菩薩藏佛教學會
20
背景
翻譯

KMG092_0002.吉祥總續意趣合集註疏.瑜伽日光顯明之善說輝煌朝陽光芒.c3.7s|KMG092_0002.吉祥總續意趣合集註疏.瑜伽日光顯明之善說輝煌朝陽光芒.c3.7s(續3)

以下是您所提供藏文的完整直譯成簡體中文: 至此所示:秘密主如是宣說並開示,楞伽主等示現劣身的大菩薩們,如所示一切法顯現為無盡語莊嚴輪,無邊際增減功德明顯顯現而清晰了知。這些是瑜伽末義,解釋也已應用。 章節名稱:《一切佛意趣集中大經》中,安立為無盡語莊嚴輪並圓滿顯示無邊際增減功德品第三十四圓滿解說完畢。 第四,解說功德和事業加持分三:略說,廣說,總結。第一,從”然後又”到”如是”之間所示:此品顯示了義。然後又楞伽主大菩薩為請求秘密主開示功德和事業加持,如是宣說詢問:“秘密主,從密咒義覺悟之加持顯現的諸佛功德和事業深奧秘密如何顯現?“如是提出兩個問題,秘密主回答說:“楞伽主,從密咒加持顯現的佛功德和事業,應知如下所顯現。是什麼呢?如是。” 第二分二:解說功德顯現,顯示事業顯現。第一分五:解說資糧道功德,顯示加行道功德,解說見道功德,顯示修道功德,解說究竟道功德。第一分二:因發心功德,積資正行功德。第一,從”下文獅子幼子”到”刺痛折磨”之間所示:功德之義所表達的是什麼呢?密咒行者發心功德比因乘殊勝的譬喻義顯示:譬如獅子幼子之氣息無論遍及何處,所有不能忍受它的野獸等都會逃跑;同樣,即便尚無了悟並了知密咒精華義之力量與強大能力,但對最上乘生起信解而僅僅發心的功德,也能勝過長久住於菩薩行的中觀者,具有殊勝力量。 那麼,中觀菩薩中已登地者甚多,此處初學者從一開始就能勝過他們嗎?這就如同,平民之子雖身體技能圓滿,但要成為大王需積累福德並經歷轉世,而王子雖尚無王權之力且仍如孩童一般,但成為王不需經歷轉世,即能登上王位;同樣,經部行者雖已獲得地位,但要見到密義需歷劫修行,而此處因有信解種子,能迅速決定成就大乘,因而能現證不二之義。

།དེ་བས་ན་སེམས་བསྐྱེད་པ་ཙམ་གྱིས་ལོག་པར་ལྟ་བའི་ཆ་འཛིན་པ་བདུད་དང་མུ་སྟེགས་ལ་སོགས་པའི་དགྲ་རྣམས་ཐམས་ཅད་ཟིལ་གྱིས་གནོན་ལ་སྐྲག་ཅིང་སྔངས་ཏེ་སྤ་བཀོང་བར་འགྱུར་ཞིང་རང་རང་གི་གནས་ནས་ཡིད་ཟུག་རྔུས་རབ་ཏུ་གཟིར་བར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། ཚོགས་གསོག་པའི་ཐབས་ཀྱི་ཁྱད་པར། བསགས་པའི་འབྲས་བུའི་ཁྱད་པར་བསྟན་པའོ། །དང་པོ་ནི། འོག་ནས། དཀར་པོའི་མཐར་ཐུག །ཅེས་པ་ནས། དཀྱིལ་འཁོར་ཆེན་པོ་ཙམ། །ཞེས་པའི་བར་གྱིས་བསྟན་ཏེ། ཆོས་སྤྱོད་བཅུ་དང་བསྡུ་བ་བཞི་ལ་སོགས་པ་ཐེག་པ་ཐུན་མོང་གི་དཀར་པོའི་སྤྱོད་པ་མཐར་ཐུག་པའི་བསོད་ནམས་ཀུན་ཀྱང་དཔེར་ན་སེན་མོའི་ཐོག་གི་གཞི་ལ་ས་རྡུལ་ཆགས་པའི་གྲངས་དང་འདྲ་ལ། ཐེག་པའི་རྒྱལ་པོ་འདིའི་སྒོར་ཞུགས་ཏེ་རྡོ་རྗེ་སྙིང་པོར་སེམས་སྐད་ཅིག་གཅིག་ཙམ་དུ་བསྐྱེད་པ་ཡི་བསོད་ནམས་ཡང་དཔེར་ན་ས་ཡི་གཞིའི་དཀྱིལ་འཁོར་ཆེན་པོ་ལ་ཡོད་པའི་རྡུལ་སྙེད་ཙམ་དུ་འབྱུང་བས་མདོ་སྔགས་ཀྱི་དགེ་བའི་རྩ་བ་བསྐྲུན་དུ་མི་བཏུབ་སྟེ་གསང་བའི་བྱིན་རླབས་ལས་ཕ་རོལ་ཏུ་ཕྱིན་པ་དང་ཞིང་དང་ཐབས་དང་འབྲས་བུས་ཁྱད་པར་དུ་འཕགས་པའོ། །གཉིས་པ་ནི། གོང་ནས། ཉི་ཟླ་འོད་འབར། ཞེས་པ་ནས། སྐད་ཅིག་འབུམ་ཆར་མིན། །ཞེས་པའི་བར་གྱིས་བསྟན་ཏེ། དཔེར་ན་ཉི་མ་དང་ཟླ་བའི་འོད་ལྟར་འབར་བའི་ནོར་བུ་རིན་ཆེན་མེ་ཤེལ་དང་ཆུ་ཤེལ་གྱིས་ཀྱང་ནོར་བུ་རིན་ཆེན་དབང་གི་རྒྱལ་པོའི་རིན་ཐང་ལ་འབུམ་དུ་བགོས་པའི་ཆར་ཡང་ཉེ་བ་མིན་པ་ལྟར་དུ། རྒྱུའི་ཐེག་པའི་སྦྱིན་ཚུལ་ལ་སོགས་པ་དཀར་པོ་རྣམ་པར་སྤྱད་པའི་དགེ་བ་མཐར་ཐུག་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་རྣམས་ཀྱིས་གསང་སྔགས་ཟབ་མོའི་དོན་ཉིད་སྐད་ཅིག་ཙམ་དུ་ལེགས་པར་གོ་བའི་ཡོན་ཏན་ལ་ཁྲི་ཕྲག་བཅུ་སྟེ་འབུམ་དུ་བགོས་པའི་ཆར་གྱིས་ཆ་གཅིག་ཏུའང་ཉེ་བ་མིན་ནོ། །དེས་ན་གསང་སྔགས་ཀྱི་དོན་གོ་བ་དེ་ནི་དཀར་པོ་རིལ་གྱིའང་བཅུད་དུ་གྱུར་པ་ཡིན་ཏེ། དེ་ཁོ་ན་ཉིད་དུ་ངེས་པས་དགེ་བ་མ་བྱས་པས་ཟད་པ་དང་བྱས་པས་འཕེལ་བ་དང་བྲལ་བའི་ཕྱིར་ཏེ། མན་ངག་ལས། ཁམས་གསུམ་གནས་པའི་སྲོག་བཏོན་ཀྱང་། །གདེང་ཆེན་གོ་བའི་ཆར་མི་ཕོད། །གང་གཱའི་བྱེ་སྙེད་སེམས་ཅན་རྣམས། །སངས་རྒྱས་ས་ལ་བཀོད་པས་ཀྱང་། །དེ་ཡི་རྡུལ་ཆར་མི་ཉེ་སྟེ། །དེ་དག་རྩ་བའང་དེ་ཉིད་དོ། །ཞེས་པའི་དོན་ཏོ། །དེ་ལྟ་བུའི་ཡོན་ཏན་ཚད་མེད་པའི་ཕྱིར་རིག་པས་འཇལ་བ་ཁོ་ནར་བྱའོ། །གཉིས་པ་ལ་གཉིས་ཏེ། ལྟ་བ་ལོག་པའི་དགྲས་མི་འཇིགས་པ། སྦྱོར་ལམ་གྱི་ཁྱད་པར་བསྟན་པའོ། །དང་པོ་ནི། ཚིགས་བཅད་གཅིག་གི་འོག་ནས། འཁོར་ལོས་བསྒྱུར་རྒྱལ། ཞེས་པ་ནས། ལོག་པའི་དགྲས་མི་འཇིགས། །ཞེས་པའི་བར་གྱིས་བསྟན་ཏེ། སྔགས་ཀྱི་དོན་མཐོང་བ་ལ་བརྟེན་ནས་འཁོར་བའི་འཇིགས་པ་དང་བྲལ་བར་འགྱུར་ཏེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་མི་གང་བརྟེན་པ་དེ་དག་དཔུང་བཞིའི་འཇིགས་པ་དང་བྲལ་ཏེ་བག་ཚ་བ་མེད་པ་ལྟར་དུ་ཐེག་པ་ཆེན་པོར་སེམས་སྐྱེས་པས་གསང་བ་ཟབ་མོའི་དོན་ཉིད་དུ་རིགས་ངེས་ཏེ་མ་འགྱུར་བ་ལ་གནས་པས་དཔེ་ཡི་ཡེ་ཤེས་ཀྱི་ལྟ་བ་དང་ལྡན་པ་དེ་ལ་ལོག་པར་རྟོག་པའི་སྡུག་བསྔལ་གྱི་དགྲས་མི་འཇིགས་ཤིང་ཉམ་ང་པ་མེད་པའོ། །གཉིས་པ་ལ་གཉིས་ཏེ། གཞུང་ཉམས་ན་འགྲུབ་མི་འགྲུབ་ཀྱི་ཁྱད་པར། རྒྱལ་བས་དགོངས་མི་དགོངས་ཀྱི་ཁྱད་པར་རོ། །དང་པོ་ལ་གཉིས་ཏེ། འོག་མའི་གཞུང་ཉམས་ཀྱང་འགྲུབ་ལ་འདི་ཉམས་ན་མི་འགྲུབ་པ། འདིའི་གཞུང་ཉམས་ཀྱང་འོག་མའི་བླར་གྱུར་པའོ།

以下是您所提供藏文的完整直譯成簡體中文: 因此,僅僅發心就能勝過持邪見分的魔、外道等一切敵人,使他們恐懼、驚駭、迷亂,從各自住處被痛苦刺針極度折磨。 第二分二:積資方便殊勝,所積果德殊勝顯示。第一,從下文”白法究竟”到”大壇城量”之間所示:十法行、四攝事等共同乘白行究竟的一切福德,譬如如指甲上所積塵土數量;而入此乘王之門,於金剛心剎那間發心的福德,譬如大地壇城中所有微塵數量般生起,故不能比擬經咒善根,因密咒加持超勝波羅蜜多、剎土、方便及果德。 第二,從上文”日月光焰”到”剎那億分非”之間所示:譬如像日月光照耀的珍寶火晶水晶,也不及珍寶自在王價值的億分之一;同樣,因乘佈施方式等白法行究竟的福德蘊有多少,也不及深密咒義剎那善解的功德十萬分之一。因此,瞭解密咒義是一切白法之精華,由真實性決定而離未作善消盡、已作增長,如竅訣中說:“雖奪三界一切命,不及大信解之分;恆河沙數眾生眾,安置佛地亦復然,不及彼塵分之一,彼等根本即真如。“此為義。如是功德無量故,唯以智慧衡量。 第二分二:不畏邪見敵,顯示加行道殊勝。第一,從一偈之後”轉輪王”到”不畏邪敵”之間所示:依見密咒義而離輪迴怖畏,譬如依靠轉輪王的人們離四軍怖畏而無畏懼;同樣,大乘發心者確定深密咒義,安住不變,具有譬智見解者,不畏邪分別苦敵,無有懼怕。 第二分二:教法壞與不壞成就的差別,佛陀護念與否的差別。第一分二:下乘教法雖壞仍成就而此壞則不成就,此教法雖壞仍優於下乘。 ;

