒྱུན་ལྡན་དང་། །འབྲས་བུ་སྐུ་དང་ཡེ་ཤེས་དང་། མེ་ཏོག་རྣམ་གྲོལ་ཕུང་པོ་དང་། །ཡུལ་ཁམས་རྣམ་དག་འཇིག་རྟེན་དང་། །ཁ་ཟད་ཏིང་འཛིན་རོ་མཆོག་དང་། །སྐོམ་དང་སྙིང་རྗེ་ཆུ་འཐུང་སོགས། །ཁམས་གསུམ་གནས་པའི་སེམས་ཅན་ལ། །སྨོན་ལམ་ཡིད་ཀྱིས་ཟིན་པར་བྱ། །གཞན་ཕྱིར་བདག་ཀྱང་དེ་བཞིན་སྨོན། །རྩ་བའི་སྤྱོད་པ་གསུམ་པོག་པ། །སེམས་བསྐྱེད་སྡོམ་པ་བླངས་ནས་མཐོར། །ཉམས་མེད་བསམ་པའི་དྲན་པ་དང་། །ཤེས་བཞིན་ལྟ་བ་བརྟག་དངོས་ཏེ། །གང་ཞིག་སྔོན་གོམས་དབང་ཉམས་པ། །འགྱོད་དང་བཅས་པར་སོར་གཞུག་བྱ། །ཡི་གེ་ལ་སོགས་བཟོ་མཐའ་རྣམས། ། རྩོལ་བས་རྒྱུན་དུ་འཇུག་བྱེད་པ། །གོམས་ཏེ་སླ་བར་མ་གྱུར་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །སྤྱོད་ལམ་རྣམ་གསུམ་དྲན་བྱ་བ། །བྱང་ཆུབ་སེམས་དཔའི་མིང་ཐོབ་སྟེ། །དེ་ནི་ལྡོག་པར་མི་འགྱུར་རོ། །དཔེར་ན་ཕྱུག་པོ་ནོར་སྡོད་པ། །མེད་པར་གྱུར་པ་སོར་འཇུག་བཞིན། །སྤྱོད་པ་མཉམ་པའི་རྣམ་འབྱོར་པས། །ཞིག་པ་བཞིན་དུ་མི་གནས་ཏེ། །གཞིའམ་འོན་ཏེ་གཞན་དག་གམ། །དཔང་པོར་གྱུར་པས་རྟེན་དག་ལ། །སྔོན་དུ་མཎྜལ་མཆོད་སྦྱར་ནས། །མེ་ཏོག་ཕྱག་འཚལ་ལུས་གུས་པས། །འགྱོད་སེམས་དངོས་པོ་གང་གིས་བཤགས། །དེ་བཞིན་སླར་ཡང་བླང་བར་བྱ། །བདག་དང་དངོས་པོ་འབྲས་བུ་རྣམས། །མི་དམིགས་སེམས་ཀྱིས་བཤགས་བྱ་བར། །དེ་ནི་ཉེས་པར་མ་གསུངས་སོ། །འདི་ནི་ཤིན་ཏུ་གསང་བའི་ཆོས། ། བདག་གཞན་གཉིས་ཀའི་དོན་འགྱུར་ཕྱིར། །སྡོམ་པ་རྣམ་གྲངས་འཕེལ་མི་བྱ། །འདོད་པ་སྦྱིན་པའང་དེ་བཞིན་ནོ། །ཐུན་མོང་རབ་ཏུ་ཞེན་པ་བཟློག་པ་དང་། །བསླབ་པ་མཐར་ཆུབ་དེ་ལས་གྲོལ་བའི་ཕྱིར། །ལས་མཐའ་སེམས་དཔའ་ཆོ་ག་མདོར་བཤད་པས། །འགྲོ་བ་མཐའ་དག་བྱང་ཆུབ་སེམས་ལྡན་ཤོག སེམས་བསྐྱེད་པའི་ཆོ་ག་མདོར་བཤད་པ་ཛི་ན་མི་ཏྲས་མཛད་པ་རྫོགས་སོ། ། ། །ཞུས། ༄༅། །བསྲེ་བའི་ཐོ་བྱང་བཞུགས་སོ། །དད་དང་ལྡན་པ་གཞུག་པ་ཡང་། །མཆོད་པ་བཤམས་ལ་བརྡ་ཕྱག་བྱ། །དྲི་དང་མནའ་དང་མཚམས་བཤགས་༄༅། །དབབ་། །མཆོད་པ་བརླབས་ཏེ་ཞི་ཁྲོ་མཆོད། །མནན་དང་བསྒྲག་གཞུག་ཞུ་བ་དང་། །ཡོན་དབུལ་བགེགས་བསྐྲད་ཕྱག་འཚལ་གཞུག །ཚེ་སྦལ་ལ་བགེགས་བསྐྲད་སྒྲིབ་པ་བྲལ། །བུ་བརླབ་བདག་སྒོམ་ཞུ་བ་དང་། །དོར་དང་མིག་དབྱེ་ལྷ་དབོག་དང་། །དམ་ཆུ་བླུད་ཅིང་བསྒྲགས་པ་དང་། །སྐུ་གསུང་ཐུགས་ཀྱི་དམ་བསྒྲགས་པ། །བསྲེ་དང་བརྟན་བྱ་མིང་དབང་བསྐུར། །ནུབ་དབང་བསྐུར་ཞིང་ལྷ་བཤད་དང་། །བཀའ་སྲུང་བ་དང་སུམ་ཅུ་གཉིས། །བསྲེ་བའི་ཆོ་གའི་ཐོ་བྱང་ཡིན། །སློབ་དཔོན་བི་མ་ལས་མཛད་པ་རྫོགས་སོ། ། ། །དགེའོ། །

༄༅། །སྒྱུ་འཕྲུལ་དྲ་བ་རྡོ་རྗེ་ལས་ཀྱི་རིམ་པ་བཞུགས།

༄༅། །རྒྱ་གར་སྐད་དུ། མཱ་ཡཱ་ཛཱ་ལ་ཀརྨ་བཛྲ་ཀྲ་མ་ནཱ་མ། བོད་སྐད་དུ། སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་ལས་ཀྱི་རིམ་པ་ཞེས་བྱ་བ། བདུད་བཞི་ལ་སོགས་རིག་པའི་གདེང་གིས་དག། སྐུ་ལྔ་ལ་སོགས་ཡོན་ཏན་ལྷུན་གྲུབ་ཀྱང་། །རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །རང་བཞིན་མངོན་བྱས་མ་ལུས་རེ་བ་སྐོང་། །སྐུ་གསུམ་མ་བྱས་མི་ཕྱེད་མཐའ་རྣམས་དག །རང་རིག་ཀུན་གསལ་བདག་ཕྱིར་རྣམ་རྟོག་བྲལ། །དུས་གསུམ་མི་འགྱུར་རྒྱ་མཚོ་ཆེ་ལས་སྒྲོལ། །བཅོམ་ལྡན་རྡོ་རྗེ་སེམས་ལ་འདུད་ཕྱག་འཚལ། །རང་བཞིན་ཀུན་རྫོགས་ཁོང་གསལ་རྐྱེན་བཅས་རྟོག་གསུམ་སྦས། ལོག་གསུམ་གཉིས་སྣང་ཕན་ཚུན་རྒྱུ་འབྲས་རང་བཞིན་ཉམས་པ་མེད། ཀུན་མཁྱེན་རང་བཞིན་གསལ་བྱེད་གསུམ་ལས་ལྟ་སོགས་དངོས་མང་པོ། གང་ལའང་གང་ཡང་རྒྱས་དང་འབྲེལ་མིན་ར་ཆོད་ལུང་རིགས་འབྲེལ། །དགོས་ཕྱིར་རྒྱུད་རིགས་སྟོན་པ་རྡོ་རྗེའི་ཐུགས་ལ་གནས་ལུང་བསྟན། གཉིས་གཞོལ་གཉིས་རྨོངས་དོན་ཕྱིར་གསལ་བྱེད་རྡོ་རྗེ་ལས་རིམ་༄༅། །དབྱེ། །རྣལ་འབྱོར་ཐེག་མཆོག་སངས་རྒྱས་ཆོས། །ཀུན་ལམ་འབྲས་བུ་ཐུགས་ཆུད་དོན། །རིན་ཆེན་རྒྱ་མཚོ་རྡོ་རྗེ་སེམས། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཆེན་པོའི། །ཤེས་བྱའི་དངོས་པོ་མ་ལུས་ལས། །གཞི་རྩ་དཀྱིལ་འཁོར་དབང་གི་དོན། །དངོས་པོ་གསལ་བྱེད་མདོར་བསྡུས་མིང་། །རང་བཞིན་ཡེ་ཤེས་རྡོ་རྗེ་ནི། །མཐའ་བྲལ་མི་ཕྱེད་རྡོ་རྗེ་དང་། །རྐྱེན་དང་བྲལ་ཕྱིར་འཇིགས་མེད་པ། །ཤེས་ཐོབ་བརྟགས་མིང་ངོ་བོ་ཕྱིར། །རྡོ་རྗེ་ལས་རིམ་གཉིས་སུ་བསྡུས། །འདི་དག་འབྲེལ་བའི་མཚན་ཉིད་ནི། །དཀྱིལ་འཁོར་ཕྱི་རོལ་འཇུག་སྒོ་རྐྱེན། །ནང་རྒྱུ་རྟེན་བཅས་ངོ་བོའི་ཕྱིར། །འབྲེལ་པ་རྒྱུ་འབྲས་ཐབས་སུ་བཤད། །ལུས་ཀྱི་དངོས་གཉིས་དང་པོ་ཉིད། །དཀྱིལ་འཁོར་དོན་ནི་གཉིས་ཡིན་ཏེ། །རྣམ་གྲངས་མིང་དེས་ཚིག་ཏུ་བཤད། ། རང་བཞིན་ལ་སོགས་དངོས་པོ་བདུན། །རྣམ་པའི་ཡན་ལག་བཅས་པ་དང་། །སྐབས་མིང་སྒྱུ་འདུལ་ཐུགས་རྗེ་སོགས། །གཞུང་རྒྱས་ཚིག་གིས་འཇིགས་ཕྱིར་དང་། །ལུང་ལས་གསལ་བས་བྲི་མ་བྱས། །སྐབས་ཀྱི་ལྷག་གཉིས་བྱང་སེམས་གསུམ། །ཏིང་འཛིན་ལྷག་པའི་དཀྱིལ་འཁོར་ནི། །བདག་ཉིད་ལས་ཀུན་བྱེད་དཀྱིལ་འཁོར། །རབ་གནས་ཀུན་ལ་འཇུག་པ་སྟེ། ། མཚན་ཉིད་ཡན་ལག་རིམ་པ་རྣམས། །གཞན་ལས་རྒྱས་པར་ཤེས་པར་བྱ། །དཀྱིལ་འཁོར་གཉིས་པ་རྣམ་དབྱེ་བ། །ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་བ་རྣམ་པ་དང་། ། རབ་གནས་སྦྱིན་བསྲེག་འཇུག་པ་དང་། །ཡོན་ཏན་རྣམ་བཅུས་རྒྱས་ཤེས་བྱ། །གཞི་དང་རང་མཚན་བསླད་དབང་དང་། །སྦྱང་བྱིན་བསྲུང་དང་བཟུང་བ་ནི། །དང་པོའི་ཉིད་ལག་ཉིད་དུ་བཤད་། །ཟུང་བརྒྱད་ལ་སོགས་རྩེ་མང་དང་། །ཆུ་བོ་བཞིན་དུ་མ་བོ་ཞིང་། །མཉམ་ཞིང་འོ་ག་ཆུ་ལྟར་དང་། །ཉི་མ་ཤིན་ཏུ་གནས་པ་ནི། །ནམ་མཁའི་མཚན་ཉིད་ཤེས་པར་བྱ། །མཐོ་དང་འདུད་པས་ནུབ་བྱང་ཡིན། །ཤར་ལྷོ་གཞོལ་ཞིང་འཇམ་པ་ལ། །ཐོ་སྒོ་གྲོག་མདོ་ཆུ་སྣ་ཚོགས། །དཀྱིལ་འཁོར་དབང་དགྲ་མཚམས་བརྟག་བྱ། །ལྷུན་སྟུག་རི་བོ་ནགས་ཚལ་ལྡན། ། རབ་ཏུ་མཉམ་ཞིང་སྣུམ་བག་ཅན། །ཆུ་བོ་དབང་གི་ཕྱོགས་ཡིན་ཏེ། །ཅུང་ཟད་ཙམ་གྱིས་རླུང་ཉུང་ཞིང་། །མེ་ཏོག་ཤིང་ཚལ་བྱ་སྐད་བརྟག །ལོ་རྒྱུས་ཤིས་པའང་མཆོག་ཏུ་གསུངས། །

༄༅། །བདག་ཉིད་བརྟགས་ཤིང་ཉམས་དགའ་དང་། །བསམ་གཏན་དགྲ་ལས་རིང་གྱུར་པ། །རང་ཁྱིམ་ལ་སོགས་དེ་བཞིན་ཏེ། །ནན་ཏན་ནུས་མཐུ་ལྡན་ཕྱིར་ཡིན། ། མཚན་ཉིད་སྦྱངས་པ་ཕྱོགས་གསུམ་སྟེ། །ཐང་ཀ་སོག་ལེ་ལྟ་བུ་དང་། །དམའ་དང་བོ་བོའི་མཚན་ཉིད་དང་། །ཚ་རྐོ་ཟུག་རྡོ་རུས་སྤལ་དང་། །གྲམ་པ་ཐལ་བ་ཤིང་སོལ་དང་། །གྱོ་མོག་རུས་པ་གསོལ་ལ་སོགས། །ནེ་ཀྲོ་ཏ་དང་པ་ལ་ཤ །ཨུ་དུམ་བ་ར་ཨ་ཤརྠ། །ཨནྡྲ་ན་ལ་སོགས་པའི་ཚུལ། །འདོད་པ་མ་ཡིན་སྦྱང་སྤོ་བྱ། །བཀྲ་ཤིས་རྩ་དང་མེ་ཏོག་ཤིང་། །གནག་དང་ཁ་དོག་ལྡན་པ་དང་། །རྩིགས་མ་རྒྱུས་པ་རབ་ཉུང་ཞིང་། །ལྷག་པར་འགྱུར་པ་མཆོག་ཏུ་བཤད། །ཤིན་ཏུའང་བརྟགས་པའི་ས་དབུས་སུ། །དཀྱིལ་འཁོར་ལྕི་བ་དྲིས་བྱུགས་པ། །མཉམ་ཞིང་གླང་ཀོ་ཙམ་བྱས་ལ། །ག་བུར་ཙན་དན་ལྡན་བྱས་ལ། །སྔགས་མཁན་ཞི་བའི་ཆས་ལྡན་པ། །ཕྱག་རྒྱས་ལེགས་འཁྱུད་བདེ་བར་འདུག །བདག་ཉིད་མི་འཆིའི་ཏིང་འཛིན་གྱིས། ། མཆོད་པ་ཏིང་འཛིན་ཡེ་ཤེས་བརླབ། །ལྷག་པའི་དཀྱིལ་འཁོར་གསལ་བྱས་ལ། །ལུགས་སུ་མཆོད་ཚོགས་ལེགས་པར་སྦྱར། །ས་གཞི་ལམ་ལས་གསེར་མདོག་ཅན། །བུམ་པ་རིམ་ཆེན་གང་བ་དང་། །ཕྱག་རྒྱ་སྟོན་པ་མཆོག་སྦྱིན་ཡིན། །ལྷ་མོ་སྤྱན་གྱི་རང་བཞིན་ཏེ། །སྐུ་གསུང་ཐུགས་ཀྱི་བརྟན་པར་བྱ། །རང་སྙིང་སྣང་མཛད་ཕྱག་རྒྱས་གདབ། །ཚིགས་བཤད་ཏིང་འཛིན་ལྡན་པ་ཡིས། །བོས་ཏེ་ཕྱག་རྒྱས་གཉིས་མེད་བྱ། །མཆོད་པ་བདུད་རྩི་གླུ་གར་གྱིས། །རྒྱས་མཆོད་འདོད་དོན་གསོལ་བ་གདབ། །གཏོར་མ་བཟའ་བཏུང་མེ་ཏོག་ལྡན། །དེ་བཞིན་རིན་ཆེན་ལྡན་པའི་ཆང་། །འདོད་ཡོན་བདུད་རྩིར་བྱིན་བརླབས་ལ། །ཞིང་སྐྱོང་རྣམས་ལ་རྒྱས་པར་སྦྱིན། །ནམ་མཁར་བཞུགས་ཏེ་ས་དབང་རྣམས། །ཚིམ་བྱས་བསྒོ་བ་དྲག་བྱས་ལ། ། སངས་རྒྱས་བྱིན་རླབས་ཧཱུྃ་བསྡུས་ཏེ། །མི་བཟད་ཤིན་ཏུ་འཇིགས་པ་ཡི། །ཞེ་སྡང་རྡོ་རྗེ་སྤྱན་འབར་བ། །ཀང་མཐིལ་ཐུགས་ལ་མཐིལ་ནག་ཧཱུཾ། །གསང་སྔགས་རྡོ་རྗེ་གོམ་པར་བཅས། ། ཁྲོ་བོ་ཡུངས་ཀར་ཕྱོགས་བཅུར་སྤྲོ། །འོག་དང་ཕྱོགས་མཚམས་རྒྱ་གྲམ་གུར། །འབར་བའི་མེ་ཡིས་ཕྱོགས་མཚམས་བསྐོར། །རང་གི་གནས་སུ་བརྗིད་བག་གིས། །འདུག་སྟེ་རིན་ཆེན་བསླང་བར་བྱ། །ཕྱག་རྒྱ་ཏྲི་ཤུལ་གཉིས་མནན་ཏེ། །ཇི་ལྟར་ཆེ་མཆོག་རྡོ་རྗེ་ཡིས། །བདུད་བཞི་བདུད་ཀྱི་སྡེ་བཏུལ་ནས། །རྒྱལ་སྲིད་ཆོས་ཀྱི་དཔུང་བརྩུགས་པ། །དེ་བཞིན་དུ་ནི་བདག་༄༅། །གིས་ཀྱང་། །ངེས་པ་བྱ་ཕྱིར་དཀྱིལ་འཁོར་བྲི། །ས་ཡི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་རཏྣ་མས་ཚང་ཅིང་སི་ཏི་ཀུ་རུ་ས་མ་ཡ་སྟཾ། བསམ་གཏན་བཅས་པས་ལན་གསུམ་བྱ། ཨོཾ་སུམ་བྷ་ནི་སུམ་བྷ་ནི་ཧཱུྃ། གྲྀ་ཧྣ་གྲྀ་ཧྣ་ཧཱུཾ། གྲི་ཧྣ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་བཱན། བཛྲ་རཱ་ཛ་ཡེ་ཧཱུཾ་ཧཱུཾ་ཕཊ། ལྷ་མོ་རང་བཞིན་གཉིས་མེད་ཕྱིར། །འཛུམ་བའི་མདངས་ཀྱིས་འོད་ཁྱབ་པས། །ཐམས་ཅད་རིན་ཆེན་ངོ་བོ་སྟེ། །ཡེ་ཤེས་ལྔ་ཡི་རང་བཞིན་དུ། །བརྟན་བྱས་དངོས་གྲུབ་མཆོག་ཏུ་གྱུར། །དངོས་གྲུབ་དབང་དུ་བྱ་བའི་ཕྱིར། །ཟངས་སོགས་ཕུར་བུ་ཟླ་གམ་ལ། །ཧཱུྃ་ལས་བྱུང་བའི་དབང་མཆོག་ཁྲོ། །རཱ་གའི་མདོག་འདྲ་ཟླ་གམ་རྩེར། །པདྨའི་ཞགས་པ་ཕུར་འདྲིལ་ཞིང་། །སྡང་མིག་ཕྱག་བཞི་ངེས་བསམ་ཏེ། །སྐུ་གསུང་བྱིན་རླབས་དབུས་སུ་སྦྱར། །འོད་ཀྱིས་ཐམས་ཅད་བསྡུས་བྱས་ལ། །བདག་གིར་བྱུང་བའི་ས་དག་ནི། །ལས་ཐམས་ཅད་ལ་ཤིས་པར་འགྱུར། །དབང་དུ་ས་གཞི་སྒྲུབ་ཆོག་གོ །སྦྱངས་པ་ལས་མེ་སྔགས་ཕྱག་རྒྱ། །ཏིང་ངེ་འཛིན་གྱི་དག་པར་འགྱུར། །ལྟོ་འཕྱེའི་དུས་ཚོད་གཞན་ཤེས་བྱ། །མ་ནོར་ཕྱོགས་ནས་ལས་རྣམས་རྩམ། །རྒྱ་སྤངས་ཁྲུ་གང་གྲུ་བཞིར་དབུས། །བཤད་པའི་མཚན་ཉིད་བཞིན་དུའང་བརྟག །ཆུས་བཀང་གོམ་པ་བརྒྱར་བལྟ་བྱ། །བཟང་དང་བཀྲ་ཤིས་རིན་ཆེན་ས། །འབྲུ་སྣར་བཅས་གཞུག་འཐས་པར་བརྡུང་། །ཚད་དང་མཉམ་པའི་ས་མཉམ་པར་བྱ། །ནས་སྲན་གྲོ་འབྲས་ཏིལ་དཀར་པོ། །རང་བཞིན་སྐུ་ལྔ་ཐོབ་ཕྱིར་དང་། །དག་པ་ཕུང་པོ་ལྔ་རུ་ཤེས། །གུར་གུམ་ལང་གུ་ཙན་དན་གཉིས། །དན་ཏི་ཀ་ཡི་དྲི་འདི་དག། ཕྲིན་ལས་ཡུལ་གྱི་རང་བཞིན་དེ། །ཐོབ་ཕྱིར་ངེས་པར་ཚང་བར་སྦྱར། །བྱུ་རུ་མུ་ཏིག་གསེར་དངུལ་དང་། །རིན་པོ་ཆེ་ནི་འབྱུང་བའི་དངོས། །ཞི་སོགས་ཡོན་ཏན་ཐོབ་ཕྱིར་སྦྱར། །ལན་ཚྭ་སྦྲང་རྩི་བུ་རམ་མར། །ཨ་འབྲས་ལ་སོགས་འབྲུ་སྣ་ལྔ། །རྣམ་ཤེས་ཡེ་ཤེས་རང་བཞིན་ཏེ། །ངེས་པ་ཉིད་དུ་བཟུང་བར་བྱ། །ཧ་ས་དེ་བ་པྲི་ཧ་ཏེ། སེ་ཏ་ཀན་དྷ་ཀ་རི་དང་། །ཨ་པར་ཙི་ཏ་སྨན་གྱི་མཆོག །དབང་པོ་དག་དང་གསུང་གི་ཚོགས། །ཉི་ཟླ་ཆུ་དང་སར་བཅས་དང་། །རྣམ་པ་ལྔ་ཡི་མམ་ས་ནི། །ཁམས་ཀྱི་རང་བཞིན་རིགས་ལྔ་སྟེ། །སུམ་བཅུ་རབ་མཉམ་སྐམ་པར་བྱ། །ཀུན་ནས་མཚན་མ་ངན་འགྱུར་ན། །གཞན་དུ་བསྒྲོད་དམ་ཞི་བ་ཡི། །མེ་ཡིས་རབ་ཏུ་དག་པར་འགྱུར། །འབྲིང་གྱུར་ལག་གཡས་མཐིལ་སོར་ལ། །ཉི་མ་འབྲུ་ལྔ་ཧཱུཾ་ལྔ་མཐིང་། །རྩེ་ལྔ་རྡོ་རྗེ་ཧཱུཾ་བཅས་བསམ། །སྔགས་ཀྱི་ལན་གསུམ་ས་ལ་བསྐུལ། །འོད་ཀྱིས་མ་ལུས་སྦྱང་བར་བྱའོ། །ཨོཾ་བཛྲ་ཧ་ན་ཧ་ན་ཀྲོ་ཏ་ཧཱུྃ་ཕཊ། །ཐམས་ཅད་དག་པར་འགྱུར་བའི་ཕྱིར། །ཕྱག་རྒྱ་སྔགས་ཀྱིས་སྦྱང་བར་བྱ། །ཐམས་ཅད་རང་སེམས་རྣམ་པའི་ཕྱིར། །མཚན་ཉིད་མེད་པའི་ཕྱག་རྒྱ་ནི། །ནམ་མཁའ་ལྟ་བུར་རང་བཞིན་གནས། ། འཁྲུལ་སྣང་ས་དང་ས་འཛིན་རྣམས། །འཁྲུལ་ཆོས་ཆོས་ཅན་ལ་གནས་ཕྱིར། །དག་པར་བལྟས་ན་མཚན་ཉིད་མེད། །རྗེས་སུ་སྐུལ་བར་བྱེད་པའི་སྔགས། །ཨོཾ་མ་ཧཱ་ཤཱ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷ་བ་ཨ་ཏྨ་ཀོ་྅་ཧྃ། །གཟུང་དང་འཛིན་པ་གཉིས་མེད་ཕྱིར། །སྤྱོད་ཡུལ་ཡོངས་སུ་དག་པར་བྱ། །རང་རིག་སྐད་ཅིག་ཧཱུྃ་བསམ་ཏེ། །ཡེ་ཤེས་སྙིང་པོ་ཧཱུྃ་ཉིད་ལས། །རྩེ་ལྔ་རྡོ་རྗེ་ཧཱུྃ་བཅས་པ། །ཧཱུཾ་གྱུར་ནམ་མཁའ་ཨེ་གཟུགས་ཅན། །ཐམས་ཅད་ཀུན་གྱི་གཞིར་གནས་པའོ། །དྲན་བསྐྱོད་རླུང་ནི་ཡཾ་སྔོན་པོ། །ས་བོན་ཆུ་སྟེ་པཾ་དཀར་བཤད། །མ་ལུས་གཞིར་གྱུར་གསེར་དམོག་ལཾ། །སྐད་ཅིག་སྒྲ་མེད་དམར་སེར་རཾ། །མ་ངེས་ཀུན་གཞི་སྣ་ཚོགས་བྷྲཱུྃ །རྒྱས་དང་འབྲིང་པོ་ལ་སོགས་པའི། །སྣ་ཚོགས་རྒྱན་ལྡན་རིན་ཆེན་ཁང་། །ཇི་ལྟར་གྱུར་པ་བཞིན་དུ་བསྒོམ། །གདན་སོགས་གཞུང་གི་གནས་དེ་རུ། །དབང་ཕྱུག་རྒྱས་པའི་ཆས་ཞུགས་ལ། །རྡོ་རྗེ་འགྲོས་ཀྱི་ཕྱོགས་བལྟས་འདུག །ཐབས་དང་ཤེས་རབ་སྦྱོར་བ་ལས། །འཁོར་རྣམས་རྒྱས་པར་སྦྱང་བར་བྱ། །བཞི་བཅུ་ལྔ་སོགས་དུས་གསུམ་པ། །ཡིད་ཀྱིས་ནམ་མཁའ་གང་བར་དམིགས། །རྣམ་པ་གསུམ་གྱི་མཆོད་པ་འབུལ། །རིགས་དང་མཐུན་སྒོམ་ཕྱག་རྒྱ་བཞི། ། སྤྱན་ལ་སོག་པ་སྦྱོར་བསྟིམས་ཏེ། །མཆོད་དེ་ཐལ་མོ་མཉམ་སྦྱར་ནས། །དཀྱིལ་འཁོར་བྱིན་རླབས་བསྐུལ་བར་བྱ། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་པ། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་སྤྲོ་འཁོར་ལོའི་ཚུལ། །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །ཕྱོགས་བཅུ་མ་ལུས་དུས་གསུམ་གྱི། །རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །ཆེ་གེ་མོ་སོགས་དོན་གྱི་ཕྱིར། །དཀྱིལ་འཁོར་ཆེན་པོ་བདག་བགྱིད་པས། །བདག་ཅག་རྗེས་སུ་བཟུང་བའི་ཕྱིར། །ས་འདི་ཤིས་པར་བྱིན་རློབས་པར། །བདེ་བར་གཤེགས་པར་མཛད་དུ་གསོལ། ་རྡོར་དྲིལ་འཛུམ་པའི་མདངས་ཀྱིས་བསྐུལ། །སྐུ་གསུང་ཐུགས་བྱིན་བརླབས་ཧཱུྃ་བསྡུས། །ཞེ་སྡང་རྡོ་རྗེའི་ཚུལ་བཟུང་ལ། །འབར་བའི་སྤྱན་སོགས་བཤད་བཞིན་བྱ། །རྡོ་རྗེ་༄༅། །འཛིན་པ་ཉི་མ་དང་། །ཆོས་དང་རྟ་མཆོག་སྣང་མཛད་ཀྱང་། །བདག་ཉིད་ཆེན་པོའི་ངང་ཉིད་ཡིན། །ཐམས་ཅད་བཀའ་ལས་དིང་མ་འདའ། །གསང་སྔགས་ཏིང་འཛིན་ལས་སྔོན་བཞིན། །རང་གི་གནས་སུ་བརྟན་བྱས་ལ། །ནམ་མཁའ་ཁྱབ་པའི་རྩིབས་བརྒྱད་པ། །ཉི་སྟེང་སུམ་བྷས་ལྷ་རྣམས་མནན། །ཧཱུཾ་བཅུ་ཐུགས་ལས་ངེས་ཕྱུང་དགོད། །ཨོཾ་དང་བཛྲ་ཀཱི་ལ་ཡཱ། རང་སྔགས་ལས་དང་བཅས་པ་ནི། །རྣམ་རྒྱལ་ལ་སོགས་རིམ་པར་སྦྱར། །མཚོན་ཆ་ལྔ་ཡི་རིམ་པའང་། །ངེས་པར་གཞུག་བཞིན་བྱ་བ་ཡིན། །གང་ཡང་བར་ཆོད་སྐབས་མེད་པར། །བསྲུང་བའི་མཆོག་ཏུ་དེ་གསུངས་སོ། །དེ་ནས་ཕྱོགས་མཚམས་ལེགས་བརྟག་ཏེ། །དམ་ཚིག་ཡེ་ཤེས་ཐིག་གཉིས་དོར། །ཚང་ཞིང་འཁྲུལ་བ་མེད་པ་ནི། །བྱང་ཆུབ་མཆོག་ཏུ་ཉི་ཟླ་ཤར། །དེ་ཉིད་བཞུགས་གནས་ཡིན་གསུངས་པས། །རྡོ་རྗེའམ་གཞན་གྱི་ཐིག་ལེ་ནི། །དཀྱིལ་འཁོར་ཚད་ལས་འགྱུར་མེད་བྱ། །རང་སྔགས་ཉི་ཟླ་ཧཱུཾ་བཅས་ལ། །བསམ་གཏན་ལྡན་པར་བྱ་བ་ཡིན། །མི་བསྐྱོད་ཏིང་འཛིན་སྦྱོར་བའི་མཁར། །སྐུ་གསུང་དཀྱིལ་འཁོར་ལས་བྱུང་བའི། །ལྷ་རྣམས་ཕྱི་རོལ་ཁྱབ་པར་བྱ། །དྲང་བསྟིམ་ཡན་ལག་ལྡན་པ་ལ། ། རྣམ་གསུམ་མཆོད་པ་རྒྱས་པར་བྱ། །སྒྲ་དང་ལྡན་པས་ངེས་བསྟོད་དེ། །མགོན་པོ་ཀུན་མཁྱེན་བདག་ཉིད་ཅན། །གཅིག་དང་དུ་མ་ཡོངས་བྲལ་ཕྱིར། །མ་ལུས་བདག་ཉིད་དགོངས་སུ་གསོལ། །ཁྱེད་ལ་མོས་ཤིང་མཆོད་པ་དང་། །ཁམས་གསུམ་ཡོངས་སུ་བཟུང་བྱ་ཞིང་། །རང་བཞིན་མཉམ་པར་སྦྱོར་བའི་ཕྱིར། །ཆེ་གེ་མོ་དག་དཀྱིལ་འཁོར་གྱི། །ལས་རྣམས་ཡོངས་སུ་རྫོགས་པར་བགྱིད། །ཐུགས་རྗེས་ཉེ་བར་དགོངས་མཛད་དེ། །དཀྱིལ་འཁོར་བྱིན་གྱིས་བརླབས་ནས་ནི། །ས་གཞི་ཡོངས་སུ་བཟུང་བར་མཛོད། །ཨོཾ་བཛྲ་ས་མ་ཡ་ས་ཏྭ་སྟེ། །ངེས་བརྗོད་རོལ་པའི་གཟི་བརྗིད་ཀྱིས། ཐམས་ཅད་དཀྱིལ་འཁོར་རང་བཞིན་དུ། །གསལ་བྱས་ཡོངས་སུ་བཟུང་བར་བྱའོ། །ཐམས་ཅད་རང་སེམས་མཉམ་སྦྱོར་བས། །ས་གཞི་ཅན་ཡང་དེ་བཞིན་བསྒྲུབ། །འདི་ལྟར་གང་གི་གསལ་འགྱུར་བ། །ས་གཞི་རབ་ཏུ་མཉམ་ཞེས་བྱའོ། །ཚད་ནི་རྐྱེན་གྱི་མ་ངེས་ཏེ། །མཆོག་གི་མཆོག་དང་མཆོག་སོག་བཞི། །སློབ་དཔོན་མཐར་ཉེའི་ལམ་གནས་པས། །བཞི་བཅུ་རྩ་གཉིས་གསུམ་འཕྲོ་ཞིང་། །སངས་རྒྱས་སྟོང་གི་དཀྱིལ་འཁོར་སོགས། །རྡོ་རྗེའི་ཐིག་ཚད་དོར་ཙམ་གྱིས། །རྒྱང་གྲགས་ལ་སོགས་མཚན་མ་ཡི། །

༄༅། །དཀྱིལ་འཁོར་ཕྱག་རྒྱ་གསལ་ལྡན་པ། །ཏིང་འཛིན་ལྷག་པའི་གཟུགས་བརྙན་ཡིན། །དག་པའི་ལས་ཀྱང་དེ་བཞིན་ཏེ། །འདོད་པའང་རྗེས་སུ་མཐུན་པར་སྦྱིན། ། ཁྲུ་ཚད་ཉི་ཤུ་རྩ་ལྔ་ལ། །རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་དང་། །བར་ཁྱམས་བཅས་དང་ཁྲོ་བོ་ཡི། །མོས་དང་སྦྱོར་བས་རྣམ་པར་ཕྱེའོ། །དྲུག་དང་བརྒྱད་གཉིས་ལྡན་པ་ལ། །བཞི་བཅུ་རྩ་གཉིས་རྣམ་པར་བརྒྱན། །མཐའ་མའི་གོང་བུ་ཤེས་པར་བྱ། །བརྒྱད་དང་བཞི་ལ་ངེས་པར་ནི། །སྟངས་དཔྱལ་གཉིས་ཀྱི་དཀྱིལ་འཁོར་ཏེ། །ཕྱག་རྒྱ་དགུ་གཉིས་མཚན་མས་གདབ་ །གང་འདོད་དེ་ནི་སྦྱིན་པར་བྱ། །ཤིན་ཏུ་ཕྲ་བ་གཞན་དཀྱིལ་འཁོར། །འདིར་ཚིག་ཆད་ཡོད་རིགས་ལྡན་པ། རྣམ་པའང་རིམ་པའི་སྐབས་སུ་བཤད། །པདྨའི་རྒྱུ་ལས་ཁ་དོག་སྒྱུར། ། བཅུ་དྲུག་ཕྱག་རྒྱ་ལེགས་བརྟགས་པའང་། །སྣལ་མ་གཅིག་ཀྱང་ལྔར་ལྔར་ལྡན། །ཡེ་ཤེས་རང་བཞིན་ཤེས་པར་བྱ། །ཁ་དོག་སུམ་ལྡན་སྣལ་མ་དགུ །རས་བྲལ་ལས་བརྟགས་སྐུ་གསུང་ཐུགས། །གཙང་མའི་སྣོད་དུ་ལེགས་བཀོད་དེ། །ཉི་མ་ཟླ་བའི་གདན་དག་ལ། །ཐུགས་ལས་ཡིག་འབྲུ་གྲངས་དེ་བཞིན། །ཕྱོགས་བཅུ་དུས་བཞི་མདུན་དྲངས་ཏེ། །མཆོད་བྱ་གསོལ་བ་གདབ་པར་བྱ། །སྦྱོར་བའི་ཡེ་ཤེས་གྲངས་མཉམ་དང་། །རྡོ་རྗེ་གསུམ་བྱིན་ངེས་པར་བསྟིམ། །དངོས་པོ་རང་བཞིན་མཉམ་བྱས་ནས། །ཅུང་ཟད་མཆོད་པ་བརྟག་པར་བྱ། ། ཕྱོགས་མཚམས་ལེགས་པར་ཕྱེ་ནས་ནི། །སོ་སོའི་ཚད་བཞིན་རྒྱས་པར་དགྱེ། །མཆོག་གི་ཐིག་ཕྲན་བཞི་བཅུ་བཞི། །ལེགས་པར་ཁ་དོག་ཕྱེ་ཡང་རུང་། །རྟ་བབས་བརྒྱད་པོ་ཆ་མཉམ་ཞིང་། །འཁོར་ལོ་ལ་སོགས་གཉིས་འགྱུར་ཡིན། །རྡོ་རྗེ་ལག་ཆུ་ཧར་བཅས་པ། །རྟ་བབས་ཕྱེ་དང་གསུམ་དུ་བྱ། །མཚན་ཉིད་རྒྱན་གྱིས་བརྒྱན་པ་ཡི། །གྲོགས་གསལ་ལྡན་ནམ་བྱིན་རླབས་ལ། །གཉིས་མེད་ཡེ་ཤེས་ཐིག་གདབ་བྱ། །ཡེ་ཤེས་དམ་ཚིག་ལ་མཉམ་བསྟིམ། །ཁ་དོག་དབྱིངས་དང་ལྡན་པ་ཡི། །ཕོ་བྲང་ཉམས་དགའ་སྒོམ་པར་བྱ། །ཨོཾ་སརྦ་ཤོ་ཏ་ནི་ཧཱུཾ་ཕཊ། ། སྐུ་གསུང་ཐུགས་ཀྱི་ཐིག་ཐམས་ཅད། །འཁྲུལ་བ་དག་པར་གདབ་པར་བྱ། །འདའ་བ་མེད་པའི་དམ་ཚིག་ཡིན། །ཨོཾ་བཛྲ་སུ་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུཾ་ཕཊ། ཡེ་ཤེས་རྡོ་རྗེ་མདོར་བསྡུས་ལྔ། །དམ་ཚིག་རྗེས་སུ་རིམ་གསལ་དབྱེ། །ཡེ་ཤེས་སྐུད་པའི་སྔགས་མཚན་ཉིད། །སྐུད་པ་ཆད་པས་སློབ་དཔོན་འཆི། །ཕྱོགས་འཁྲུལ་པས་ནི་གཉིས་ཀ་ཉམས། །རྒྱུན་ཆད་ལམ་ལ་༄༅། །གནོད་པར་འགྱུར། །དེ་ཕྱིར་མཁས་ལྡན་སྒྲིམས་ཏེ་བྱ། །ཀུན་ཏུ་རྒྱས་པར་གྱུར་པ་དང་། །ཏིང་འཛིན་ལྡན་པས་ཡེ་ཤེས་ལ། །ཡེ་ཤེས་ཐིམ་པར་ངེས་མཆོད་དེ། ། དམ་ཚིག་ཕྱག་རྒྱ་མུ་ཡིས་གཤེགས། །དེ་ནས་གང་ཡང་ཉེས་པ་མེད། །རབ་གནས་ལྡན་པའི་ཐིག་འགོམས་ན། །བདེ་གཤེགས་སྐུར་པ་བཏབ་དང་མཚུངས། །སངས་རྒྱས་ཆོས་ལས་རིང་འགྱུར་ཕྱིར། །ཧྲིའི་སྒྲའི་ཕྱག་རྒྱས་འཛུལ་བར་བྱ། །རིན་ཆེན་ལྔ་ལས་བྱས་པའི་ཚོན། །ཨིན་ཏྲ་ནཱི་ལ་ཟླ་འོད་དང་། །སྤུ་ཤར་ར་ག་བྱེ་རུ་ཟངས། །མར་ག་ཏ་ལས་བྱས་པ་དགྱེ། །དེ་བཞིན་འབྱོར་པས་གཞན་དག་བསྡུས། །མཚམས་སེམས་ཁྲོ་བོ་ལ་སོགས་ཕྱིར། །ཁ་དོག་ཉི་ཤུ་རྩ་ལྔར་གསུངས། །སྣོད་རིམས་མ་འདྲེས་དག་བྱས་ལ། །ཧཱུཾ་སོགས་ཡིག་འབྲུ་ཅིག་ཀྱང་ལྔ། །ཁ་དོག་རྗེས་སུ་མཐུན་བྱས་ཏེ། །ཡོངས་གྱུར་ཉི་ཤུ་རྩི་ལྔའི་ལྷར། །ཐབས་དང་ཤེས་རབ་ལྡན་པར་སྒོམ། །ཕྱོགས་བཅུ་དུས་བཞི་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་ཡེ་ཤེས་ལྔ། ། སྟིམས་པས་ཡོངས་གྱུར་དངོས་པོ་ལྔ། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །ཡེ་ཤེས་རྒྱུ་ལས་གྲུབ་པ་ཡི། །དཀྱིལ་འཁོར་རྗེས་སུ་བརྟག་པར་བྱ། །ཆོས་རྣམས་བདག་མེད་རྟོགས་བྱས་ནས་ བྱང་ཆུབ་སེམས་ཉིད་དག་པའི་ཕྱིར། །ཤིན་ཏུ་དཀའ་བའི་མདོག་ཏུ་བསྟན། །དེ་རྟོག་བྱ་ཕྱིར་དག་པའི་མདོག །ཆོས་རྣམས་སེམས་སུ་མངོན་ཆགས་པས། །པདྨ་རཱ་ག་ཞེས་བརྗོད་དེ། །ཆགས་དང་ཆགས་པར་བྱ་བ་མེད། །ཆགས་མེད་ཕྱིར་ན་དམར་པོའོ། །ཡོན་ཏན་གཏེར་ཆེན་ཟད་མི་ཤེས། །ཐམས་ཅད་འབྱུང་བའི་གནས་ཡིན་ཏེ། །དབྱིངས་ཉིད་མི་ཟད་གཏེར་གྱུར་པས། །ཁ་དོག་གསེར་གྱི་མདོག་ཏུ་བསྟན། །འཁྲུལ་སྣང་ཕྱིན་ཅི་ལོག་རྣམས་ལ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །དབྱིངས་སྡུད་ལས་རྣམས་རྫོགས་མཛད་པས། ། ཀུན་ཏུ་ལས་ནི་ལྗང་གུའི་མདོག །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ། །ཅིས་ཀྱང་མི་ཚུགས་བཅོས་སུ་མེད། །ཁ་དོག་ནག་པོ་དངོས་དེ་བཞིན། །དེ་ཉིད་མཚོན་ཕྱིར་མཐིང་གར་བསྟན། ། མ་མཐོང་རྨོངས་ལ་ཡེ་ཤེས་སོགས། །བསྟན་ཕྱིར་ཚོན་ལྔ་འགྱེ་བར་བྱ། །དམན་ལ་རྣམ་པར་ལྔ་ཡི་ཕྱིར། །རིགས་ཀྱི་ཡེ་ཤེས་ལྔར་ཤེས་བྱ། །ཨོཾ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུཾ་ཧཱུཾ། །འབྲུ་ལྔ་ཟུང་ལྡན་སོར་མོ་ལྔས། །དཔུང་ཞིང་སྦུན་པ་ལྟར་བྱས་ལ། །རྡུལ་ཚོན་སྦྱང་བའི་སྔགས་ཕྱག་རྒྱའོ། །བག་མེད་གྱུར་བའི་ཉེས་པ་ཡང་། །བཤད་པའི་རྗེས་སུ་ཤེས་པར་བྱ། །དེ་དག་བྲི་༄༅། །བའི་ཆོ་ག་ནི། ཆས་ལྡན་དབང་ཕྱུག་ཐིག་བཏེགས་ལ། །དང་པོར་དབང་ལྡན་ཕྱོགས་ནས་བསྐོར། །དེ་ནས་ཞལ་དབང་ཐོབ་རྣམས་ཀྱིས། །འབྲུ་ལྡན་རྡོ་རྗེ་ཐལ་ཁུ་ཚུར། །ཕྱག་རྒྱ་ཏིང་འཛིན་ལྡན་པར་བྲི། །ལྟེ་བ་རྩིབས་དང་ལྡན་བཞི་ལ། །རྩིབས་བཞི་འཁོར་ལོ་མུ་ཁྱུད་བཅས། །ཁ་དོག་སོ་སོར་དགྲམ་པར་བྱ། །གྲུ་ཆད་བཞི་དང་གྲུ་བཞི་ཡི། ། བར་ཁྱམས་སྒོ་ཁྱུད་ལྡན་པར་བྱ། །འཁོར་ལོ་གཅིག་གིས་ཡོངས་རྫོགས་པ། །དཀྱིལ་འཁོར་གཉིས་ལ་བརྟག་པར་བྱ། །རྡོ་རྗེ་ཕྲེང་བའི་རིམ་པ་གཉིས། །ཀུན་ལའང་ངེས་པར་སྦྱར་བར་བྱ། །ཡེ་ཤེས་རིན་ཆེན་རིམ་བརྩེགས་ཚུལ། །ཐམས་ཅད་སེམས་ཕྱིར་ཆད་པ་མེད། །རྡོ་རྗེ་ནོར་བུས་མཛེས་པ་ཡི། །ཀ་བ་ཕྱག་རྒྱའི་གདུང་བཞིར་སྦྱར། །གཟུགས་ལ་སོགས་པའི་མཆོད་པ་ལྔ། །བར་སྣང་ཁམས་སུ་འཁྲིགས་པར་བྱ། །ཐབས་དང་པདྨ་རིན་ཆེན་སྣོད། །སྣ་འཕྱོང་ལས་བྱུང་ཟ་ར་ཚགས། །ཆུ་འཕྱང་ཤར་བུ་ཁྱུང་མགོ་དག །རིམ་བཞིན་ཁ་དོག་མཛེས་པར་བྱ། །རིན་ཆེན་ལྡན་པའི་དཔག་བསམ་ཤིང་། །རྩ་བ་ལ་སོགས་རྣམ་ཕྱེ་བ། །ཕྱི་རོལ་ཡོངས་སུ་ཁྱབ་པར་བྱ། །འཁོར་གྱིས་གཙོ་བོ་ཡོངས་བསྐོར་བ། །མཆོག་གསུམ་ལ་སོགས་རྣམ་མང་པོ། །རྒྱན་དང་མཆོད་པ་ལྡན་པ་བྲི། །རྔ་ཡབ་ལྷབ་ལྷུབ་ཕྲེང་བ་ཡིས། །ངེས་པར་ཕྱོགས་བཅུར་འཁྲིགས་པར་བྱ། །རྡོ་རྗེ་མེ་རི་ལག་ཆུ་ཧ། །ཐམས་ཅད་ཀུན་ཏུ་ཁྱབ་པར་སྦྱར། ། དབང་ཕྱུག་ཆས་ལྡན་བསམ་བརྟན་བྱ། །དཀྱིལ་འཁོར་རྣམ་པ་གསུམ་དག་ཏུ། །གཞུང་ཉིད་ཀྱིས་ནི་གསལ་བར་གསུངས། །ཡན་ལག་རྒྱན་རྫོགས་གཟུགས་སྐུ་ཉིད། །ཉི་ལ་པདྨའི་རིམ་བཞུགས་པ། །དཀྱིལ་འཁོར་སྐུ་ཡི་མཚན་ཉིད་ཡིན། །ཕྱག་རྒྱ་གསལ་བཀོད་ཐུགས་དཀྱིལ་འཁོར། །ཐ་སོགས་ཡང་ན་ཧཱུཾ་མུམ་ནི། །མཆོག་དང་འབྲིང་སོགས་ཕྱེ་བ་སྟེ། །དཀྱིལ་འཁོར་གསུམ་དུ་ཤེས་པར་བྱ། །རིགས་ཀྱི་དབྱེ་བ་གཞུག་གཞན་འགྱུར། །རང་སྔགས་ཏིཥྛ་བཛྲ་ལྡན། །གང་ཡང་རྫོགས་པར་ཏིང་འཛིན་བྱ། །མཆོག་ལ་སོགས་པ་ཁྲོ་བོའི་ཚོགས། །རྫོགས་དང་བརྒྱད་དང་ཕྱེད་ཉིད་ནི། །ཐ་མའི་དུས་སུ་ཧཱུཾ་ཉིད་དེ། །ཛ་ལ་སོགས་པ་ཆུང་ངུའི་ཡུམ། །གང་ཡང་ཁ་དོག་གཙང་མར་ལྡན། །མཁས་པས་རབ་ཏུ་བསྒྲིམ་པར་བྱ། །རབ་གནས་ལུས་ནི་གསུམ་ཡིན་ཏེ། །བུམ་པ་རིན་ཆེན་ལས་བྱས་པ། །ལྟོ་དང་མགྲིན་པར་ལྡན་པ་ནི། །ཞ་གྲུབ་ལ་སོགས་སྐྱོན་སྤངས་པ། །ཁ་དོག་ལྡན་པའི་རས་ཀྱི་དཀྲི། །སྣ་ཚོགས་ལྗང་གུ་རྡོ་རྗེར་༄༅། །ལྡན། བདུད་རྩི་ལ་སོགས་བཅུད་ལྡན་པས། །མི་འཆི་ཐབས་སྦྱོར་རབ་གནས་ཀྱི། །ཡེ་ཤེས་རྡོ་རྗེའི་ཆུ་དག་གིས། །ཐམས་ཅད་ལས་ལ་འཇུག་པར་བྱ། །གཞན་ཡང་ཡབ་ཡུམ་འབྲེལ་བའི་རྒྱ། །ངེས་པར་གདན་དང་ལྡན་པར་བྱ། །བདག་ཉིད་ལས་ཀྱི་ལྷར་ཞུགས་ལ། །སོ་སོར་གང་ཡིན་བསྐྱེད་དྲངས་སྦྱར། །ཡན་ལག་རྫོགས་ནས་མཆོད་སྦྱར་ལ། ། རང་སྔགས་ཞལ་སྒོར་ཟླས་པ་བྱ། །ངེས་པར་ཁྲི་སོགས་བྱིན་བརླབས་ལྡན། །ཡོངས་གྱུར་བྱང་སེམས་ཡེ་ཤེས་རྩི། །དབང་བསྐུར་བ་ཡི་མཆོག་ཏུ་གསུངས། །ལྷ་དབང་ལ་སོགས་སྤྲུལ་པ་རྣམས། །རང་བཞིན་འཇའ་ཚོན་ལྟ་བུའི་སྐུ། །ངེས་པར་འོད་དུ་གྱུར་པ་ཡིན། །ཐམས་ཅད་ལས་ནི་བདག་ཕྱོགས་ཏེ། །གཞན་ནི་རང་གི་ཕྱོགས་སུའོ། །དབུས་ཀྱང་ཕྱོགས་ཀྱི་དང་པོར་བཤད་། །གཉིས་པ་སློབ་བུར་ཤེས་པར་བྱ། །དགོས་པའི་ཡོ་བྱད་རབ་བསགས་ལ། །ལས་ཀྱི་དཀྱིལ་འཁོར་ལས་རིམ་སྦྱར། །ཁྲུས་བྱས་དྲི་དར་ལྡན་པའི་བུ། །ངེས་པར་གནས་སུ་ཐལ་སྤྱར་ནས། །སྤྲད་དེ་སེམས་ལྔ་བསྐྱེད་པར་བྱ། །དེ་ལ་ལན་དུ་སྦྱིན་བྱ་བ། །ཨེ་མའོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིངས་མེད་དེ། །བཅིང་པར་བྱ་བ་ཡོད་མ་ཡིན། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཁྱེད་ལ་རབ་ཏུ་བསྟན་པར་བྱའོ། །དཀྱིལ་འཁོར་དོན་དང་ཡོན་ཏན་རྣམས། །གསལ་བྱས་རབ་ཏུ་སྤྲོ་བ་བསྐྱེད། །རྡོ་རྗེ་ངེས་དྲངས་ཧཱུཾ་འོད་ཟེར། །རྡོ་རྗེ་སེམས་དཔར་རབ་གནས་བྱ། །དེ་བཞིན་ཡན་ལག་ལྡན་པ་ལ། །རྡོ་རྗེའི་གོ་ཆས་ཁྱབ་པར་སྦྱར། །སོ་ཤིང་ཀུ་ཤ་སྲུང་སྐུད་ཆུ། །བྱིན་ལ་ལས་སྦྱར་མཚན་མ་བརྟག །གང་ཞིག་ངན་པར་གྱུར་པ་ལ། །རྡོ་རྗེ་གནོད་སྦྱིན་སྦྱོར་བྱས་ཏེ། །མཆེ་བའི་ཕྱག་རྒྱས་བསྲུང་བར་བྱ། །ཨོཾ་བཛྲ་ཡཀྵ་ཀྲོ་ཏ་ས་མ་ཡ་དཾ་}་ཧཱུཾ་ཕཊ། །བར་ཆད་ཀུན་ལ་གྲོལ་བར་བྱའོ། །ཐམས་ཅད་ཐམས་ཅད་དེ་བཞིན་ན། །དྲག་པོ་མེ་ཡིས་ཟློག་པ་བྱ། །ལས་རྗེས་ཤིས་པར་བརྗོད་པར་བྱ། །དཀྱིལ་འཁོར་ལ་སོགས་གང་བྱས་པ། །རབ་གནས་ཡེ་ཤེས་མི་ལྡན་རྣམས། །སོག་དང་བྲི་བའི་ནུས་པ་མེད། །དེ་བཞིན་མཁས་ཤེས་རབ་བསྒྲིམས་ཏེ། །བཅོས་བུའི་རས་ནི་སྣ་ཚོགས་དང་། །བརྒྱན་ཕྲེང་བཏུང་སོགས་བྲོ་བས་བསྐོར། །བུམ་ཆུ་ཅུང་ཟད་༄༅། །དབུས་བསྡུས་ལ། །རྒྱལ་པའི་སྦྱིན་སྲེག་ཤར་དུ་སྤྱར། །མཆོད་པའི་རྒྱན་རྣམས་རྒྱས་པར་དགྲམ། །བ་ཡི་རྣམ་ལྔ་ལེགས་བྱུགས་ལ། །ཙན་དན་དཀར་དམར་ཨུ་དུཾ་བར། །ནྱ་གྲོ་དྷ་དང་པར་བ་ཏའི། །ཤིང་ཤུན་ཕྱེ་མས་ཕྱི་བར་བྱ། །དེ་དག་ལ་སོགས་བུམ་ཆུ་རྣམས། །དངོས་མིན་གཟུགས་བརྙན་ལས་ཤེས་བྱ། །རང་གི་དཀྱིལ་འཁོར་ལེགས་མཆོད་ལ། །་སྟོང་ཉིད་ཡེ་ཤེས་གསང་སྔགས་ཀྱི། །སྐུ་གསུང་ཐུགས་སོགས་ཆོས་ཐམས་ཅད། །གང་ནའང་མི་གནས་མི་དམིགས་པར། །མིག་ཡོར་ཚུལ་དུ་སྦྱོར་བ་ཡིས། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཨེ་སོགས་འབྲས་བུ་ཧཱུཾ་ཉིད་ལས། །དཀྱིལ་འཁོར་གདན་དང་ལྡན་པར་བྱ། །རྣམ་པའི་དཀྱིལ་འཁོར་རྗེས་དག་ཏུ། །ཡབ་ཡུམ་ལས་བྱུང་དངོས་པོ་གསུམ། །རྗེས་སུ་མཐུན་སྦྱར་གཉིས་བསྐྱེད་ལ། །ཡི་གེའམ་གདན་སྔགས་ཕྱག་རྒྱ་ལ། །སྐུ་གསུང་ཐུགས་ལྡན་བྱིན་གྱི་བརླབ། །ཡེ་ཤེས་གསལ་བསྟིམ་བཟི་བརྗིད་བསྐྱེད། །རང་གི་བུམ་པའམ་ཅིག་ཤོས་ཀྱིས། །དབང་བསྐུར་དབུ་རྒྱན་ལྡན་པར་བྱ། །སྨོན་ལམ་ཡེ་ཤེས་ལྔ་འབྲས་བུ། །བུ་དང་སེམས་ཅན་ཐམས་ཅད་ཡིན། །རིན་ཆེན་ལས་བྱས་དབུ་རྒྱན་སོགས། །མཛེས་པའི་རྒྱན་ལྔ་དབུལ་བར་བྱ། །རིན་ཆེན་འཕྲེང་བ་དབུ་རྒྱན་དང་། །གདུ་བུ་དོ་ཤལ་སྐུ་རགས་དག །འབྱོར་པའི་དང་པས་བདག་འབུལ་ན། །གཉིས་མེད་རྒྱན་དུ་བཞེས་སུ་གསོལ། །རྗེས་མཐུན་སྨོན་ལམ་ལོངས་སྤྱོད་སྐུ། །ཅོད་པན་ཐབས་དང་ཤེས་རབ་ཀྱིས། །གཉིས་ཀྱི་མཐའ་ལ་མི་གནས་པའི། །ཏིང་འཛིན་སྨོན་ལམ་ལྡན་པར་བྱ། །ཐུར་མ་སྙན་གཞར་རྨང་ཚེར་དང་། །ཚིམས་ལ་གསེར་བྱས་ཚེམས་ཤིང་དངོས། །དབང་པོ་སྐྱོན་བསལ་སྤུ་བྲེགས་པ། །ཤཱཀྱའི་དབང་པོ་ལ་སྦྱར་བྱ། །མངོན་ཤེས་གཉིས་དང་ཤངས་དག་ནི། །སེམས་ཀྱིས་རྣམ་གྲངས་དེ་བཞིན་ཏེ། ། ལྕེ་ནི་ཆོས་ཀྱི་རོ་མྱོང་ཞིང་། །མ་འདྲེས་སྟོན་པའི་མཆོག་འགྱུར་རོ། །ཤིན་ཏུ་མཉམ་བཞག་ཐོབ་པ་དང་། །དུས་གསུམ་ཟུག་རྡུ་དག་འགྱུར་སྐྲ། །ཤིན་ཏུ་མཛེས་པར་གྱུར་པ་ལ། །སེང་སོགས་གདན་རྣམས་དབུལ་བ་དང་། །ནན་ཏན་གུས་པས་ཕྱག་བྱའོ། །ས་པ་ལ་སོགས་མ་ལུས་པའི། །ཕྱག་གནས་སྨོན་པ་སྔོན་བཞིན་བྱ། །དུང་སོགས་རིན་ཆེན་སྣོད་ལྡན་པའི། །ཆུ་གཙང་ལ་སོགས་སྐུ་ཁྲུས་གསོལ། །ཐུགས་རྗེ་ལྷུན་རྫོགས་སངས་རྒྱས་གཟུགས་སྐུ་ལ། །སྲི་ཞུ་གུས་ཕྱིར་རས་ཀྱི་སྐུ་ཕྱིས་པས། །ལས་དང་ཉོན་མོངས་བག་ཆགས་ཀུན་བསལ་ནས། ། ༄༅། །སྤྱོད་ལམ་རྣམ་པར་དག་པའི་སྒོ་ཐོབ་ཤོག །ཡོན་ཏན་ལྷན་རྫོགས་སངས་རྒྱས་སྐུ་གཟུགས་ལ། །རིན་ཆེན་མཛེས་པའི་མེ་ཏོག་དོར་བྱས་པས། །ལོག་ལྟ་ཉོན་མོངས་ཐ་བ་ཀུན་བྲལ་ཏེ། །བལྟ་བས་མི་ངོམས་མཛེས་པའི་སྐུ་ཐོབ་ཤོག །མཆོག་ཏུ་རྣམ་པར་དག་པའི་སྐུ་མངའ་བའི། །སངས་རྒྱས་སྐུ་ལ་འདུག་མཆོག་འདི་ཕུལ་བས། །དམ་ཚིག་སྡོམ་པའི་ཉེས་སྐྱོན་ཀུན་བྲལ་ནས། །ཡེ་ཤེས་ཐུགས་རྗེས་མ་ལུས་སྐྱོང་བར་ཤོག །རང་རིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ། །མུན་པ་སྣང་བྱེད་མར་མེ་འདི་བལྟམས་པས། །མ་རིགས་འཐིབས་པའི་མུན་པ་ཀུན་བསལ་ནས། །སངས་རྒྱས་ལ་སོགས་སྤྱན་ལྔ་ཐོབ་པར་ཤོག །སྙིགས་མ་ལྔ་ཉིད་འབྲས་བུར་ཡོངས་རྫོགས་པའི། །རྒྱལ་བའི་སྐུ་ལ་དྲི་ཆབ་འདི་ཕུལ་བས། ། གདུང་བའི་ཟུག་རྔུ་མྱ་ངན་ཀུན་བྲལ་ནས། །འོད་ཟེར་མཐའ་ཡས་འགྱེད་པའི་སྐུ་ཐོབ་ཤོག །དུག་ལྔ་མ་སྤངས་སྐུ་ལྔར་རྣམ་དག་པའི། །བདེ་ཆེན་སྐུ་ལ་དམ་རྫས་འདི་ཕུལ་བས། །ཀུན་ཏུ་བཟང་པོའི་སྤྱོད་ལམ་ཡོངས་རྫོགས་པའི། །ཀུན་ནས་ཡོངས་སུ་སྨིན་པའི་སྐུ་ཐོབ་ཤོག །ཆོས་རྣམས་ལོངས་སྤྱོད་ཡོངས་སུ་རྫོགས་པ་ཡི། །རྒྱལ་བའི་སྐུ་ལ་གཏོར་མ་འདི་ཕུལ་བས། །