།དང་པོ་ནི། འོག་ནས། སྐྱེས་བུ་རྐང་ལག །ཅེས་པ་ནས། གསང་ཉིད་མེད་ན་བརླག །ཅེས་པའི་བར་གྱིས་བསྟན་ཏེ། དཔེར་ན་སྐྱེས་བུ་གང་ཞིག་རྐང་པ་དང་ལག་པ་བཅད་དེ་ཉམས་ཀྱང་འཚོ་ལ་ཇི་ལྟར་སྙིང་ཕྱུང་པར་གྱུར་ན་དེ་ལ་ནམ་ཡང་འཚོ་བའི་གླགས་མེད་པ་ལྟར་དུ་ཡན་ལག་ལྟ་བུའི་དབུ་མ་ལ་སོགས་པའི་ལྟ་བ་ཉམས་ཤིང་ཚུལ་ཁྲིམས་རལ་པར་གྱུར་ཀྱང་ཉེན་ཆུང་བས་འཚོ་བར་འགྱུར་ཏེ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཐབས་ཀྱིས་མི་ལྟུང་བར་ས་ལ་སྦྱོར་རོ། །སྙིང་དང་འདྲ་བའི་ཐབས་ཀྱི་ཐེག་པའི་གཞུང་ཉམས་ཏེ་གསང་བ་ཉིད་ཀྱི་དམ་ཚིག་མེད་ན་བརླག་པར་འགྱུར་བས་རྒྱུའི་ཐེག་པས་སློང་བར་མི་ནུས་ཏེ། དཔེར་ན་རྒོད་མ་ཤི་བའི་རྟེའུ་རློན་ར་ཡར་གྱི་འོ་མས་མི་འཚོ་བ་བཞིན་ནོ། །འོན་ཀྱང་ཐེག་པ་ཆེན་པོ་ཉིད་ལ་ཐབས་མེད་པ་ནི་མ་ཡིན་ནོ། །གཉིས་པ་ནི། གོང་ནས། རྡོ་རྗེ་ཉམས་ཀྱང་། ཞེས་པ་ནས། ངེས་སྣང་ཆོས་ཀྱི་དབུལ་བ་སེལ། །ཞེས་པའི་བར་གྱིས་བསྟན་ཏེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་སྟེ་ཉམས་པར་གྱུར་ཀྱང་འཆིང་བུ་སོགས་རིན་ཆེན་ཕལ་པ་རྣམས་ཟིལ་གྱིས་གནོན་ཅིང་། རྡོ་རྗེ་རིན་ཆེན་ཆག་པའི་ཡོན་ཏན་མི་བརླག་པར་སྤྱོད་པར་དབང་བ་རྣམས་ཀྱིས་འདོད་པ་ལྟར་འབྱུང་བས་དབུལ་ཞིང་ལྟོགས་པའི་སྡུག་བསྔལ་སེལ་ཏེ་འཇོམས་པ་བཞིན་དུ་ཐེག་པ་ཆེན་པོ་གསང་ཆེན་ཉིད་ཀྱི་དོན་དང་ལྡན་པའི་རྣལ་འབྱོར་པས་རྡོ་རྗེ་སྙིང་པོ་བླ་ན་མེད་པའི་ལྟ་བ་དང་ལྡན་ན་གཞུང་ཀུན་ནས་མ་སྲོངས་པར་ཡན་ལག་གི་དམ་ཚིག་ཆ་ཤས་ཉམས་པར་གྱུར་ན་ཡང་། བསམ་པ་དོན་དང་མ་བྲལ་བས་ཉན་ཐོས་ལ་སོགས་པ་ནས་དབུ་མ་པའི་བར་གྱི་རྒྱུའི་ཐེག་པ་ཆེ་ཆུང་གཉིས་ཀ་ཟིལ་གྱིས་གནོན་ཅིང་ཁྱད་པར་འཕགས་ཏེ། ཅིའི་ཕྱིར་ན་རྒྱུའི་ཐེག་པ་ཆུང་ངུ་བལྟ་སྨོས་ཀྱང་མེད་ན། ཐེག་པ་ཆེན་པོའང་བདེན་པ་རེས་འཇོག་གི་སེམས་ལ་གནས་པས་གཉིས་མེད་ཀྱི་མཐའ་ཡང་མི་མཐོང་སྟེ། དཔེར་ཁབ་མིག་འཛུད་པས་ནམ་མཁའི་མི་མཐོང་བ་བཞིན་ནོ། །དེ་བས་ན་བདེན་པ་གཉིས་རིས་མེད་པ་ཡེ་ཤེས་ཀྱི་སྟོབས་སོ། །དེས་ན་གསང་བའི་དོན་ཉིད་ངེས་པའི་དེ་མ་ཐག་ཏུ་དོན་ཟབ་མོ་རིག་པ་ལ་ཤར་ཞིང་སྣང་ནས་འབྲས་བུས་ཆོས་ཀྱི་དབུལ་བ་སེལ་ཏེ་རྒྱུ་ནི་འབྲས་བུས་དབུལ་བ་ཁོ་ནའོ། །གཉིས་པ་ནི། འོག་ནས། གང་ཞིག་རྡོ་རྗེ། ཞེས་པ་ནས། མི་དགོངས་བཀུར་མི་མཛད། །ཅེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་པ་གང་ཞིག་རྡོ་རྗེ་སྙིང་པོ་རྨད་དུ་བྱུང་བའི་ཐེག་པ་མཆོག་གི་གསང་དོན་འཛིན་པ་དེ་ནི། དཔེར་ན་ཤིང་རྟ་དང་གླང་པོ་ཆེ་ལ་སོགས་པའི་བཞོན་པ་རྣམས་ཞོན་པའི་དུས་ན། བཞོན་པ་དེ་དག་ལ་གང་ཞོན་པ་དེ་ཉིད་འདེགས་པ་དང་གནས་སུ་བསྐྱལ་བ་ལས་བྱ་བའི་ལས་གཞན་མེད་པ་ལྟར། ཐེག་པ་ཆེན་པོའི་རྣལ་འབྱོར་པའང་མཐར་ཕྱིན་པའི་ཕྲིན་ལས་མངའ་བའོ། །དེ་བས་ན་ཐེག་པ་ཆེན་པོའི་བཞོན་པ་ལ་གནས་པའི་རྣལ་འབྱོར་པ་ནི་ཤིང་རྟ་དང་གླང་པོ་སོགས་ལ་འདུག་པར་སྤྱོད་དེ་གནས་ཞོན་པ་དེ་ཡི་བསྙེན་བཀུར་གྱི་ལས་ཀྱི་བྱ་བ་བྱེད་པ་གཞན་མེད་པར་གྱུར་ཀྱང་། དེ་ཡི་རྟ་སྟེགས་རྒྱལ་བ་རྣམ་འདྲེན་དམ་པས་ཀྱང་དབུར་ཞེས་དབུ་ཡི་ཐོག་ཏུ་བཀུར་བར་མཛད་དོ། །མདོ་སྡེ་ལས་དབུ་མ་ལ་གནས་པའི་རྣལ་འབྱོར་པས་སྟོང་པ་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རྣམ་ཐར་གསུམ་གྱི་སྒོར་བསྐལ་པ་གྲངས་མེད་པ་གསུམ་གྱི་ཡུན་དུ་སྤྱད་དེ་བརྩལ་ཀྱང་དེ་ལ་རྒྱལ་བ་ཉིད་ཀྱིས་ཐུགས་ཀྱིས་མི་དགོངས་ཤིང་དུས་རིང་པོར་འབྲས་བུ་མི་ཐོབ་བས་གསང་བའི་རྣལ་འབྱོར་པ་ལྟར་སྐུ་ཡིས་བཀུར་བར་མི་མཛད་དོ། །དེ་དག་གིས་དགོངས་བ་དམ་པ་ལ་ཞུགས་མ་ཞུགས་ཀྱི་བྱེ་བྲག་གིས་འབྲས་བུའི་སར་ངེས་པར་འབྱུང་བ་ལ་མྱུར་བུལ་ཡོད་པའི་ཕྱིར་རོ། །དེ་བས་ན་ཐེག་པ་ཆེན་པོ་གསང་བ་མཆོག་གི་སྙིང་པོ་ནི་རྒྱལ་བ་ཉིད་ཀྱིའང་ཡབ་ཡུམ་དང་སྟོན་པ་མཆོད་གནས་དམ་པ་ཡིན་པས་དེ་ལ་གནས་པའང་རྗེས་སུ་མཚུངས་པ་ཉིད་དོ།

以下是您所提供藏文的完整直譯成簡體中文: 第一,從下文”人之手足”到”無密則毀”之間所示:譬如某人手足被斬而損壞,仍可存活,若心臟被取出,則絕無存活可能;同樣,如肢支般的中觀等見解損壞,戒律破損,因危險小而可以存活,通過大乘密咒方便不墮落而安置於地位。若似心臟的方便乘教法損壞,無有密咒誓言,則會毀滅,因乘無法救拔,譬如母馬死後,小馬不能靠其他母畜之奶存活一樣。然而,並非大乘本身無有方便。 第二,從上文”金剛損壞”到”決定顯現除法貧”之間所示:譬如寶貴金剛雖破損,仍勝過手鐲等普通珍寶,金剛寶雖破損,其功德不滅,由有權使用者如願而生,除去貧窮飢餓之苦;同樣,大密義相應的瑜伽士若具無上金剛心見解,雖教法未完全清淨,支分誓言部分損壞,由意義不離,也勝過從聲聞乃至中觀的因乘大小二者,為何殊勝?因小乘不必說,即使大乘也住於輪替真理之心,不見不二邊際,如以針眼穿線不見虛空一般。因此,無分別二諦是智慧力量。故密義決定後立即於深義智慧顯現,果除法貧,因為因唯為果所貧乏。 第二,從下文”何者金剛”到”不念不尊敬”之間所示:何瑜伽士持金剛心稀有勝乘密義,譬如乘坐車、象等乘具時,此乘具除抬舉與送至處所外別無其他事業;大乘瑜伽士亦具究竟事業。因此,住於大乘乘具的瑜伽士,雖住於車、象等而除了作乘坐者的承事事業外別無他事,然其座墊被佛陀導師以頭頂敬奉。經部中住於中觀的瑜伽士,雖歷三無量劫修習空、無相、無願三解脫門,佛自身也不以意念及不以身體敬奉。這是因為進入或未進入殊勝密意的差別,決定於果位生起的快慢。因此,大乘最勝密要是佛陀自身的父母和師尊勝處,住於彼者亦隨之相同。

།གསུམ་པ་ལ་ལྔ་སྟེ། ཡོན་ཏན་ཚད་མེད་པ། རྟོག་པ་ཆོས་ཉིད་དུ་གསལ་བ། སྒྲིབ་པ་སེལ་བར་བྱེད་པ། འཁོར་བའི་འཇིགས་པ་མེད་པ། བག་ཆགས་ངན་པ་སེལ་བའོ། །དང་པོ་ནི། སྙིང་པོའི་དོན་རིག །ཅེས་པ་ནས། རྒྱལ་བས་བཤད་མི་རྫོགས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟ་བའི་ཕྱིར་གསང་ཆེན་སྙིང་པོའི་དོན་ཟབ་མོ་མངོན་སུམ་དུ་རིག་ཅིང་མཐོང་ན་འབྲས་བུ་གཞན་ནས་བཙལ་མི་དགོས་པར་དུས་སྐད་ཅིག་ཙམ་གྱིས་ཀྱང་རྟོགས་པའི་བྱིན་རླབས་སེམས་སྐྱེས་པའི་ཡོན་ཏན་རྒྱལ་བ་རྣམ་འདྲེན་དམ་པས་བཤད་ཀྱང་མི་རྫོགས་པ་འབྱུང་བས་སྟོང་གསུམ་གྱི་འགྲོ་བའི་ཁ་ལྕེས་སོ་སོར་བརྗོད་ཀྱང་མི་ཟིན་པའི་ཡོན་ཏན་དང་ལྡན་པ་ཉིད་དོ། །གཉིས་པ་ནི། གོང་ནས། ཀུ་བ་གཅིག་གི། ཞེས་པ་ནས། གསང་བའི་སྙིང་པོར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། བྲུ་ཤའི་སྐད་དུ་ཀུ་བ་ཞེས་མཐུན་པའི་དཔེས་ཡོན་ཏན་གྱི་གཞི་གྲུབ་པའི་ཚུལ་ལ་བཤད་ལུགས་གཉིས་ཏེ། དཔེར་ན་ནང་གི་བསམ་པ་གཅིག་གི་འདུ་བྱེད་མང་པོས་བྱིན་རླབས་ཀྱིས་ལྗགས་སྨྲ་བྱེད་ཀྱི་སྒྲ་ནི་སྟོང་སྙེད་མང་པོར་བསྒྱུར་བ་ལྟར་སྣང་བ་བཞིན་དུ་ཞེས་པའམ། ཡང་ན། དཔེར་ན་གསེར་འགྱུར་གྱི་རྩི་སྲང་གཅིག་གི་བྱིན་རླབས་ཀྱིས་ལྕགས་ཀྱི་སྲང་ནི་མང་པོ་སྟོང་སྙེད་ཀྱང་གསེར་དུ་བསྒྱུར་བར་བྱེད་པ་བཞིན་དུ། གནས་ལུགས་ཇི་བཞིན་པ་གསང་བའི་དོན་ཟབ་མོ་ཡང་དག་པར་མཐོང་བ་ན་ཤིན་ཏུ་ཕྲ་བའི་སེ་གོལ་གྱི་ཡུན་ལ་ཡིད་ཆེས་པར་གོ་བར་མཛད་པས་རྟོགས་པའི་རིག་པ་སྐད་ཅིག་གཅིག་གིས་ཁམས་གསུམ་གྱི་ཆོས་སྣང་ངོ་ཅོག་ཐམས་ཅད་གསང་བའི་སྙིང་པོར་གྲོལ་ཏེ་སྐུ་དང་ཡེ་ཤེས་སུ་གསལ་བར་གྱུར་ཏོ། །འོན་ཀྱང་མིན་པ་ཞིག་རྟོགས་པས་ཡིན་པར་བྱས་པ་མིན་ཏེ། ཡེ་ནས་ཡིན་པའི་དོན་གྱི་གནས་ལུགས་ཇི་ལྟ་བ་བཞིན་འཇལ་བར་གྱུར་པའོ། །གསུམ་པ་ནི། མར་མེ་གཅིག་གི། ཞེས་པ་ནས། གནས་པའི་སྒྲིབ་པ་སེལ། །ཞེས་པའི་བར་གྱིས་བསྟན་ཏེ། རྐང་པ་དང་པོ་གཉིས་མཐུན་པའི་དཔེ་སྟེ་མར་མེ་གཅིག་གི་བྱིན་རླབས་ཀྱིས་བསྐལ་པའི་ཡུན་དུ་བསགས་པའི་མུན་ནག་ཀྱང་སེལ་བར་བྱེད་པ་བཞིན་དུ། ད་ལྟར་རང་བྱུང་སྙིང་པོ་དོན་གྱི་ངོ་བོ་རིག་པ་རང་ལས་ཤར་བ་མེད་པར་རང་གསལ་དུ་ཤར་ན་ཡུན་སྐད་ཅིག་ལས་ཀྱང་། འཁོར་བ་ཐོག་མཐའ་མེད་པའི་བསྐལ་པར་མི་འབྲལ་བར་གནས་པའི་སྒྲིབ་པའི་ཕུང་པོ་ཇི་སྙེད་པ་ཡང་རྣམ་པར་སེལ་ཞིང་ཡེ་ཤེས་ཀྱི་ཀློང་དུ་འགྱུར་ཏེ། སྒྲིབ་པ་འདག་པའི་ཚུལ་དེ་ལ་ཆེད་དུ་བསལ་བ་མེད་པར་གསང་སྔགས་ཀྱི་དོན་དང་མ་བྲལ་བའི་ཡོན་ཏན་ཞེས་བྱའོ། །བཞི་པ་ནི། ནོར་བུ་རིན་ཆེན། ཞེས་པ་ནས། འཁོར་བའི་འཇིགས་པ་མེད། །ཅེས་པའི་བར་གྱིས་བསྟན་ཏེ། རྐང་པ་དང་པོ་གཉིས་སྙིང་པོ་རྟོགས་པས་འཁོར་བའི་སྡུག་བསྔལ་ལ་བག་ཚ་བ་མེད་པའི་དཔེ་སྟེ། ནོར་བུ་རིན་ཆེན་དབང་གི་རྒྱལ་པོ་གང་གིས་བསྲེལ་བ་ལ་དབུལ་བའི་འཇིགས་པ་མེད་པ་ལྟར་དུ། གསང་བ་མཆོག་གི་བཅུད་ཀྱི་སྙིང་པོ་དོན་གྱི་གསང་ཆེན་གང་སུའི་རིག་པ་ལ་ཡོད་ཅིང་མཐོང་ནས་བསྲེལ་བ་ནི་སྡུག་བསྔལ་དུ་ལྟུང་ནས་འཁོར་བའི་གནས་ཉིད་སངས་རྒྱས་ཀྱི་ཞིང་དུ་གསལ་ཏེ་མ་དམིགས་པས་འཇིགས་པ་མེད་དེ་བག་ཚ་བ་དང་ཉམ་ང་བ་མེད་པའི་ཡོན་ཏན་ཐོབ་སྟེ་མཐོང་ལམ་ལས་སླར་ལྡོག་པ་མེད་པའོ།

以下是您所提供藏文的完整直譯成簡體中文: 第三分五:功德無量,分別明晰為法性,遣除障礙,無輪迴怖畏,消除惡習氣。第一,從”心要義了知”到”佛說不盡”之間所示:因此,若現前了知並見到大密心要深義,無需從他處尋求果位,僅剎那間生心的覺受加持功德,即使佛陀聖者宣說也不能窮盡,三千世界眾生以各自口舌宣說也不能盡述的功德。 第二,從上文”一庫巴”到”成為密心要”之間所示:布魯夏語中”庫巴”,以相合譬喻解釋功德基礎成就的方式有二:譬如內心一個意念的多種造作,通過加持使舌發聲之音轉變為眾多千數;或者,譬如一兩點金藥的加持能將眾多千數鐵兩轉變為黃金;同樣,如實見到如所住密深義時,通過極微細彈指剎那間令生信解,一剎那了悟之智慧使三界一切顯現諸法皆解脫為密心要,明現為身與智慧。然而,不是將非者通過了解而使成為是,而是如實衡量本來即是的真實狀態。 第三,從”一盞燈”到”住障遣除”之間所示:前兩句為相合譬喻,如一盞燈的加持能除去歷劫積聚的黑暗;同樣,現在若自生心要義之本質智慧自顯,無需從自身生起,剎那間也能遣除無始無終輪迴中不離的一切障礙蘊,轉為智慧境界。障礙淨除的方式中,無需刻意除去,不離密咒義的功德稱之。 第四,從”寶珠”到”無有輪迴怖畏”之間所示:前兩句為了解心要後無畏輪迴苦的譬喻:如持有如意寶王者無貧窮怖畏;同樣,誰的智慧中具有並見到最勝密精華心要大密義,苦墮處的輪迴住處明現為佛剎,由無執故無怖畏,獲得無懼怕無畏懼的功德,從見道不再退轉。

།ལྔ་པ་ནི། ཚིགས་བཅད་གཅིག་གི་འོག་ནས། འགྲོ་གང་འོ་མའི། ཞེས་པ་ནས། སྣང་བས་ཐམས་ཅད་མེད། །ཅེས་པའི་བར་གྱིས་བསྟན་ཏེ། དཔེར་ན་འགྲོ་བ་གང་སེམས་ཅན་ཕལ་པའི་འོ་མའི་རྒྱ་མཚོ་ཇི་སྙེད་ཀྱི་ནང་དུ་སེང་གེའི་འོ་མ་ཐིགས་པ་གཅིག་བླུགས་པས་འོ་མ་གཞན་ཀུན་བརླག་ཅིག་འཐོར་བར་བྱེད་པ་ལྟར་དུ་འགྲོ་བའི་རྒྱུ་ལ་ལས་གསུམ་དང་ཉོན་མོངས་པ་གཉིས་དང་སྡུག་བསྔལ་བཅུ་གཅིག་ལ་སོགས་པ་འཁོར་བའི་རྒྱ་མཚོར་སྣང་བ་ནི་ཇི་སྙེད་ཡོད་ཀྱང་གསང་སྔགས་དོན་གྱི་བདེན་པ་ཉིད་མཐོང་བ་མེད་པའི་ཚུལ་དུ་མཐོང་སྟེ་སྐད་ཅིག་ཙམ་དུ་སྣང་བས་འཁྲུལ་པས་བརྟགས་པ་མངོན་གྱུར་པ་ཐམས་ཅད་མེད་དེ་སྤྱོད་ཡུལ་ཡོངས་སུ་དག་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །བཞི་པ་ནི། གོང་ནས། མི་རྟོག་གང་ལ། ཞེས་པ་ནས། བྱེད་པ་ཅི་ཡང་མེད། །ཅེས་པའི་བར་གྱིས་སྟན་ཏེ། གང་དུའང་འཛིན་པ་དང་བྲལ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོའི་དངོས་གཞི་གང་ལ་དུས་ཕྱད་པར་རྟག་པ་ཉིད་དུ་ལམ་པའི་བློས་བརྟགས་པ་ལྟར་གནས་པ་ལས་ཇི་ལྟར་རྟོགས་ཤིང་བསམ་པ་བཞིན་དུ་སྐུ་དང་མཛད་པའི་བྱིན་རླབས་རང་འཆར་ཞིང་འབྱུང་ཡང་ཡོན་ཏན་འཕེལ་འགྲིབ་མེད་པར་མི་ཟད་རིན་ཆེན་མཆོག་གི་གཏེར་ཏེ་དངོས་པོ་མེད་པས་ནམ་མཁའི་མཛོད་ལྟར་བརྟགས་ན་མེད་ལ་བཞག་ན་སྣང་བས་བྱིན་རླབས་ཆེན་པོ་དུས་ཕྱད་པར་འབྱུང་བས་རྒྱུན་མི་འཆད་པར་སྣང་ངོ་། །དེ་ཡི་དོན་བྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན་གསང་བ་ཟབ་མོའི་དོན་ཉིད་རྟོགས་ཏེ་གོམས་པས་བྱང་ཆུབ་སྙིང་པོའི་བྱིན་རླབས་ཀྱི་ཡོན་ཏན་སྣང་བའི་ཚུལ་ནི། བྱང་ཆུབ་སྙིང་པོ་དེ་ཉིད་དངོས་པོ་གང་དུ་ཅིར་ཡང་རྣམ་པར་མི་རྟོག་སྟེ་འཛིན་པ་ཐམས་ཅད་དང་བྲལ་བཞིན་དུ་རང་སྣང་བས་གདུལ་བྱའི་འདོད་པ་ཀུན་འབྱུང་ཞིང་རེ་བ་ལྟར་འཆར་བས་མཛད་པ་དོན་གྱི་བྱ་བ་ཐམས་ཅད་བྱེད་ཅིང་སྐལ་པ་དང་འཚམས་པར་མཛད་པ་ཅིར་ཡང་སྟོན་པ་དེ་ལ་རྩོལ་བ་དང་རྟོག་པ་མི་མངའ་བས་བྱེད་པ་ཅི་ཡང་མེད་དེ་སྒོམ་པའི་ལམ་གྱི་ཡོན་ཏན་རྟོག་པ་མེད་པར་རང་སྣང་བར་ཟད་དོ། །ལྔ་པ་ནི། འོག་ནས། དཀར་པོ་ཕྱོགས་ཀྱི། ཞེས་པ་ནས། གཏོས་ཀྱི་ནམ་མཁའ་འདྲ། །ཞེས་པའི་བར་གྱིས་བསྟན་ཏེ། རྟོགས་པའི་ཡེ་ཤེས་ཀྱི་ཁྱད་པར། མདོ་སྡེ་ལས་དཀར་པོ་ཕྱོགས་ཀྱི་མཐར་ཐུག་ཏུ་གྲགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་གཉིས་བསགས་ཏེ་རྫོགས་པའི་ཡེ་ཤེས་དེ་ནི་དཔེར་ན་མུན་ཁང་གི་སྒྲོན་མེ་དང་འདྲ་སྟེ་ཡེ་ཤེས་ཆེན་པོ་མུ་མཐའ་མེད་པ་མ་མཐོང་བས་སྒྲིབ་པ་སྲབ་པ་ཙམ་ཡིན་ནོ། །ཐེག་པ་ཆེན་པོ་རབ་ཏུ་གསང་བ་འདིར་ཚོགས་མ་བསགས་པར་རྫོགས་ཏེ། རིལ་རྡོ་རྗེ་སྙིང་པོར་དབྱིངས་གཅིག་པ་ཉིད་དུ་རིག་ཅིང་རྟོགས་པའི་ཡེ་ཤེས་ཤར་བ་ནི། དཔེར་ན་དུས་ཀྱི་མཐའི་འཇིག་རྟེན་འཇིག་པའི་བསྐལ་པའི་མེ་ཆེན་པོ་དང་འདྲ་སྟེ། གང་སྦྱང་བྱ་རིལ་མ་བསལ་བར་ཀ་ནས་དག་པའི་ཡེ་ཤེས་སུ་གསལ་བའི་ཕྱིར་རོ། །ཆོས་ཀྱི་དབྱིངས་མཐོང་བའི་ལྟ་བའི་ཁྱད་པར་གྲུབ་མཐའ་དབུ་མར་གནས་པའི་མདོ་སྡེ་པས་དངོས་པོ་ཐམས་ཅད་རྟེན་འབྲེལ་ལ་སོགས་པས་གཞལ་བའི་མཐར་དོན་དམ་པ་མ་སྐྱེས་པའི་དོན་སྣང་བའི་ཆོས་ཉིད་ནམ་མཁའ་ལྟར་གསལ་ལ་མི་གཡོ་བར་འདོད་པ་ནི། ཁང་ཁྱིམ་གྱི་གནས་གང་གི་གསེང་སྐར་གྱི་ཁོང་གི་ནམ་མཁའ་དང་འདྲ་སྟེ། ཆོས་དང་གང་ཟག་བརྟགས་ན་མ་གྲུབ་པ་ཙམ་གྱིས་བྱ་བའོ། །ཐེག་པ་ཆེན་པོ་རིལ་གཉིས་སུ་མེད་པ་ལས་གཞལ་བྱ་འཇལ་བྱེད་དུའང་མེད་པར་སྟོན་པའི་ཆོས་ཉིད་རྡོ་རྗེ་གསང་བའི་ནམ་མཁའ་བདེན་པ་གཉིས་ལས་གྲོལ་བའི་དོན་གྱི་གནས་ལུགས་མ་བསྒྲིབས་མི་འགོག་པར་མ་ཕྱིན་ཀུན་ལ་ཁྱབ་པའི་དོན་རྟོགས་པ་ནི་རིལ་རྫོགས་པར་གསལ་བས་འབྱུང་ཆེན་གཏོས་ཀྱི་ནམ་མཁའ་དང་འདྲ་བར་གསང་བ་ཇི་བཞིན་པའི་ངོ་བོར་སོན་པའོ། །དེས་ན་རྒྱུ་འབྲས་ཀྱི་ཐེག་པ་ནི་ཇི་ས་ནས་བསྐྲུན་དུ་མེད་དེ་འཆད་པར་ཡང་འགྱུར་རོ།

以下是您所提供藏文的完整直譯成簡體中文: 第五,從一偈之後”何眾奶”到”顯現故一切無”之間所示:譬如將一滴獅子奶倒入眾生普通奶海中,會使其他所有奶皆散盡消失;同樣,眾生因具有三業、二煩惱、十一苦等,顯現輪迴海中儘管有種種顯現,見到密咒義真實性後,以無所見方式見之,剎那間由顯現所迷現前一切分別皆無,具足境界全淨功德。 第四,從上文”無分別何處”到”無有任何作為”之間所示:離一切執著的大無分別智慧正行,無論何時遇見,如常性所住的心所測知,如何瞭解並如所思,身與事業加持自現生起,然功德無增減,為無盡珍寶藏,無實故如虛空藏,測時無而安置則現,故大加持恆時生起,相續不斷而顯現。其義作用如何?瞭解密深義後,通過修習,菩提心加持功德顯現方式是:菩提心自身不分別任何事物,雖離一切執著而自顯,隨所化眾生慾望產生,如所期望而現起,作一切事業義行,隨緣而顯現種種事行,無有勤作與分別,故無有任何作為,修道功德無分別而僅為自顯。 第五,從下文”白分”到”廣大虛空同”之間所示:了悟智慧之殊勝,經部中以白分究竟著稱,積聚福慧二資糧圓滿的智慧,譬如暗室燈明,因未見無邊大智慧而僅為障礙微薄而已。在此極密大乘中不積資而圓滿,全體金剛心界為一性了知並領悟的智慧生起,譬如時劫盡世界壞劫大火,因全部所淨無需遣除,本來即為清淨智慧而明顯故。 法界見解殊勝,安住中觀的經部行者以一切事物緣起等衡量後,勝義無生義顯現法性如虛空明朗不動之見解,如房屋間隙中的虛空一般,僅是法與補特伽羅觀察不成立而已。大乘全體不二,無所量能量而宣示的法性金剛密虛空,解脫二諦的義理狀態,無遮無障遍及一切處的義理了悟,因全體圓滿明晰,故如廣大虛空,達至密如實本性。因此,因果二乘從基礎上不能建立,後文也將解說。