རྫས་སུ་སྤྱོད་པའི་གདུང་བ་ཀུན་བྲལ་ནས། །གསང་བའི་ལོངས་སྤྱོད་ཡོངས་སུ་རྫོགས་པར་ཤོག །ཡེ་ཤེས་སྤྱོད་ཡུལ་ཡོངས་སུ་དག་པ་ཡི། །རྒྱལ་བའི་སྐུ་ལ་ཏ་ན་འདི་ཕུལ་བས། ། ཁམས་གསུམ་དུག་གསུམ་རྩ་ནས་དག་གྱུར་ཏེ། །སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་དག་པར་ཤོག །ཐབས་དང་ཤེས་རབ་འདུ་འབྲལ་མེད་པ་ཡི། །བདེ་ཆེན་སྐུ་ལ་ག་ན་འདི་ཕུལ་བས། ། སྤྱོད་ཡུལ་བྱང་ཆུབ་སེམས་སུ་རྣམ་དག་ནས། །མཐའ་ཡས་སྙོམས་པར་འཇུག་པ་ཐོབ་པར་ཤོག །མཐའ་ཡས་ལྡན་དང་བྲལ་བ་མེད་པ་ཡི། །གཉིས་མེད་སྐུ་ལ་འདོད་ཡོན་ལྔ་ཕུལ་བས། །མཐའ་ལ་ཞེན་པའི་གདུང་བ་ཀུན་བྲལ་ནས། །བདེ་བ་ཆེན་པོའི་ཐབས་རྣམས་རྫོགས་པར་ཤོག །གཟི་བརྗིད་ཁྱད་པར་འཇིགས་པའི་དཀྱིལ་འཁོར་ལ། །བླ་རེ་ལ་སོགས་ལྷབ་ལྷུབ་ཕུལ་བྱས་པས། །ལོག་པར་ལྟ་བ་རྣམས་དང་ཡོངས་བྲལ་ནས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ་པར་ཤོག །བྱམས་མགོན་ཀུན་ལ་སྙོམས་པའི་དཀྱིལ་འཁོར་ལ། །རིན་ཆེན་ལྡན་པའི་ན་བཟའ་འདི་ཕུལ་བས། །ཐ་བས་རྒྱགས་པའི་སྤྱོད་ལམ་ཀུན་བྲལ་ཏེ། །གཟི་བརྗིད་ཁྱད་པར་འཕགས་པའི་སྐུ་ཐོབ་ཤོག །གླིང་བཞིའི་དཀྱིལ་འཁོར་རིན་ཆེན་ལྡན། །དཔག་༄༅། །བསམ་ཤིང་དང་རྫིང་བུ་མཛེས། །ལས་བཞིའི་ཁང་པར་བྱིན་བརླབས་པ། །ལྷ་དང་ལྷ་མོའི་ལིང་ལོང་ལྡན། །ལྷག་པའི་ཏིང་འཛིན་མཆོད་པར་བྱ། །འཕགས་པའི་ནོར་བདུན་ཞིང་དག་པའི། །སྨོན་ལམ་རྗེས་སུ་གདབ་པར་བྱ། །བུ་དང་ཆུང་མ་ཡུལ་ཁམས་དང་། །བྲན་དང་བཞོན་པ་དེ་བཞིན་ཏེ། །སེམས་དང་རྫས་ཀྱི་འཁོར་གསུམ་པོ། །ཡོངས་སུ་དག་པར་བྱ་བ་ནི། །ཚོགས་ཀྱི་མཆོག་ཏུ་འདི་འགྱུར་རོ། །འདོད་ལྔ་ཚོགས་ཀྱི་མཆོད་པ་དག །མཁས་པས་གནས་སུ་སྟོབས་པར་བྱ། །གླུ་དབྱངས་ཚིགས་སུ་བཅད་པ་དང་། །གར་ཐབས་རོལ་མོ་ངེས་པར་སྦྱར། །བདེན་པའི་མཐུ་ཡིས་བསྐུལ་བྱས་ལ། །འདོད་པ་ཡོངས་སུ་མ་རྫོགས་པར། །ནམ་ཡང་བརྟན་པར་བྱ་བ་ཡིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཀྴིཏྟ་ཏིཥྛ་བཛྲ་ས་ལ་སོགས་ལ་ཕྱག་རྒྱར་བྱས། རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པ། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །མཉམ་པའི་གྲུབ་རྫས་ཆེན་པོ་དག །ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས། །བདག་དང་མཉམ་པའི་ཚོགས་ལ་དབུས། །ཞིང་གྱུར་མཆོག་དང་མཆོག་ཕྲན་རྣམས། །འདབ་བཞི་ལ་གནས་ས་བོན་དྲུག །ཉི་ཟླའི་སྟེང་དུ་མཁས་པས་བཞག །ཡེ་ཤེས་ལྔའམ་གསུམ་གྱིས་སྤྱད། །ཁྲོ་བོར་གསལ་བའི་ང་རྒྱལ་གྱིས། །འབྲུ་ལྔ་ལག་གི་འོད་འཕྲོས་པས། །མི་ཤིགས་ཐིག་ལེ་ཧཱུཾ་དཀར་པོ། །རྡོ་རྗེའི་ལམ་བྱུང་མཁའ་དབྱིངས་བཞག །དབང་བསྐུར་སྦྱོར་བའི་ཆོ་ག་ཡིས། །དཔེ་བྱད་མཚན་རྫོགས་སྐྲ་ཉིད་ལས། །གཙུག་ཏུ་རྣམ་པར་རྒྱལ་བ་བཞུགས། །ཟླ་རླུང་སྦྱོར་བས་འོག་མིན་དུ། །རྒྱལ་བའི་སྲས་སུ་དབང་བསྐུར་ནས། །དུག་གསུམ་མཆོད་པར་ཆེན་པོར་སྦྱར། །དེ་ལྟར་བསྒྲལ་བ་ཀུན་བྱས་ཀྱང་། །བསྒྲལ་བའི་དངོས་པོ་གང་ཡང་མེད། །ཕུང་པོ་ལྔ་པོ་བཤིག་པ་ལ། །གཟུགས་ནི་འབྱུང་བའི་བག་ལ་ཞ། །མ་བཞིག་ན་ཡང་འབྱུང་བ་ཡིན། །རྣམ་ཤེས་མེད་པས་བསད་བྱས་ཀྱང་། །གནས་པ་ཉིད་ན་དངོས་མེད་པས། །སེམས་ཀྱི་རང་བཞིན་དེ་ལ་ནི། །དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང་། །སུས་ཀྱང་ཟིན་ཅིང་སོད་པ་མེད། །འོ་ན་ཐུགས་རྗེས་གང་བསྒྲལ་ན། །ཕྱིན་ཅི་ལོག་ལས་བཟློག་བྱས་ནས། །ཏིང་འཛིན་སྔགས་དང་ཕྱག་རྒྱ་དང་། །ཤིན་ཏུ་གོམས་པས་དབང་བསྐུར་ཏེ། །བྱང་ཆུབ་ཞིང་ལ་དགོད་པར་བྱ། །དེ་ཙམ་ལ་ནི་བསྒྲལ་ཞེས་གདགས། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དབྱེའམ་ཡང་ན་མི་དབྱེ་བར། །རང་གི་ཤེས་རབ་བྱིན་༄༅། །རླབས་ལ། །བདེ་གཤེགས་དཀྱིལ་འཁོར་བཀོད་དེ། །བདག་ཉིད་རིག་པའི་ལྷར་བསྒོམས་ལ། །གཉིས་སུ་མེད་པར་ལྡན་པར་བྱ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་པ། །དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ། །ཕྱོགས་དུས་དཀྱིལ་འཁོར་མཉེས་པ་དང་། །འགྲོ་བ་མ་ལུས་བདེ་ཐོབ་ནས། །སླར་ཡང་གཉིས་མེད་དབྱིངས་སུ་བསྟིམ། །ཆགས་མེད་ཚུལ་གྱིས་རོལ་པར་བྱ། །དེ་ནི་ཚངས་མཆོག་རྒྱལ་པོ་ཡིན། །སྦྱིན་སྲེག་རྣམ་པ་བཞིར་གསུང་ཏེ། །ས་དང་རབ་གནས་རྣམ་གཉིས་དང་། །བདེ་བ་སྦྱིན་པའི་དུས་ཉིད་དུ། །དབྱིབས་དང་ཁ་དོག་མཚན་ལྡན་པའི། །ལྷག་པའི་དཀྱིལ་འཁོར་རྣམ་བཞི་རུ། །ཞལ་དུ་གྱུར་པའི་མེ་བོས་ལ། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །མཆོག་སོགས་རྣམ་བཞི་ལྷ་གྲངས་བཞིན། །སྐབས་བཞིར་རྒྱས་པར་མཆོད་པར་བྱ། །དེ་ནས་ལྷག་པའི་དཀྱིལ་འཁོར་དུ། །འཇུག་པའི་ཆོ་ག་བཤད་པར་བྱ། །དབང་ཕྱུག་འདུག་དང་བཟོད་པར་གསོལ། །ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་སྐྲད་ལྷར་བརླབ་དམ་ཚིག་སྦྱིན། །དེ་ཉིད་དབོག་དང་ཆུ་ནན་དང་། །བསྒྲག་དང་རིན་ཆེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །མིག་དབྱེ་དཀྱིལ་འཁོར་ལེགས་བསྟན་དང་། །ཚོགས་མཆོག་ཡོན་དང་རྣམ་བཅོ་བརྒྱད། །འདི་ཡིས་ཡན་ལག་རྫོགས་པར་འགྱུར་། །རྒྱས་པའི་མཆོད་པ་ལེགས་སྦྱར་ནས། །དབང་གོས་ལྡན་པ་དབང་ཕྱུག་ཡིན། །གཞན་དག་གཞན་གྱིས་མཛེས་པར་བྱ། །ཤར་སྒོར་འདུག་སྟེ་དཀྱིལ་འཁོར་གྱི། །ལྷ་རྣམས་མངོན་བྱས་རིན་ཆེན་ལྡན། །འབྲུ་ལྔ་རྡོ་རྗེ་དམ་ཚིག་གི། །སྔགས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན། །འཕྲིན་ལས་ཡེ་ཤེས་གཉིས་མེད་སྦྱར། །ཨོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་སྟཾ། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་ས་མ་ཡ་ཧོ། བསྐུལ་བའི་དམ་ཚིག་རྗེས་དྲན་པའི། །འོད་ཟེར་གཟི་བརྗིད་ལྡན་པར་བྱ། །རང་བཞིན་གཉིས་མེད་གྱུར་པའོ། །རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་སྙིང་པོའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །རྒྱལ་བ་འཁོར་དང་བཅས་པ་ཡིས། །བཟོད་པ་མཛད་དེ་དགོངས་སུ་གསོལ། །འཛུམ་བཅས་གནང་བ་ཐོབ་པར་བྱ། །

༄༅། །ཤིན་ཏུ་བཟང་པོར་འགྲོ་བ་རྣམས། །དྲི་ཡི་ཆུ་ཡིས་དག་པར་བྱ། །སྙིམ་པ་མེ་ཏོག་ལྡན་པ་དག །རས་སོགས་དམར་པོ་གདོང་གཡོགས་ལ། །བུ་ཁྱོད་ཅི་ལ་དགའ་ཞེས་དྲི། །སྐལ་བཟང་བདག་དགའ་ལན་བླན་ལ། །འཁོར་ལོའི་དྲུང་དུ་བཀྲི་བར་བྱ། །ཐལ་སྦྱར་གུས་དང་བཅས་པ་ཡིས། །ཕྱོགས་བཅུའི་སྲས་དང་བཅས་པ་དང་། །དབང་ཕྱུག་སངས་རྒྱས་དག་ལྟར་བདག །མ་འོངས་རང་བཞིན་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་དབུལ་བྱ། །མཆོག་གི་ཡོན་ཕྱིར་སྣོད་དུ་འགྱུར། །ཚེ་སྲུང་སྦྱོར་བའི་ཁྲོ་ཚོགས་ཀྱིས། །བར་གཅོད་བགེགས་བསྐྲད་མཚམས་གཅད་ལ། །སྒྲིབ་སྦྱང་རྣམ་ཤེས་ཆོ་ག་ཡི། །ཧཱུཾ་ལས་སེམས་དཔའ་འམ་གཞན་ཡང་རུང་། །མཚན་མ་རྫོགས་པའི་བསམ་གཏན་བྱ། །དམ་ཚིག་ཆེན་པོ་བདུད་རྩི་ལྔ། །རང་བཞིན་འབྲུ་གསུམ་སྐུ་གསུང་ཐུགས། །གཟི་བརྗིད་ལྡན་པར་བྱིན་རླབས་ལ། །དམ་ཚིག་སྡོམ་པ་མཆོག་ཅེས་བྱ། །སྙིང་གར་རྡོ་རྗེ་བསྟན་བྱས་ལ། །སངས་རྒྱས་ཀུན་གྱི་གསང་བ་འདི། །དམ་ཉམས་མ་འདྲེས་མེད་པ་ལ། །ནམ་ཡང་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པ། །ང་ལ་བརྙས་དང་སྨད་མི་རུང་། །སྐུ་གསུང་ཐུགས་ལ་བརྟག་གནས་ཤིག །མ་ལུས་སེམས་ཅན་དོན་གྱིས་ཤིག །ཙན་དན་དཀར་དམར་སྦྱང་བྱས་ལ། །རྡོ་རྗེ་འཛིན་པར་རབ་གནས་བྱ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །རྡོ་རྗེ་ཁྲོ་བོ་ཆེན་པོར་འགྱུར། །རྡོ་རྗེ་ཆུ་འདི་བཏུང་བར་གྱིས། །ཨོཾ་བཛྲ་ཡཀྵ་ཧཱུཾ་ །དེ་ལྟར་བས་ན་བུ་ཁྱོད་ཀྱིས། །དམ་ཚིག་འདི་དག་སྲུང་བར་གྱིས། །དེ་བཞིན་བྱས་ན་དངོས་གྲུབ་པས། །རྡོ་རྗེ་བདུད་རྩི་ཆུ་འཐུངས་ཤིག །ཨོཾ་བཛྲ་ཨུད་ག་ད་ཡུ་ཧཱུཾ། །ལན་གསུམ་བྱིན་ནས་རབ་བསྒྲགས་པ། །ཐབས་དང་ཤེས་རབ་སེམས་ཉིད་ཀྱིས། །རྟག་ཏུ་དོགས་པ་མེད་གྱིས་ལ། །འདོད་པ་ལྔ་ཡི་ཡོན་ཏན་སྤྱོད། །གཞན་ཡང་སྟོང་ཁམས་ཐམས་ཅད་ན། །ཤེས་རབ་དབྱིངས་དང་འདོད་ཡོན་གཞན། །རབ་འབྲིང་ཐ་མ་ཐམས་ཅད་སྤྱོད། །གཞན་ཡང་དམ་ཚིག་ཉམས་པ་དང་། །སྐྱེ་བོ་གང་ཞིག་དམ་ལ་གནོན། །བརྟུལ་ཞུགས་ཅན་གྱིས་དེ་དྲོངས་ལ། །སྙིང་ལས་ཁྲག་ཆེན་བཏུང་བར་གྱིས། །སེམས་ཉིད་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱོད་ཀྱང་། །པདྨ་ལ་ནི་འདམ་བཞིན་ཏེ། །བྱས་ལ་མི་སོགས་སྡོམ་པ་རྫོགས། །བྱ་དང་མི་བྱ་ཅུང་ཟད་མེད། །དཀྱིལ་འཁོར་ཡིད་ལ་མངོན་སྦྱར་ནས། །འདོད་པའམ་༄༅། །ཡང་ན་གཞན་ཡང་རུང་། །དོར་ཏེ་འབྲེལ་བ་ལེགས་བརྟགས་བྱ། །རང་གི་དམ་ཚིག་ཧཱུཾ་དང་བཅས། །དམ་ཚིག་ཕྱག་རྒྱས་ལན་གསུམ་བསྟན། །ལྕགས་ཀྱུ་ཧོ་ཡིས་དགུག་བྱས་ལ། །ཉེས་ལེགས་ཕྲིན་ལས་གསལ་བྱས་ལ། །ཕྱག་རྒྱ་བསྟིམ་ལ་བརྟན་པར་བྱ། །འོད་ཟེར་ཐུར་མས་དབྱེ་བྱས་ལ། །བཛྲ་ཙཀྱུ་པྲ་བེ་ཤ་ཕཊ། །འཁོར་ལོ་མངོན་པའི་ང་རྒྱལ་བྱ། །གསེར་སོགས་མཚོན་བྱེད་ངེས་བླངས་ལ་ །ཆོས་རྣམས་ཐམས་ཅད་གཉིས་མིན་པའི། །དབྱིངས་སུ་ཐིམས་པའི་འོད་ཟེར་གསལ། །ཅིག་དང་སྤྲོས་པ་ཐམས་ཅད་མེད། །དཀྱིལ་འཁོར་སྤྲོས་མེད་ཟླུམ་པའི་ཚུལ། །རང་རིག་ཡེ་ནས་མྱ་ངན་འདས། །ཡེ་ཤེས་རྒྱུ་དང་འབྲས་བུར་ལྡན། །དཀྱིལ་འཁོར་འཁོར་ལོ་ཡོངས་ཀྱི་བསྐོར། །ཐུགས་རྗེས་བྱིན་རླབས་སྤྲོས་པ་ཡིས་ ཡེ་ཤེས་གཞི་ཡི་དཀྱིལ་འཁོར་སྤྲོས། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །བྱིན་བརླབས་ཡ་མཚན་བསམ་མི་ཁྱབ། །རང་སྣང་བ་ཡི་ཐབས་ལས་བྱུང་། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར། །མཐའ་དབུས་མེད་པར་རྒྱས་པར་གནས། །སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་ལྡན། །ས་རྣམས་ཁྱད་པར་བཀོད་པའི་ཕྱིར། །

དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན། །རང་བཞིན་ཡེ་ནས་འོད་གསལ་ཕྱིར། །ཉི་ཟླ་བརྩེགས་པའི་གདན་འབར་ཞིང་། །ཡེ་ནས་རྣམ་པར་དག་པའི་ཕྱིར། །མ་ཆགས་པདྨ་འབར་བའི་གདན། །་ཟག་མེ་ཡེ་ཤེས་གཏེར་གྱུར་པས། །ཡིད་བཞིན་རིན་ཆེན་འབར་བའི་གདན། །འབྲས་བུའི་ཆོས་རྣམས་ཡོངས་རྫོགས་ཕྱིར། །སེང་གེ་ལ་སོགས་བསྟན་པ་ཡི། །ཡེ་ནས་མཉམ་ཉིད་མི་འདིའི་ཕྱིར། །ཏ་ལའི་ལྗོན་ཤིང་རང་བཞིན་གནས། །ཐམས་ཅད་ལ་ནི་དབང་སྒྱུར་ཕྱིར། །འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར། །ཐམས་ཅད་རང་བཞིན་དག་པའི་ཕྱིར། །སྒྱུ་འཕྲུལ་བཞི་བཅུ་རྩ་གཉིས་ཀྱིས། །ཐམས་ཅད་ལྷ་ཉིད་རྟག་ཏུ་སྦྱོར། །ཐམས་ཅད་མ་ལུས་དཀྱིལ་འཁོར་མཆོག །མཚན་ཉིད་ལེགས་པར་ཤེས་པར་བྱ། །རང་གི་ལྷ་ནི་འབྲས་བུ་ཡི། །གཞི་ཕྱིར་མཆོག་ཏུའང་ནན་ཏན་བྱ། །བསྐལ་པ་མཉམ་པའི་ཡེ་ཤེས་ཏེ། །གཉེར་ན་ཉེ་བར་འབྱུང་བ་ཡི། །ཡ་མཚན་ཆེན་པོ་འབྱུང་བར་ངེས། །དད་མེད་ཉམས་ན་ཕུང་བར་འགྱུར། །ལྷ་སྤངས་དགེ་སྤྱད་དོན་མེད་པས། །གང་ཞིག་ཕྱག་རྒྱ་འདི་སྤངས་ན། །ཉོན་མོངས་ངན་སོང་གནས་སུ་སྐྱེ། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །བླ་མེད་འགྲོ་བའི་རྒྱུན་ཆད་ནས། །

༄༅། །རིགས་ཆད་ཉིད་དུ་གནས་པར་འགྱུར། །བདག་ཉིད་ལྷ་དང་མཉམ་སྦྱར་བས། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །གཅིག་དང་དུ་མ་ཡོངས་བྲལ་བས། ། དཀྱིལ་འཁོར་ཐམས་ཅད་གྲུབ་པར་གསུངས། །དེ་ནས་རིགས་ཀྱི་བུ་མཆོག་དེས། །རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་པའི་ཡིད་འཐད་དབུལ་། །་དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་དག་པར་འགྱུར། །དབང་དང་དངོསགྲུབ་འདོད་པ་ཡིས། །འདི་ལ་ཤིན་ཏུ་ནན་ཏན་བྱའོ། །སྒྱུ་འཕྲུལ་དྲྭ་བར་ལེགས་བཞུགས་པས། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །དཀྱིལ་འཁོར་ཀུན་ཏུ་ཞུགས་པ་ཡིན། ་རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལ་མངོན་དུ་མཐོང་ཞུགས་པའི། །བསོད་ནམས་བསྟན་པ་གང་ཡིན་པ། །ཕྱིས་བྱས་དེ་བཞིན་ལུང་བསྟན་ཕྱིར། །སྒྱུ་འཕྲུལ་བདེ་ཆེན་དཀྱིལ་འཁོར་བཞི། །སྟངས་དཔྱལ་གཉིས་སམ་ཡང་ན་ལྔ། །བྱས་ཏེ་དད་ལྡན་རབ་བཞུགས་ན། །འདོད་པ་ཡིད་འོང་མཆོག་ལ་སོགས། །སྔོན་བྱས་པ་དང་མཉམ་པར་འགྱུར། །

གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱི། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །ཉེ་བའི་སྲས་སུ་དགོངས་པར་འགྱུར་ རྡོ་རྗེ་འཛིན་པར་རིགས་ངེས་ཤིང་། །དོན་རྣམས་ཟློག་ཅིང་ངན་སོང་སྦྱོང་། །ལོངས་སྤྱོད་འདུ་བ་རྣམས་པ་གཉིས། །ཡེ་ཤེས་སྤུན་གྱི་གཞི་རུ་དེས། །དེ་ལ་སོགས་པ་མཐའ་ཡས་མཆོག །བྱང་སེམས་དཀྱིལ་འཁོར་ཟབ་མོའི་དབང་། །ཕན་ཚུན་རྒྱུད་དང་འབྲས་བུ་ནི། །ཕྱི་ནང་གསང་བ་ཉིད་དུ་གསུངས། །ལྟེ་སྙིང་དབུ་མགྲིན་ཡན་ལག་བཅས། །རྣམ་ཤེས་གཅིག་གི་རྟེན་གཞི་སྟེ། །ཡེ་ཤེས་རྣམ་པ་བཞི་བཅུ་གཉིས། །གཞི་དང་རྒྱུ་ཕྱིར་ཕྱི་རོལ་དོན། །དབང་པོ་ཡུལ་དུས་གསང་བ་རྣམས། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཉིད། །མ་ལུས་འདུས་པའི་ཐིག་ལེ་ཆེ། །ཁམས་ལ་སོགས་པ་བདེ་ལྡན་པའི། །ཀུན་རྫོབ་ནང་གི་དོན་དུ་བཤད། །ཐ་དད་མིན་ལས་ཐ་དད་པའི། །རང་ཉམས་བདེ་བའི་ཡེ་ཤེས་ནི། །གཅིག་ཅེས་འདི་ཞེས་བརྗོད་དུ་མེད། །གཉིས་མེད་དབྱིངས་ཀྱི་ངང་དུ་མེད། །གསུམ་སོགས་སྣ་ཚོགས་འབྱུང་ཞིང་འཕྲོ། །བྱིན་རླབས་སྣ་ཚོགས་མཐའ་ཡས་མཆོག །དོན་བསྡུས་དཀྱིལ་འཁོར་བཞི་བཅུ་༄༅། །གཉིས་། །ཡེ་ཤེས་ཕྱག་རྒྱ་གསལ་འགྱུར་བ། །བཅུ་གསུམ་ལ་སོགས་མཐར་ཕྱིན་པས། །འབྲས་བུ་ཉིད་དུའང་འདི་ཤེས་བྱ། །བདེན་གཉིས་བྱང་ཆུབ་དབྱེར་མེད་པས་ ་དངོས་པོ་མིང་གིས་རྫོགས་པར་འགྱུར། །དེ་དག་ངེས་པའི་མིང་བསྟན་པ། །སྙིང་པོ་ཐམས་ཅད་དུས་སུ་དཀྱིལ། །གང་ཡང་ཡན་ལག་འཁོར་དུ་འགྱུར། །རྒྱུ་འབྲས་རྣམ་པར་སྤང་བར་བྱ། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །འདས་པ་རྟག་ཏུ་དཀྱིལ་ཡིན་ཏེ། །འཇིག་རྟེན་སྣ་ཚོགས་འཁོར་དུ་གསུངས། །ཏིང་འཛིན་རང་བཞིན་དོན་ཤེས་བྱ། །རྡོ་རྗེ་སེམས་དཔའ་དཀྱིལ་ཉིད་དེ། །རིགས་བཞི་ལྷ་དང་ལྷ་མོ་དང་། །ཁྲོ་བོ་ཁྲོ་མོ་འཁོར་ཡིན་ཏེ། །ལྷག་པ་གཉིས་སོགས་དོན་དུ་གསུངས། །བཅོ་བརྒྱད་ཁམས་གསུམ་སྙིང་པོ་ཉིད། །དེ་དག་འཁོར་དེ་བདེ་བའི་ཁམས། །ཡེ་ཤེས་དེ་བཞིན་ལྷ་དེ་བཞིན། །བྱང་སེམས་རྣམ་གཉིས་མཐར་ཐུག་ཕྱིར། །ངེས་ཚིག་ལས་དང་ངོ་བོ་ཡིན། ། དངོས་པོ་གཉིས་པ་མཆོག་ཡིན་ཏེ། །རྒྱ་རྐྱེན་ངོ་བོ་འབྲས་བུ་དང་། །ལས་རིམ་སྐྱོན་ཡོན་བརྒྱད་ཤེས་བྱ། །ངོ་བོ་སྣོད་ཀྱི་མཚན་ཉིད་ཀྱིས། །དབྱེ་བ་རྣམ་པ་ལྔ་རུ་འགྱུར། །བདག་ཕན་ནུས་པ་གཉིས་ཀྱི་ལས། །ཉིད་ལག་ལྔ་ཕྲག་གཉིས་དང་གཅིག །དེ་དག་ཕྱི་རོལ་དོན་ཤེས་བྱ། །བདེ་སོགས་སྤྱོད་པ་གསང་བར་འགྱུར། །རང་གནས་རང་རིག་ཡེ་ཤེས་གསལ། །རང་བཞིན་ལྷུན་གྲུབ་དེ་བཞིན་ཉིད། །མངོན་བྱས་རྒྱུ་འབྲས་དབྱེར་མེད་པ། །ཡང་དག་རྫོགས་པའི་བདེ་ཆེན་པོ། །རྡོ་རྗེ་སྐུ་ཕྱིར་བསྟན་པ་ཡིན། །རྒྱུ་གཉིས་རང་བཞིན་མཚུངས་པ་ནི། །ངོ་བོ་བཞིན་དུ་གྲངས་འཇུག་སྟེ། །རྒྱུ་ཡི་འཁོར་ལོ་གདུགས་སུ་གསལ། །བཅུད་དག་བུམ་པའི་རྣམ་པ་ཡི། །དབང་པོ་མཆོག་ནི་རྒྱལ་མཚན་འགྱུར། །མ་ལུས་སེམས་ཕྱིར་ལོགས་སྤྱོད་དེ། ། ཁྱབ་པའི་མཁའ་འགྲོས་བསྲུང་བར་བྱེད། །ཐབས་དང་ཤེས་རབ་བདེ་བའི་ལམ། །ཡན་ལག་བཅས་པས་གཡས་གཡོན་བཅིངས། །ཀུན་ཏུ་འཕྱོ་བ་ཅོད་པན་མཆོག །དབུ་འམ་འདུད་པ་བཅུད་ལྡན་འཕྲེང་། །རྡོ་རྗེ་ཕུང་སོགས་བཞི་བཅུ་གཉིས། །ཉི་ཤུ་རྩ་ལྔ་འབྱུང་བའི་དངོས། །འཕྲ་རགས་ཐབས་དང་ཤེས་རབ་མཚན། །རྣམ་པའི་ལུས་བཅུ་དེ་བཞིན་ཏེ། །ཕྱོགས་མཚམས་སྲུང་བར་བྱེད་པའོ། །ཕུང་པོ་འབྱུང་བཅས་དཀྱིལ་འཁོར་ཅིག །རེག་སོགས་ལས་ཀྱི་ཡུམ་དུ་གྱུར། །ཕྱག་རྒྱ་གྲངས་ཀྱི་རབ་འབྲིང་རྣམས། །རང་བཞིན་རྒྱུ་ལ་རྐྱེན་སློང་དང་། ། ༄༅། །ཏིང་འཛིན་བྱེད་པས་དབང་སྐུར་འགྱུར། །ཀུན་ལ་རྒྱས་འདེབས་ཕྱག་རྒྱ་ནི། །རྣམ་ཤེས་རང་བཞིན་ཡེ་ཤེས་ལྔ། །ཁམས་ལྔ་བདེ་བྱེད་རང་བཞིན་ནི། །སྐུ་གསུང་འཕྲིན་ལས་ཡོན་ཏན་ཐུགས། །སྤྱོད་ཡུལ་དག་འགྱུར་རྒྱུ་འབྲས་ཀྱི། །སྙིང་པོ་མཆོག་ཏུ་དེ་གསུངས་སོ། །ཕུང་སོགས་རྩ་དང་ཁམས་རྣམས་ཀུན། །རང་བཞིན་འཁྲུལ་པའི་ཐ་སྙད་དུ། །སྣ་ཚོགས་སྣང་ལ་གནས་པ་མེད། །རང་བཞིན་ཡེ་ནས་ཟླུམ་པ་ནི། །ལས་དང་ངོ་བོ་དབང་དུ་འགྱུར། །འཆད་སོགས་ལས་ཀྱི་མཚན་ཉིད་ལྔ། །ཡན་ལག་དབང་པོའི་དཀྱིལ་འཁོར་ལྔས། ། ལས་ཐམས་ཅད་ལ་དབང་སྒྱུར་ཞིང་། །རླུང་ལ་སོགས་པའི་དཀྱིལ་འཁོར་ལྔ། །སྙིང་སོགས་གནས་པ་ལས་དཀྱིལ་འཁོར། །སྒྲ་དབྱངས་གསུང་གི་གསལ་བྱེད་དང་། །མི་ཤིགས་ཐིག་ལེ་རང་གི་ལྷ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །འདི་དག་ལས་སུ་སྤྱོད་བྱེད་ཀྱང་། །རང་བཞིན་མ་སྐྱེས་སེམས་ཡིད་ཕྱིར། །བསྒོ་དང་བསྒོ་བར་བྱ་བ་མེད། །ཆགས་མེད་ཚུལ་ཏུ་རང་བཞིན་གནས། །གསུམ་པའི་རང་བཞིན་བཤད་པར་བྱ། །མ་བཅོས་རྒྱུད་གྱི་སྐད་ཅིག་མ། །དེ་ཡིས་མ་བྱས་གང་ཡང་མེད། །འདས་དང་མ་འདས་ཐམས་ཅད་ཀུན། །རིགས་པ་ཉིད་དུ་ཐམས་ཅད་འདུས། །སེམས་དང་ཆོས་སུ་དབྱེར་མེད་པར། །མཐའ་བཞི་ཡོངས་བྲལ་བདེ་ཆེན་ལ། །སོ་སོར་ཞེན་པས་དེ་བཞིན་སྣང་། །དངོས་པོ་མིང་གིས་འཐད་པ་ཉིད། །སྣང་བྱང་རྒྱུ་ཡང་དེ་བཞིན་ཉིད། །རང་བཞིན་བདེ་བ་གནས་པའི་ལམ། །བརྒྱུད་པས་བདེ་བ་མྱོང་བར་བྱེད། །རང་བཞིན་གནས་པའི་དོན་དུ་བསྟན། །བྱིན་རླབས་ཐབས་ཀྱིས་འབྲེལ་བའི་ཕྱིར། ། ཐམས་ཅད་སྤྱད་ཅིང་བླང་བར་བྱ། །མ་ལུས་སེམས་ཕྱིར་གཉིས་མེད་པས། །གཟུང་དང་འཛིན་པ་རྣམ་བྲལ་ཏེ། །མཐའ་རྣམས་ཅི་ལའང་མི་གནས་པས། །རང་རིག་འོད་གསལ་ཐམས་ཅད་མཁྱེན། །རང་རིག་སྣང་བ་མ་སྐྱེད་ཕྱིར། །སྐྲ་དང་ཡེ་ཤེས་བསམ་མི་ཁྱབ། །ངང་ཉིད་ལྷུན་གྱིས་གྲུབ་པ་ནི། །རྒྱུ་འབྲས་སྔ་ཕྱི་མ་ཡིན་པས། །རྒྱུ་ཡི་དུས་ཉིད་འབྲས་བུའི་མཆོག །དེ་བཞིན་ཉིད་དུ་གཤེགས་པ་ཡང་། །སྣ་ཚོགས་ཞེན་ལས་གྲོལ་བར་ཟད། །ཡང་དག་ཉིད་ལ་ཡེ་རྫོགས་ཕྱིར། །དངོས་པོ་མིང་གཉིས་འཐད་པར་འགྱུར། །དེ་ཕྱིར་དུས་གསུམ་འགྱུར་མེད་པས། །བསྟན་པ་ཞེས་སུ་གསུངས་པ་ཡིན། །འབྲས་བུ་རྒྱུ་ལ་མི་གནས་ན། །ཕྱོགས་གཅིག་རྒྱུ་དང་རྐྱེན་དག་གིས། །ཀུན་ནས་སློང་བར་རིགས་མ་ཡིན། །འཆིང་བུ་ནོར་བུར་དབང་༄༅། །བསྐུར་ཡང་། །དེ་ལ་རིན་ཆེན་མངོན་རྟགས་མེད། །ཆོས་དབང་སེམས་ལ་ཡོད་བ་རུ། །ཀུན་བཟང་རྡོ་རྗེ་སེམས་དཔས་བསུངས། །དབང་མཆོག་རང་ལ་མེད་འགྱུར་ན། །བསྐུར་བས་ཐོབ་པར་མི་འགྱུར་རོ། །དང་པོ་ལ་སོགས་སེམས་རིམས་ལྔ། །གོང་ནས་གོང་དུ་རྒྱུད་ལྡན་པ། །ཕྱོགས་གཅིག་རྒྱུ་རུ་སྦྱིར་བཤད་དེ། །རྐྱེན་དང་ཐུན་མོང་འབྲེལ་ཞེས་བྱ། །རྐྱེན་བཞི་སྣོད་ཀྱི་མཚན་ཉིད་གཉིས། །ཆགས་གཉིད་རང་ཕྱོགས་ཆང་དང་ནི། །ཡི་དྭགས་གཏི་མུག་རྩོད་པ་དང་། །ཉེས་པ་དུ་མའི་རྒྱུར་ཤེས་བྱ། །དྲེགས་སྐུར་ཕྲག་དོག་ལེ་ལོ་ཡིས། །ཉམས་སྒྲིབ་དངོས་གྲུབ་མི་འབྱུང་དང་། །འབྲས་བུ་ཀུན་ཀྱང་ཡལ་བར་འགྱུར། །ཞེ་སྡང་སྙིང་རྗེ་ལས་རིང་བ། །ཐེག་པ་ཆེན་པོའི་རིགས་མ་ཡིན། །ཁེ་དྲགས་ལོངས་སྤྱོད་ཀྱིས་འཕྲོག་པ། །བསམ་བྱ་རིང་དུ་སྤོང་བར་འགྱུར། །སྒྲ་ཡི་ང་རྒྱལ་ཉམས་པའི་གཞི། །དོན་ནི་ས་པའང་ལྡན་པར་གསུངས། །ནན་ཏན་དམ་ཚིག་མི་བྱེད་པ། །ཐར་བའི་ལམ་ལས་རིང་བར་འགྱུར། །དེ་དག་ཐུན་མོང་སྤང་བར་རིགས། །རང་བཞིན་གཉིས་ཀྱིས་སྐལ་མེད་དང་། །བུས་པ་རྣམ་གཉིས་མ་ནིང་སོགས། །མཐར་ལམ་གཉིས་ལས་རིང་བར་འགྱུར། །རྩ་བ་ནན་ཏན་ལྡན་པ་དང་། །སྐྱོན་ཟློག་ཡོན་ཏན་ཉིད་དུ་འགྱུར། །ཅི་ལའང་ཡིད་རིངས་དོག་པ་མེད། །བསྐྱེད་ནས་སེམས་ལ་རྐྱེན་ཐུབ་པ། །སྨད་པར་གྱུར་མའང་བླང་བར་བྱ། །དད་པའི་ཚུལ་གྱིས་སྣང་བ་ནི། །ཕྱོགས་གཅིག་རྐྱེན་དུ་ངེས་པར་བཤད །ཏིང་འཛིན་སྔགས་དང་ཕྱག་རྒྱ་དག །དཀྱིལ་འཁོར་རྫས་དུས་ལ་སོགས་པ། །ནུས་མཐུ་མང་པོ་སྣང་བར་འགྱུར། །ཤེས་རབ་ཏིང་འཛིན་ནོགས་དང་ལྡན། །ལོག་སྤངས་ཡང་དག་དུག་ལྔར་ལྡན། །མན་ངག་བརྟུལ་ཞུགས་སྙིང་རྗེར་ལྡན། །ལས་དང་མན་ངག་རྒྱུན་མ་ཆད། །རྒྱུད་གོམས་ལས་སྦྱོར་མ་མཐོང་བ། ། དངོས་ལྔ་རྫོགས་ཕྱིར་ཉམས་ལྡན་པས། དེ་ཉིད་དེ་ལ་སྣང་བར་འགྱུར། །རིམ་པ་སྐས་ཀྱི་ཚུལ་དག་གིས། །ལྟོས་ནས་རྒྱུ་འབྲས་གོ་འབྱེད་པ། །དེ་མ་ཐག་པའི་མཚན་ཉིད་དོ། །ཏིང་འཛིན་ལ་སོགས་རིམ་བཤད་པ། །མཆོག་སོགས་ཕྱག་རྒྱ་གང་ཡིན་ལ། །རང་གི་རབ་གནས་ཅུང་ཟད་མཆོག །རང་བཞིན་གསར་བར་བྱེད་པ་དང་། །སྣང་བྱེད་ལ་སོག་དབང་བསྐུར་བྱེད། ་རྟོག་ཚོགས་སེམས་ཕྱིར་མ་སྐྱེས་པ། །ཐབས་དང་ཤེས་རབ་རང་བཞིན་ལས། །ཏིང་འཛིན་ཕྱག་རྒྱར་དབང་བསྒྱུར་ནས། །ལས་རྣམས་བྱེད་པར་དབང་བསྐུར་བའོ། །རྣམ་ཤེས་༄༅། །ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་མ་མ་སྐྱེས་པ། །མི་བསྐྱོད་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་ཐུགས་སུ་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམ་མངོན་བྱེད་ཤོག །ཧཱཾ་བཛྲ་དྲི་ཀ །མུཾ་དྷྭ་ཏཱི་ཤྭ་རི་སྟོ། ཨ་བི་ཤིན་ཙ་ཧཱུཾ། མིག་གཟུགས་སེམས་ཕྱིར་མ་སྐྱེས་པ། །ས་སྙིང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཀྵི་ཧི་རཱ་ཛཱ་ཡ། ཧཱཾ་ལ་སེ་སམ་ཡ་སྟོམ། ཨ་བི་ཤིན་ཙ་ཧཱུཾ། རེག་ཤེས་རྟག་པ་མ་སྐྱེས་སེམས། །གཤིན་རྗེ་ཡབ་ཡུམ་རང་བཞིན་ལས། ། ཏིང་འཛིན་འཇོམས་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་ཐར་བྱེད་ཤོག །ཨོཾ་ཡ་མནྟ་ཀྲི་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་དྷ་རོ་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཨ་བི་ཤིནྣ་ཧཱུཾ། ཡིད་ཆོས་རང་རིག་མ་སྐྱེས་པས། །ཀུན་བཟང་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཕྱག་རྒྱས་དབང་བསྒྱུར་ནས། །མ་ལུས་ཀུན་གྱི་བྱེད་པར་ཤོག །གསང་སྔགས་ལྡན་པར་བྱིན་བརླབ་པ། །གནས་བསྟིམ་རང་བཞིན་ཕྱག་རྒྱར་གསལ། །ཤིན་ཏུ་རྫོགས་པར་དབང་བསྐུར་བྱ། །མགོ་ལྕེ་སྙིང་ལྟེ་གཡས་ཟུར་ལ། །བླ་བར་ཨོཾ་སོགས་འབྲུ་ལྔ་དགོད། །སྐུ་གསུང་ཡོན་ཏན་ལས་བྱིན་བསྡུ། །

སྐུ་སོགས་ཕྱག་རྒྱར་གསལ་བར་བྱ། །ཨོཾ་བདེ་གཤེགས་སྐུ་ཡི་ངོ་བོ་ལས། །མི་ཤིགས་རྡོ་རྗེ་རྒྱལ་པོའི་གཙོ། །སྔགས་དང་ཕྱག་རྒྱ་ལྡན་པ་ཡིས། །རྡོ་རྗེའི་སྐུ་ཡི་ངོ་བོར་ཤོག །ཨོཾ་སརྦ་ཏ་ཐཱ་ག་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་བདེ་གཤེགས་གསུང་གི་ངོ་བོ་ལས། །མི་ཤིགས་རྡོ་རྗེ་ཆོས་ཀྱི་དབྱིངས། །སྔགས་དང་ཕྱག་རྒྱ་ལྡན་པ་ཡིས། །རྡོ་རྗེ་གསུང་གི་ངོ་བོར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བ་ཀ་བཛྲ་སྭ་བྷ་བ་ཨཱཏྨ་ཀོ྅ཧཾ། ཧཱུཾ་བདེ་གཤེགས་ཐུགས་ཀྱི་ངོ་བོ་ལས། །མི་ཤིགས་རྡོ་རྗེ་ཐུགས་ཀྱི་ཐུགས། །སྔགས་དང་ཕྱག་རྒྱ་ལྡན་པ་ཡིས། །རྡོ་རྗེའི་ཐུགས་ཀྱི་གཙོ་བོར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷ་བ་ཨཱཏྨ་ཀོ྅ཧཾ། སྭཱ་མི་འགྱུར་བ་ཡི་ཞིང་ཁམས་ལས། །མ་བསྐྱེད་པ་ཡི་འབྲས་བུ་ལས། །མ་བསགས་པ་ཡི་ལོངས་སྤྱོད་འབྱུང་། ། ཅིར་ཡང་འགྱུར་བའི་ཡེ་ཤེས་ཀྱིས། །རང་དབང་ཐབས་ཀྱིས་བསྒྱུར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཧཱ་ཐབས་དང་ཤེས་རབ་གཉིས་མེད་པའི། ། འདོད་ཆགས་ཆེན་པའི་ཆེན་ཏིང་འཛིན་ལས། །ལས་དང་དངོས་གྲུབ་ཀུན་སྣང་བས། །མ་ལུས་མཉམ་པར་སྦྱོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་༄༅། །ཀོ྅ཧཾ་། རིན་ཆེན་རབ་གནས་ལས་བྱུང་བའི། །རིན་ཆེན་མཛེས་པས་དབུ་བརྒྱན་ཅིང་། །རིག་ལྔ་འདུས་པའི་བུམ་ཆུ་སྦྱིན། །ཐབས་ཤེས་འབྲེལ་བ་རིགས་ལྔའི་དངོས། ་བདུད་རྩིའི་རྒྱུན་ལས་དེ་བཞིན་བསྐྱེད། །ཨཱོཾ་ཆོས་ཉིད་མཉམ་པ་ཆེན་པོ་ལས། །ཡེ་ཤེས་གསལ་བ་རྣམ་པར་དག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །སྐྱེ་མེད་ཆོས་ལ་དབང་ཐོབ་ཤོག །ཨཱོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷཱ་བ་ཨ་ཏྨ་ཀོ྅ཧཾ། ཧཱུྃ་དག་ཅིག་གསལ་བའི་རང་བཞིན་ཏེ། །སྐྱོན་མེད་སེམས་ཉིད་རིན་པོ་ཆེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །སྲིད་པ་གསུམ་པ་ལ་དབང་བསྒྱུར་ཤོག །ཨོཾ་མ་ཧཱ་ཨཱ་དཪྴ་ཛྙ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོ྅ཧཾ། སྭཱ་ཁམས་གསུམ་རེ་སྐོང་རྒྱལ་པོ་སྟེ། །ཡོན་ཏན་རིན་ཆེན་གསེར་གྱི་མཆོག །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། ། འགྲོ་བའི་རེ་སྐོང་རྒྱལ་པོར་ཤོག །ཨོཾ་མ་ཧཱ་ས་མན་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨཾ་ཉེས་པའི་སྐྱོན་བྲལ་དྲི་མ་མེད། །སྐྱེ་འགག་མེད་པའི་དངོས་གྲུབ་སྟེ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། སྲིད་གསུམ་ཉེས་དམིག་སེལ་བར་ཤོག །ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎཱ་ཛྙཱ་ན་བཛྲ་མ་དཔེ་ནང་ཕྲེང་གཉིས་དང་ཚིག་གསུམ་ཆད། ལས་བྱུང་བའི། །རྒྱལ་མཚན་རིན་ཆེན་ཏོག་ལྡན་པ། །དེའི་ལག

པར་སྦྱིན་པར་བྱ། །ཧཱུཾ་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །ལོག་པའི་ལྟ་བ་ཟིལ་གནོན་མཚན། །ཐམས་ཅད་ཚར་གཅོད་རིན་ཆེན་རྒྱལ། །ཡོན་ཏན་མངོན་བྱུང་དབང་བསྐུར་རོ། །ཨོཾ་བཛྲ་ཀེ་དུ་ཨ་བི་ཤིན་ཙ་ཧཱུཾ། །མི་བསྐྱོད་རབ་གནས་རིན་ཆེན་གདུགས། །སྙིང་པོ་ལྡན་པར་བླར་གནས་བྱ། །ཧཱུྃ་གཉིས་མེད་ཡེ་ཤེས་རྟོག་བྲལ་བ། །རྨོངས་སོགས་སེམས་ཕྱིར་རང་བཞིན་སྟོང་། ༈ལོག་འབྱུང་རྒྱུ་འབྲས་མེད་གདུགས་པ། །ཐུགས་རྗེས་སྐྱོབ་པར་དབང་བསྐུར་རོ། །ཨོཾ་རཏྣ་ཙྪི་ཏྲཾ་ཨ་བི་ཤིན་ཙ་ཧཱུཾ། །སངས་རྒྱས་རབ་གནས་ལྷ་མོའི་ཚོགས། །རོལ་པའི་ཚུལ་དུ་གུས་སྟབས་བྱ། །ཨོཾ་བཟའ་དང་བཅའ་དང་བཏུང་དང་བགོ །རང་སེམས་རྣམ་དག་བརྒྱད་པའི་ཕྱིར། །གཉིས་མེད་རོལ་པར་དབང་བསྐུར་བས། །བདུད་རྩི་ཡིད་བཞིན་སྐུ་གྲུབ་ཤོག། ཨོཾ་བཛྲ་ཏོ་རུ་ཨ་མྲྀ་ཏེ་ཨ་རི་ཤིན་ཛ་ཧཱུཾ། སྦྱོར་བ་ལ་བྱུང་ལེབ་རྒན་ཏཱཾ། །གང་ཡིན་རྣམས་སུ་འཁོར་ལོའི་ཁང་། །ཉི་ཟླའི་གདན་དུ་སེམས་བྱུང་འབྲུ། །ལྔ་གཉིས་ཟུང་ལས་འཁྲིལ་སྦྱོང་སྐུ། ། ཡེ་ཤེས་སྤྱན་དྲངས་ཅུང་ཟད་མཆོད། །ཡོངས་གྱུར་དེའི་ཕྱག་རྒྱར་གསལ། །ཉན་བྱེད་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེ་ངོ་བོ་ཉིད། །ཏྲཾ་གི་ཕྱག་རྒྱའི་ཚོགས་མཆོག་ལས། །