།དེ་ལྟ་བུའི་གདེངས་ནི་མ་རྙེད་དེ་གསང་སྔགས་ལ་རྟོགས་པ་གནད་དུ་མ་ཆུད་པ་དུས་དེང་སང་གི་གང་ཟག་མདོ་སྡེ་ལ་ལྕེ་སྦྱངས་ནས་ཐེག་པ་ཆེན་པོར་ཞུགས་པ་དང་། གསང་སྔགས་ལ་ལྡོངས་པ་ཁ་ཅིག །རྒྱུ་འབྲས་ཀྱི་ཐེག་པ་ནི་དོན་དམ་པའི་ལྟ་བ་ལ་ཡང་ཁྱད་པར་མེད་ལ། གྲུབ་ཐག་ཉེ་རིང་གི་ཐབས་ཙམ་ལས་འབྲས་བུ་ལ་ཡང་ཁྱད་པར་མེད་དོ་ཞེས་སྨྲ་བ་ནི་ནོང་བུས་བློན་གྲལ་མི་ཟིན་པ་དང་འདྲ་སྟེ། རྨོངས་པ་དེས་ཐེག་པ་ཆེན་པོའི་ས་མི་ནོན་ཏེ། སླར་རང་གི་རྒྱུད་འཆལ་ཏོ། །འོན་ཀྱང་ཐེག་པ་ཆེན་པོ་ནི་ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པས་མོས་པ་ཙམ་ཡང་མི་གཏོང་རིགས་སོ། །འོ་ན་དེ་བཞིན་གཤེགས་པའི་འབྲས་བུའི་ཡོན་ཏན་གྱི་བྱིན་རླབས་ལམ་ལྔར་འབྱུང་བ་འདི་ཉིད་མི་འཐད་དོ་ཞེ་ན། དེ་ནི་འགལ་བ་མེད་དེ། དེ་བཞིན་གཤེགས་པའི་ཡོན་ཏན་ཀྱང་བྱང་ཆུབ་སེམས་ཀྱི་ཡོན་ཏན་ཡིན་ལ། ལམ་ལྔའི་ཡོན་ཏན་ཀྱང་བྱང་ཆུབ་སེམས་རྟོགས་གོམས་ཀྱི་ཡོན་ཏན་ཡིན་པས་འགལ་བ་མེད་དོ། །དེ་བས་ན། ཅིའི་ཕྱིར་རྡོ་རྗེ་གསང་སྔགས་ནི། དེ་བཞིན་གཤེགས་པ་ཉིད་དུ་གསལ། །ཞེས་སྟོན་པ་དང་བསྟན་པ་དོན་ལ་གཉིས་མེད་ཡིན་པས་སོ། གཉིས་པ་ནི། མཛད་པའི་རླབས་ཀྱི། ཞེས་པ་ནས། བསྐལ་པ་ལྟ་བུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཕྲིན་ལས་ཀྱི་དོན་ཇི་ལྟ་བུ་སྙམ་པ་ལ། ཐབས་ཆེན་པོའི་མཛད་པའི་བྱིན་རླབས་ཀྱིས་མཉམ་པ་ཆེན་པོའི་གནད་ཆུད་པས་རྟོག་མཚན་གྱི་ཟུག་རྔུ་ཞི་ཞིང་བྲལ་བ་ལ་ནི་མཐའ་གང་ཡང་མ་དམིགས་པས་དཔེར་ན་འཇིག་རྟེན་གྱི་སྲིད་པ་སྟོངས་པའི་བསྐལ་པ་ལྟ་བུར་སྣང་ངོ་། །དེ་ལྟ་བའི་སྤྱོད་ཡུལ་དུ་ཐམས་ཅད་འབྲས་བུའི་ངོ་བོས་གང་བར་སྣང་ཞིང་ཡེ་ཤེས་རྒྱས་པར་མཛད་པ་ཡང་ཀུན་ལ་ཕན་འདོགས་ཤིང་ཡིད་ཚིམ་པར་བྱེད་པས་དཔེར་ན་འཇིག་རྟེན་ཆགས་ནས་གནས་པའི་བསྐལ་པ་ལྟ་བུར་སྣང་བའོ། །ཆོས་ཐམས་ཅད་གཉིས་སུ་མེད་པའི་རང་བཞིན་ཡིན་པས་མ་འགགས་པའི་ཐུགས་རྗེའི་སྒོ་ནས་འཁོར་བ་དབང་དུ་མཛད་དེ་སྙིང་རྗེ་ཆེན་པོས་ཟིན་པའི་དོན་འཇལ་བ་ནི་གཅིག་ཏུ་བསྡུས་པའི་ཕྱིར་འཇིག་རྟེན་ཆགས་པའི་བསྐལ་པ་ལྟ་བུར་སྣང་བའོ། །སྟོང་པས་དངོས་པོ་འཇིག་པ་དང་། ཐབས་ཀྱིས་འགྲོ་བ་འཇིག་པ་དང་། མི་རྟོག་པས་རྟོག་པ་འཇིག་པས་ན་རྟོགས་པའི་ཐབས་ཀྱི་ཐུགས་རྗེ་ཆེན་པོས་དངོས་པོར་གྱུར་པའི་ཡུལ་ཐམས་ཅད་སྐྱེ་མེད་ཀྱི་ངང་དུ་བསྒྲལ་བས་མངོན་པར་སྤྱོད་པའི་མཛད་པ་ནི། འཇིག་རྟེན་གྱི་ཁམས་འཇིག་པའི་བསྐལ་པ་ལྟ་བུའོ། །ཡང་ན་ཚིག་གོང་མ་བཞི་ཕྲིན་ལས་ཀྱི་མིང་དུ་སྦྱར་ཏེ། འོག་མ་ཀུན་དཔེ་མ་ཡིན་པར་དོན་དངོས་སུ་སྦྱར་ཀྱང་མི་འགལ་ཏེ། ཆོ་འཕྲུལ་མངོན་བྱུང་དང་འདྲའོ་སྙམ་མོ་ཞེས་ཀྱང་གསུངས་སོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། རིག་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ་དེ་དག་ནི་ཡོན་ཏན་མི་ཟད་པ་མཛོད་ཀྱི་བཀོད་པ་དང་། ཕྲིན་ལས་རླབས་ཀྱིས་མཛད་པའི་ཕྱིར་བྱིན་གྱི་རླབས་ལས་སྣང་བར་རིག་པར་བྱའོ། །གསུམ་པ་མཇུག་བསྡུ་བ་ནི། དེ་སྐད་ཅེས། ཞེས་པ་ནས། རིག་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པ་གསང་བའི་བདག་པོས་དེ་སྐད་ཅེས་སྨྲས་པས། དམན་པའི་ལུས་ཀྱི་སེམས་དཔའ་ཆེན་པོ་རྣམས་གསང་བ་དམ་པ་དེ་ཁོ་ན་ཉིད་དེ་ཉིད་བྱིན་གྱིས་བརླབས་ལས་སྣང་བར་ཡང་དག་པར་རིག་ཅིང་རྟོགས་པར་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། ཡོན་ཏན་དང་ཕྲིན་ལས་ཐུན་མོང་གི་སྤྱོད་པ་མི་ཟད་པ་རྒྱན་གྱི་འཁོར་ལོར་བཀོད་པར་བསྟན་པའི་ལེའུ་སྟེ་སུམ་ཅུ་སོ་ལྔ་པ་རྣམ་པར་བཤད་པའོ།

以下是您所提供藏文的完整直譯成簡體中文: 這樣的定見尚未獲得,對密咒未能了悟要領的當今時代的人,修習經部後進入大乘,及對密咒盲目的一些人說:“因果二乘在勝義見解上也無差別,僅是成就道路遠近的方便不同,果位上也無差別。“這如同愚人無法列入大臣行列,因此愚者不能登上大乘之地,反而會破壞自己的相續。然而,大乘具有如是功德殊勝,所以即使僅有信解也不應捨棄。 若問:“如來果位功德加持在五道中生起不合理。“這並無矛盾,因為如來功德也是菩提心功德,五道功德也是菩提心了悟修習的功德,故無矛盾。因此,“為何金剛密咒,明顯即是如來”,是因為能仁與教法在義理上無二故。 第二,從”事業波”到”劫同”之間所示:想問事業義何等,以大方便事業加持,通達大平等要領,息滅並離分別相的刺痛,不執著任何邊際,譬如世間空劫。於此境界中,一切顯現為果位本質充滿,智慧廣大事業也利益一切眾生並令滿足,譬如世間成住劫。一切法無二自性,通過不阻礙的大悲門掌控輪迴,大悲攝持的衡量義,因歸為一體,故如世間成劫。由空性滅除事物,由方便滅除眾生,由無分別滅除分別,故了悟方便大悲將一切成為境界引導入無生中,現行事業如世間壞劫。或者,上面四句用作事業名稱,下面則不作比喻而直接應用於實義也無矛盾,如同神變顯現相似,也如是說。 第三,從”楞伽”到”應知”之間所示:楞伽主,此等無盡功德藏莊嚴和事業波事行,故應知為加持所顯。 第三總結,從”如是說”到”了知”之間所示:導師秘密主如是宣說,劣身大菩薩們真實了知並領悟聖密真如自身加持所顯。 章節名稱:《一切佛意趣集中大經》中,安立功德及事業共同行為無盡莊嚴輪品第三十五解說完畢。

།དེ་དག་གི་སྒོ་ནས་ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་གསང་བ་དམ་པ་ལས་སྔོན་བྱུང་སྐྱེས་བུས་ས་ནོན་པའི་འབྲས་བུ་ལྔའི་བྱིན་གྱི་བརླབས་ཀྱིས་སྣང་བ་རིལ་དུ་ཤར་བ་ན་ཡང་འབྱུང་ཞེས་པའི་གཏན་རྒྱུད་བརྗོད་པའི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་རྣམ་པར་བགྲོས་པ་སྟེ། བྱུང་ཚུལ་བསྟན་པ་བདུན་པ་ཉིད་རྒྱས་པར་བཀྲོལ་ཏེ་ལེགས་པར་བཤད་པའོ།། །།བརྒྱད་པ་བརྒྱུད་པ་ཐབས་ཀྱི་གྲགས་པའི་བྱུང་ཚུལ་ལ་གསུམ་སྟེ་བྱུང་ཚུལ་གྱི་དྲིས་ལན་སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། དེ་ནས་ཡང་ལང་ཀའི། ཞེས་པ་ནས། ཡང་དག་གསང་བའི་དོན་འདི་གསུངས། །ཞེས་པའི་བར་གྱིས་བསྟན་ཏེ། སྤྱིར་བྱུང་ཚུལ་འདིའང་དམ་པའི་གསང་ལུང་ཇི་ལྟར་བྱུང་གི་ལན་ཏེ། ཁྱད་པར་རྩལ་འཕངས་ལས་འབྲས་བུ་གཞན་དོན་ཐབས་ལ་མཁས་པའི་མཛད་པ། རྒྱུད་གནས་ལུགས་ལས་རྒྱུད་པ་ཐབས་ཀྱི་གྲགས་པའི་བྱུང་ཚུལ། མི་མཐུན་སྐྱོན་སེལ་གྱི་ལྟ་བ། སྟག་མོ་ཚང་སེལ་བའམ། ལྡུམ་རའི་དུག་སེལ་བ་ལྟ་བུ་ཉིད་རྒྱས་པར་སྟོན་ནོ། །དེ་ནས་ཡང་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། གསང་བ་པའི་བདག་པོ་དེ་ལ་སྔོན་དུ་བྱུང་བའི་ཚིག་བཅུ་གཉིས་པའི་བརྒྱད་པ། བརྒྱུད་པ་ཐབས་ཀྱི་གྲགས་པ་ན་ཡང་འབྱུང་ཞེས་བྱུང་བ་ལ། འདི་སྐད་ཅེས་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ། ཉིད་ཀྱིས་ཐེག་པ་ཆེན་པོ་གསང་བ་དམ་པ་འབྱུང་བའི་ཚུལ། སྟོན་མཆོག་ཐུབ་པས་ལུང་བསྟན་པ་གཏམ་དུ་བརྗོད་པའི་སྐབས་སུ། བརྒྱུད་པ་ཐབས་ཀྱི་གྲགས་པ་ན་ཡང་འབྱུང་ཞེས་བཀོད་པ་དེ་ཉིད། ཇི་ལྟར་བརྒྱུད་ཅིང་གང་དུ་གྲགས་པ་ལགས། ཞེས་དྲིས་པ་ལས། གསང་བ་པས་ལན་སྨྲས་ཏེ་བཀའ་སྩལ་པ། ལང་ཀའི་བདག་པོ། རྒྱལ་བ་རྣམས་ལ་དགོངས་པས་བརྒྱུད་དེ་གང་ཟག་ཆོས་ཀྱི་མིག་ཅན་ལ་ཚིག་ཏུ་གྲགས་པའི་སྒོ་ནས་བརྒྱུད་པས་ཞིང་ཁམས་ལྷ་དང་མིའི་འཇིག་རྟེན་དུ་སྣང་བར་གྱུར་པ་ཡིན་ནོ། །ལང་ཀའི་བདག་པོ། དེ་ལྟར་བྱུང་ཚུལ་གྱིས་དོན་ཉེ་བར་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གིས་ཉིད་ཀྱི་དགོངས་པའི་དོན་ཆོས་ཀྱི་རྒྱལ་ཚབ་རྒྱུད་དག་པ་གང་ལ་བསྟན་པ་རིན་པོ་ཆེ་གང་ཞིག་ཆུ་དང་ཟླ་བ་ལྟར་བརྒྱུད་པ་ཡིན་ཏེ། དེའང་ཆོས་གསང་བ་ཇི་བཞིན་པའི་དེ་བཞིན་ཉིད་དེ་ཡི་ངོ་བོ་ནི་དེ་ཁོ་ནའོ་ཞེས་སྟོན་པ་ཆོས་ཀྱི་རྒྱལ་པོ་ཀུན་ཏུ་བཟང་པོས་འཁོར་རྒྱལ་ཚབ་སྐྱེས་བུ་རིགས་ལྔ་ལ་དགོངས་པ་གསང་ཆེན་དམ་པ་ལྟར་ངེས་པར་བརྒྱུད་དེ། ལྷ་གནས་གསུམ་དང་། ལུང་བསྟན་གྱི་གནས་མི་ཡི་འཇིག་རྟེན་མ་ལ་ཡ་ཉིད་དུ་སྟོན་པ་གསང་བའི་བདག་པོ་ཆེན་པོས་བཀོད་པ་སྣ་ཚོགས་ཀྱིས་གསང་བ་མཆོག་གི་དོན་དེ་ཉིད་ཚིག་ཏུ་བཀའ་སྩལ་ནས་གང་བགྲོས་པ་ནི། འཁོར་གང་ལ་ན་སྔོན་སྟོན་པ་འཇིག་རྟེན་དུ་བཞུགས་ཚེ་དངོས་སུ་ལུང་བསྟན་པ་གནང་ཞིང་ཐོབ་པའི་དམ་པའི་རིགས་ཅན་ལྔར་བྱུང་བའི་སྐྱེས་བུ་དག་ནི་འགྲོ་བ་དམན་པའི་ལུས་འཛིན་པ་ཅན་གྱི་བྱང་ཆུབ་སེམས་དཔར་གྱུར་བ་སོ་སོ་ལ་སྣང་ནས་ད་ལྟར་ཡང་གྲགས་པའོ།

以下是您所提供藏文的完整直譯成簡體中文: 通過這些,大乘必定生起之方式,從殊勝密法中,先前出現之人登地的五果加持所顯現全體生起時也生起,如是所述的常續法印智慧廣議,即對生起方式的第七種廣泛解說完畢。 第八,傳承方便名聲生起方式分三:生起方式問答總說,別釋,總結。第一,從”然後又楞伽”到”真正密義此宣說”之間所示:總之,此生起方式也是對聖密教如何生起的回答;特別是從力用引發果位利他方便善巧事業,從續本質傳承方便名聲的生起方式,對治過失的見解,如除虎穴或如除園毒,廣泛宣示。然後又楞伽主大菩薩向秘密主詢問先前所說十二句中的第八”傳承方便名聲也生起”,如是問道:“秘密主,您在大乘聖密生起方式、最勝導師授記述說時,說’傳承方便名聲也生起’,如何傳承及何處聞名?“秘密主回答說:“楞伽主,以意傳於諸佛,以語名聲傳於具法眼的補特伽羅,由傳承而顯現於剎土、天界及人世間。楞伽主,如是生起方式所示之義為何?如是,圓滿正覺導師將自意義示於清淨相續法王繼承者,珍貴教法如水與月般傳承,此法密如實之真如本質即是真實,教主法王普賢向眷屬王位繼承者五部尊傳授大密聖意,於三天界及授記處人世界摩羅耶山,由大秘密主以種種安排宣說最勝密義,所討論者為:對何眷屬?對昔日導師住世時直接授記並獲得的五種聖種姓所生之人,顯現於持劣身眾生之各別菩薩,今亦聞名。

།དེ་ལྟར་སྔ་བར་གྲགས་པའི་ལོ་རྒྱུས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར་གྲགས་པ་དེ་ཡང་ཇི་ལྟ་བུ་ལ་བརྟེན་ནས་འཇིག་རྟེན་དུ་སྣང་བ་ཚུལ་གང་ལྟར་བྱུང་བ་ཡིན་ཞེ་ན། སྔོན་བསྐལ་པ་གྲངས་མེད་པ་ལས་ཀྱང་གྲངས་མེད་པ་འདས་པའི་དུས་ན་སྔོན་རོལ་གྱི་བསྐལ་པ་ཀུན་དགའ་ལ་བྱུང་བའི་སྟོན་པ་འགྲོ་བ་རྣམས་ཀྱི་མགོན་སྐྱབས་དམ་པ་ཐུབ་དཀའ་གཞོན་ནུ་རྡོ་རྗེ་སྙིང་པོའམ་རྡོ་རྗེ་སེམས་དཔའ་ཞེས་སུ་གནས་གྱུར་པ་ཡིས་དུས་དེར་བྱུང་བའི་ཐར་པ་ནག་པོ་ཞེས་བྱ་བ་རང་ཐག་ལྟར་ཟློས་བུར་བ་རྒྱུད་པའི་འཁོར་བ་སྡུག་བསྔལ་ཅན་གྱི་ངན་སོང་ལས་ཐར་ནས་རུ་ཏྲར་གྱུར་བ་བཏུལ་ཏེ། གདུལ་བྱའི་ཞིང་དུ་སྨིན་པར་མཛད་དེ་བྱང་ཆུབ་ཀྱི་གནས་ལ་དགོད་པའི་དུས་སུ་ཡོངས་སུ་སྨིན་པ་ས་ནོན་པའི་འཁོར་དང་མ་སྨིན་པ་ས་མ་ནོན་པར་གྱུར་པའི་འདུས་པའི་འཁོར་ཚོགས་མང་པོ་ཀུན་ནས་ཀུན་དུ་འདུས་པར་གྱུར་པ་ལ། བསྟན་པ་ཡང་དག་གསང་བའི་དོན་གྱི་ཐེག་པ་ཆེན་པོ་འདི་ཉིད་དུས་དེར་ཡང་རྒྱལ་ཚབ་སྐྱེས་བུས་གསུངས་པ་ལྟར་ད་ལྟའང་འཆད་པ་སྟེ། དེ་བས་ན་བྱུང་ཚུལ་ནི་སྐབས་གཅིག་གི་དབང་དུ་དུས་གཅིག་པར་འདུས་ཀྱང་སོམ་ཉི་མེད་དོ། །གཉིས་པ་ལ་གསུམ་སྟེ། གདུལ་བྱ་སྨིན་པར་བྱ་བའི་ཕྱིར་མ་བཅོས་པའི་དམ་ཚིག་བསྟན་པ། དམ་ཚིག་གི་ཁེ་ཉེན་དང་དྲིས་ལན་བཤད་པ། སྦྱང་ལེགས་ཉེས་ཀྱི་སྐྱོན་ཡོན་ལོ་རྒྱུས་ཀྱིས་བསྟན་པའོ། །དང་པོ་ལ་དྲུག་སྟེ། མ་བཅོས་པའི་དམ་ཚིག་དངོས་བསྟན་པ། དེ་ལ་མ་རངས་པ་རྣམས་རང་གི་དམ་ཚིག་ཕུལ་ཞིག་པར་གསུངས་པ། དམ་ཚིག་ཕུལ་བའི་རིམ་པ་བསྟན་པ། དོན་གཞན་ལ་དགོངས་ཏེ་སྲུང་བའི་ཡོན་ཏན་གསུངས་པ། སྒྲ་ཇི་བཞིན་པར་སྤྱད་པའི་སྐྱོན་བཤད་པ། མཐུན་འཇུག་གི་སྒྲས་ལོག་པའི་དམ་ཚིག་མ་བཅོས་པའི་དམ་ཚིག་ཏུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། གདམས་པ། ཞུས་པ། ལན་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། ཉེ་བར་ལོངས་ཤིག །ཅེས་བཀའ་བསྩལ་པ་དང་། ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་སྟོན་ནོ།

以下是您所提供藏文的完整直譯成簡體中文: 如是為使人相信先前聞名的歷史,此名聲依何而在世間顯現,以何方式生起?在無數劫前更無數劫的時間,前劫歡喜時出現的導師,眾生尊貴怙主難調童子金剛心,或稱金剛薩埵,彼時出現的黑解脫,如自韁返復輪迴痛苦惡趣而解脫後成為魯札並調伏,使所化剎土成熟,安置於菩提處時,已成熟登地的眷屬和未成熟未登地的集會眷屬眾多從一切處聚集,此正法密義大乘,彼時也如繼承者所說,現今也如是講說。因此,生起方式雖歸於一時一處,但無疑慮。 第二分三:為令所化成熟而示未造作誓言,解說誓言利害及問答,以修行善惡功過歷史示之。第一分六:示未造作誓言本身,對此不喜者自誓言破壞之說,示誓言破壞次第,意趣他義而說守護功德,解說如言而行之過,以相順入聲示倒誤誓言為未造作誓言。第一分三:教誡,請問,解答。第一,從”楞伽”到”近受用”之命令所示:此品示顯了義。

།ལང་ཀའི་བདག་པོ་དྲེགས་པ་བཏུལ་བ་དེའི་ཚེ་ཁྱད་པར་གྱི་དུས་གསང་སྔགས་འབྱུང་བ་དེའི་དུས་ན། སྟོན་པ་གསང་བའི་བདག་པོས་དུས་འདིར་ལོ་རྒྱུས་སུ་བསྙད་པ་ནི། གདུལ་བྱའི་བྱ་བ་ཡོངས་སུ་མ་རྫོགས་པར་བྱང་ཆུབ་སྙིང་པོའི་ཆོས་ཉིད་ཡོངས་སུ་རྫོགས་པར་ངོས་མ་ཟིན་པའི་སྲས་མིའི་ཐོད་པ་ཅན་ལ་སོགས་པ་ལོག་སྲེད་ཅན་གྱི་འཁོར་དེ་དག་ཡང་དག་པའི་ལམ་ལ་དགོད་པའི་དགོས་ཆེད་དང་ལྡན་པས་ཡོངས་སུ་རྫོགས་པར་ངོས་གཟུང་སྟེ་དོན་རྟོགས་པར་བྱ་བའི་སླད་དུ་སྟོན་པས་གསང་བ་ཟབ་མོ་ལ་འཇུག་པའི་ཕྱིར་འཁོར་དེ་དག་ལ་རྣམ་པར་བསྐུལ་ཏེ་དམ་ཚིག་ལོངས་ཤིག་པར་གདམས་པ། ཇི་སྐད་བསྐུལ་ན་འདུས་པ་ཆེན་པོའི་ཚོགས་ཁྱེད་རྣམས་ཡོངས་སུ་རྫོགས་པར་མ་རྟོགས་ཏེ་ངོས་མ་ཟིན་པ་ཡི་དེ་ཁོ་ན་ཉིད་དེ་ཡེ་ནས་རང་ལ་རྫོགས་པར་ངོས་བཟུང་སྟེ་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་མ་བཅོས་པའི་དམ་ཚིག་ཉེ་བར་ལོང་ཞིག །ཅེས་བཀའ་སྩལ་པ་དང་། གཉིས་པ་ནི། འདུས་པའི་ཚོགས། ཞེས་པ་ནས། དེ་སྐད་ཅེས་གསོལ་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་འཁོར་གྱིས་དེ་ཉིད་ཤེས་པར་བྱ་བའི་ཕྱིར་འདུས་པའི་ཚོགས་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་ཉིད་ཉེ་བར་བཟུང་བའི་སླད་དུ་མ་བཅོས་པའི་དམ་ཚིག་ཅེས་བགྱི་བ་དེ་ཉིད་ཇི་ལྟ་བུ་ལགས། དེ་ཇི་ལྟར་ཉེ་བར་གཟུང་བར་བགྱི། དེ་སྐད་ཅེས་དྲི་བ་གཉིས་གསོལ་བ་ལས། གསུམ་པ་ནི། བཅོམ་ལྡན་འདས། ཞེས་པ་ནས། ཞེས་བཀའ་སྩལ་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་སྟོན་པ་བཅོམ་ལྡན་འདས་ཀྱིས་ལན་ཉེ་བར་བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས་རྣམས། གང་མ་བཅོས་པའི་དམ་ཚིག་ནི་འདི་ལྟ་སྟེ། ངོ་བོ་འཁྲུལ་པས་མ་ནོར་ཞིང་བཅོས་བསླད་མེད་པས་མ་བཅོས་པའི་དམ་ཚིག་གི་བསྲུང་བྱིན་གང་ཞེ་ན། ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ་ཁོ་ན་རང་རིག་གི་སེམས་ཀྱི་ཆོས་ཉིད་ཡིན་ལ། དེ་ཉིད་དུའང་འཛིན་པའི་འདུ་ཤེས་མ་ཞུགས་པ་ནི་གང་དུའང་མ་གཡོས་པའི་ཕྱིར་ན་དེའི་མིང་དུ་བློ་བཞག་པ་ཞེས་བྱ་བའང་ཡིན་ཏེ་དེ་ལས་གང་དུའང་འགྱུར་བ་མེད་པས་མི་འདའ་བ་ནི་རྒྱལ་བ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དམ་ཡིན་པས་དམ་ཚིག་གི་མཆོག་གོ། །ཞེས་དམ་ཚིག་ལ་དགོད་པའི་ཕྱིར་ངེས་པ་དོན་གྱི་ལྟ་བའི་དམ་ཚིག་བཀའ་སྩལ་པ་ལས། གཉིས་པ་ནི། འདུས་པའི་ཚོགས་རྣམས། ཞེས་པ་ནས། དེ་སྐད་ཅེས་བཀའ་སྩལ་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་འདུས་པའི་ཚོགས་རྣམས་བཤད་པ་ལྟར་ངོས་མ་ཟིན་ཏེ་ཆོས་ལ་བཟོད་པ་མ་ཐོབ་པས་ཤིན་ཏུ་སྐྲག་ཅིང་སྔངས་ནས་ཡིད་ཡོངས་སུ་མ་རངས་པའམ་མ་མགུ་སྟེ། ངག་ཏུ་ཡང་སྟོང་པ་ཆེན་པོའི་དོན་མ་མཐོང་བས་འདི་སྐད་དུ་བརྗོད་དེ། ཨེ་མའོ་སྒྱུ་མའི་བདག་པོ་ཞིག་གིས་བདག་ཅག་བསྡུས་སོ། །བདག་ཅག་སོ་སོའི་མོས་པ་སྣ་ཚོགས་པ་རྣམས་བཀག་ནས་སྟོང་པ་ཆེན་པོ་ལ་གཏད་པ་འདི་ནི། བདག་ཅག་སོ་སོ་རང་གི་དམ་ཚིག་དང་བྲལ་ལོ། །ཞེས་ཟེར་ཏེ་ངུས་པ་ལས། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མིའི་ཐོད་པ་ཅན་ལ་སོགས་པའི་འདུས་པའི་ཚོགས་རྣམས། རང་རང་ཇི་ལྟར་དགའ་བའི་དམ་ཚིག་རྣམས། སྤོབས་པ་སྐྱེད་ལ་ཀུན་གྱིས་ཕུལ་ཞིག །གང་མ་བཅོས་པའི་དམ་ཚིག་མཆོག་ཏུ་གྱུར་པ་དེ་ལ་ནི་སོ་སོའི་སྤྱོད་པ་གང་ཡང་འགག་པ་མེད་པས་མི་སྤོང་སྟེ། རང་རང་གིས་དམ་ཚིག་དང་སྤྱོད་པ་ཅི་དགར་སྤྱོད་པར་ཡོངས་སུ་མི་འགོག་པར་རྗེས་སུ་གནང་ངོ་། །དེ་བས་ན་སོ་སོའི་དམ་ཚིག་ཕུལ་ཅིག་པར་བསྐུལ་ཏེ། དེ་སྐད་ཅེས་བཀའ་སྩལ་པ་ལས། གསུམ་པ་ལ་གཉིས་ཏེ། ཉེ་བར་བསྟན་པ། རྒྱས་པར་བཤད་པའོ།