༄༅། །རིན་ཆེན་དཀྱིལ་འཁོར་གསལ་སྤྲོ་བསྟིམ། །ཏྲཾ་གསང་བ་གསང་ཆེན་གསང་མཆོག་གང་། །གསང་བ་ཀུན་ལ་ཉན་པར་བྱ། །གསང་བའི་དོན་ཉིད་བརྟག་པ་ལས། ། གཞན་དུ་སྨྲ་བར་བྱ་བ་མིན། །གསལ་བའི་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེའི་ངོ་བོ་ཉིད། །རིགས་གང་ཡི་གེའི་ཚོགས་མཆོག་ལས། །རིགས་ཀྱི་དཀྱིལ་འཁོར་གསལ་སྤྲོ་བསྟིམ། །ཨོཾ་དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། །རྒྱལ་བ་ཐམས་ཅད་མཉེས་མཆོད་ལ། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ལག་པའི་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཧཾ་གི་ཕྱག་རྒྱའི་ཚོགས་མཆོག་ལས། །ལས་ཀྱི་དཀྱིལ་འཁོར་གསལ་སྤྲོ་བསྟིམ། །ཨོཾ་ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས། །ལས་རྣམས་མ་ལུས་ཀུན་བྱོས་ཤིག །ཕོ་ཉའི་འདུ་འཕྲོ་མང་པོ་ཀུན། །ཁྱོད་ཀྱི་དགོས་པ་བྱེད་པ་ཡིན། །སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཧྲི་ཡི་ཕྱག་རྒྱའི་ཚོགས་མཆོག་ལས། །ཆོས་ཀྱི་འཁོར་ལོ་གསལ་སྤྲོ་བསྟིམ། །ཨོཾ་ཆོས་ཀྱི་རྒྱལ་པོ་བླ་མེད་ཀྱིས། །དད་ལྡན་སྐྱེས་བུ་ངོམས་པར་བྱོས། །རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་སྦྲགས་གཞན་དུ་མིན། །བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐི་ལེའི་ངོ་བོ་ཉིད། །ཨོཾ་ཧཱཾ་སྭ་ཨོཾ་ཧ་རྣམས་ལས། །དཀྱིལ་འཁོར་ལྔ་དང་ཁྲོ་འཕྲེང་བསྒོམ། །རིགས་ལྔའི་དཀྱིལ་འཁོར་གསལ་སྤྲོ་བསྟིམ། །ཐིམ་འགྱུར་དབྱིངས་ནས་བྱེད་པོ་འབར། །ཨོཾ་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད། །གླེགས་བམ་འཕྲེང་བ་རྒྱ་གྲམ་ལྗང་། །འཁོར་ལོ་རྡོ་རྗེ་དྲིལ་བུ་སྦྱིན། །ཅུང་ཟད་རབ་གནས་གསལ་མ་བྱས། །དཀྱིལ་འཁོར་བསྒྲུབ་ཐབས་གསལ་བར་དབྱེ། །ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །སོར་བཞིའམ་ཡང་ན་མཛུབ་གང་ལ། །རིགས་ཀྱི་དཀྱིལ་འཁོར་ལེགས་པར་བརྟག །བཅུ་དྲུག་ཕྱག་རྒྱ་ཕྱི་ནང་གསལ། །སྦྱོར་ལམ་ལམ་གྱི་རྒྱུད་མཐུན་པ། །བཅུད་དང་ངེས་པར་ལྡན་པ་ལ། །ཟས་སྲུང་གོས་རྗེ་དམ་ཚིག་སྦྱིན། །ལས་དང་དགག་སོགས་ལེགས་པ་བསླབ། །བྱིན་རླབས་མཆོད་པ་ཆེན་པོ་བྱ། །གཉིས་མེད་ཡེ་ཤེས་རོ་ལྡན་པས། །ཁྲུས་གཡོག་ལྡན་པའི་བུ་རྣམས་ལ། །འཛེམ་པའི་ཉེས་དམིགས་སྔར་ཤེས་ནས། །ཏིང་འཛིན་ལྡན་པས་ཐོགས་མེད་སྤྱིན། །བདེ་དང་མཚན་མ་བརྟག་པར་༄༅། །བྱ། ་རབ་གནས་ཕྱག་མཐིལ་ཕྲ་དཀྱིལ་འཁོར། །ཕྱི་རོལ་ནང་གི་ཚུལ་དུ་བཤད། །རིག་པའི་མེ་ཏོག་དོར་བར་བྱ། །དོགས་མེད་བདེ་བར་ལྡན་པ་གང་། །སྡུག་བསྔལ་ལས་གྲོལ་ཞེས་དབུགས་དབྱུང་། །ཐུན་མོང་རིགས་མཐུན་རྟོག་མེད་རྒྱ། །ཨུཏྤལ་དཀར་ནག་ཕྱེད་དཀྱུགས་ལྡན། །ཕྱོགས་དང་བླ་འོག་འབྲིང་དུ་བཤད། །དྲི་མཆོག་དངོས་དང་ཆུ་རླུང་བརྟག །ལྟེ་བ་འཕྲ་ཞིང་རྒྱས་པ་ཡིས། །ཟླ་བ་མང་བས་མྱུར་བས་འགྱུར། །ཡན་ལག་པད་འདྲ་ཕྱག་མཚན་ཅན། །ཤིན་ཏུ་མཉེས་ཞིང་གཟི་བརྗིད་ལྡན། །ཁོང་ཡངས་དལ་བ་གུས་དང་ལྡན། །སྐབས་ཕྱེད་སྙན་སྨྲ་དང་ཆེ་བ། །སྔོན་ནས་ཤིན་ཏུའང་བརྟག་པར་བྱ། །ལས་སྦྱོར་བཤད་པ་བཞིན་ཤེས་ནས། །རིན་ཆེན་ལ་སོགས་འདོད་ཡོན་གྱིས། །མཉེས་པའི་མེ་ཏོག་དོར་བར་བྱ། །སེམས་ཀྱི་དཀྱིལ་འཁོར་ལེགས་བརྟན་ལ། །རབ་གནས་ལས་ཀྱིས་རྒྱས་པར་བྱ། །རྡོ་རྗེ་སེམ་དཔའ་ཡབ་ཡུམ་དུ། །བདག་གམ་ཡང་ན་གཞན་གྱིས་བརླབས། །རླུང་ཁམས་དང་པོ་ཤེས་པ་ཡིས། །དུས་དང་རབ་གནས་འབྲས་བུ་ནི། །གཉིས་ག་ལ་ཡང་ཤེས་པར་བྱ། །བདེ་བ་མྱོང་བ་དེ་བཞིན་ཏེ། །མཉམ་པར་སྦྱོར་ཞེས་དུས་ཉིད་ཡིན། །གནས་ཀྱི་ཡེ་ཤེས་བཅུ་དྲུག་པོ། །ཚོགས་སྦྱོར་རྩ་སོགས་དང་པོ་ནས། །མཐར་ཕྱིན་སངས་རྒྱས་ས་ཉིད་དེ། །གནས་བཞི་དེ་བཞིན་དབྱེ་བ་ལས། །གཉིས་པའི་གཉིས་པ་རབ་དགའ་སོགས། །ཕ་རོལ་ཕྱིན་དང་ས་མཚན་ཉིད། །མཚུངས་ཕྱིར་རྫོགས་པར་བཤད་པ་ཡིན། །དེ་དག་ཐབས་དང་མཚན་ཉིད་ནི། །བླ་མའི་ཞལ་ལས་ཤེས་པར་བྱ། །དབང་པོ་མ་ལུས་བཅུད་འདུས་པ། །ཕྱག་རྒྱའི་སེམས་སོགས་ཐམས་ཅད་ཀྱི། །རང་བཞིན་གཉིས་མེད་མ་སྐྱེས་པ། །དང་བར་བྱེད་ཕྱིར་མིང་ཐོབ་སྟེ། །དེ་ཉིད་གང་ལ་ལྡན་གྱུར་པ། །རྒྱལ་མཚན་མཆོག་ནི་དབང་པོར་གསུངས། ། སྔོན་བཤད་ཤེས་བྱའི་མཆོག་གྱུར་པ། །གང་དང་ལྡན་དེ་ཤེས་བྱའི་ཡུལ། །རྟེན་ཅན་རང་བཞིན་བདག་ཉིད་ཕྱིར། །འདྲེས་པ་དེ་ཉིད་གསལ་འགྱུར་བས། །རྣམ་ཤེས་ཐུགས་ནི་རྡོ་རྗེ་སེམས་ །ཐམས་ཅད་འབྱུང་བའི་རྟེན་ཉིད་དང་། །ཐམས་ཅད་འགྲོ་བའི་གནས་ཉིད་དག །དེ་ཡིས་མ་བསྐྱེད་གང་ཡང་མེད། །འཁོར་དང་མྱ་ངན་འདས་པའི་རྒྱུ། །དེ་ལས་ཐམས་ཅད་སྐྱེ་ཞིང་འབྱུང་། །ཀུན་གྱི་ཕྱག་རྒྱའི་རྒྱུ་ཡིན་ཏེ། །བདེ་བའི་བྱང་ཆུབ་བསྒྲུབ་པའི་རྫས། །དེ་ལ་ཐབས་ཀྱི་ལུས་ཤེས་བྱ། །ཡེ་ཤེས་རང་བཞིན་ལུས་བསྟན་པ། །ཐམས་ཅད་བདག་ཕྱིར་༄༅། །གཉིས་མེད་ཅིང་། །ཤེས་བྱ་ཤེས་བྱེད་མ་སྐྱེས་ཕྱིར། །ཐམས་ཅད་མཐས་སྟོང་རང་རིག་ཉིད། །སྟོང་པའི་སྟོང་བ་ཆེན་པོར་གསུངས། །གང་ནས་མ་འོང་གར་མི་འགྲོ། །འགྲོ་དང་འོང་བར་བྱ་བ་མིན། །ཤིན་ཏུ་རྟག་དཀའ་མི་དམིགས་ཕྱིར། །མཐའ་དང་དབུས་སུ་བརྟག་ཏུ་མེད། །གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་དེར་སྣང་ངོ་། །དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་ཀྱང་། །རང་རིག་ཁོ་ནས་ཙམ་དུ་ཟད། །འདས་དང་མ་འདས་བདག་ཉིད་པས། །ཀུན་ལ་སྨོན་ཅིང་ཆགས་སུ་མེད། །དེ་ནི་གཉིས་མེད་བྱང་ཆུབ་སེམས། །སེམས་དང་བྱང་ཆུབ་དབྱེར་མེད་པས། །སེམས་ཅན་མ་ལུས་ཐམས་ཅད་དང་། །དུས་གསུམ་ཆོས་རྣམས་ཐམས་ཅད་གསལ། །རྣམ་པར་རྟོག་པ་མི་མངའ་སྟེ། །དེ་ཡིས་མི་མཁྱེན་གང་ཡང་མེད། །འོད་གསལ་ཐམས་ཅད་མཁྱེན་དབང་དུ། །ཀུན་བཟང་རྡོ་རྗེ་སེམས་དཔས་གསུངས། །གང་ཞིག་ཅུང་ཟད་ཉམས་ལོན་པས། །རྗེས་སུ་མཐུན་པའི་ཡུལ་ཉིད་ལ། །ཁྱད་པར་ཅུང་ཟད་ཉི་ལྡན་མ། །ཡུམ་གྱི་དཀྱིལ་འཁོར་གསལ་བར་བྱ། །གང་གིས་དེ་དག་ཉམས་ལོན་པ། །བལྟ་མཛེས་རིན་ཆེན་མཆོག་ཏུ་གསུངས། །རྡོ་རྗེ་ཉི་མ་ཐབས་ཀྱི་རྒྱ། ་དེ་ཟླ་བསིལ་བྱེད་ཤེས་རབ་དངོས། །གཉིས་མེད་བདེ་བ་མཐའ་བྲལ་ལ། །གདག་པའང་ཡོད་ཕྱིར་ཟུང་འཇུག་སྐུ། །རིགས་བདག་རྡོར་འཛིན་སྤྱི་གཟུགས་ནི། །ཇི་ལྟར་བལྟས་པ་དེར་སྣང་སྟེ། །རང་གི་ངོ་བོ་བསྟན་དུ་མེད། །ཡོད་ལས་བཙལ་ན་སྒྲོ་བཏགས་འགྱུར། །མེད་ལས་བཙལ་ན་སྐུར་བཏབ་སྟེ། །ཡོད་མེད་གཉིས་ལས་བཙལ་བྱས་ན། །དེ་ནི་ལུང་དུ་མ་བསྟན་འགྱུར། །རྐྱེན་བྲལ་རང་དབང་ཡེ་ཤེས་ནི། །ཐམས་ཅད་ལྷུན་གྲུབ་རང་དབང་བསྒྱུར། །གར་ཡང་མ་ཆགས་པདྨ་བཞིན། །ཕུང་སོགས་ཡེ་ཤེས་ཕྱག་རྒྱ་དག །བསམ་གྱིས་མི་ཁྱབ་བསམ་བྲལ་བར། །རང་རིག་ཉིད་དུ་རང་གསལ་བས། །གཅིག་དང་དུ་མ་ཡོངས་ཀྱིས་བྲལ། །གདུལ་བྱའི་བསམ་པ་རྫོགས་བྱེད་ཀྱང་། །གདུལ་བྱ་བདག་ཕྱིར་དམིགས་སུ་མེད། །དེ་ཉིད་ཤེས་རབ་ཐབས་སུ་རྫོགས། །ཚོགས་གཉིས་ངེས་རྫོགས་ས་མཆོག་ནི། །གདོད་ནས་དུས་གསུམ་འགྱུར་མེད་དེ། །གང་ཞིག་རྐྱེན་གྱིས་མ་བསྐྱེད་ཕྱིར། །བརྟན་འགྱུར་དབང་གིས་མཆོག་ཏུ་གསུངས། །དགོངས་པ་རང་བཞིན་དོན་ཡིན་ཏེ། །རྒྱུ་རྐྱེན་སྒྲིབ་གཡོག་དབང་དུ་གསུངས། །ཤེས་རབ་ཐབས་ཀྱི་ཡེ་ཤེས་ཚོགས། །ཐིག་ལེ་བསམ་ཡས་ཡེ་ཤེས་ཆེ། །བདུད་རྩི་༄༅། །བསིལ་དྲོ་འཇམ་པའི་དབྱིངས། །རྩ་གནས་པདྨའི་དཀྱིལ་འཁོར་དུ། །གོམས་ཐབས་རང་གི་རླུང་མཐུ་ཡིས། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །འོད་གསལ་འཕྲོ་བས་ཀུན་ལ་ཁྱབ། །བདེ་བ་མཉམ་པར་ཀུན་ཏུ་ཐིམ། །བཞི་བཅུ་གཉིས་སོགས་ཕྱག་རྒྱ་ཆེ། །གཟུགས་མེ་བསྐྱོད་བས་ཕྱོགས་བཅུར་གཡོ། །སྙིང་པོ་ཐིག་ལེ་མཉམ་སྦྱོར་བས། །བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དགྱེས་ལ་མཆོད་པ་འབུལ། །ཟག་པ་མེད་པའི་བསོད་ནམས་ཀྱིས། །ཡེ་ཤེས་སྒྱུ་མ་རང་སྣང་བ། །རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག། གསང་བའི་ཐིག་ལེ་ཉི་ཀྱི་དབྱིངས། །དེ་ནི་སངས་རྒྱས་ཀུན་གྱི་དངོས། །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས། །མ་ལུས་བདག་ཉིད་ཞལ་མཐོང་བ། །དབང་བསྒྱུར་མཆོག་ཉིད་དམ་པ་ཡིན། །དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། ། རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས། །ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །ཞིང་དང་སྤྱོད་ཡུལ་དེ་བཞིན་ཏེ། །ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར། །ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །ཡེ་ཤེས་རོལ་པ་ཉིད་ཀྱང་གསོག །རྒྱལ་བ་སྔོན་བྱུང་སྐྱོབ་པ་དང་། །བྱིན་བརླབས་སྟོན་པའང་དེ་བཞིན་ཏེ། །བྱ་བྱེད་ནུས་མཐུའི་གཟི་བྱིན་གྱིས། །སྒྱུ་མ་རྡོ་རྗེ་བཙན་པོ་མཆོག ་ཐེར་ཟུག་རྒྱུན་ལས་རབ་གྲོལ་བ། །ངོ་བོ་ཉིད་རྟག་རྡོ་རྗེའི་སྐུ། །དམིགས་པ་ཀུན་ལས་རང་གྲོལ་ཏེ། །རྡོ་རྗེ་དེ་བཞིན་ཉིད་དུ་སོན། །དེ་ནས་ཡང་དག་རྫོས་པ་ཡི། །ཡོན་ཏན་མ་ལུས་བདག་ཏུ་གསལ། །ས་སོགས་ལྟ་བ་ལས་གྲོལ་བའི། །རང་རིག་ཡེ་ཤེས་མཐའ་དབུས་མེད། །ཡོན་ཏན་བསམ་ཡས་དངོས་གྲུབ་ཀྱང་། །རང་གི་ངོ་བོ་བསྟན་པར་དཀའ། །འདུ་འབྲལ་མེད་གཟུངས་བདེ་བ་ཆེ། །རྗེས་སུ་འདས་དང་མ་འདས་རོལ། །ཕྱོགས་བཅུ་སྐུ་གསུང་ཡོན་ཏན་ནི། །དུ་མ་གཅིག་བྲལ་ཚུལ་སྣང་ལ། །དུས་གསུམ་ཆོས་ཀུན་བདག་གཅིག་ཕྱིར། ། མངོན་མཁྱེན་ཐད་ཀའི་དམིགས་ཡུལ་གྲོལ། །དེ་ལ་སོགས་པ་མཐའ་ཡས་མཆོག །ཐབས་ཆེན་ཐབས་ལས་བྱུང་བའི་སྐུ། །དེ་ནི་བྱང་ཆུབ་རྡོ་རྗེའི་མཆོག །སྣོད་བཅུད་རིམ་པའི་མཚན་༄༅། །ཉིད་ནི། །སེམས་བསྐྱེད་ལས་ཀྱིས་དད་རྣམས་ལ། །གཉིས་ཀྱི་དུས་སུ་ཕན་གདགས་བྱ། །བདག་གཞན་དོན་བྱེད་བརྩོན་འགྲུས་ལྡན། །གཉིས་དང་གསུམ་དུ་ཕྱེ་བ་ཡིས། །ལས་ཀྱི་དངོས་གྲུབ་ཐོགས་པ་མེད། །བརྟུལ་ཞུགས་རྣམ་པ་གཉིས་ལྡན་པས། གཞན་གྱི་ལོངས་སྤྲོད་ཐམས་ཅད་སྤྲོད། །འབྲས་བུ་རྒྱུ་ལ་མིང་བརྟགས་པས། །རིགས་དང་མཉམ་པའི་བརྟུལ་ཞུགས་ཀྱི། །ལས་ཐབས་ཉམས་དང་ལྡན་པ་ལ། །འོད་གསལ་ཡེ་ཤེས་ཐམས་ཅད་མཁྱེན། །བདག་ཉིད་ཀྱི་ཀྱང་བརྟན་པར་བྱ། །དེ་བཞིན་དེ་ཉིད་ཉམས་ཐོབ་པས། ། སེམས་མཐའ་འགྲོ་འོང་ལ་གནས་ཏེ། །ས་རྣམས་སླར་ལ་ཟློག་པ་ནི། །འཁོར་བ་ཉིད་ཀྱང་སྤང་དུ་མེད། །དབྱེར་མེད་ཀུན་བཟང་ས་ལ་འགོད། །དངོས་གྲུབ་ཞིང་གྱུར་དབང་ཕྱུག་ནི། ། སངས་རྒྱས་ཀུན་གྱི་བདག་ཉིད་དེ། །འབད་པས་མཉེས་བར་མི་བྱེད་པ། །བསྐལ་པར་སྦྲེབས་དང་མུན་ནག་སོགས། །བདེ་བས་རབ་ཏུ་བྲེལ་འགྱུར་ཞིང་། །ཐབས་དང་ཤེས་རབ་ལ་སོགས་ལམ། །ཤིན་ཏུ་རིང་བར་འགྱུར་བ་ཡིན། །ནུས་མཐུ་བྱིན་རླབས་བདེ་གཤེགས་ལུང་། །ནོར་བུ་རྒྱ་མཚོ་མཁའ་ལྟ་བུ། །ས་བཅུ་སེམས་དཔའ་ཆེན་པོས་ཀྱང་། །ནུས་མཐུ་གཟུ་ལུམས་མ་ཡིན་ཕྱིར། །གུས་པས་རིམ་པར་བླང་བ་རྣམས། །གང་ཞིག་དབང་རྣམས་མ་ཐོབ་པས། །ཉན་པ་ལ་སོགས་རྩོལ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཐབས་དང་ཤེས་རབ་བདེ་ལྡན་པའི། །འབྲས་བུ་རྒྱུ་ལས་གཞན་མེད་ཕྱིར། །བདག་དང་གཞན་གྱི་བདེ་སྤོང་པ། །བསྐལ་པ་བྱེ་བ་མཐའ་ཀླས་པར། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། ། སེམས་ཉིད་སངས་རྒྱས་ངོ་བོའི་ཕྱིར། །ལམ་ཡང་གཞན་ན་ཡོད་མ་ཡིན། །རྨོངས་པས་གཞན་ན་རྙེད་མི་འགྱུར། །ཐབས་དང་མི་མཐུན་དམན་པའི་དོན། །ཞི་སྤྱོད་བདེ་བས་བདེ་འཚོལ་བ། །བདེ་བ་འདོད་པས་རྒྱབ་ཀྱིས་ཕྱོགས། །ཤིན་ཏུ་ལམ་རིང་མངོན་སྤྱོད་པ། །འདི་ལ་མི་ཤོང་ཕྲག་དོག་མཆོག །གང་ཡང་ཕན་པས་དབང་བསྐུར་བའི། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས་། ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ལས་ཐམས་ཅད་ལ་ཐོགས་མེད་ཅིང་། །དངོས་གྲུབ་ཀུན་ལ་དབང་བྱེད་པའི། །དབང་ཕྱུག་ཆེན་པོ་ཉིད་དུ་ངེས། །ལྷ་མིག་ལ་སོགས་མངོན་བྱས་ནས། །ལུས་དང་ལོངས་སྤྱོད་བཅས་པ་ཡི། །རིག་འཛིན་ས་ལ་རབ་གནས་ནས། །འཇིགས་མེད་ཀུན་ཏུ་བཟང་པོར་སྤྱོད། །ཡུམ་དང་༄༅། །སྒེག་མོ་ལ་སོགས་པ། །དེ་ཉིད་བྱིན་གྱིས་རློབ་པར་འགྱུར། །ཐམས་ཅད་མཁྱེན་པ་རང་རིག་གིས། །སངས་རྒྱས་ཉིད་དང་སྤྱོད་ཡུལ་ཅིག །དེ་ལ་སོགས་པ་བསམ་མི་ཁྱབ། །ཡོན་ཏན་ལྗགས་ཀྱིས་རྫོགས་མི་འགྱུར། །ཀྱེ་མའོ་ཡེ་ནས་གསང་བའི་ཆོས། །ཐམས་ཅད་ཀུན་ལ་རང་བཞིན་གནས། །ངང་གིས་དག་མཉམ་མ་རྟོགས་པས། །ཀུན་ལ་ཡོད་ཅིག་རང་བཞིན་གསང་། །གཞན་དུ་མིན་ལ་ཤིན་ཏུ་གསང་། །དོན་ཉིད་ཀྱིས་ནི་གསང་བའི་རྒྱུ། །མཉམ་པའི་རྡོ་རྗེ་ཅན་གྱི་གསུངས། །དེ་ཕྱིར་གསང་བའི་དོན་མཆོག་འདི། །ལྟ་བ་དམན་ལ་བལྟན་བྱས་ན། །དུས་མིན་པར་ནི་སྲོག་ཟད་ནས། །མགོ་འགས་སྙིང་ཡང་ཚིག་པར་འགྱུར། །ཁབ་ལེན་ཀྱིས་ནི་ལྕགས་སྡུད་ལྟར། །མི་འདོད་བཞིན་དུ་དབང་མེད་པར། །ངན་སོང་བསྐལ་པར་མྱོང་བར་འགྱུར། །དེ་བས་རྡོ་རྗེ་གསང་མཆོག་འདི། །ཐམས་ཅད་མཁྱེན་པའི་ཐུགས་རྗེ་ཡིས། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་ཤིན་ཏུ་གསང་། ། ཐེག་པ་དམན་དང་ཕྱིན་ཅི་ལོག །དེ་ལ་གསང་བ་བསྟན་གྱུར་ན། །རང་བཞིན་གསང་དོན་མི་ཤེས་པར། །འཕྲལ་གྱི་སྤྱོད་ཡུལ་དེ་དག་ལ། །ཤིན་ཏུ་ངེས་པའི་དོན་བཟུང་ནས། །གསང་དོན་དེ་ཉིད་ལོག་པར་ཁྲིད། །མ་རྟོག་དེ་ཉིད་དམྱལ་བར་འགྲོ། །དེ་བས་རབ་ཏུ་གསང་བར་བྱ། །གསང་བ་སྤེལ་བར་བྱེད་པ་ཡང་། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་ཕྱིར་རྡོ་རྗེའི་ལྕེ་ཡོད་ཀྱང་། །ཐེག་པ་དམན་དང་མ་འདྲེས་དང་། །སྐྱེ་བོ་ཕལ་ལ་སྨྲ་མི་བྱ། །གང་ཡང་སྦྱར་མ་མི་ཤེས་སེམས་བླངས་ཆགས་སོགས་རང་བཞིན་རྨོངས་དབང་དང་བླངས་པ། བརྒྱལ་གཟེར་དེས་པར་དབང་འགགས་བཟོད་དཀའ་སྐྱེ་སོགས་བཅུ་གཅིག་འཁྲུལ་འཁོར་དེས་ལྟུང་བ། དེ་ཉིད་རིགས་ལྡན་ཅུང་ཟད་དང་བླངས་བདེ་ཟློག་ཐབས་སྦྱོར་ཅིག་གིས་གྲོལ་ཐར་ཞིང་། ཚེ་སོགས་མང་ཐོབ་རྒྱུ་འབྲས་ཀུན་རྫོགས་ཐབས་རྒྱལ་འདི་བསྡུས་དཀའ་བས་འགྲོ་མང་བྱང་ཆུབ་ཤོག །སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་ལས་ཀྱི་རིམ་པ་ཞེས་བྱ་བ། །དངོས་པོ་གཉིས་པ། །སློབ་དཔོན་སྒེག་པ་རྡོ་རྗེས་མཛད་པ་རྫོགས་སྒོ། ། ། །

༄༅། །རྒྱ་གར་སྐད་དུ། ཨ་བྷི་ཥིཉྩ་མཱ་ཡཱ་ཛཱ་ལ་བཛྲ་ཀྲོ་དྷ་མཎྜལ། ཀརྨ་པྲཱ་ལ་ན་མ། བོད་སྐད་དུ། སྒྱུ་འཕྲུལ་ཁྲོ་བོའི་དབང་བསྐུར་བ། དཀྱིལ་འཁོར་རྡོ་རྗེ་ལས་ཀྱི་རིམ་པ་ཞེས་བྱ་བ། བདག་ཉིད་ངང་གི་ཁྲོ་མཛད་ཅིང་། །ཁྲོ་བས་ལོངས་སྤྱོད་རྫོགས་མཛད་པ། །རྡོ་རྗེ་འདུ་འཕྲོ་ཁྲོས་གྱུར་དཔལ། །གཉིས་མེད་རིགས་པས་ཕྱག་འཚལ་ལོ། །སྒྱུ་འཕྲུལ་དྲྭ་བ་ལུང་གི་སྤྱི། ། གསང་བ་སྙིང་པོའི་རྒྱུད་དག་ལས། །དུར་ཁྲོད་དཀྱིལ་འཁོར་ཐོབ་བྱ་བ། །ཚད་མ་གཉིས་འབྲེལ་གོམས་པ་ཡིས། །བདག་གཞན་ས་མཐར་ཕྱིན་བྱའི་ཕྱིན། །གཉིས་འབྲལ་བསྡུས་ཏེ་ངེས་པ་འདི། །རྣལ་འབྱོར་བླ་མེད་འབྲས་བུའི་མཆོག །དུས་གསུམ་རྒྱལ་བའི་དགོངས་གཤེགས་ཤུལ། །ཐེག་པའི་ཡང་རྩེ་ཀུན་ལམ་འབྲས། །གསང་བ་སྙིང་པོའི་རྒྱུད་ཀྱི་དོན། །དེ་སྙེད་བཅུ་ཡི་གཞི་ཉིད་ལས། །སྐབས་ཀྱི་དགོངས་པ་དཀྱིལ་འཁོར་དབང་། །ཉམས་ལ་རྨོངས་པའི་དོན་ཕྱིར་དུ། །སྟོན་པ་རྡོ་རྗེའི་བླ་མར་བཞུགས། །ཆུ་བོ་འདུས་པའི་དེད་དཔོན་ལ། །སྲོག་ལུས་ལོངས་སྤྱོད་༄༅། །རྣམ་གསུམ་གྱིས། །གསང་བའི་རྒྱུད་རྣམས་ལས་གསུངས་བཞིན། །མཉེས་བྱེད་བཞི་ལྡན་ཤིཅུའི་མཆོག །སྐབས་དགོས་ཐོག་མ་མཎྜ་ལ། །རྒྱུད་ལས་གསུམ་གཉིས་གཅིག་གསུངས་པ། །སྐབས་ཀྱི་རང་བཞིན་ལྷག་པ་གཉིས། །གདུག་པ་གཉིས་དང་བཞིར་གསུངས་སོ། །དེ་དག་དགོས་ཆེད་རྣམ་གྲངས་དང་། །ངེས་ཚིག་བྱ་ཐབས་རྣམ་སྡོམ་ཚིག་གོ། །དང་པོ་རྣམ་པ་བཞིར་གསུངས་ཏེ། །གཉིས་པོ་བྱིན་རླབས་ལྡན་པ་ལ། །དེ་མཚོན་དེ་ཉིད་མངོན་བྱའི་ཕྱིར། །ཉོན་མོངས་སྒོ་ནས་བཞི་མཐར་ཕྱིན། །བཞི་ཡི་དང་པོ་བཞི་མཐར་ཕྱིན། །ཕྱི་མ་ཁྲོ་བོའང་གཙོ་བོ་ལྔ། །རྩ་བ་ཡིན་ཏེ་བཞི་དེ་ལས། །དབང་སྒྲུབ་ལས་དང་མཆོད་དཀྱིལ་འཁོར། །ལྷག་མ་གཉིས་དང་རྗེས་འཇུག་སྟེ། །རྩ་བ་ལྔ་དང་རྣམ་བཞི་པོ། །རིགས་དང་མཚན་མས་འབྲས་བུ་དབྱེ། །རྒྱུད་ལས་གསུངས་པའི་རྗེས་སུ་འབྲངས། །གསུམ་རྒྱུད་ལས་ནི་འདི་སྐད་དུ། །དབྱིངས་སུ་བསྡུས་པ་དཀྱིལ་ཡིན་ཏེ། །འཕྲོ་འདུ་མང་པོའི་འཁོར་གྱིས་བསྐོར། །ཡང་ན་འདས་པ་དཀྱིལ་ཡིན་ཏེ། །འཇིག་རྟེན་སྣ་ཚོགས་འཁོར་ཡིན་ནོ། །ཡང་ན་རྡོ་རྗེ་སེམས་དཔའ་ཉིད། །རིགས་བཞིའི་ལྷ་དང་ལྷ་མོ་དང་། །འཁོར་གྱི་ཁྲོ་བོ་ཁྲོ་མོ་ཉིད། །ལྷག་གཉིས་རང་བཞིན་གཅིག་གཤོས་སོ། །སྙིང་པོ་ཐམས་ཅད་དུས་གསུམ་དཀྱིལ། །གང་ཡིན་ཡན་ལག་གསུམ་འཁོར་ལོ། །ཐོག་མར་བྱ་ཐབས་རག་ལུས་མེད། །རང་བཞིན་འབེབས་པའི་ཡན་ལག་གོ། །རང་རིག་ལྷག་པའི་རིམ་སྒྱུར་དང་། །རྫོགས་མིན་གློ་བུར་སྨིན་པ་བཞིན། །བསྐྱེད་བས་རྫོགས་ཤིང་དོན་བྱེད་པའང་། །ཆོས་དབྱིངས་ཡེ་ཤེས་ཆོ་འཕྲུལ་ལོ། །ལྷག་པ་རྫས་གཟུགས་སྙན་མ་མངའ། ། གང་ཡང་ས་གནོན་བྱིན་རློབས་ཕྱིར། །སྡོམ་པ་དམ་ཚིག་སྟ་གོན་དང་། །ཚོན་གྱི་བྲི་དང་དབྱེ་སྙེན་པ། །རབ་གནས་བྱ་ཞིང་རྒྱས་པར་བསྲེག །འཇུག་པ་གཉིས་དང་ཡོན་ཏན་བཤད། །བཞི་གཉིས་དང་པོ་གང་ཞེ་ན། །སྤྱན་གྱི་ཆོ་ག་སྡོམ་པའི་ཚིག །བརྟག་སླད་ཚད་སྦྱང་དབང་བསྲུང་བརླབ། །ཡོངས་སུ་བཟུང་བས་རྫོགས་པ་ཡིན། །དང་པོ་བར་སྣང་ས་ནམ་མཁའ། །ནམ་མཁའ་ཕྱག་རྒྱ་ལྔ་དབྱིབས་ལ། །བར་སྣང་མདོག་དང་དབྱིབས་སུ་ཤེས། །ས་གཞི་ལོ་རྒྱུས་རྣམ་གཉིས་ཕྱིར། །བཀྲ་ཤིས་རྣམ་གཉིས་ལྡན་མི་ལྡན། །དབྱིངས་བཟློག་ཕྱོགས་མཚམས་བརྒྱད་༄༅། །བརྟག་བྱ། །འོག་གཞི་སྟེང་དུ་བསྐོས་བརྟགས་པས། །ཤིས་པ་མིན་ན་སྤོའམ་སྦྱང་། །སྐྱོན་དག་སྤང་ཏེ་དུར་ཁྲོད་དུ། །དངོས་གྲུབ་ཁྲོ་བོ་བསྒྲུབ་པར་བྱའོ། །དེ་ཡིས་བདག་ལ་དེ་སླད་ཕྱིར། །ཁྲུ་གང་མཎྜལ་བ་བྱུང་ལྔ། །བྱུགས་ཏེ་དཀར་དམར་གྱིས་བྱུགས་བྱ། །མཆོད་རྫས་རྣམ་གཉིས་ཚང་བར་དགོད། །རྣལ་འབྱོར་དབང་པོ་ལྔ་གོས་དང་། །དམ་ཚིག་མ་དང་ལྡན་བྱས་ཏེ། །ལས་ཀྱི་ཁྲོ་བོ་རྣལ་འབྱོར་གྱིས། །ཕྱི་ནང་རྫས་མཆོག་བྱིན་གྱིས་བརླབས། །གསང་བའི་བྱིན་བརླབས་གཞན་ཡིན་ཏེ། །བདུད་རྩི་བ་ལིང་མཆོད་པ་ལྔ། །སྲོག་དང་ལྡན་པས་བྱིན་བརླབ་བོ། །གཞན་དག་སྔགས་དང་ཕྱག་རྒྱ་དྲུག །འཇིག་རྟེན་དབང་དང་བདག་ཞུགས་ནས། །ཁྲོ་བོ་ཇི་སྙེད་འཁོར་དང་བཅས། །ལྷག་མའི་ཁྲོ་མོ་ཀུན་གསལ་བས། །རྨད་བྱུང་མཆོད་པ་ལུགས་སུ་མཆོད། །དེ་ནས་སྤྱན་གྱི་ས་བོན་ལས། །ལྷ་མོ་གསེར་མདོག་ཕག་སེར་མ། །རིན་ཆེན་བུམ་པ་མཆོག་སྦྱིན་རྒྱ། །གཡས་གཡོན་རིམ་པ་དེ་བཞིན་པས། །བྱིན་བརླབས་གསུམ་ལྡན་དབུ་རྒྱན་བརྒྱལ། །སྲོག་ལ་ཡེ་ཤེས་དེ་བཞིན་བལྟ། །ཡེ་ཤེས་ལྷ་མོ་སྦྲན་བཏད་སྟེ། །དབང་གསོལ་རྗེས་སུ་བརྗོད་པའི་ཚིག །ཧཱུྃ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །

སྤྱོད་པའི་ཚུལ་དང་ཁྱད་པར་ནི། །ས་དང་ཕ་རོལ་ཕྱིན་པའི་ལམ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །མཐེ་ཆུང་མཐེ་བོང་མནན་གསུམ་སྦྲེང་། །ལན་གསུམ་ས་ལ་གཉིས་ཀས་བཏུག །ཨོཾ་པྲི་སྟྲཱི་བྷྱ་ཧོ། །ལྟེ་བ་ཡན་ཆད་ལྷ་མོ་འཐོན། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ལྷ་མོ་བསྟན་མ་ཆེ། །མཆོད་ཡོན་བཞེས་ནས་འདི་ཉིད་དུ། །མཆོད་པས་བདག་ལ་དགྱེས་པར་མཛོད། ། ཕྱག་དང་ཞལ་སིལ་གསོལ་བར་བྱ། །མཆོད་པ་ལྔ་ཡིས་མཉེས་བྱས་ནས། །ས་ཡི་ལྷ་མོ་བསྟན་མ་འོག་ཕྱོགས་སྐྱོང་། །སྐུ་གསེར་ཕྱག་ན་གསེར་གྱི་བུམ་པ་བསྣམས། །འཇའ་ཚོན་འོད་ལྡན་ཕག་ཆེན་ཁྲི་ལ་བཞུགས། །དེ་ལ་ཕྱག་འཚལ་བསྟོད་ཅིང མཆོད་པ་འབུམ། །ཨོཾ་པྲ་སྠི་བྷྱ་སྭཱ་ཧཱ། བརྒྱ་རྩ་བརྒྱད་དུ་གྲངས་རྫོགས་ནས། །གཏོར་མ་གསེར་སྐྱེམས་བྱིན་ལྡན་པ། །ལྷ་མོ་སྔོས་ལ་ལས་བཅོལ་བྱ། །ས་བདག་བྱིན་པོ་སྤྱན་དྲངས་བསྔོ། །ཧཱུྃ། རི་རབ་ཆེན་པོའི་གླིང་བཞི་འབར། །རྒྱ་མཚོའི་འཇིང་འཛིན་གཙུག་ན་ནོར་བུ་འབར། །ཀུན་དགའི་བདག་པོ་དབང་ཆེན་འབར་ ་ཀུན་ཏུ་ས་ཡི་ལྷ་མོ་བསྟན་མ་འབར། །ས་བདག་མཐུ་ཆེན་འཁོར་གྱི་གནས་རྣམས་སུ། །མཆོད་སྦྱིན་དམ་པ་གཏོར་མ་འདི་བསྔོས་པས། །སོ་སོར་འཁོར་གྱི་རེ་བ་བསྐོངས་གྱུར་༄༅། །ནས་ ་བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །བདེན་པས་བསྐུལ་ལ་བསྒོ་བར་བྱ། །རྒྱལ་བའི་བྱིན་བརླབས་ཧཱུྃ་བཞིས་བསྡུས། །ཞེ་སྡང་རྡོ་རྗེའི་རྣལ་འབྱོར་གྱིས། རྡོ་རྗེ་གོམས་པས་སྲོག་ལྡན་བྱ། །སུམ་བྷའི་གསང་སྔགས་ཡུངས་དཀར་སྤྲོ། །ཞབས་ཐུགས་ཧཱུྃ་ལས་རྒྱ་གྲམ་གྱུར། །རཾ་གྱིས་ཕྱོགས་མཚམས་མེ་དཔུང་གྱུར། །བརྗིད་བག་འགྱིང་བས་གནས་འདུག་སྟེ། །ཐལ་སྦྱར་ལྷ་མོ་མདུན་འདུག་ལ། །ཇི་ལྟར་ཆེ་མཆོག་ཧེ་རུ་ཀས། །རུ་ཏྲ་བདུད་སྡེ་བཏུལ་བ་ལྟར། །ཆོས་ཀྱི་རྒྱལ་སྲིད་དཔུང་བཙུགས་པ། །དེ་བཞིན་དུ་ནི་བདག་གིས་ཀྱང་། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ས་ཡི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་རཏ་ན་བྷ་མི་སིདྡྷི་ཀུ་རུ་ཧཱུྃ་ས་མ་ཡ་སྟཾ། །གོང་གི་ཕྱག་རྒྱས་ལན་གསུམ་མནན། །ལྷ་མོ་འཛུམ་བྱས་ཡོངས་གྱུར་ནས། །ས་གཞིར་ཐིམ་པས་རིན་ཆེན་ས། །ཐུགས་ཀྱི་ཡེ་ཤེས་རང་བཞིན་དུ། །བསྟན་བྱས་ས་ཡི་དངོས་གྲུབ་འགྱུར། །སྟེགས་བུ་ཁྲུ་གང་ལུས་གང་དང་། །ལུས་གསུམ་བཅུ་དྲུག་ཁྲུ་ལྡན་པ། །ཉི་ཤུའམ་ཉི་ཤུ་རྩ་ལྔར་བྱེད། །དཔག་ཚད་རྒྱང་གྲགས་རིམ་པ་བཞིན། །འཇིགས་བྱེད་ལྷ་གྲངས་རྣམ་པ་བཞིན། །ཏནྟྲ་ཉིད་ལས་གང་གསུངས་པ། །སློབ་བུའི་མོས་པ་དང་སྦྱར་ནས། །ལེགས་རྩིག་ངོས་འཛམ་སྙོམས་པར་བྱ། །སོར་བཞིའམ་འཛུབ་གང་ཚད་གསུངས་པ། །གསང་བ་ཟབ་མོའི་སྐབས་སུ་སྦྱར། །དེ་དག་བདག་གིར་བྱ་བའི་ཕྱིར། ། ཟངས་དང་ཤིང་དམར་ཟླ་གམ་རྩེ། །ཐུགས་ཁའི་ཧཱུྃ་ལས་དབང་ཁྲོ་རྒྱལ། །མདོག་དམར་སྐུ་སྨད་ཟླ་ཁཾ་དབལ། །ཞལ་གཅིག་ཕྱག་བཞི་དང་པོ་གཉིས། །པདྨ་ཞགས་པ་ཐ་མ་ན། །དབང་གི་ཕུར་འདྲིལ་འོད་དཔུང་དམར། །སྡང་མིག་བྱིན་བརླབས་ལྡན་ཐོག་ལ། །ཧཱུྃ། པདྨ་ཆགས་པ་ཁྲོ་བོ་དབང་གི་སྐུ། །མ་ལུས་དབང་དུ་སྡུད་པའི་ལས་མཛད་པ། །འཛམ་གླིང་ཡེ་ཤེས་པ་འདི་དག །བདག་གི་བྱང་ཆུབ་གྲོགས་སུ་འགྱུར་བར་མཛོད། །ཨོཾ་པདྨ་ཀཱི་ལ་ཡ་པ་ཤཾ་མ་ཡེ་ཧཱུྃ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱཿ ཁྲོ་བོའི་འོད་ཀྱིས་ཀུན་ཁྱབ་པས། །བདག་གི་དབང་གྱུར་ས་བཀྲ་ཤིས། །དེ་ལྟ་བུར་འགྱུར་སྦྱངས་བྱས་ནས། །སྡོམ་ནི་ལས་དང་སྦྱིན་བསྲེག་དང་། །སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན། །ཞི་བས་དྲི་མ་དག་པར་བྱ། །དང་པོ་རྒྱ་དཔངས་ཁྲུ་གང་བསྐོ། །ཆུས་བཀང་གོམ་པ་བརྒྱར་ཕྱིན་བལྟ། །ལྟོ་ཕྱེའི་དུས་ཚོད་བཞི་ཤེས་བསྐོ། །རོ་ལྔའི་མཚན་ཉིད་བཟང་ངན་ཤེས། །ངན་ན་སྤོའམ་ཞི་བའི་སེས། །བཟང་ངན་ཁམ་བུ་གསར་པའི་སྣོད། །ཉེ་ཤུ་བཅུ་ཡི་གྲངས་༄༅། །འབྲུ་ལྔ། །སྤོས་ལྔ་རིན་ཆེན་སྙིང་པོ་ལྔ། །སྨན་དང་བདུད་རྩི་ལྔ་ལྔ་པོ། །ཆ་མཉམ་གཏེར་ཆེན་བུམ་པར་གཞུག །སྟེགས་བུ་བྱུག་པའི་ལས་ཆེན་བྱ། །འཇིགས་བྱེད་ཕྱག་གཉིས་ཉི་འབྲུ་ལྔ། །རྡོ་རྗེ་རྩེ་ལྔ་ཧཱུྃ་བསྒོམ་ལ། །ས་གཞི་དག་པར་བྱ་བའི་ཕྱིར། །ཨོཾ་དང་བཛྲ་ཧ་ན་གཉིས། །ཀྲོ་དྷ་ཧཱུྃ་ཕཊ་གསང་སྔགས་བརྗོད། །ལན་གསུམ་ས་ལ་བསྐུལ་འོད་སྦྱང་། ། རིག་ཕྱིར་རྣམ་དག་སྟོང་ཆེན་པོ། །བདག་དང་གཞན་གྱི་མཐར་ཞེན་པ། །མིང་ཙམ་དྲི་མ་རང་རིག་ཕྱིར། །ཕྱོགས་ལྟ་མེད་པར་མི་རྟོག་པའོ། །ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཏྨ་ཀོ྅ཧཾ། ། ཞེས་བརྗོད་སྤྱོད་ཡུལ་རྣམ་དག་བསམ། །སྐད་ཅིག་ཏིང་འཛིན་རིག་པའི་དངོས། །སྔོན་པོ་ཧཱུྃ་ཉིད་རིག་པ་ལས། །རྡོ་རྗེ་རྩེ་ལྔ་ཐུགས་ཡིག་ལྡན། །འབྱུང་བའི་ས་བོན་དེ་ལས་གདོན། །སྤྲོ་བསྡུས་དོན་གཉིས་བསྒྲུབ་བྱས་ཏེ། །ཞེ་སྡང་རིགས་ཏེ་དུར་ཁྲོད་མེ། །དཀྱིལ་དུ་སྨུག་ནག་ཧཱུྃ་སྤྲོས་ཏེ། །རེ་ཞིག་དམ་ནས་སླར་འདུས་ནས། །འཇིགས་བྱེད་དཀྱིལ་འཁོར་གང་ཡིན་པ། །དུར་ཁྲོད་གང་ན་རྒྱན་པར་བསམ། །གནས་དེར་བདེ་བའི་གདན་བཏིང་ལ། །བླ་མ་རྒྱས་པའི་ཆས་ཞུགས་ལ། །རྡོ་རྗེའི་འགྲོས་བྱ་ཤར་བལྟས་འདུག །རྩ་བས་ཐབས་ཤེས་སྦྱར་བསྐྱེད་ལ། །

འཁོར་རྣམས་ཚང་བར་བདེ་སྐྱེད་བྱ། །ལྔ་བཅུ་བརྒྱད་དང་རྒྱལ་བ་ཀུན། །རིག་མའི་མཁའ་ལ་གང་བར་སྦྱར། །ཕྱི་ནང་གསང་བ་ཅུང་ཟད་དབུལ། །རིགས་མཐུན་ཐིག་ལེ་ཕྱོགས་མཐུན་བཞག །རྡོ་རྗེ་ཁྲོ་ཚོགས་རྒྱལ་མོ་བཞི། །བདག་དང་གཞན་གྱིས་བྱིན་བརླབས་ཏེ། སོ་སོར་དབང་དྲངས་བསྟིམ་བརྟན་ལ། །བཛྲ་ཀརྨས་ཅུང་ཟད་མཆོད། །ཐལ་སྦྱར་ལེགས་འདུག་བྱིན་བརླབས་བསྐུལ། །ཕྱོགས་བཞིར་རེ་མོས་བརྗོད་པ་ནི། །ཞི་བའི་ཡེ་ཤེས་རང་སྣང་བའི། །རྒྱན་རྣམས་ཀུན་གྱིས་རབ་མཛེས་པ། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ཡོན་ཏན་རིན་ཆེན་དགྱེས་པའི་གཙོ། །མ་ལུས་ཀུན་གྱི་རེ་བསྐོང་བ། །སངས་རྒྱས་ཀུན་གྱི་ཡོ་ཏན་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །རང་རིག་དག་པ་གོས་མེད་པས། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །སངས་རྒྱ་ཀུན་གྱི་གསུང་གི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །བསམ་པ་ཐམས་ཅད་ཡོངས་རྫོགས་པས། །ཐམས་ཅད་བསྒྲོལ་བའི་དེད་དཔོན་མཆོག །སངས་རྒྱས་ཀུན་གྱི་ཕྲིན་ལས་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི། །རང་རིག་མཐར་དབུས་༄༅། །མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །ཧཱུྃ་བཞིས་བྱིན་བརླབས་བསྡུས་བྱས་ཏེ། །ཞེ་སྡང་རྡོ་རྗེས་གདན་བྱས་ལ། །ཧཱུྃ་ང་ནི་སངས་རྒྱས་ཀུན་གྱི་བདག །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །དབང་མཆོག་སྒྲུབ་པའི་ལས་བྱེད་ཀྱིས། །བགེགས་རྣམས་ཐམས་ཅད་གཞན་དུ་དེངས། །སུམ་བྷ་ནི་ཡ་གཡང་སྔགས་འགྲོས། །བྱས་ཏེ་ཕྱོགས་མཚམས་ཀུན་ཏུ་བསམ། །དེ་ནས་དབུས་འདུག་བསྲུང་འཁོར་གྱིས། །བསམ་གཏན་མཆོག་ཏུ་བརྟག་པར་བྱའོ། །ཕུར་བུ་སྲད་བུ་གྲོགས་མོ་རྒྱལ། །མཛེས་པའི་ཡིད་འོང་བདག་ཉིད་རྣམས། །སོ་སོར་རབ་གནས་ལྡན་བྱས་ཏེ། །ཐིག་གདབ་ཆོ་ག་ཕུན་སུམ་ཚོགས། །མཁས་ལྡན་ཆེན་པོས་སྒྲིབ་བྱས་ལ། །བ་སུ་ཏའམ་རྒྱུས་ཆེན་ལ། །དམ་ཚིག་ཡེ་ཤེས་སྐུ་གསུམ་ལྔ། །འཇིགས་བྱེད་སྟེགས་བུ་ཚད་ལྡན་ལ། །དམ་རྫས་བཤམས་ནས་ཨོཾ་དང་ཨ། །སརྦ་ཀྲོ་དྷི་ཤྭ་རི་ཧཱུྃ་ཕཊཿ གྲངས་གསུམ་ལྡན་པས་མ་ནོར་གདབ། ། གྲངས་ལྔ་དེ་སྟེངས་ཨོཾ་རྡོ་རྗེ། །གསང་སྔགས་སུ་ཏ་ས་མ་ཡེ། །མ་ཏྲི་ཀྲ་མ་ཧཱུྃ་ཕཊཿ ཡང་ན་ཨོ་བྷྲུཾ་བན་དྷ་དང་། །མ་ཏི་སྔ་མ་ཇི་བཞིན་གདབ། །དམ་ཚིག་ཐིག་ལ་རབ་གནས་བྱ། །ལེག་པར་གོ་རིམ་གཞུང་བཞིན་ནོ། །སྟ་གོན་དམ་ཚིག་ཡོ་བྱད་ལྷ། །སློབ་བུས་བསོགས་པའི་ཡོ་བྱད་ནི། །དབང་དང་སྒྲུབ་པ་ཆོག་རྫས་དང་། །འཁོར་ལོ་རྒྱན་དང་མཆོད་པའི་ཚོགས། །ཕྱི་ནང་གསང་བ་ཉིས་རྫོགས་བརླབ། །སྟེང་ཕྱོགས་བཏེགས་ལ་པཉྩཀ། །བྱང་ཤར་འཚམས་ནས་བྲི་བར་བྱ། །དེ་སྐབས་མཆོད་སྦྱིན་ལ་སོགས་བྱ། །རྩ་བའི་འཁོར་ལོ་ལས་རྣམས་ཀུན། །གཞུང་བཞིན་རྫོགས་ནས་ཙན་དན་ཀུན། །སྦྱར་བས་གུ་ཧྱ་བཛྲ་ཡི། །རྩ་སྔགས་རྗེས་སུ་མ་ཎི་དང་། །པད་མེ་སྭ་ཧཱ་བརྗོད་རྗེས་ལ། །བརྟན་པའི་སྔགས་བརྗོད་གནས་ཐིག་ལེ། །ཟིན་ནས་གང་ཡིན་གཙོ་བོར་བསྒོམ། །ཐུག་ཁའམ་སྦྱོར་བའི་འོད་ཟེར་ལས། །བྷཾ་ལས་གཞལ་ཡས་ཁང་དུ་བསྐྱེད། །གདན་ལྡན་ནང་དུ་དཀྱིལ་འཁོར་ལྷ། །སྐད་ཅིག་འོད་དུ་འབར་བ་བྱ། །ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །ཐབས་ཀྱི་ཕྱག་རྒྱར་འགྱུར་བའི་ཕྱིར། །ཕྱི་ནང་མེད་པར་རིག་པར་གསལ། །འདུས་བྱས་སྒྱུ་མའི་རིག་མ་ཡིན། །ལྔ་གསུམ་དབང་བྱིན་ལྡན་པ་ལ། །དབབ་དྲང་མཆོད་རྗེས་མཐུན་པར་སྦྱར། །རྡོར་དྲིལ་ལྡན་པས་གསོལ་བཏབ་ལ། །ཨོཾ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། །རྒྱལ་བ་གང་བཞུགས་འཁོར་དང་བཅས། །མགོན་པོ་དམ་ཅན་ཇི་སྙེད་པ། །

༄༅། །ཐམས་ཅད་ཀུན་ནས་དགོངས་སུ་གསོལ། །སྲས་བཅས་ཐབས་གཅིག་གཤེགས་ནས་ཀྱང་། །ས་གཞི་ཡོངས་སུ་བཟུང་བར་མཛོད། །ཤུགས་ཀྱི་དམ་ཚིག་སེམས་དཔའ་ཡི། །གསང་སྔགས་བརྗོད་པའི་ཏིང་ངེ་འཛིན། །གཟུགས་བརྙན་ལྷ་རྣམས་རོལ་མཛད་ནས། །སྤྱན་ལ་ཐིམ་ནས་རིག་པ་གསལ། །བྲལ་བ་མེད་པས་བཟུང་བ་མེད། །བདག་དང་བདག་གི་མེད་མཉམ་པ། །ཏནྟྲས་ས་གཞི་བཟུང་བར་གསུངས། །དཀྱིལ་འཁོར་སྤྱན་དྲངས་ཅུང་ཟད་མཆོད། །སློབ་བུ་ཁྲུས་བྱས་གྲལ་བཀོད་དེ། །སྟ་གོན་གནས་པའི་རིམ་པ་ནི། །སློབ་བུའི་རབ་ཏུ་གནས་པར་ཤེས། །ཁ་དོག་ཉི་ཤུ་རྩ་ལྔའམ། །ལྔ་ཡི་ཚོན་གྱིས་བྲི་བར་བྱ། །ཁ་དོག་ལྔ་ཡི་དམ་ཚིག་ནི། །མ་མཐོང་རྨོངས་ལ་བསྟན་ཕྱིར་མཚོན། །རབ་གནས་སྐབས་བཞིན་བྱིན་བརླབས་ཏེ། །ཐིག་གདབ་དབང་ལྡན་ཕྱོགས་དག་ནས། །དུར་ཁྲོད་ཚོན་ལྔ་ལྡན་པ་ཡི། །འབར་བའི་འཁོར་ལོ་རྩིབས་བཞི་པ། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁྱམས་གཉིས་ཀྱི་མཛེས། །ཐོད་སྦྲུལ་སྣ་ཚོགས་ཉི་ཟླས་བརྗིད། །ཡངས་ན་ཚད་མེ་རྩིབས་སྟེངས་ལ། །འཁོར་ལོ་བར་ཁྱམས་སྒོ་ལྡན་པའི། །ཕོ་བྲང་ལྔ་ལ་བྲི་བ་ནི། །འདུས་པའི་ཚོམ་བུ་ལྔ་ཡི་རིགས། །ཁ་དོག་སོ་སོར་བྲི་བར་བྱ། །དབང་ཕྱུག་གིས་བསྐྱེད་གཞན་པ་རྣམས། །མི་སྐྱོད་སོར་མོ་ཉི་ལྡན་འབྲུ། །ཁུ་ཚུར་གྱིས་བྲི་རིན་ཆེན་བླང་། །འབྲུ་ལྡན་ཐལ་མོས་མ་ཡེངས་བྲི། ། དུར་ཁྲོད་རྩིག་པ་རློན་སྔོ་སྐམ། །པཉྩ་ཡེ་ཤེས་ལྔ་རིམ་ཚུལ། །སྒོ་བཞི་རྐང་པ་ཞིང་སྨུག་ཐོད །སོ་སོའི་གདུང་བཞིས་ངོས་བཏེག་སྟེ། །བམ་རིམ་ཁོག་སྙམ་ཡན་ལག་ནི། །རིང་ཐུང་དབང་པོའི་ཕྲེང་བ་དང་། །དཀྱིལ་འཁོར་གཏུགས་བཅས་ཞིང་ཕྲེང་དང་། །བ་དན་རྒྱལ་མཚན་གདུགས་སོགས་བྲི། །དྲྭ་བ་དྲྭ་ཕྱེད་གཟུགས་སོགས་དང་། །དྲྭ་བ་ཐོད་སྐམ་དྲྭ་ཕྱེད་ཐོད་ཚལ་ལོ། ། ཕ་གུ་ཐོད་པ་རྒྱུ་ཞགས་བཅས། །དཔག་བསམ་ལྗོན་ཤིང་ལྷ་ཆེན་བརྒྱད། །རྡོ་རྗེ་ར་བ་མེ་རི་བཅས། །ཟིན་ནས་ནམ་མཁའི་ཐིག་ཕབ་སྟེ། །སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། ། ཡང་ན་རིགས་ཀྱི་རྣམ་དབྱེ་བ། །སྐུ་དང་གསུང་ཐུགས་ཡོན་ཏན་ལས། །གཙོ་བོར་སོ་སོར་འགྱུར་བ་ཡིན། །མཆོད་སྦྱིན་ལ་སོགས་ལས་རྫོགས་པ། །དགོས་པའི་ཡོན་ཏན་ལྡན་བྱས་ནས། ། ཚོན་རྣམས་གནོད་སྦྱིན་ཕྱོགས་བཀོད་དེ། །ལས་ཀྱིས་ཡན་ལག་རྫོགས་པ་ཡིས། །ཁ་སྦྱར་བན་དྷའི་བུམ་ཆུ་དང་། །ཐམས་ཅད་ལས་ཀྱི་བུམ་པ་ཡིས། །བསངས་ཏེ་གསུམ་ལྔ་བདུན་སོགས་༄༅། །བསྣན་། ༈ཡན་ལག་དཀྱིལ་འཁོར་སློབ་བུ་གསུམ། །སྔ་མའི་ཐིག་གཉིས་བཞི་འགྱུར་ཚད། །གཙང་མའི་སྣོད་དུ་ལེགས་བཞག་ལ། །དེ་བཞིན་ཚོན་ལྔ་གོམ་རིམ་བཞིན། །འཇིགས་བྱེད་དབང་དུ་བདག་བཞུགས་ནས། །ལས་ཀྱིས་བུམ་ཆུས་བགེགས་བསྐྲད་ནས། །སྟོང་ཉིད་སྔགས་ཀྱིས་ལན་བདུན་སྦྱང་། །རིགས་དང་ལྡན་པའི་བདུན་གསུམ་ལྔར། ། དེ་བཞིན་གསུང་ལྔའི་ཡི་གེ་དགོད། །ཆོ་ག་རིགས་གསུམ་རིགས་ལྔར་བསྐྱེད། །དབང་བསྐུར་བྱིན་བརླབས་དྲངས་བསྟིམ་བསྟན། །ཀུན་བཟང་བསིལ་དང་རྣམ་ལྔ་དབུལ། །ཡབ་ཡུམ་སྔགས་ཀྱིས་གཏོར་མ་རག །ཏིང་འཛིན་སྟ་གན་གྱིས་མཉེས་མཆོད། །ཚོན་ལྔའང་ཡེ་ཤེས་སྐུ་རྗེས་མཐུན། །ཐིག་དང་ཚོན་བརླབ་རྡོར་གསོར་ཅིང་། །ཧཱུྃ་མི་གནས་ཡེ་ཤེས་ཆ་བདག་གཉིད། ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས། །ཐམས་ཅད་གསན་ཅིང་དགོངས་སུ་གསོལ། །བདག་རྡོ་རྗེ་ཆེ་གེ་ཞེས་བྱ་བས། །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་མཚན། །ཆེ་གེ་བཞེངས་པར་འཚལ་བས་ན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །བདག་ལ་མཐུ་སྟོབས་བྱིན་བརླབས་མཛོད། །བདག་ལ་རྡོ་རྗེ་ཡེ་ཤེས་ཀྱིས། །ཐིག་མཚོན་དངོས་གྲུབ་སྩལ་དུ་གསོལ། ཏིཥྛ་ཏིཥྛ་གུ་ཧྱ་ཛྙ་ན་ཛ་ཛཿཞེས་བརྗོད་པས། ནམ་མཁའ་བདེ་གཤེགས་ཐུགས་ཁ་ནས། །ཡེ་ཤེས་ལྔ་ཡི་འོད་དྲངས་ནས། །ཚོན་ཐིག་རིགས་གསུམ་ལྔར་ཐིམ་པས། །དེ་དག་སྦྱོར་བས་ཡོངས་གྱུར་བ། །དེ་དེ་དེ་ལ་ཐིམ་གྱུར་པས། །ཡེ་ཤེས་སྲས་བུ་སྐུ་གསུང་ཐུགས། །མི་སྐྱོད་འབྲུ་བཅུ་ལྡན་པའོ། །ཨོཾ་སརྦ་པཉྩ་རཏྣ་ས་མ་ཡེ་ཧཱུྃ་ཧཱུྃ་ཧཱུྃ། ངས་བརྗོད་སྤང་ཞིང་བསྣུན་པ་ལྟར། །བྱས་པས་ཡེ་ཤེས་རིགས་ཆེན་ལྔ། །རིན་ཆེན་ལས་བྱས་བུམ་པ་དེ། །ལྟོ་མགྲིན་བཞུགས་ལྡན་ཞོམ་གྲུབ་སྤངས། །སྣ་ཚོགས་མདོག་ལྡན་རས་ཀྱི་དཀྲི །གདན་གསུམ་དབུས་སུ་རྒྱ་གྲམ་ལྗང་། །བསྐྲད་བདུག་ཁྲོ་བོའི་གཞལ་ཡས་ཁང་། །སྙིང་པོ་བཅུད་དང་ལྡན་པ་ལ། །བདུད་རྩི་ཁྲོ་བོར་རབ་གནས་ལྡན། །ཐམས་ཅད་ལས་ལ་ཤིས་པར་འགྱུར། །གཞན་ཡང་བུམ་མཚན་ཀཱ་པཱ་ལར། །དཀར་པོ་ལྕང་ལོ་ལྡན་པ་ལ། །སྔོན་གྱི་ལས་བྱས་ཁང་དུ་བསྐྱེད། །བདུད་རྩི་ལ་སོགས་བཅུད་ལྡན་པ། །འཇིགས་བྱེད་ཁང་དུ་ལྷ་རྣམས་བསྐྱེད། །མཐིང་དམར་དར་གྱིས་བཅད་པར་བྱ། །རང་བཞིན་དྲང་བསྟིམ་བརྟན་མཆོད་དེ། །སོ་སོའི་བཟླས་པ་གྲངས་ཚང་ནས། །ཡོངས་སུ་ཞུ་བ་རོ་ལྡན་པས། །དབང་གི་རྫས་སུ་ངེས་པར་ཤེས། །བཟུང་བའི་ལས་༄༅། །རྫོགས་རྗེས་དག་ཏུ། །སྣོད་ལྡན་བུ་རྣམས་དུར་ཁྲོད་ཁྲུས། །གོས་བཟང་རང་གནས་ཐལ་སྦྱར་ཏེ། །སེམས་བསྐྱེད་ལས་དང་འཆོས་པ་བྱ། །དཀྱིལ་འཁོར་ཡོན་ཏན་སྟན་བྲོད་བསྐྱེད། །རྡོ་རྗེས་དྲངས་ལ་འོད་ཀྱིས་སྦྱངས། །འཇིགས་བྱེད་གཙོ་བོར་རབ་ཏུ་གནས། །དགུར་ལྡན་གོ་བགོ་ལུས་བསྲུང་གྱིས། །རྡོ་རྗེ་གསུམ་དུ་བྱིན་བརླབས་ནས། །བསྲུང་སྐུད་སྲོག་ལྡན་གཡས་གཡོན་བཅིང་། །སོ་ཤིང་ཁྱོར་ཆུ་ཀུ་ཤ་དག །བྱིན་ནས་དངོས་གྲུབ་མཚན་མ་བརྟག །གནས་སོགས་ངེས་པ་ཐོབ་ཕྱིར་བྱ། །གང་དག་མཚན་ཉིད་ངན་ན་ནི། །མཆེ་བའི་ཕྱག་རྒྱ་གཡས་གཡོན་དུ། །ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ས་མ་ཡ་ཧཱུྃ་ཕཊ། གདུག་པ་གང་གིས་ཚུལ་མི་འགྱུར། །ཤིནྱ་ཀུན་དང་དེ་བཞིན་ངན། །དྲག་པོ་མེ་ཡིས་བསྲེག་པར་བྱ། །གཟུགས་བརྙན་ལྷག་པའི་རབ་གནས་དག །སྡོམ་ནི་སྔོན་དུ་བྱ་བ་དང་། །ཏིང་འཛིན་ལྷ་སྐྱེད་རང་བཞིན་དབབ། །དབང་པོའི་སྐྱོན་གསལ་མངའ་གསོལ་དང་། །ཁྲུས་གསོལ་བཀྲ་ཤིས་རས་ཀྱིས་ཕྱིས། ། མཆོད་པ་ཕྱི་ནང་གསང་གསུམ་དབུལ། །བདེན་པའི་བྱིན་བརླབས་དམིགས་བརྟེན་བཞུགས། །ཡོན་བདག་བསྐོར་ཕྱག་སྨོན་ལམ་གདབ། །བུམ་པ་སྔོན་བཞིན་བསྙེན་རྫོགས་དང་། །ཡོན་བདག་སྦྱིན་སྲེག་རྒྱས་པར་བྱ། །གཞུང་གི་ཡོ་བྱད་ཚང་བ་དང་། །ཆས་ལྔ་བརྒྱས་མདོག་མཆོད་རྫས་ལྔ། །རྩ་བའི་དཀྱིལ་འཁོར་གཞུང་ཟིན་ནས། །མེ་ལོང་བྱུག་ཕྱིས་བྱ་བ་དང་། །སྤྲུལ་པས་དྲག་ཏུ་མཚམས་བཅད་དེ། །ཁོང་སྟོང་རྒྱ་ལྡན་སྟོང་ཉིད་སྔགས། །གང་རྗེས་མཐུན་པར་བརྗོད་པ་ཡིས། །བརྟན་གྱུར་རྣམ་པའི་མཆོག་ལྡན་བརླབ། །ཐུགས་ཀྱི་ཧྭཱྃ་ལས་འབྱུང་ཡིག་ལྔས། ། ཕྱི་ཡི་སྲིད་པའི་ཚུལ་བཞིན་དུ། །སྨུག་ནག་བྷཾ་ལས་འཇིགས་བྱེད་ཁང་། །གདན་སྟེངས་མཆན་གསུམ་ཡེ་ཤེས་གསལ། །སྦྱོར་བའི་མཚམས་ནས་འབྲུ་བཏོན་སྟིམ། །ཆོ་གའི་རིམ་པས་སྐུ་བསྐྱེད་དེ། །བུ་དང་སེམས་ཅན་ཐམས་ཅད་ཕྱིར། །བུམ་པ་གཉིས་པོར་དབང་བསྐུར་ནས། །བྱིན་རླབས་དབང་གིས་མཛེས་པ་ལ། །སོན་ལམ་གཏོར་གསུམ་ཡེ་ཤེས་ལྔ། །རང་བཞིན་གནས་ནས་དྲངས་སྟིམས་བརྟན། །དེ་ལ་དེ་གནས་དེ་ཚིག་ལྡན། །གསེར་གྱི་ཐུར་མ་སྙན་བཞར་དང་། །རྨ་ཚེར་ལྗགས་བཞར་ཚེམས་ཤིང་དང་། །དུང་གི་སོ་མང་ལ་སོགས་པ། །སྤྱན་སྙན་ཤངས་དང་ལྗགས་ཚེམས་སྐྲ། །ལས་སྦྱོར་མངོན་ཤེས་ཐབས་མ་འདྲེས། །སྨོན་ལམ་བདག་བཞིན་ཐོབ་པར་སྦྱར། །ཡི་གེ་ཧཱུྃ་སོགས་འབྲུ་ལྔ་ཡིས། །འཕྲོ་འདུ་དྲག་པོའི་མཆོག་ལྔ་གསལ། །