以下是您所提供藏文的完整直譯成簡體中文: 楞伽主降伏傲慢時,秘密咒生起的特殊時期,導師秘密主在此時講述的歷史是:為了安置所化事業尚未圓滿、未能認識菩提心法性圓滿的子持人頭等邪欲眷屬於正道,具足重要目的,為令彼等認識圓滿並瞭解義理,導師為引導彼等入密深法而勸勉那些眷屬受持誓言。如何勸勉?“大眾會眾,你們尚未完全瞭解且未認識真如,為認識本自圓滿於自身並獲得菩提,請近受未造作誓言。“如是宣說。 第二,從”會眾”到”如是請問”之間所示:然後,為了瞭解真相,眷屬會眾請問:“世尊,為受持真如之未造作誓言是何等?應如何受持?“如是提出兩個問題。 第三,從”世尊”到”如是宣說”之間所示:然後導師世尊近答道:“大眾會眾,未造作誓言是這樣的:本質不被迷亂錯誤且無造作改變,故稱未造作誓言所護持者是什麼?諸法真如唯一自覺心的法性,於彼中亦無入執著想,因不動於任何處,故名為安立心,於彼無有任何變異而不違越,是諸佛如來之心誓,故為誓言之最。“為安置誓言而宣說了了義見解誓言。 第二,從”會眾”到”如是宣說”之間所示:對此,會眾如前未能認識,因未獲法忍而極為恐懼驚慌,心不歡喜或不滿,語言上因未見大空性義而如是說:“嗚呼!被幻術主所攝集。我等各種不同信解被制止而專注於大空性,這使我等各自失去了誓言。“如是言說哭泣後,世尊如是宣說:“持人頭等會眾們,各自所喜誓言,發起勇氣全部獻上!對於最勝未造作誓言,任何各自行為無有障礙故不捨,不禁止各自任意行持誓言與行為而隨許。因此勸勉獻上各自誓言。“如是宣說。 第三分二:略示,廣說。

།དང་པོ་ནི། ཡོངས་སུ་བཟུང་བའི། ཞེས་པ་ནས། དམ་ཚིག་ཕུལ་བ། ཞེས་པའི་བར་གྱིས་བསྟན་ཏེ། སྔར་ངོས་མ་ཟིན་པས་ཡོངས་སུ་གཟུང་བའི་སྲས་ལོག་རྟོག་ཅན་དེ་རྣམས་མངོན་སྤྱོད་མ་འགག་པ་ལ་ཡིད་མགུ་ཞིང་རངས་པར་གྱུར་ཏེ། མདངས་ཕྱུངས་ནས་ཀུན་གྱིས་རྣམ་པར་འདུན་ཏེ། སོ་སོ་རང་རང་ནས་དགའ་བའི་དམ་ཚིག་ཕུལ་བ། གཉིས་པ་ལ་བཅུ་གསུམ་སྟེ། ནག་པོ་དེད་དཔོན་འཁོར་བཅས་ཀྱིས་གཞན་འཇོམས་པའི་དམ་ཚིག་ཕུལ་བ། གུ་ལང་ལ་སོགས་པས་ཆགས་པ་སྤྱོད་པའི་དམ་ཚིག་ཕུལ་བ། བྱིཥྞུ་ལ་སོགས་པས་སྲོག་གཅོད་པའི་དམ་ཚིག་ཕུལ་བ། གནོད་སྦྱིན་རྣམས་ཀྱིས་མ་བྱིན་པར་ལེན་པའི་དམ་ཚིག་ཕུལ་བ། མུ་སྟེགས་ཀྱིས་དགེ་མཚན་འཆང་བའི་དམ་ཚིག་ཕུལ་བ། རིགས་ངན་སྨེ་ཤ་ཅན་གྱིས་ཤ་ལྔ་ཟ་བའི་དམ་ཚིག་ཕུལ་པ། སྲིན་མོས་ཁྲག་འཐུང་བའི་དམ་ཚིག་ཕུལ་བ། ཕྲ་མེན་མས་ལོག་པའི་ཡོ་བྱད་ལྔ་སྤྱོད་པའི་དམ་ཚིག་ཕུལ་བ། རིགས་ངན་ངན་སྐྱུག་ཅན་གྱིས་དམ་རྫས་ལྔ་སྤྱོད་པའི་དམ་ཚིག་ཕུལ་བ། བུད་མེད་ཀྱིས་འཁྲིག་པའི་ཆགས་པ་སྤྱོད་པའི་དམ་ཚིག་ཕུལ་བ། ཤྭ་བ་ར་པས་རྫུན་གྱི་དམ་ཚིག་ཕུལ་བ། ལོག་སྲེད་ཅན་གྱི་དགེ་སྡིག་འཆོལ་བར་སྤྱོད་པའི་དམ་ཚིག་ཕུལ་བ། གསང་ཚིག་བསྟེན་པས་མཐུ་བྱེད་པའི་དམ་ཚིག་ཕུལ་བའོ། །དང་པོ་ནི། ནག་པོ་དེད་དཔོན། ཞེས་པ་ནས། ཞེས་གསོལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། འདི་རྣམས་སྔོན་བྱུང་དུ་རུ་ཏྲ་འཁོར་དང་བཅས་པ་ལ་སོགས་པས་སྒྲ་ཇི་བཞིན་དུ་སྨྲས་པ་ཡིན་ཀྱང་། རྗེས་འཇུག་ཏུ་གང་ཟག་ལམ་པ་རྣམས་ཀྱི་བསམ་པ་དང་མཐུན་པར་སྦྱར་ཏེ་ཤེས་པར་བྱ་སྟེ། དེའང་ནག་པོ་དེད་དཔོན་གྱི་གཙོ་བོ་རུ་ཏྲ་འཁོར་དང་བཅས་པ་རྣམས་ཀྱིས་དམ་ཚིག་ཕུལ་བའི་ཚིག་གསོལ་པ། དཔའ་བོ་ཆེན་པོ་བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། དྲེགས་པ་རང་རང་དག་གི་དཀའ་འཐུབ་ཀྱི་དམ་ཚིག་ཆེན་པོ་ཡིས། རང་གི་ཆོས་ལུགས་ཀྱི་རྒྱལ་སྲིད་ལ་གནས་ཏེ། ཞེ་སྡང་གིས་ཕ་རོལ་གཞན་གྱི་སྡེ་དང་དཔུང་འཛིན་པ་རྣམས་འཇོམས་པར་བྱེད་པ་ནི་བདག་ཅག་རྣམས་ཀྱི་དམ་ཚིག་གོ། །ཞེས་གསོལ་ནས་དམ་ཚིག་ཕུལ་ཏོ། །གཉིས་པ་ནི། དེ་ནས་འདོད་ཆགས། ཞེས་པ་ནས། ཞེས་གསོལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་གུ་ལང་ལ་སོགས་པ་འདོད་ཆགས་ཀྱི་བདག་པོ་རྣམས་ཀྱི་གཙོ་བོས་འདི་སྐད་ཅེས་གསོལ་ཏོ། །དབང་ཕྱུག་ཆེན་པོ་བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། རང་གི་མ་དང་བུ་མོ་དང་སྲིང་མོ་རྣམས་དང་། གཞན་ཡང་སྲིད་པར་རྒྱུ་བ་དང་སྲིད་པའི་ས་བོན་བཅོས་ནས་མི་རྒྱུ་བའི་བུད་མེད་ཀུན་ལ་འདོད་པ་དང་བཅས་པས་ནི་ཆགས་པ་གང་སྤྱོད་པ་བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ། །ཞེས་གསོལ་ཏོ། །གསུམ་པ་ནི། དེ་ནས་ཞེ་སྡང་། ཞེས་པ་ནས། ཞེས་གསོལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཞེ་སྡང་ཅན་གྱི་བདག་པོ་བྱིཥྞུ་ལ་སོགས་པ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །འཇིགས་བྱེད་ཆེན་པོ། བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། སེམས་ཅན་ཆེ་བ་དང་སེམས་ཅན་ཆུང་བ་ཐམས་ཅད་ཀྱི་སྲོག་ནི་ཤིན་ཏུ་ཕྲོགས་ནས་ཀྱང་ཤ་དང་ཁྲག་ལ་ལོངས་སྤྱོད་བྱེད་པ་གང་ཡིན་པ་བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ། །ཞེས་གསོལ་ཏེ་ཕུལ་ཏོ། །བཞི་པ་ནི། དེ་ནས་གནོད་སྦྱིན། ཞེས་པས། ཞེས་གསོལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་གནོད་སྦྱིན་ཆེན་པོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །འཇིགས་བྱེད་ཆེན་པོ། བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། ནོར་གྱི་བདག་པོ་ཐམས་ཅད་ལ་གསེར་ལ་སོགས་པ་མ་བྱིན་པར་བླངས་ནས་ནི་རང་གི་ཅི་ལྟར་འདོད་པར་ལོངས་སྤྱོད་པར་བྱེད་པ་གང་བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ། །ཞེས་གསོལ་ཏོ། །ལྔ་པ་ནི། དེ་ནས་རྟོག་པ་ཅན། ཞེས་པ་ནས། ཞེས་གསོལ་ཏོ།

以下是您所提供藏文的完整直譯成簡體中文: 第一,從”受持”到”獻上誓言”之間所示:先前未認識的持邪見子等,因現行不被阻礙而心滿意喜,容光煥發,大家都表達願望,各自獻上所喜誓言。 第二分十三:黑船主及眷屬獻上摧毀他人的誓言,古浪等獻上行淫慾的誓言,毗溼奴等獻上殺生的誓言,藥叉們獻上不與取的誓言,外道獻上持善相的誓言,下等種姓食肉者獻上食五肉的誓言,羅剎女獻上飲血的誓言,緊那羅女獻上使用五種邪物的誓言,下等種姓嘔吐者獻上使用五種誓物的誓言,女人獻上行淫慾貪的誓言,舍婆羅人獻上妄語的誓言,邪欲者獻上善惡混雜而行的誓言,依密語者獻上作咒術的誓言。 第一,從”黑船主”到”如是請求”之間所示:這些雖是前述魯札及眷屬等如言所說,但後學道者應依照各自意樂而瞭解。黑船主首領魯札及眷屬們獻上誓言說:“大勇士,我等誓言是這樣的:以各自傲慢大苦行誓言,安住於自宗教王政,以瞋恨摧毀他方持敵軍者,這是我等誓言。“如是請求而獻上誓言。 第二,從”然後貪慾”到”如是請求”之間所示:然後古浪等貪慾主的首領如此請求:“大自在,我等誓言是這樣的:與自己的母親、女兒、姐妹等,以及其他有情流轉和修改有情種子不流轉的一切女人,具欲而行貪,這是我等誓言。“如是請求。 第三,從”然後瞋恨”到”如是請求”之間所示:然後瞋恨主毗溼奴等如此請求:“大怖畏,我等誓言是這樣的:奪取一切大小有情生命,享用肉與血,這是我等誓言。“如是請求而獻上。 第四,從”然後藥叉”到”如是請求”之間所示:然後大藥叉們如此請求:“大怖畏,我等誓言是這樣的:從一切財物主人處不與而取金等,隨自己意欲享用,這是我等誓言。“如是請求。 第五,從”然後分別者”到”如是請求”之間所示:

།ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་རྟོག་པ་ཅན་མུ་སྟེགས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏེ། ཡིད་བཞིན་རྟོག་པའི་རྒྱལ་པོ། བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། རོ་གང་གི་མགོ་ཡི་ཐོད་པ་བཅད་ནས་ནི་དགེ་མཚན་གྱི་རྟགས་སུ་དེ་ཉིད་སུ་ཡིས་འཆང་བ་ན། བདག་ཅག་མུ་སྟེགས་པ་ལྟར་ཡོན་ཏན་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་བར་འདོད་པ་བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ། །ཞེས་གསོལ་ཏོ། །དྲུག་པ་ནི། དེ་ནས་རིགས་ངན། ཞེས་པ་ནས། ཞེས་གསོལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་རིགས་ངན་སྨེ་ཤ་ཅན་རྣམས་ཀྱི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །མངའ་ཐང་རྫོགས་པའི་རྒྱལ་པོ། །བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། བ་ལང་དང་ཁྱིའི་ཤ་དང་རྟ་ཤ་དང་མི་ཡི་ཤ་དང་གླང་ཆེན་གྱི་ཤ་ལ་སོགས་པ་ཟོས་ན་ཡོན་ཏན་ཐམས་ཅད་འགྲུབ་པར་འདོད་པ་བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ། །ཞེས་གསོལ་ཏོ། །བདུན་པ་ནི། དེ་ནས་སྲིན་མོ། ཞེས་པ་ནས། ཞེས་གསོལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་སྲིན་མོ་ཁྲག་འཕྲོག་མ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཁྲག་འཐུང་རྒྱལ་པོ། བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། སྲོག་ཆགས་དག་ནི་ཐམས་ཅད་ཀུན་བསད་པའི་ཁྲག་ནི་དྲོན་མོ་དག་འཐུང་བར་བྱས་ན་ལུས་གཟི་བྱིན་འབར་བར་འགྱུར་བ་བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ། །ཞེས་གསོལ་ཏོ། །བརྒྱད་པ་ནི། དེ་ནས་ཕྲ་མེན། ཞེས་པ་ནས། ཞེས་གསོལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཕྲ་མེན་མ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཆོ་འཕྲུལ་ཆེན་པོའི་མངའ་བདག །བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། ཐོད་རུས་ཀླད་པ་རྐང་དང་འབྲུ་མར་ཁྲག་བཅས་ཆང་དང་ཨ་མྲྀ་ཏར་སྦྱར་བ་ཟོས་ན་རྫུ་འཕྲུལ་འགྲུབ་པའི་དམ་རྫས་ཏེ་བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ། །ཞེས་གསོལ་ཏོ། །དགུ་པ་ནི། དེ་ནས་རིགས་ངན། ཞེས་པ་ནས། ཞེས་གསོལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་རིགས་ངན་ངན་སྐྱུགས་ཅན་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །གཏུམ་རྔམ་ཆེན་པོ་བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། ཤ་ཆེན་དང་གཤང་གཅི་ཁུ་བ་དང་ཁྲག་རྣམས་བསྟེན་པ་བདུད་རྩི་འཁྱིལ་བའི་དམ་རྫས་ཡིན་ཏེ། ནད་རྣམས་མ་ལུས་འཇོམས་པར་བྱེད་དེ་བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ། །ཞེས་གསོལ་ཏོ། །བཅུ་པ་ནི། དེ་ནས་བུད་མེད། ཅེས་པ་ནས། ཞེས་གསོལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་བུད་མེད་རྣམས་ཀྱི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །སྒེག་པོ་ཆེན་པོ། བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། ལུས་ཀྱིས་བྲོ་གར་དང་ངག་གི་གླུ་ཚིག་སྙན་དངགས་དང་བཅས་ཏེ་འཇོ་ཚུལ་གྱི་སྟབས་སྣ་ཚོགས་ཀྱིས་སྐྱེས་པ་རྣམས་ཀྱི་ཡིད་འཕྲོག་པར་བྱས་ཏེ། བསྟེན་པའི་ཐབས་ཀྱིས་འཁྲིག་པ་ལ་སྤྱོད་པ་འདི་དག་དགའ་བའི་དམ་ཚིག་སྟེ། བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ། །ཞེས་གསོལ་ཏོ། །བཅུ་གཅིག་པ་ནི། དེ་ནས་ཤྭ་པར། ཞེས་པ་ནས། ཞེས་གསོལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་རྫུན་དུ་སྨྲ་བའི་ཤྭ་པར་པའི་ཚོགས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ངག་གི་དབང་ཕྱུག་བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། གཞན་གྱིས་དཔགས་པར་དཀའ་བའི་ཕྱིར། ངག་གི་རྫུན་གྱི་ཚིག་གི་སྤྲུལ་པ་ཡུལ་ཡོད་མེད་དང་འཚམས་པར་སྨྲ་བ་གང་དེ་བསླུ་བ་ཆེན་པོའི་མཆོག་ཡིན་ཏེ། བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ། །ཞེས་གསོལ་ཏོ། །བཅུ་གཉིས་པ་ནི། དེ་ནས་ལོག་སྲེད། ཅེས་པ་ནས། ཞེས་གསོལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཡང་མུ་སྟེགས་ལོག་སྲེད་ཅན་རྣམས་ཀྱི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།

以下是您所提供藏文的完整直譯成簡體中文: 之間所示:然後分別者外道們如此請求:“如意分別王,我等誓言是這樣的:砍下任何屍體的頭顱顱骨,以此作為善相標誌,誰若持有,我等外道即認為功德如意寶般,這是我等誓言。“如是請求。 第六,從”然後下等種姓”到”如是請求”之間所示:然後下等種姓食肉者眾如此請求:“具足威力之王,我等誓言是這樣的:食用牛肉、狗肉、馬肉、人肉和象肉等,認為能成就一切功德,這是我等誓言。“如是請求。 第七,從”然後羅剎女”到”如是請求”之間所示:然後奪血羅剎女們如此請求:“飲血之王,我等誓言是這樣的:飲用殺害一切眾生的溫熱血液,則身體光彩煥發,這是我等誓言。“如是請求。 第八,從”然後緊那羅女”到”如是請求”之間所示:然後緊那羅女們如此請求:“大神變主,我等誓言是這樣的:食用顱骨腦髓及油血混合的酒和甘露,成就神變的誓物,這是我等誓言。“如是請求。 第九,從”然後下等種姓”到”如是請求”之間所示:然後下等種姓嘔吐者們如此請求:“大凶猛者,我等誓言是這樣的:大肉、糞尿精液和血液為甘露凝聚之誓物,能消除一切疾病,這是我等誓言。“如是請求。 第十,從”然後女人”到”如是請求”之間所示:然後女人眾如此請求:“大嫵媚者,我等誓言是這樣的:以身體舞蹈和語言歌詞詩歌,以各種誘惑姿態奪取男人心意,以依止方便行淫慾,此等為喜悅誓言,這是我等誓言。“如是請求。 第十一,從”然後舍婆羅”到”如是請求”之間所示:然後說妄語的舍婆羅眾如此請求:“語自在,我等誓言是這樣的:為使他人難以測度,以語言妄語幻變,應境而說有無,此大欺誑為最勝,這是我等誓言。“如是請求。 第十二,從”然後邪欲”到”如是請求”之間所示:然後外道邪欲眾如此請求:

།སྐྱེས་བུ་ཡང་དག་ཆེན་པོ། བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། བདག་འཛིན་གྱི་སེམས་ཡང་དག་པའི་ངང་དུ་ཀུན་རིག་ན། དགེ་སྡིག་གམ་དཀར་ནག་ཆེ་ཆུང་གི་ལས་གཉིས་གང་བྱས་ཀྱང་། དེ་གཉིས་ཀྱི་དབང་དུ་མི་འགྱུར་ན་གཉིས་དང་བྲལ་བར་སྨྲ་བས་བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ། །ཞེས་གསོལ་ཏོ། །བཅུ་གསུམ་པ་ནི། དེ་ནས་གསང་ཚིག །ཞེས་པ་ནས། ཞེས་གསོལ་ཏོ། །ཞེས་པའི་བར་གྱི་བསྟན་ཏེ། དེ་ནས་འཇིག་རྟེན་གྱི་གསང་ཚིག་གི་སྔགས་སྟེན་པའི་རྒྱང་འཕེན་པའི་ཚོགས་རྣམས་ཀྱིས་གསོལ་བ། གསང་བའི་རྣལ་འབྱོར་བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། གཤང་གཅི་དང་ཁྲག་དང་སོལ་ཁུའི་གོས་ཞེས་དེ་དག་གིས་བསྐུས་པ་གོན་ནས་ལུས་ལའང་བྱུག་སྟེ་སྔགས་ཀྱི་གྲངས་བཅུ་ཕྲག་བཅུ་བརྒྱའམ་བརྒྱ་ཕྲག་བཅུ་སྟོང་དུ་བཟླས་ཏེ་ལུས་ལ་རྟགས་སམ་ཐིག་ལེ་གྲངས་དེ་ལྟར་བཀོད་ནས་ནི་ལས་བྱས་ཏེ་ལིང་ག་བཅད་དེ་གཏུབས་ན་སངས་རྒྱས་ཀྱང་འཇིག་པར་འདོད་པ་ནི་གསང་སྔགས་གསང་བའི་དམ་ཚིག་མཆོག་གོ། །ཞེས་གསོལ་ནས་རང་རང་གི་དམ་ཚིག་ཕུལ་བར་གྱུར་ཏོ། །བཞི་པ་ལ་གསུམ་སྟེ། དེ་ལྟར་ལོངས་ཤིག་པར་གདམས་པ། ཡོན་ཏན་དངོས་བསྟན་པ། དེ་ལ་དད་པའི་འཁོར་རིགས་དེས་བར་གཟུང་བའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས། ཞེས་པ་ནས། རྫོགས་པར་བླང་བར་བྱོས། །ཞེས་པའི་བར་གྱི་བསྟན་ཏེ། དེ་ནས་ལྡེམ་དགོངས་སུ་མཐུན་པས་དྲང་ཕྱིར་རིགས་རྒྱུད་ཅན་ལ་གསུངས་པ་དང་། ཞེན་ཆགས་ཅན་དང་། ལོག་སྲེད་ཅན་གྱི་ཆེད་དུ་བཅོམ་ལྡན་འདས་ཀྱིས་དོན་གཞན་ལ་དགོངས་ཏེ་གང་མ་རུངས་པ་དག་གིས་དམ་ཚིག་ཕུལ་བ་རྣམས་དོན་ཀུན་སུན་བཏོན་པས་མ་འདྲེས་ལ་མིང་རྣམས་སུན་མ་བཏོན་པས་ཡོངས་སུ་མི་འགོག་པའི་དམ་ཚིག་སོ་སོར་བརྩལ་ལ་སྤྱོད་དུ་གནང་བར་མཐུན་འཇུག་སྤྱོད་པའི་གསུང་དུ་བཀའ་སྩལ་པ། གང་འདིར་འདུས་པའི་སྐལ་ལྡན་ཀུན་ཞེས་སོ་སོ་ལ་བོས་ནས། ཁྱེད་ཅག་རྣམས་ཀྱིས་རང་རང་སོ་སོའི་མོས་པ་ཐ་དད་པའི་དོན་དག་མཐུན་པའི་ཡིད་བཞིན་ནོར་བུ་ལྟ་བུའི་དམ་ཚིག་རྣམས་ནི་ཡོངས་སུ་རྫོགས་པར་བླང་བར་བྱོས་ཤིག་ཅེས་གདམས་པའོ། །གཉིས་པ་ལ་བཅུ་གཉིས་ཏེ། ནག་པོ་དེད་དཔོན་གྱི་དམ་ཚིག་སངས་རྒྱས་འགྲུབ་པའི་སྣོད་དུ་གསུངས་པ། གུ་ལང་གི་དམ་ཚིག་ཐེག་ཆེན་སྒྲུབ་པའི་སྣོད་དུ་གསུངས་པ། བྱིཤྣུའི་ཡང་དག་གི་དམ་ཚིག་ཏུ་བསྟན་པ། གནོད་སྦྱིན་གྱིའང་ཡང་དག་པའི་དམ་ཚིག་ཏུ་བསྟན་པ། མུ་སྟེགས་ཀྱི་འདོད་པའི་དམ་ཚིག་ཏུ་བསྟན་པ། སྨེ་ཤ་ཅན་གྱི་རྣལ་འབྱོར་གྱི་ཟས་སུ་བསྟན་པ། སྲིན་མོའི་དམ་ཚིག་ཁྲག་འཐུང་མའི་དམ་ཚིག་ཏུ་གསུངས་པ། བུད་མེད་ཀྱིས་ཕུལ་བ་ཆོས་ཀྱི་དམ་ཚིག་ཏུ་གསུངས་པ། ཤྭ་པར་པའི་སངས་རྒྱས་ཀྱི་བཀའི་དམ་ཚིག་ཏུ་བསྟན་པ། ལོག་སྲེད་ཅན་གྱི་ཡོན་ཏན་ལྔ་དང་ལྡན་པར་བསྟན་པ། གསང་ཚིག་སྟེན་པའི་དམ་ཚིག་སྔགས་ཀྱི་དམ་ཚིག་ཏུ་བསྟན་པ། ཕྲ་མེན་མ་དང་ངན་སྐྱུག་ཅན་གྱི་དམ་ཚིག་ཆོས་ཉིད་རྒྱན་གྱི་དམ་ཚིག་ཏུ་བསྟན་པའོ། །དང་པོ་ནི། གཞན་གྱི་སྡེ་པ། ཞེས་པ་ནས། འགྲུབ་པའི་སྣོད་དུ་གསུངས། །ཞེས་པའི་བར་གྱིས་བསྟན་ཏེ། དྲེགས་པ་འཁོར་བཅས་ལ་བཀའ་སྩལ་པ། ཡང་དག་པའི་མཚམས་མེད་ལྔ་ལ་དགོངས་ཏེ། གཞན་གྱི་སྡེ་པ་རྣམས་འཇོམས་པར་བྱེད་ཅིང་མཚམས་མེད་ལྔ་པོ་སྤྱོད་བཞིན་དུ་རང་གི་སྤྱོད་པ་དེ་དག་མ་སྤངས་པར་ཇི་བཞིན་པའི་ངང་དུ་རྟོགས་པ་ནི་བདག་ཉིད་ཆེན་པོར་དམིགས་པ་སྟེ། ཀུན་བྱེད་རྒྱལ་པོ་ལས། ང་ནི་མ་ནོར་བ་ཡི་བྱང་ཆུབ་སེམས། །དེ་བཞིན་ཉིད་དུ་ཡེ་ནས་རྒྱལ་བར་བྱེད། །ཅེས་པ་ལྟ་བུར་རྟོགས་པའི་དམ་ཚིག་ལ་གནས་པས་འབྲས་བུ་སངས་རྒྱས་འགྲུབ་པའི་ཐེག་པ་མཆོག་གི་སྣོད་ཉིད་དུ་གསུངས་པ་ཡིན་ནོ།