༄༅། །དེ་དག་གསང་བའི་ཡོན་ཏན་དག །སྨོན་ལམ་དགོས་བྱེད་མཐུན་པར་སྦྱར། །འབྲུ་གསུམ་དབུ་གསུམ་འབྲུ་དྲུག་ཕྱག །བསྐྱེད་དེ་ཁམས་གསུམ་འགྲོ་དྲུག་དོན། །རྣམ་ཐར་ཡེ་ཤེས་གྲངས་མཐུན་སྨོན། །དེ་བཞིན་ཞབས་དང་ཨ་ཀྵ་ཡི། །འཕྲོ་འདུ་ལྗགས་དང་མཆེ་བར་ལྡན། །མ་དང་ཛ་རུ་དེ་བཞིན་ལས། །སྤྱན་འབར་རལ་པ་སྨིན་མ་འཁྱུག །རྫུ་འཕྲུལ་རྐང་བས་མ་བགྲོད་ཕྱིར། །བདུད་བཞི་ཟིལ་གྱིས་མནན་པ་དང་། །སྒྲ་ཡི་ཡན་ལག་ཆོས་སྟོན་དང་། །སྐྱེ་ཤི་རྩ་བ་གཅོད་བྱེད་དང་། །ཁྱབ་པ་ཐུགས་དབང་མཐར་མ་ལྷུང་། །ཐབས་ཆེན་མཁས་སོགས་དོན་བྱེད་པ། །བདག་དང་བུ་དང་འགྲོ་བའི་ཕྱིར། །དེ་དག་ཐོབ་པ་སྨོན་ལམ་བྱ། །ཀ་ལས་དམར་སེར་སྤྲུལ་པ་སྤྲོ། །ཧཱུྃ་དྲངས་ཕྱག་མཚན་སོ་སོའི་འབྲས། །ཧཱུྃ་རོལ་པ་ཉི་ཤུའི་གྲངས་ཐུགས་ཀར། །འཕྲོ་འདུ་མཆེ་བ་ས་ཡིས་བརྗོད། །ཤང་རྡ་མ་དུ་ཨེ་ཆོ་འཕྲུལ། །ཉི་ཤུ་ཉི་ཤུའི་སྨོན་དེ་བཞིན། །དཔལ་གྱི་ཆས་བརྒྱད་གཤོག་སོགས་པའི། །དུར་ཁྲོད་ཆས་བརྒྱད་མངའ་གསོལ་བས། །རྒྱན་གྱིས་ཐམས་ཅད་འདུལ་སྨོན་འཐོབ། །ཐོད་པའི་དབུ་རྒྱན་ཡེ་ཤེས་ལྔ། །ཤུན་གྱི་ཅོད་པན་ཤེས་ཐོགས་མེད། །རུས་ཕྲེང་ཐུགས་རྗེས་མི་བརྗེད་བཟུང་། །སྦྲུལ་ཆུན་ཞེ་སྡང་ཡེ་ཤེས་ཆེ། །གཡང་གཞི་ཁྱབ་པའི་ཐུགས་རྗེ་ཆེ། །གླང་ཆེན་ཀོ་བས་སྟོབས་བཅུ་ནོན། །སྟག་ལྤགས་མི་འཇིགས་བཞི་ཡིས་དཔལ། །ཉི་གདན་ཐུགས་རྗེས་ལས་ཉོན་བསྲེག །ཞིང་གདན་ཁམས་གསུམ་དྲེགས་པ་གནོན། །རྗེས་མཐུན་སྨོན་ལམ་དེ་དག་ཡིན། །ཆུ་གཙང་འབྲུ་དང་འདག་ཆས་སྦས། །འབྲུ་དང་སྨན་ཆབ་རིན་ཆེན་དང་། །དཀྱིལ་འཁོར་གཟུགས་བརྙན་ལ་སྦྱོར་བ། །ཉོན་མོངས་ཞེས་བྱ་སྐུ་ལྔར་སྨིན། །བཀྲ་ཤིས་དག་པའི་རས་ཀྱིས་ཕྱིས། །སྤྱོད་ལམ་རྣམ་པར་དག་པ་ཐོབ། །ཀུན་བཟང་བསིལ་དང་མཆོད་པ་དང་། །སྤོས་དང་མེ་ཏོག་མར་མེ་དང་། བདུད་རྩི་གཏོར་མ་སྦྱོར་སྒྲོལ་དང་། །འདོད་ཡོན་རཀྟ་རོལ་མོ་དང་། །གཞུང་ལས་བྱུང་བཞིན་གཟུགས་བརྙན་ལྷ། །མཆོད་དེ་རྫས་མཐུན་སྨོན་ལམ་བྱ། །འཁོར་གསུམ་དག་ལ་བུ་ཕོ་མོ། །ཆུང་མ་བྲན་ཁོལ་རྐང་འགྲོ་དབུལ། །ཞིང་དང་སྤྲུལ་པ་གསང་ལོངས་སྤྱོད། །འཁོར་སྨོན་དབང་བསྒྱུར་དེ་བཞིན་ནོ། །གླིང་བཞི་རིན་ཆེན་སྤྲས་པ་དབུལ། །སྐོར་བདུད་སྨོན་ལམ་ཀུན་ཕྱིར་རོ། །ལྷབ་ལྷུབ་བླ་རེ་ཡོལ་གདུགས་དང་། །ཐུགས་རྗེས་རྒྱ་བྲལ་ཀུན་ཁྱབ་ཅིང་། །ཉོན་མོངས་སྡུག་བསྔལ་གདུང་བ་སེལ། །ཤེས་བྱ་ཐོག་མེད་མི་ཐུབ་བརྗོད། །རོལ་མོས་བསྟོད་༄༅། །པ་སྒྲ་སྒྲོགས་ཤིང་། །ཚོགས་མཆོད་ཚོགས་ཆེན་གཉིས་རྫོགས་སོ། །མཆོད་པའི་རྒྱན་དང་ལོངས་སྤྱོད་ཀུན། །སེམས་ཕྱིར་ཡོད་མེ་མི་དམིགས་པར། །བདེ་བ་མཆོག་ཉིད་བསོད་ནམས་ཏེ། །མཆོད་སྦྱིན་མ་ཆགས་ཡེ་ཤེས་ཡིན། །མ་སྤངས་པ་ལ་མི་གནས་པའོ། །བདེན་པའི་བྱིན་རླབས་བརྗོད་བྱ་ཞིང་། །བརྟན་པའི་གསང་སྔགས་བརྗོད་དེ་བསྟན། ། བདེན་སྐུལ་ཡོན་བདག་སྐོར་བ་བྱ། །མེ་ཏོག་དོར་ཏེ་ཕྱག་འཚལ་ལོ། །ཚོགས་ཕྱིར་བྱ་བ་དེ་དག་ནི། །དོན་དུ་འགྱུར་བ་བཞིན་ལྡན་དབབ། །ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་བཞུགས་པར་བྱ། །འཇིགས་བྱེད་ལྷ་རྣམས་མངོན་བྱས་ཏེ། །དབང་གི་ཆས་ལྔ་རབ་ལྡན་པས། །ཤར་སྒོར་གུས་འདུག་དུར་ཁྲོད་ཀྱིས། །མེ་ཏོག་སྙིམ་པས་ཐལ་སྦྱར་ཏེ། །ཨོ་དང་རྡོ་རྗེ་ཁྲོ་བོའི་སྔགས། །དམ་ཚིག་དུས་བབ་དགྱེས་སྔགས་ཀྱིས། །རིག་པའི་མེ་ཏོག་དོར་བྱས་ཏེ། །ཁྲོ་ལ་ཁྲོས་པའི་གསང་སྔགས་ཀྱིས། །བརྗོད་བསྐུལ་ཐུགས་དམ་རྗེས་དྲན་པས། །སྤྲོ་བ་འོད་ཐིམ་གཟི་ལྡན་བྱ། །དུར་ཁྲོད་ལྷ་དང་དབྱེར་མེད་པས། །དགྱེས་ནས་གནང་བ་ཐོབ་པར་བསམས། །དེ་ནས་ཤིནྱའི་ཆོ་ག་ཡང་། །སྡོམ་ནི་དུར་ཁྲོད་གདོང་གཡོགས་དང་། །དྲི་དང་ལན་དང་དྲལ་རིམས་དང་། །ཚེ་སྦ་བགེགས་བསྐྲད་སྒྲིབ་པ་སྦྱང་། །ལྷ་བསྐྱེད་གོ་བསྐོན་བྱིན་རླབས་བསྲུང་། །དམ་དབོག་ཆུ་མནན་དམ་ཚིག་སྒྲག །དོར་དང་མིག་དབྱེ་ལྷ་དབོག་སིམ། །གུ་གུ་མ་ཡིས་དག་བྱས་སྟེ། །རས་དར་དམར་པོས་གདོང་གཡོགས་ལ། །རྡོ་རྗེ་འཆང་བས་གྲལ་བཀོད་དེ། །གུ་རུས་བརྗོད་པ་འདི་སྐད་དུ། །རིགས་ཀྱི་བུ་ཁྱོད་ཅི་ལ་དགའ། །ལན་གསུམ་ལན་དུ་སྨྲ་བར་བྱ། །སྐལ་པ་བཟང་ལ་བདག་དགའོ། །རྡོ་རྗེ་རྩེ་མོ་བྱིན་བྱ་རུང་། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བྱང་ཆུབ་རྡོ་རྗེའི་ལམ་དུ་དྲངས་ནས་ནི། །སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་རྣམས། །དང་བའི་ཡིད་ཀྱིས་རབ་ཏུ་བླང་བར་བྱའོ། །རིམ་དངས་དཀྱིལ་འཁོར་ལམ་དུ་བཟུང་། །ཧཱུྃ་མཛད་མི་གཡོ་ཏིང་འཛིན་དག །དུང་ཁང་བྷྲཾ་ལས་གཡས་ཡས་ཁང་། །ཧཱུྃ་གཉིས་མཐིང་སྐྱ་ལྗང་གནག་གིས། །འཕྲོ་འདུས་བཅུད་བསྡུས་སླར་ཐིམ་ཞུ། །དེ་ལས་ཁྲོ་བོར་བཞེངས་པ་ནི། །ཟླ་ཁམ་དབུས་ཀྱི་སྒོ་ཁྱུད་ལའོ། །དེ་ཉིད་ཡོངས་གྱུར་ལུས་ཐིམ་པས། །་སྐལ་པ་རྡོ་རྗེའི་ཚེ་ཐུབ་པོ། །བི་ཤྭ་བཛྲ་གསང་སྔགས་ཀྱིས། །སྤྲུལ་པས་གཡོ་འུར་ཆེམས་ཤིག་གཏོར། །རིམ་སྤྲུལ་འཇིག་རྟེན་སྤྲུལ་པས་གཡེངས་། །བསྐྲད་འདུས་རྡོ་རྗེ་ཁྲོ་བོར་༄༅། །གྱུར། །ལྷ་གསལ་ཕྱག་སོར་ཉི་ཟླའི་གདན། །སྟེང་དུ་ཡབ་ཡུམ་འབྲུ་བཅུ་བསམ། །ཐལ་སྦྱར་རིགས་སྔགས་རིམ་བརྗོད་ནས། །བདེན་པས་སྐུལ་ཏེ་སྤྲོ་པར་བྱ། །བན་དྷ་ཏྲཏ་ཀྱི་གསང་སྔགས་ཀྱིས། །སྲོག་དང་ལྡན་པས་སྒྲིབ་བྲལ་ཏེ། །རང་སེམས་རིང་པོ་ཧཱུྃ་ལས་ལྷར། །རྫོགས་ཚུལ་བསྐྱེད་དེ་ཕྱག་ཆེན་པོར། །འབྲུ་གསུམ་འཕྲོ་འདུས་གནས་གསུམ་བརླབ། །སྤྱི་བོའི་ཧཾ་ལས་རྒྱ་ཁྲམ་གོ །འཛུབ་གཉིས་ཧཱུྃ་ཁྲོས་བསྲུང་བར་བྱ། །དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །མི་ཕྱེད་རྡོ་རྗེའི་སྐུ་དང་ལྡན། །དེང་བདག་སངས་རྒྱས་སྐུ་འཛིན་པའི། །བྱིན་གྱིས་བརླབས་པའི་ལས་མཛོད་ཅིག །གསུང་དང་ཐུགས་ཀྱང་དེ་བཞིན་བྱ། །བདུད་རྩི་འབྲུ་གསུམ་གསལ་བ་ཉིད། །རྡོ་རྗེ་ལྕེ་བཞག་འཕྲོས་འདུས་པས། །རྡོ་རྗེ་གསུམ་བྱིན་བསྡུ་བྱས་ཏེ། ། ང་རྒྱལ་སྐྱེད་པའི་གསང་སྔགས་ཀྱི། །རྡོ་རྗེ་གསུམ་སྩལ་དམ་གསུམ་སྦྱིན། །མི་ལྡོག་རིགས་ངེས་བརྟན་བྱའི་ཕྱིར། །ཐར་ལམ་འདྲེན་པའི་བླ་མ་དང་། །བྱང་ཆུབ་འགྲོ་བའི་སྤུན་རྣམས་ལ། ། སྒོ་གསུམ་ཟོལ་མེད་བཀུར་བ་དང་། །གསང་བ་ཡིད་ཀྱི་བསྲུང་བྱ་ཞིང་། །ཧེ་རུ་དཔལ་དུ་རྟག་གནས་པས། །མཐའ་ཡས་སེམས་ཅན་བུ་བཞིན་སྐྱོངས། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། ་སྡོམ་པ་ལ་ནི་མི་གནས་པས། །ལྷ་རྣམས་དང་ནི་མི་རྣམས་དང་། །སྒྲུབ་པ་པོ་དང་རྣམ་འབྱོར་རྣམས། །དེ་ཀུན་འཁྲོས་པས་ཁྲག་ཆེན་པོ། །ཉམས་པའི་སྙིང་ནས་ཁྲག་ཆེན་འཐུང་། ། ཨི་དན་ཏེ་ན་ར་ཀན་སྔགས་ཀྱིས་ཧཱུྃ། །ལྕེ་ལ་བཞག་ལ་རྣ་ཆུ་སྟིམ། །བཛྲ་ཡཀྵར་རབ་གནས་བྱ། །ཡོན་ཏན་བརྗོད་པའི་ཆུ་ནན་བྱ། །དེ་ནས་གོ་བར་དམ་བསྒྲགས་པ། །རྒྱལ་བས་གསུངས་བའི་ཡེ་ཤེས་གང་། །དེང་འདིར་དངོས་གྲུབ་མཆོག་ཏུ་གསུངས། དམ་ཚིག་ཆེ་བའི་ཆེན་པོ་མཆོག །བྱེ་བྲག་མེད་པར་རིང་ནས་སྤྱོད། །དགེ་དང་མི་དགེའི་ཆོས་རྣམས་ལ། །ལྷག་པར་རྟེན་པར་མི་བྱ་སྟེ། །མཉམ་ཉིད་རིག་པའི་ཀློང་ཞུགས་ནས། །ཅི་ལའང་ཐོགས་པ་མེད་པར་སྤྱོད། །ཧཱུཾ་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །དུར་ཁྲོད་རྫས་ཀྱི་མེ་ཏོག་དོར་ནས་ཀྱང་། ། བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས། །སྐལ་ལྡན་བདག་ཅན་རྣམས་ལ་སྩལ་དུ་གསོལ། །ཨོཾ་པྲ་ཏཱི་ཙྪ་བཛྲ་ཧོ། ཞེས་དོར་རོ། །ཚལ་བུ་སྤྱི་གཏུག་ལྷ་དབབ་བྱ། །སློབ་བུ་ལྷ་ཡི་གཟི་ལྡན་པ། །ལེགས་པར་ལྷ་དབོག་སྒོམ་ཐབས་སྦྱིན། །རིགས་དང་སྦྱར་ལ་གསང་མཚན་གདགས། །དེ་རིང་དང་བའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་འདི་ནི་ལྟ་བར་བགྱིས། །སྔགས་དང་༄༅། །ཕྱག་རྒྱའི་རིགས་སུ་འཁྲུངས། །ཁྱོད་ཀྱི་དམ་ཚིག་འདི་ལྟ་བུ། །གསང་བ་བསྟན་པའི་སྣོད་དུ་རུང་། །དམ་པ་མཆོག་ཏུ་འགྱུར་བར་བྱེད། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །བཛྲ་ཙཀྵ་བྲ་བེ་ཤ་ཕཊཿ འོད་ཟེར་གྱི་ཐུར་མས་དབྱེ། །འཁོར་ལོ་མཐོང་བའི་ང་རྒྱལ་བྱ། །འཁོར་ལོ་གཙོ་ནས་བྲན་མཐའ་ཡས། །ལྷ་ངོ་མི་བཞིན་བསྟན་བྱས་ལ། །དཀྱིལ་འཁོར་དབྱིངས་ནན་རྒྱན་སོགས་དོན། །རྒྱུད་ལས་གསུངས་པ་བཞིན་དུ་བཤད། །ཞུགས་དང་མ་ཞུགས་ཡོན་ཏན་སྐྱོན། །བསྒོམས་དང་མ་སྒོམས་ཡོན་སྐྱོན་རྣམས། །འཇིགས་བྱེད་སྟངས་དཔྱལ་གཉིས་སམ་ལྔ། །གདུང་སྟེ་དད་ལྡན་རབ་ཞུགས་ན། །འདོད་པ་ཡིད་འོངས་སྙམ་པར་འགྱུར། །གང་དག་དང་མེད་མི་འཇུག་པ། །བྱང་ཆུབ་ཆེན་པོས་དབུལ་བར་འགྱུར། །བདག་ཉིད་ལྷ་དང་མཉམ་སྦྱོར་བས། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །ལྷ་སྤངས་དགེ་སྤྱད་དོན་མེད་འགྱུར། །དེ་དོན་རྒྱས་པ་དོན་འབྱལ་ལོ། །དེ་ནས་ཟབ་པ་དབང་བསྐུར་བ། ། སྡོམ་ནི་རྒྱུ་རྐྱེན་དགོས་ཆེད་དང་། །གེགས་དང་ངོ་བོ་རྣམ་གྲངས་དང་། །བསྐུར་ཐབས་ཡོན་ཏན་སྐྱོན་དང་འབྲས། །རང་གི་བདེན་པ་གཉིས་མེད་པའི། །ཐིག་ལེ་ཆེན་པོའི་བམ་པ་ནི། །ལས་ཀྱི་རྣམ་རྟོག་དྲི་མ་སྦྱོང་། །རྟོགས་ཚོགས་རིགས་སྣང་ཕྱག་རྒྱ་ཡི། །རེ་རེའང་ལྔ་སྣང་དབུ་རྒྱན་དང་། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྔ་ཡི་སྙིང་པོ་ལྔ། །སྣང་སྟོང་ཤེས་རབ་ཐབས་ཅོད་པཎ། །ཀུན་ཁྱབ་སྟོང་ཆེན་གོ་ཆར་ལྡན། །ཡོན་ཏན་རྒྱུད་ཤར་ཕྲེང་བ་དང་། །རང་བྱུང་མི་ནུབ་རྟོག་ཆེན་པོ། །སྤྱོད་ཡུལ་བྲལ་བས་གདུགས་སངས་བརྒྱལ། །འདོད་ལྔ་རིགས་སྣང་བཟང་བཏུང་ངོ་། །ཕྱག་རྒྱ་དབུ་རྒྱན་སྙིང་པོ་དང་། །ཅོད་པཎ་གོ་ཆ་རུས་པའི་འཕྲེང་། །གཟི་མདངས་རྒྱལ་མཚན་ཞིང་གི་གདུགས། །ལོངས་སྤྱོད་རང་བཞིན་བཟང་བཏུང་དང་། །རྒྱན་ཆས་དབང་དང་སྒྲུབ་རྫས་ཀྱིས། །མཚོན་ཆའི་དོན་ཀུན་རང་གི་སེམས། །ཉན་བསྒོམ་འཆད་ལས་རབ་འབྱམས་ལྔ། །རང་སེམས་གཏན་ཚིགས་ཀུན་ཏུ་གསལ། །རང་བཞིན་མི་གཡོ་གསལ་བར་འབྲེལ། །སྤྲོས་བྲལ་གཉིས་རྫོགས་ཡུལ་མེད་བཅོམ། །བྱ་བ་ཀུན་ཏུ་རིག་པར་ཤར། ལས་རྣམས་ཐམས་ཅད་ཐོགས་མེད་པའོ། །དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་མི་འགྱུར་རོ། །གེགས་བརྒྱད་དྲི་མ་ཡོངས་སྦྱངས་ལ། །དྲི་སྦྱངས་རས་རྣམས་མཚོན་ཆེན་བཞིན། །དབང་ཕྱུག་ཁུངས་ཐོབ་སླབ་རྫོགས་པའི། །བྱིན་བརླབས་ལྡན་པས་མངའ་༄༅། །བདག་སྐྱེན། །གཞུང་གི་ཡོན་གྱི་མཉེས་བྱའོ། ༈ །དད་རྩོན་བརྟུལ་ཞུགས་ལྡན་པའི་བུས། །སེར་སྣ་སྤངས་དང་སྔོན་བཞིན་རྒྱུ། །ཐོབ་བྱ་གོ་དབྱེ་དམིགས་དེ་དག། ཐོབ་བྱ་སྐྱོན་སྤངས་ཡོན་ཐོབ་སྦྱིན། །འཇིག་རྟེན་སྒྱུ་འཕྲུལ་ཐོབ་བྱ་བ། །རྙོག་པའི་ཆ་ལ་གཟུགས་བརྙན་བཞིན། །དམ་མེད་སྣོད་གསུམ་མེད་ཡིད་དང་། །མ་དང་འབྲལ་བའི་གང་ཟག་དང་། ། བསྐུར་ཀྱང་སྣང་བར་ག་ལ་འགྱུར། །བདག་པོ་རྫས་དཀྱིལ་འཚོགས་པ་ཡི། །རྒྱུ་རྐྱེན་ལྡན་པའི་བྱིན་བརླབས་གྲངས། །ཐོབ་པར་བྱ་བ་ངོ་བོ་སྟེ། །རྣམས་གྲངས་རྗེས་སུ་འཇུག་པ་ནི། །ལྷ་དབང་ཕྱག་མཚན་རྒྱན་ཆ་དང་། །ནུས་དབང་ལྔ་དང་གདན་གྱི་དབང་། །སྒྲུབ་རྫས་གསང་བ་རྣམ་གསུམ་མོ། །དབང་བསྐུར་ཐབས་ནི་སྣོད་རིམ་དང་། །སྦྱར་ཏེ་སྦྱིན་པར་གསུངས་པ་ལ། ། སྔོམ་ནི་ཡོན་དང་ཁྲིམས་སོགས་སྩལ། །དགོངས་སུ་གསོལ་བ་རྣལ་སྦྱིན་པའོ། །རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། ། རང་རྒྱུད་བཏགས་པའི་ཕུང་པོ་འདི། །རྒྱལ་བའི་ཞིང་དུ་སྦྱོར་བའི་ཕྱིར། །ལུལ་སྲོག་རྫས་ཀྱི་མཆོད་པ་འདི། །བླ་མེད་སྨན་པའི་མཆོག་ལ་འབུལ། །གཉིས་མེད་ཚུལ་དུ་དགོངས་ནས་སུ། །

བླང་དོར་མེད་པའི་ཚུལ་དུ་བཞེས། །ཨ་ལ་ལ་ཧོ། །ཞེས་དྲུག །བཛྲ་བེ་ག་ཨཀྲ་མ་ཡཾ། །བརྗོད་དེ་མཁའ་ལ་དཀྱིལ་འཁོར་བཏེག །དབུས་སུ་རྡོ་རྗེ་ཁྲོ་བོ་རྒྱལ། །བླ་མས་འབྲུ་བརྒྱད་འཕྲོ་བསྐོར་ལ། །གསང་བ་ཆོག་གི་དཀྱིལ་འཁོར་དུ། །སློབ་བུའི་རེ་བ་བསྐང་བ་དང་། །སེམས་ཅན་དོན་ཕྱིར་བདག་རྩོམ་ན། །བཟོད་པ་མཛད་དེ་དགོངས་སུ་གསོལ། །ས་མ་ཛས་བསྡུས་གསོལ་བ་བཏབ། །འཇིགས་བྱེད་དགོངས་གསལ་མཐུ་སྟོབས་གསོལ། །ཐོད་པའི་རྒྱན་སོགས་ཧཱུྃ་ལྔ་ཡིས། །སྦྱོར་བའི་བྱང་སེམས་རིགས་ལྔར་གསལ། །ཤུ་ནྱ་ཏཱ་སོགས་ང་རྒྱལ་བྱ། ། དབང་བྱིན་པ་ཡི་མཐུ་ལྡན་བསམ། །དེ་ནས་སྦྱིན་པའི་རིམ་པ་ནི། །སློབ་བུ་ཧེ་རུ་ཀ་ར་བསམས་ལ། །རྫས་རྣམས་ལྷ་ཡི་རབ་གནས་ཅན། །གནས་གཏན་རྟོག་ཚོགས་ལྷར་གསལ་ཐིམ། ། ཨེ་མ་ང་ནི་རང་བྱུང་བའི། །དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །ཡེ་ཤེས་འབར་བའི་རྡོ་རྗེ་འདི། །ང་ཡིས་ཁྱོད་ཀྱི་ལག་ཏུ་སྦྱིན། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རི་སྟམ། ཨོཾ་བྷི་ཥིཉྩ་ཧཱུྃ་ཨ་ཨ་ཨ། དམ་པས་འགྲོ་དྲངས་རང་རིག་གི། །གསང་སྔགས་འཇུག་ལ་དབང་གི་སྔགས། །ཕྱི་མ་ཀུན་ལའང་རབ་སྦྱར་ཏེ། །རྟོག་སྦྱངས་ལྷ་གསལ་གནས་ཐིམ་༄༅། །མཐུན། །དཔལ་ཆེན་ཁྲག་འཐུང་ཉིད་ཀྱི་སྐུ། །ཡེ་ཤེས་འབར་བའི་འཁོར་ལོ་འདི། །ང་ཡིས་ཁྱོད་ཀྱི་ལག་ཏུ་སྦྱིན། །འཁོར་ལོ་འདི་ནི་ཁྱོད་ཀྱིས་ལོངས། །དཔལ་ཆེན་ཁྲག་འཐུང་ཉིད་ཀྱི་སྐུ། །ཡེ་ཤེས་འབར་བའི་རིན་ཆེན་འདི། །ཚིག་གསུམ་སྔ་མའི་རྗེས་སུ་བརྗོད། །དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །ཡེཤེས་འབར་བའི་པདྨ་འདི། །ཡེ་ཤེས་འབར་བའི་རལ་གྲི་འདི། །ཁྲག་འཐུང་ཀུན་གྱི་ཞིང་ཡུག་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །སྲིད་གསུམ་ཡུལ་ལ་འཇོམས་པའི་ཕྱིར། །རྡོ་རྗེ་ཞིང་དབྱུག་ཁྱོད་ཀྱིས་ལོངས། །ཡེ་ཤེས་ཁྲག་འཐུང་མདའ་གཞུའི་དབང་། །ཆགས་མེད་ཐུགས་རྗེས་དོན་མཛད་ཕྱིར། །རྡོ་རྗེ་མདའ་གཞུ་ཁྱོད་ཀྱི་ལོངས། །ཁྲག་མཐུང་ཀུན་གྱི་རྒྱལ་མཚན་དབང་། །ཁམས་གསུམ་ཀུན་ལས་རྒྱལ་བ་ཡིས། །རྡོ་རྗེ་རྒྱལ་མཚན་ཁྱོད་ཀྱིས་ལོངས། །ཁྲག་འཐུང་ཀུན་གྱི་རྡོ་རྗེའི་དབང་། །རྣམ་རྟོག་རྡུལ་དུ་རློག་པའི་ཕྱིར། །རྡོ་རྗེ་རྡོ་རྗེཿ ཁྲག་འཐུང་ཀུན་གྱི་རྒྱུ་ཞགས་དབང་། །བདེ་ཆེན་དབྱིངས་སུ་དྲང་བའི་ཕྱིར། །རྡོ་རྗེ་རྒྱུ་ཞགས་ཁྱོད་ཀྱིས་ལོངས། །ཁྲག་འཐུང་ཀུན་གྱི་དུང་དམར་དབང་། །དེ་རིང་༴ སྣོད་བཅུད་མ་ལུས་གསོལ་མཛད་ཕྱིར། །རྡོ་རྗེ་དུང་ཁྲགཿ ཁྲག་སྙིང་འདྲེན་དབང་ དེ་སྟག་གདོང་ཝ་གདོང་སྦྱང་གདོང་དབང་། །དེ་རིང་༴ རྩལ་གྱིས་ཐམས་ཅད་གནན་པའི་ཕྱིར། །དཔའ་བརྟུལ་དབྱངས་སུ་བཟའ་བའི་ཕྱིར། །སྒྲིབ་བྱེད་ཐམས་ཅད་བཟའ་བའི་ཕྱིར། །ཐམས་ཅད་མ་ལུས་མ་ལུས་ཟ་བ་ཡི། །རྡོ་རྗེ་གདོང་བཞི་ཁྱོད་ཀྱིས་ལོངས། །ཁྲག་འཐུང་ཀུན་གྱི་བྱ་རྒོད་དབང་། །ཀཾ་ཀ་ཀཱ་ཀ་ཨུ་ལའི་དབང་། །འདོད་པ་ཐམས་ཅད་སྙོག་པའི་ཕྱིར། །སྲིད་གསུམ་མ་ལུས་བསྡུ་བའི་ཕྱིར། །རྣམ་རྟོག་རྡུལ་དུ་བརླག་པའི་ཕྱིར། །ཡེ་ཤེས་སྒྲོན་མ་གསལ་བའི་ཕྱིར། །རྡོ་རྗེ་བྱ་བཞི་ཁྱོད་ཀྱིས་ལོངས། །ཁྲག་འཐུང་ཀུན་གྱི་ལྕགས་ཀྱུའི་དབང་། །མཆེ་ཞགས་ལྕགས་སྒྲོག་དྲིལ་བུའི་དབང་། །ཐུགས་རྗེས་ཐམས་ཅད་དྲང་བའི་ཕྱིར། །ཐུགས་རྗེས་ཐམས་ཅད་བཅིང་བའི་ཕྱིར། །ཐུགས་རྗེས་ཐམས་ཅད་བསྡོམ་པའི་ཕྱིར། །ཐུགས་རྗེས་རྡུལ་དུ་བརླག་པའི་ཕྱིར། །རྡོ་རྗེ་རྒྱ་བཞི་ཁྱོད་ཀྱིས་ལོངས། །སླས་དང་བྱི་མོ་བྲན་མོ་ཚོགས། །ཉི་ཤུ་བརྗོད་ཀྱི་དབང་ཆོག་རྣམས། །ལས་བཞིའམ་སོ་སོའི་དབང་བསྐུར་བ། །དུར་ཁྲོད་ཆེན་པོ་གཞུང་བཞིན་༄༅། །རྩམ་ ་ཨེ་མ་ཧོ། ང་ནི་རང་འབྱུང་བྱུང་བ་ཡིས། །ཁྲོ་རྒྱལ་ཁྲག་འཐུང་འབར་བའི་སྐུ། །དྲི་ཟ་དྲང་སྲོང་གྲུལ་བུམ་སོགས། །ཕྱོགས་སྐྱོང་ཕྱོགས་ན་བགེགས་བྱུང་བ། ། རྣམ་པར་རྒྱལ་བ་ཉིད་ཀྱི་བསྲུངས། །དེ་བཞིན་ཁྲོ་དགུ་མཐུན། །བི་ཛ་ཡ་ཨ་བྷི། ནི་ལ་ད་ན་ཌ་སོགས། རྡོ་རྗེ་དུང་ཆེན་གང་བ་དང་། །འཁོར་ཡུག་རལ་གྲི་དགྲ་སྟ་ཤོལ། །ཐུགས་མཚན་རང་རྟགས་འབར་བ་ཡིས། །ཕྱག་རྒྱ་དྲུག་གིས་དབང་བསྐུར་རོ། །བཛྲ་ལོ་ག་པཱ་ལ་ཨ་བྷི། །རྒྱན་ཆ་རྟགས་ཀྱི་དབང་བསྐུར་རོ། །དབུ་རྒྱན་ཐོད་པའི་ཕྲེང་བ་ལྔ། །དབུ་སྐྲ་ཁམ་ནག་རལ་པ་ཅན་། སྟོང་ཆེན་མི་འབྱེད་དབང་དུ་སྡུད། །དུས་གསུམ་སངས་རྒྱས་དབུ་རྒྱན་འདི། །རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ། །ཀ་པཱ་ལ་མུ་ཀ་ཊ་ཨབྷི། ཁམས་གསུམ་དབང་སྡུད་སྲིད་གསུམ་གནོན། །འཁོར་བ་ཕྱག་རྒྱས་འདེབས་བར་སྨོན། །བདུད་རྩི་བུམ་ཆུ་རབ་གནས་ལྡན། །སྒྲིབ་སོགས་དག་པར་དབང་བསྐུར་བ། །ཆུ་རྒྱུན་ཕབ་ལ་དཀྱིལ་འཁོར་གསལ། །རྩ་སྔགས་དལ་གྱི་ཨ་བྷི། །ཤུན་གྱི་ཅོད་པན་རབ་གནས་ལྡན། །བུ་མཆོག་འདི་ལ་སྦྱིན་པར་བྱ། །རུས་པའི་ཕྲེང་བ་རབ་གནས་ལྡན། །གཟུང་དང་ཏིང་འཛིན་ཡོན་ཏན་འཕེལ། །ཀ་པཱ་ལ་མ་ལྱ། གོ་ཆ་རྒྱལ་མཚན་གདུགས་བཟའ་བཏུང་། །ཉན་སྒོམ་འཆད་ལ་རབ་འབྱམས་ལྔ། །སྣ་སྙིང་ལྕེ་ལག་ཡན་ལག་ལྔ། །བྷྲཱཾ་ལས་གཞལ་ཡས་ཧེ་རུ་ལྔ། །སླར་ཐིམ་སླར་སྐྱེད་དབང་ལྔ་སྦྱིན། ། གསང་དབང་ཤེས་རབ་ཡེ་ཤེས་དབང་། །བདེ་ཆེན་དབང་དང་ཟབ་མོ་གསུམ། །བླ་མའི་གདམས་པས་བསྐུལ་བར་བྱ། །གླང་ཆེན་ཀོ་རློན་ཐེག་མཆོག་དག །བསྡུད་བྱེད་ཞིང་གི་གཡང་གཞི་དང་། །དཔའ་བརྟུལ་སྟག་གི་ཤམ་ཐབས་དང་། །དོན་དམ་བཅུད་ཀྱི་ཟོ་རིས་དང་། །གདུལ་བྱ་ཐལ་བའི་ཐིག་ལེ་དང་། །ཐུགས་རྗེས་ཆགས་པའི་རཀྟ་དང་། །སྐུ་གསུང་རྫོགས་བྱེད་ཐོད་ཚར་གསུམ། །མཉེན་ལྕུག་འཁྲིལ་བའི་སྦྲུལ་ཆུན་དང་། །དུར་ཁྲོད་ཆས་བརྒྱད་དབང་བསྐུར་རོ། །ག་ཛ་ན་ར་བྱཱ་གྷ་ཙརྨ་མེ་དམ་རཀྟ་བྷསྨ། ནཱ་ག་སརྦ་ཀ་པཱ་ལ་མཱ་ལ་ཨ་བྷི། དབང་པོ་རྣམ་ལྔ་ཡེ་ཤེས་ལྔ་དང་ལྡན། །ང་རྒྱལ་མ་སྤངས་ཐོད་རློན་སེ་རལ་ཁ། །ཀ་པཱ་ལ་མཱ་ལ་ཨ་བྷི། རྒྱལ་བས་གྲོགས་གཟིགས་རིག་འཛིན་གྱིས། །དཀྱིལ་འཁོར་ལྷ་ལྟར་རབ་ཏུ་གཟིགས། །དམ་ཅན་གྱིས་ནི་རྗེ་དབོན་གཟིགས། །རང་རྟགས་འབར་བའི་ཡེ་ཤེས་མེ། །དབང་མཆོག་དམ་པ་སྦྱིན་པར་བྱ། །ཛྙཱ་ནཱ་ཛྭ་ལ་རཾ་ཨ་བྷི། འདི་ནས་རྐང་པ་བརྒྱད་ཆད་མཆན། །ཁྱུ་མཆོག་མ་ཧེ་༄༅། །གཟིགས་དང་སྟག །གཏུམ་པོ་དོམ་དང་ཉི་མའི་གདན། །ཞབས་བཞི་བདུད་བཞི་འདུལ་བའི་རྟགས། །དྲེགས་པའི་གདན་གྱིས་དབང་བསྐུར་རོ། །རུ་ཏྲ་ཙ་ཏར་མཱ་ར་ཙནྟྲ་སུ་རྱ་མ་དྷ་ལ་ཨ་བྷི། བྱང་ཆུབ་སེམས་ཀྱི་རྫས་མཆོག་དང་། །དྲི་ཆེན་ཚེ་ཡི་རིག་འཛིན་རྫས། །ཁམ་གསུམ་བསྒྲལ་བའི་ཤ་ཆེན་རྫས། །ཆགས་ཆེན་པདྨ་རཀྟའི་རྫས། །ལས་རྣམས་འགྲུབ་པའི་དྲི་ཆུའི་རྫས། །བདུད་རྩི་ལྔ་ཡི་དབང་བསྐུར་རོ། །པཉྩ་ཨ་མྲྀ་ཏ་ཨ་བྷི། །ཤ་ཆེན་དག་གི་དམ་ཚིག་གི །རིག་པ་འཛིན་པའི་མཆོག་ཏུ་འགྱུར། །གླང་པོ་ཤ་ཡི་དམ་ཚིག་གིས། ། མངོན་ཤེས་ལྔ་ལྡན་ཐོབ་པར་འགྱུར། །རྟ་ཤ་དག་གི་དམ་ཚིག་གིས། །མི་སྣང་བ་ཡི་བདག་པོར་འགྱུར། །བ་གླང་དག་གི་དམ་ཚིག་གིས། །རྡོ་རྗེ་ཚེ་ཡི་མཆོག་ཏུ་འགྱུར། །ཁྱི་ཤ་དག་གི་དམ་ཚིག་གིས། །རྡོ་རྗེ་དབུགས་ཀྱི་མཆོག་ཏུ་འགྱུར། །ཤ་ལྔ་དག་གི་དབང་བསྐུར་རོ། །མ་ཧཱ་མཾ་ས་ག་ཛ་ཏུ་རཾ་ག་གོ་ཀུ་ཀུ་ར་མཾ་ས་ཨ་བྷི། བན་དྷ་སྣོད་ཡངས་བཅུད་ལྡན་ནི། །གདུག་པ་རུ་ཏྲའི་ཁྲག་མཚོ་གསོལ། །ཞལ་དུ་དུག་གསུམ་ཟད་པར་མཛད། །ཆགས་གྲོལ་ཐོད་ཁྲག་དབང་བསྐུར་རོ། །ཀ་པཱ་ལ་རཀྟ་ཨ་བྷི། ཚུལ་ཁྲིམས་ཞིང་གི་རྒྱལ་མཚན་ནི། །ཡེ་ཤེས་ལྔ་ལྡན་བརྗོད་པའི་ཏོག །ལྕུག་ཕན་སོ་ཕྲན་རྣ་ཆར་ལྡན། །ཙརྨ་དྷ་ཛ་ཨ་བྷི། བྱང་ཆུབ་སེམས་ཀྱི་གཡང་གཞིའི་གདུགས། །ཡེ་ཤེས་ལྔ་ལྡན་ཏོག་ཆེན་སྙིང་། །ལྕུག་ཕྲན་པོར་བཤམས་བརྗིད་བག་ཅན། ། སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན། །བཛྲ་ཚ་ཏྲ་ཨ་བྷི། སྒྲུབ་པའི་རྫས་མཆོག་ཀཱི་ལ་ཡ། །དཔལ་ལྡན་རྡོ་རྗེ་འཆང་བ་ཡིས། །ཕྱི་ནང་བགེགས་རྣམས་ཚར་གཅོད་ཤོག །ཨོཾ་བཛྲ་ཀཱི་ལ་ཡ་ཨ་བྷི། སྐྱེ་ཤི་མེད་པ་རྡོ་རྗེ་དབང་གི་ཚེ། །ཨ་ཡུ་ཨ་བྷི། གཞན་ཡང་རྔ་དང་ཡུངས་ཀར་དང་། །བཟའ་དང་བཅའ་དང་བཏུང་དང་བགོ །རང་རང་གསང་བའི་ལོངས་སྤྱོད་རྒྱན། །ལོངས་སྤྱོད་ཆེན་པོའི་དབང་ཐོབ་ཤོག །ཡང་དག་བླ་མེད་དཀྱིལ་འཁོར་དུ། །མཚན་གྲངས་རྡོ་རྗེ་མིང་བཏག་པ། །སྔགས་འཆང་མིང་གི་དབང་བསྐུར་རོ། །བཛྲ་ན་མ་ཨ་བྷི། ཧཱུཾ་གི་ནམ་མཁའི་ལྷ་ཕབ་ལ། ། ཐིམ་པས་གཟི་བརྗིད་ལྡན་པར་བྱ། །ཞབས་ལ་སྤྱི་བོས་གཏུགས་བྱས་ཏེ། །འབྱོར་བའི་ལོངས་སྤྱོད་གཏང་རག་བཏང་། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པས། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །གང་ཡང་ཐེག་ཆེན་དབང་བསྐུར་བའི། །དུས་འདི་ཕན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་༄༅། །མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །རིགས་དང་ལོངས་སྤྱོད་འཕེལ་བ་དང་། །མཐུ་ཆེན་བགེགས་ནད་མི་འབྱུང་ཞིང་། །ལྷ་མའི་ལྡན་མཚན་སྡུག་བསྔལ་སེལ། ་སངས་རྒྱས་འབྱུང་དང་མི་བསྐལ་ཞིང་། །ཐེག་ཆེན་ལམ་ལ་སྤྱོད་པ་དང་། །མཐར་ནི་སྐྱེ་མེད་རྡོ་རྗེ་ཉིད། །གཞན་ཡང་གསང་བ་གསང་ཆེན་གྱིས། །བསྐུར་ཐབས་ཟབ་མོ་ཡང་དག་སྟེ། །གསང་བ་ཤེས་རབ་ཐབས་གཉིས་ཏེ། །དབང་གསུམ་སྦྱིན་པའང་དགོས་ཆེད་དང་། །ངོ་བོ་ངེས་ཚིག་རྣམ་གྲངས་དང་། །ཐབས་དང་ཡོན་ཏན་སྐྱོན་རྣམས་སྡོམ། །གསང་བ་གསང་ཆེན་ཐབས་འབྲལ་ཚུལ། །མངོན་བྱེད་རྫོགས་རིམ་ཐོབ་པ་དང་། །ལས་ཀྱི་སྒྲིབ་པ་སྡོམ་ཉམས་སྦྱོང་། །དེ་ཕྱིར་འདི་ལ་ནན་ཏན་བྱ། །འོད་གསལ་གཉིས་མེད་ཡེ་ཤེས་སོ། །དཔའ་བོ་དེ་ཕྱིར་བདག་ལྡན་པ། །ཐོབ་བྱ་གང་ཡིན་དེས་བདེ་བའི། །ངོ་བོ་གཉིས་སུ་ཤེས་པར་བྱ། །སེམས་ཅན་ཀུན་གྱི་འདོད་སྦྱོར་རོ། །ཡེ་ཤེས་ངོ་བོ་རང་གནས་དང་། །ཞེན་པས་སྒྲིབ་པས་མ་མྱོང་པ། ། བླ་མ་རྣམ་གཉིས་བཏར་བ་ཡི། །བྱིན་བརླབས་བཅུད་རྒྱུད་མྱོང་ཐོབ་ཕྱིར། །གསང་བ་ཐོབ་པར་ངས་བརྗོད་དོ། །དེ་དོན་མངོན་དུ་བྱ་བ་ནི། །སོར་བཞིའམ་འཛུབ་གང་རབ་གནས་ལྡན། །

བཅུ་གསུམ་ལྡན་པའི་དམ་ཚིག་མ། །ཁྲུས་བྱ་རྒྱན་དང་སྐྱེད་སོགས་བྱ། །ཤིནྱ་རིན་ཆེན་སྙིམ་གང་འདུག །ལས་ཀྱི་དཀྱིལ་འཁོར་རྫོགས་སྦྱར་ལ། །ཕྱག་རྒྱའི་དབང་རྣམས་སྦྱིན་པར་བྱ། ། རྒྱལ་སྲས་དོར་བྱས་མིག་ཕྱེ་བས། །དེ་ལ་གུ་ཧྱ་དབུལ་བར་བྱ། །དེ་ནས་བྱིན་བརླབས་གསུམ་ཉིད་བྱ། །མཁའ་གཉིས་གང་ཡིན་དཀྱིལ་འཁོར་གྱི། །ལས་རྫོགས་ཉེ་རིང་རན་པར་བཞག། ཤེས་རབ་ཐབས་ཀྱིས་ཕྱག་རྒྱ་ལས། །བདེ་བའི་འབྲུ་ཚོགས་གསལ་བའི་རྒྱུད། །རྡོ་རྗེ་ལམ་ནས་པདྨོར་འཁྱིལ། །རྩེ་ནས་སྟིམ་ཞིང་དཀྱིལ་འཁོར་བསྒྱུར། །སྒྲུབ་པ་ཉི་ཟླའི་སྙིང་པོ་དེ། ། དཀྱིལ་འཁོར་རྡོ་རྗེ་ལྕེ་ཡིས་བླང་། །སྒྲི་སྦྱང་གསུམ་རྒྱུད་ཧེ་རུ་ཀ། །གནས་ལ་དབང་བསྐུར་དབུགས་ཕྱུངས་ཏེ། །གསང་གཏེར་གཏད་པའི་ཆོ་ག་བྱ། །ལས་རྫོགས་བླ་མ་གཉིས་མཉེས་བྱ། ། དགོས་པའི་ཡོན་ཏན་རྣམ་གསུམ་དང་། །སྣོད་རུང་མི་རྟོག་དོན་ཐོབ་པའོ། །དེ་ལས་བཟློག་པ་སྐྱོན་ལྔའོ། །གང་ལ་ཡོད་པ་ལྟུང་བའི་རྒྱུ། །གསང་ཆེན་བཞི་པའི་དབང་ཉིད་དེ། །བཞི་པར་གྲངས་པ་ཆོས་ཀྱི་རྒྱུ། །ལོ་གྲངས་མཚན་མ་གཞུང་ལྔར་བྱ། །དཀྱིལ་འཁོར་བཞི་པ་ཐོབ་པར་བྱ། །སྔོན་བཞིན་ཆགས་པས་ཆགས་གཞོམ་ཞིང་། །ལྔ་བའི་གོ་འབྱེད་པའི་རྒྱུའོ། །དོན་དམ་ཡེ་༄༅། །ཤེས་མངོན་བྱའི་ཕྱིར། །རང་རིག་འོད་གསལ་ངོ་བོའོ། །རང་རིག་རང་གསལ་ཀུན་མཁྱེན་པ། །ཐབས་ཀྱི་སྔོན་བྱས་ཁང་དུ་གྱུར། །རང་རིག་འོད་གསལ་ཐུན་མོང་གྲགས་ ་ཕྱོགས་མཆོད་དབུ་མ་བྱ་བ་དང་། །ཡོ་གར་གྲགས་པས་བླ་མ་འདིར། །ཐུན་མོང་མིན་པར་ཐོབ་བྱའོ། །ཀརྨ་མུ་ཏྲ་རྙེད་པ་དང་། འབྱོར་བའི་ཡོ་བྱད་ཀུན་ཚང་བས། །གནས་དེར་འདོད་པའི་མཆོད་པས་མཉེས། །དཀྱིལ་འཁོར་མཆོད་པའི་ལས་རྫོགས་ནས། །ཆོས་བཤད་ཕྱི་ནང་གསང་བ་བྱིན། །ཁྲུས་སོགས་སྔོན་ཞིང་བྱིན་པ་དང་། །གསང་བའི་ས་ཐིག་བྲི་སོགས་བྱ། ། བཅོ་བརྒྱད་ཕྲག་གཉིས་སོ་སོར་དགོད། །བྱིན་བརླབས་གསུམ་ལྡན་མཁའ་དབྱིངས་ལ། །ཡེ་ཤེས་གནས་སུ་སོ་སོར་གསལ། །ཤིརྱ་ལག་ཏུ་གཏད་བྱས་ཏེ། །དབབ་བཟུང་བཟློག་པའི་མན་ངག་སྦྱིན། །དེ་དག་སྔོན་དུ་གཞུང་བཞིན་གོམས། །ཐབས་ལ་དབབ་པའི་བློ་ཅན་གྱིས། །འཁྱུད་དང་འཛུམ་པ་སོས་འདེབས་གཞིབ། །རིག་པ་སེན་འདེབས་བརྡེབས་ཤིང་རྩེ། །རང་གནས་གཉིས་ཀྱིས་མཁའ་རྒྱས་ནས། །ཛ་ཧཱུཾ་བཾ་ཧོ་གསང་བ་བཞིས། འཛིན་དང་འཁྱུད་དང་སྡོམ་པ་དང་། །སྐྱོད་པས་དགྱེས་པའི་སྒྲ་སྙན་པས། །རི་བོང་ལྡན་པ་རྣམ་པ་གཉིས། །ཕབ་ནས་རྩེ་མོ་རྣམ་གཉིས་ལས། །བྲག་བརྡུང་ལྟ་བུར་གཉིས་སྦྱོར་བ། །ཁམས་གསུམ་མ་ལུས་གནས་ངན་སྤོང་། །དེ་ཚེ་གསང་བའི་ལྷ་མོ་བརྒྱད། །རང་བཞིན་རྫོགས་པས་རང་ཉམས་དག །ཚོགས་སྦྱར་ས་བཅུའི་རིམ་པ་བཞིན། །བདེ་རྟགས་ངེས་པ་གདེང་དུ་བྱ། །རྡོ་རྗེ་སྙིང་པོ་མཁའ་ལ་བཅུད། །འདོད་དང་བསམ་གཏན་བདེ་འབྱུང་ཕྱིར། །འཇིག་རྟེན་འཇིག་རྟེན་འདས་པའི་རོ། །གཞན་དུ་གོལ་དང་མ་གོལ་བརྟག །འབྱུང་བས་བཏེག་ཅིང་གསུམ་པའི་ལས། །བསྐྱོད་དལ་ལས་ཀྱི་བདེ་མྱོང་བ། །ཟླ་བ་ལ་རྟེན་རྟེན་ཅན་དེ། །དེ་བྲལ་དེ་ཡོད་དེ་མེད་བས། །ཤིང་རྟོག་དྲན་པའི་ངོ་བོ་བཞིན། །དེ་གོམས་བཟློག་ཐབས་རྣམ་གཉིས་ཀྱིས། །བཟློག་སྟེ་རྟེན་དང་ས་རིམས་སོ། །རིན་ཆེན་རྫིང་ནས་སྤྲུལ་པའི་གར། །རྗེས་སུ་མཐུན་པར་བརྟག་པར་ལྟ། །ཐབས་མེང་རང་དགར་སྤྱོད་པ་དག །མངལ་གྱི་གྲོང་ཁྱེར་ཡི་དྭགས་འགྲེ། །རྡོ་སྟེངས་ས་བོན་ཇི་ལྟ་བར། །བསྐལ་བར་འབྲས་བུ་ག་ལ་འབྱུང་། །ཐབས་དང་ཤེས་རབ་གང་ཡོད་པས། །སྤྱོད་བ་བླ་མ་རྣམ་གཉིས་ངང་། །རང་གི་བསོད་ནམས་དུས་ཐབས་ཀྱིས། །རང་བྱུང་ཡེ་ཤེས་ཉིད་དུ་འཆར། །འདི་ལྟར་སྣང་བ་ཐམས་ཅད་ཀུན། །རྡོས་པ་ཅན་གྱི་ཆོས་མིན་ཏེ། །རྟོག་མེད་རང་རིག་འོད་༄༅། །གསལ་བ། ཡེ་ཤེས་འབའ་ཞིག་ཁོ་བ་ནས། །གཅིག་དང་དུ་མ་བྲལ་བས་ན། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །སྐད་ཅིག་ཡོང་མེད་ལས་གྲོལ་བའི། །བདེན་རྫོགས་ཆོས་སྐུ་དམིགས་མེད་པའོ། །གསང་ཆེན་ལྔ་ལ་རིམ་པ་བཞིན། །དོན་དམ་ཤེས་པ་སྦྱོང་ཕྱིར་དང་། ། དུག་ནད་དུག་གིས་སྦྱོང་བའི་ཕྱིར། །ལྔ་པ་འདི་ནི་རབ་ཏུ་བསྒྲགས། །འདོད་ཆགས་བདེན་པ་གཉིས་མེ་དོར། །ཡེ་ནས་རང་ལ་གང་གནས་པ། །ཐོབ་པར་བྱ་བ་དེ་ཉིད་དེ། །རྒྱུ་རྐྱེན་འཇོམ་བའི་མཐུ་ཡང་ལོང་། །གཉིས་མེད་ཡེ་ཤེས་སྐྱེ་འཇིག་མེད། །གཟུང་འཛིན་མ་སྤངས་རང་གྲོལ་བདེ། །བརྟན་དང་བདེ་ཆེན་མ་ཐོབ་པས། །གང་ལ་སྣང་བ་ཐོབ་ཅེས་བསྒྲགས། །དེ་ནི་ཐབས་ཀྱིས་ཐོབ་བྱས་ནས། །ཕྱག་རྒྱ་ཆེན་པོའི་ཕྱག་རྒྱ་བཙལ། །ཕྱི་ནང་བཀྲུ་རྒྱན་དང་སྐྱེད་བྱ། །བཞི་པའི་དཀྱིལ་འཁོར་གསང་བ་དེར། །བཞི་པ་ཐོབ་པའི་བུ་དང་ཡུམ། །གསང་བའི་ས་ཐིག་འབྲི་སོགས་བྱ། །མཆོད་རྫོགས་བརྗོད་པའི་ལས་གྲུབ་ནས། །བུ་ལ་ཕྱག་རྒྱ་ཆེ་གཏད་དེ། །དེ་དང་རབ་གནས་ཕྱག་རྒྱ་བཞི། །སྔོན་བཞིན་སྣང་རྩེར་ཉི་ཟླ་ཤར། །ཉི་མ་དབང་བྱས་ཤར་བའི་དུས། ་སའི་དུས་སུ་སྙོམས་འཇུག་པས། །བ་སྤུ་བགྲེང་དང་སྒྲ་འབྱུང་དང་། །བཞིན་མདོག་འགྱུར་ཞིང་མདོག་བདེ་བ། །ཆུ་ཟིལ་རང་ལུས་མཆོག་ལས་བྱུང་། །རིམ་པ་འབྱུང་ས་སྔོན་བཞིན་པས་ །དཀྲུང་དང་རྣལ་འབྱོར་དབང་ཐོབ་པས། །རཀྟ་བྱང་ཆུབ་དུས་གཅོད་འབར། །གཉིས་མེད་ཟུང་དུ་འབྲེལ་བ་ལས། །དཀྱིལ་འཁོར་བཞི་བཅུ་གཉིས་སོགས་འབྱུང་། །ཕུན་སུམ་ཚོགས་པའི་ལྷུན་གྲུབ་རྣམས། །གསང་དབང་མཆོག་གི་འབྱིན་པར་བྱེད། །གསང་བ་པདྨོར་ལྡན་གྱུར་ནས། །ཆགས་པ་མེད་པའི་ཚུལ་གྱིས་སོ། །ཕ་རོལ་ཕྱིན་བཅུས་རྒྱུ་འབྲས་རྫོགས། །ས་བཅུ་རིམ་གྱིས་བགྲོད་བྱེད་རྫོགས། །ཀུན་ཏུ་འོད་དང་པད་སྤྱན་རྫོགས། །ཐབས་ཤེས་བླ་མེད་ས་ཡང་རྫོགས། །བསོད་ནམས་ཡེ་ཤེས་ཚོགས་ཀྱང་རྫོགས། །འདི་ནི་བརྟེན་མ་ལ་རྟེན་ཡིན། ། དྲོད་རྙེད་ས་ཐོབ་དུས་གཅིག་ཏུ། །རིག་པ་ཡེ་ཤེས་ཕྱག་རྒྱ་ལས། །རང་བཞིན་ཏིང་འཛིན་དཀྱིལ་འཁོར་དུ། །རིམ་བཞིན་རོལ་པའི་ཐབས་དག་ནི། །ཏིང་འཛིན་རང་བཞིན་ཐབས་ཀྱིས་འགྲུབ་། །ངོ་མཚར་ཆོ་འགྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོང་འོངས་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུསྣང་། །ལས་གཉིས་སྤྱོད་པས་མི་འགྱུར་ཞིང་། །

༄༅། །བསྒོམ་དང་སྒྲུབ་པས་མི་འགྱང་བ། །དག་ཅིང་བདུད་ཡོན་ཐོབ་པར་འགྱུར། །དེ་ལས་བཟློག་པ་ཅིག་ཤོས་ཡིན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། ཤིན་ཏུ་སྦྱངས་ལ་ཤེས་སྤུན་ཡོད། །བུ་མེད་འགུགས་པས་གཙོ་ལ་དབུལ། །འདོད་རྟེན་རང་དགར་མི་སྤྱད་པར། །ངེས་པ་ཅན་ལ་ཤིན་ཏུ་བརྟད། །དེ་དག་ལས་བཟློག་སྐྱོན་ཅན་དག །བུད་མེད་འདོད་པའི་པའི་འཕྱལ་བ་དག །རྨོངས་ལ་འཕྱར་བས་གལ་ཏེ་བྱིན། །དུས་མི་སྲོག་ཟད་སྤྲེབས་བསྲེགས་ལྟུང་། །ཆགས་པས་རང་དགར་སྤྱོད་འགྲུས་དང་། ། ཚུལ་སྡོམ་རྟོག་པས་བཅིངས་པ་དང་། །ཉིང་ཁུ་མེད་པར་སྒྲ་བརྟེན་སྤྱོད། །ཨེ་མ་ཧོ། སྙིང་རྗེས་སེམས་འཕྲོགས་ནས། །ཐབས་ལམ་མཆོག་འདི་རབ་བགྱིས་པས། །ཆགས་པས་མི་ལྟུང་བདེ་ཐོབ་ཤོག །སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་དཀྱིལ་འཁོར་དབང་རབ་གནས་ཀྱི་བསྒྲུབ་ཐབས། ཁྲོ་བོ་རྡོ་རྗེ་ལས་རིམ། བུདྡྷ་གུ་ཧྱས་མཛད་པ་འདི་ཡོངས་སུ་རྫོགས། ། ། །༄༅། །དབང་ཆོག་ཆེ་བའི་དཀྱིལ་འཁོར་ཚོན་ཐོ་ནི། དབུས་མཐིང་ མུ་ཁྱུད་ནང་མ་ལྗང་། དེའི་ཕྱི་མ་སེར། དེའི་ཕྱི་མ་དམར། དེའི་ཕྱི་མ་དཀར། ཆོས་འབྱུང་སྟེང་མ་དམར། འོག་མ་མཐིང་། གྱི་སེར། ཆོས་འབྱུང་རྩེ་ལ་རྡོ་རྗེ་བྲི་བ་ཡང་ཡོད། དེའི་ཕྱི་ཉི་མ་དམར། ཟླ་བ་དཀར། པདྨ་སྣ་ཚོགས། གྲུ་ཆད་བཞི་ཕྱོགས་མདོག །ལྕགས་རི་ཤར་དམར། ལྷོ་ལྗང་། ནུབ་དཀར། བྱང་སེར་པོ་ཡིན་ནོ། །དབང་ཆོག་འབྲིང་པོའི་དཀྱིལ་འཁོར་ནི། ཆོས་འབྱུང་གི་ནང་ཁོང་དམར་པོ། ཆོས་འབྱུང་སྟེང་མ་དམར། འོག་མ་མཐིང་། གཞི་སེར། ཆོས་འབྱུང་རྩེའི་རྡོ་རྗེ་སེར་པོ་གཞི་དམར་པོ། །མུ་ཁྱུད་ནང་མ་དམར། བར་མ་དཀར། ཕྱི་མ་མཐིང་གྲུ་ཆད་བཞིའི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་སྔོ། ལྕགས་རི་ཤར་དམར་ལྷོ་སྔོ། ནུབ་དཀར། བྱང་སེར་པོ་ཡིན་ནོ། །དཀྱིལ་འཁོར་གྱི་དབུས་སུ། བུམ་པའི་ནང་དུ་སྨན་བླུག་ལ་བཞག །དེའི་ཁར་ཐོད་བའི་ནང་དུ་སིདྷུར་བརྡར་ལ་ཆང་བླུག །དེའི་ཁར་མེ་ལོང་ནང་དུ་བུ་རམ་མར་སྦྲང་རྩི་བསྲེས་པའི་རིལ་བུ་བཞག་གོ། །དགེའོ། །དགེའོ། །དགེའོ། ། ། །