།སྐྱེས་བུ་ཡང་དག་ཆེན་པོ། བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། བདག་འཛིན་གྱི་སེམས་ཡང་དག་པའི་ངང་དུ་ཀུན་རིག་ན། དགེ་སྡིག་གམ་དཀར་ནག་ཆེ་ཆུང་གི་ལས་གཉིས་གང་བྱས་ཀྱང་། དེ་གཉིས་ཀྱི་དབང་དུ་མི་འགྱུར་ན་གཉིས་དང་བྲལ་བར་སྨྲ་བས་བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ། །ཞེས་གསོལ་ཏོ། །བཅུ་གསུམ་པ་ནི། དེ་ནས་གསང་ཚིག །ཞེས་པ་ནས། ཞེས་གསོལ་ཏོ། །ཞེས་པའི་བར་གྱི་བསྟན་ཏེ། དེ་ནས་འཇིག་རྟེན་གྱི་གསང་ཚིག་གི་སྔགས་སྟེན་པའི་རྒྱང་འཕེན་པའི་ཚོགས་རྣམས་ཀྱིས་གསོལ་བ། གསང་བའི་རྣལ་འབྱོར་བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། གཤང་གཅི་དང་ཁྲག་དང་སོལ་ཁུའི་གོས་ཞེས་དེ་དག་གིས་བསྐུས་པ་གོན་ནས་ལུས་ལའང་བྱུག་སྟེ་སྔགས་ཀྱི་གྲངས་བཅུ་ཕྲག་བཅུ་བརྒྱའམ་བརྒྱ་ཕྲག་བཅུ་སྟོང་དུ་བཟླས་ཏེ་ལུས་ལ་རྟགས་སམ་ཐིག་ལེ་གྲངས་དེ་ལྟར་བཀོད་ནས་ནི་ལས་བྱས་ཏེ་ལིང་ག་བཅད་དེ་གཏུབས་ན་སངས་རྒྱས་ཀྱང་འཇིག་པར་འདོད་པ་ནི་གསང་སྔགས་གསང་བའི་དམ་ཚིག་མཆོག་གོ། །ཞེས་གསོལ་ནས་རང་རང་གི་དམ་ཚིག་ཕུལ་བར་གྱུར་ཏོ། །བཞི་པ་ལ་གསུམ་སྟེ། དེ་ལྟར་ལོངས་ཤིག་པར་གདམས་པ། ཡོན་ཏན་དངོས་བསྟན་པ། དེ་ལ་དད་པའི་འཁོར་རིགས་དེས་བར་གཟུང་བའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས། ཞེས་པ་ནས། རྫོགས་པར་བླང་བར་བྱོས། །ཞེས་པའི་བར་གྱི་བསྟན་ཏེ། དེ་ནས་ལྡེམ་དགོངས་སུ་མཐུན་པས་དྲང་ཕྱིར་རིགས་རྒྱུད་ཅན་ལ་གསུངས་པ་དང་། ཞེན་ཆགས་ཅན་དང་། ལོག་སྲེད་ཅན་གྱི་ཆེད་དུ་བཅོམ་ལྡན་འདས་ཀྱིས་དོན་གཞན་ལ་དགོངས་ཏེ་གང་མ་རུངས་པ་དག་གིས་དམ་ཚིག་ཕུལ་བ་རྣམས་དོན་ཀུན་སུན་བཏོན་པས་མ་འདྲེས་ལ་མིང་རྣམས་སུན་མ་བཏོན་པས་ཡོངས་སུ་མི་འགོག་པའི་དམ་ཚིག་སོ་སོར་བརྩལ་ལ་སྤྱོད་དུ་གནང་བར་མཐུན་འཇུག་སྤྱོད་པའི་གསུང་དུ་བཀའ་སྩལ་པ། གང་འདིར་འདུས་པའི་སྐལ་ལྡན་ཀུན་ཞེས་སོ་སོ་ལ་བོས་ནས། ཁྱེད་ཅག་རྣམས་ཀྱིས་རང་རང་སོ་སོའི་མོས་པ་ཐ་དད་པའི་དོན་དག་མཐུན་པའི་ཡིད་བཞིན་ནོར་བུ་ལྟ་བུའི་དམ་ཚིག་རྣམས་ནི་ཡོངས་སུ་རྫོགས་པར་བླང་བར་བྱོས་ཤིག་ཅེས་གདམས་པའོ། །གཉིས་པ་ལ་བཅུ་གཉིས་ཏེ། ནག་པོ་དེད་དཔོན་གྱི་དམ་ཚིག་སངས་རྒྱས་འགྲུབ་པའི་སྣོད་དུ་གསུངས་པ། གུ་ལང་གི་དམ་ཚིག་ཐེག་ཆེན་སྒྲུབ་པའི་སྣོད་དུ་གསུངས་པ། བྱིཤྣུའི་ཡང་དག་གི་དམ་ཚིག་ཏུ་བསྟན་པ། གནོད་སྦྱིན་གྱིའང་ཡང་དག་པའི་དམ་ཚིག་ཏུ་བསྟན་པ། མུ་སྟེགས་ཀྱི་འདོད་པའི་དམ་ཚིག་ཏུ་བསྟན་པ། སྨེ་ཤ་ཅན་གྱི་རྣལ་འབྱོར་གྱི་ཟས་སུ་བསྟན་པ། སྲིན་མོའི་དམ་ཚིག་ཁྲག་འཐུང་མའི་དམ་ཚིག་ཏུ་གསུངས་པ། བུད་མེད་ཀྱིས་ཕུལ་བ་ཆོས་ཀྱི་དམ་ཚིག་ཏུ་གསུངས་པ། ཤྭ་པར་པའི་སངས་རྒྱས་ཀྱི་བཀའི་དམ་ཚིག་ཏུ་བསྟན་པ། ལོག་སྲེད་ཅན་གྱི་ཡོན་ཏན་ལྔ་དང་ལྡན་པར་བསྟན་པ། གསང་ཚིག་སྟེན་པའི་དམ་ཚིག་སྔགས་ཀྱི་དམ་ཚིག་ཏུ་བསྟན་པ། ཕྲ་མེན་མ་དང་ངན་སྐྱུག་ཅན་གྱི་དམ་ཚིག་ཆོས་ཉིད་རྒྱན་གྱི་དམ་ཚིག་ཏུ་བསྟན་པའོ། །དང་པོ་ནི། གཞན་གྱི་སྡེ་པ། ཞེས་པ་ནས། འགྲུབ་པའི་སྣོད་དུ་གསུངས། །ཞེས་པའི་བར་གྱིས་བསྟན་ཏེ། དྲེགས་པ་འཁོར་བཅས་ལ་བཀའ་སྩལ་པ། ཡང་དག་པའི་མཚམས་མེད་ལྔ་ལ་དགོངས་ཏེ། གཞན་གྱི་སྡེ་པ་རྣམས་འཇོམས་པར་བྱེད་ཅིང་མཚམས་མེད་ལྔ་པོ་སྤྱོད་བཞིན་དུ་རང་གི་སྤྱོད་པ་དེ་དག་མ་སྤངས་པར་ཇི་བཞིན་པའི་ངང་དུ་རྟོགས་པ་ནི་བདག་ཉིད་ཆེན་པོར་དམིགས་པ་སྟེ། ཀུན་བྱེད་རྒྱལ་པོ་ལས། ང་ནི་མ་ནོར་བ་ཡི་བྱང་ཆུབ་སེམས། །དེ་བཞིན་ཉིད་དུ་ཡེ་ནས་རྒྱལ་བར་བྱེད། །ཅེས་པ་ལྟ་བུར་རྟོགས་པའི་དམ་ཚིག་ལ་གནས་པས་འབྲས་བུ་སངས་རྒྱས་འགྲུབ་པའི་ཐེག་པ་མཆོག་གི་སྣོད་ཉིད་དུ་གསུངས་པ་ཡིན་ནོ།

注意此處是斷點重試開始位置,可能需要清理此位置之前的一次翻譯

這是對您提供的藏文的完整直譯: 大士。我們的誓言是這樣的:當我們在真實狀態中完全了知執我之心時,無論行善作惡或大小黑白之業,都不受二者所轉,超越二元對立,這就是我們的誓言。” 第十三:從”然後密語”開始至”如是祈請”之間所述:然後奉行世間密語咒語的順世外道眾祈請道:“秘密瑜伽者,我們的誓言是這樣的:以糞尿、血液和炭灰塗抹衣物,穿著後也塗於身體,誦咒一百次或一千次,在身體上標記同等數量的記號或明點,做完這些行為並切斷靈卡,我們認為即使佛陀也會被摧毀,這是最殊勝的密咒秘密誓言。“如是祈請,各自獻上了自己的誓言。 第四分三:一、勸勉如是受持;二、顯示實際功德;三、信仰眷屬以此為據。 第一:從”爾時世尊”到”當完全受持”之間所述:爾後以隱義相應故,為引導具有種姓者而宣說,為貪著者和邪欲者,世尊意趣別義,對惡劣者所獻上的誓言,以理全部破斥而不混雜,未破斥名稱而不全盤否定,給予各自誓言並允許實踐,以隨順行為之語宣說道:“在此聚集的一切具緣者”,呼喚各自後說:“你們應當完全受持如同如意寶一般滿足各自不同意樂的誓言。“如是勸勉。 第二分十二:一、宣說黑色商主的誓言為成佛之器;二、宣說古蘭的誓言為成就大乘之器;三、宣示為毗溼奴的真實誓言;四、宣示為夜叉的真實誓言;五、宣示為外道所欲的誓言;六、宣示食肉者為瑜伽士的食物;七、宣說羅剎女的誓言為飲血女的誓言;八、宣說女性所獻為法的誓言;九、宣示狗行者為佛語的誓言;十、宣示邪欲者具有五種功德;十一、宣示密語持者的誓言為咒語的誓言;十二、宣示

།གཉིས་པ་ནི། མ་དང་བུ། ཞེས་པ་ནས། སྣོད་དུ་གསུངས། ཞེས་པའི་བར་གྱིས་བསྟན་ཏེ། གུ་ལང་འཁོར་བཅས་ལ་བཀའ་སྩལ་པ། ཆོས་ཉིད་རྟོགས་པའི་ཤེས་རབ་ཡེ་ཤེས་དང་མི་འབྲལ་བ་ལ་དགོངས་ཏེ། མ་དང་བུ་མོ་སྲིན་མོ་དང་སྲིད་པར་རྒྱུ་བའི་བུད་མེད་ཐམས་ཅད་ལ། ཐབས་དང་ལྡན་པས་འདོད་པ་བས་ནི་ཆགས་པ་ལ་སྤྱད་ཀྱང་མ་ཟིན་ན་དེ་དག་ཐེག་པ་ཆེན་པོ་སྒྲུབ་པའི་སྣོད་དུ་གསུངས་པའོ། །གསུམ་པ་ནི། གསོད་ལ། ཞེས་པ་ནས། ཆེན་པོ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། བྱིཤྣུ་འཁོར་བཅས་ལ་བཀའ་སྩལ་པ། སྐྱེ་མེད་རྟོགས་ན་སྐྱེ་བ་རྒྱུན་ཆད་པ་ལ་དགོངས་ཏེ། གསོད་པ་ལ་དགའ་བ་གང་ཞིག་གིས་ཤེས་རབ་དང་ཏིང་ངེ་འཛིན་གྱིས་སྲིད་པ་སྲོག་གི་དབང་པོ་དངོས་སུ་བསྒྲལ་ཞིང་ལམ་ལྔ་དང་འགྲོ་བ་དྲུག་གི་རྒྱུན་དང་སྒོ་བཀག་ཅིང་བཅད་ནས་ནི་ཤ་རུས་ཟ་ཞིང་ཁྲག་འཐུང་བ། གང་གིས་དུག་གསུམ་རྣམ་པར་དག་པས་ན་ཡང་དག་དམ་ཚིག་ཆེན་པོ་ཡིན་ནོ་ཞེས་གསུངས་པའོ། །བཞི་པ་ནི། ནོར་གྱི། ཞེས་པ་ནས། དམ་ཚིག་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། གནོད་སྦྱིན་འཁོར་བཅས་ལ་བཀའ་སྩལ་པ། གདམས་ངག་བླངས་ནས་ངེས་པར་འཇོག་པ་ལ་དགོངས་ཏེ། ནོར་གྱི་བདག་པོའི་གཏེར་ཁུངས་ནས་གསེར་ལ་སོགས་པ་མ་བྱིན་པར་འཕྲུལ་དགའི་ཚུལ་གྱི་ཏིང་ངེ་འཛིན་གྱིས་བླངས་ནས་འདོད་པའི་ལོངས་སྤྱོད་བྱེད་པ་འདི་ནི་དམ་པ་མ་ནོར་བ་ཡང་དག་པའི་དམ་ཚིག་ཡིན་ནོ། །ལྔ་པ་ནི། རྣལ་འབྱོར། ཞེས་པ་ནས། དམ་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། མུ་སྟེགས་རྟོག་པ་འཁོར་བཅས་ལ་བཀའ་སྩལ་པ། ཕྱིན་ཅི་ལོག་གི་ལས་རྣམས་རྟོགས་ན་རྣལ་མ་ཡིན་པ་ལ་དགོངས་ཏེ། རྣལ་འབྱོར་རིགས་པའི་བློ་ཅན་གྱིས་མ་རིག་པ་ཀ་ནས་དག་པར་རྟོགས་པས་གང་གི་མགོ་ཐོད་བཅད་ནས་ནི་རྩ་བའི་རྒྱུད་ལས་གསུངས་པ་ལྟར་ཐོད་པ་བརྟགས་ཏེ་བཟང་ཞིང་ཤིས་པ་དུར་ཁྲོད་ཀྱི་སྣོད་ལ་འཆང་བ་ནི་གསང་བའི་ཆོས་ཀྱི་བརྡ་དོན་ཤེས་པས་ཡང་དག་ལྟ་བའི་དམ་ཚིག་སྟེ་མ་ནོར་བར་འདོད་པའི་དམ་ཚིག་དམ་པའོ་ཞེས་གསུངས་སོ། །དྲུག་པ་ནི། བ་ལང་། ཞེས་པ་ནས། མི་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། རིགས་ངན་སྨེ་ཤ་ཅན་རྣམས་ལ་བཀའ་སྩལ་པ། རིགས་ངན་གྱི་ཕྱིན་ཅི་ལོག་གི་ལྟ་བ་ཡང་རྣལ་མར་རྟོགས་ན་གལ་མེད་པ་ལ་དགོངས་ཏེ། བ་ལང་དང་ཁྱི་ཡི་ཤ་དང་རྟ་ཤ་དང་ཤ་ཆེན་དང་གླང་པོ་ཆེའི་ཤ་རྣམས་ནི་མཆོག་ཡིན་ཏེ་དེ་དག་དངོས་སུ་སྤྱོད་ལ་མི་ཆགས་པར་སྤང་ལེན་དང་བྲལ་བར་ལྟ་བས་ཟིན་ནས་མ་སྤངས་པར་སྤྱོད་པ་ནི་རྣལ་འབྱོར་ཆེན་པོའི་ཟས་ཡིན་པས་གཞན་ནི་བཟའ་བར་མི་བྱའོ་ཞེས་གསུངས་སོ། །བདུན་པ་ནི། དམར་ཆེན། ཞེས་པ་ནས། གཟི་བྱིན་ཆེ། །ཞེས་པའི་བར་གྱིས་བསྟན་ཏེ། སྲིན་མོ་ཁྲག་འཕྲོགས་མའི་ཚོགས་ལ་བཀའ་སྩལ་པ། ཁུ་ཁྲག་ལ་སོགས་པ་ཆོས་ཉིད་དུ་རྟོགས་ན་ཡོ་བྱད་ཡིན་པ་ལ་དགོངསཏེ། དམར་ཆེན་ཁྲག་གི་རྒྱ་མཚོ་ལ་གང་ཞིག་ཡང་དག་པའི་ལྟ་བས་ཟིན་ཏེ་མ་སྤངས་པར་སྤྱོད་ཅིང་འཐུང་བར་བྱེད་པ་དེ་ནི་དཔལ་ཆེན་ཁྲག་འཐུང་ཀུན་གྱི་དམ་ཚིག་སྟེ་འདོད་ཆགས་ཟད་པར་འཐུངས་ན་གཟི་བྱིན་ལྷག་པར་ཆེ་ཞིང་ཐེག་པ་ཆེན་པོའི་སྣོད་ཡིན་ནོ་ཞེས་གསུངས་སོ། །བཤད་པའི་གྲལ་དང་བསྟུན་ན་འོག་གི་ཕྲ་མེན་མ་དང་ངན་སྐྱུག་ཅན་གྱི་དམ་ཚིག་བར་འདིར་ལེན་ནོ། །བརྒྱད་པ་ནི། བྲོ་གར། ཞེས་པ་ནས། ཆེན་པོ་ཡིན། ། ཞེས་པའི་བར་གྱིས་བསྟན་ཏེ། བུད་མེད་རྣམས་ལ་བཀའ་སྩལ་པ། ཤེས་རབ་དང་སྙིང་རྗེས་ཆོས་ཉིད་དང་འཁོར་བ་མི་གཏོང་བ་ལ་དགོངས་ཏེ། བྲོ་གར་དང་གླུ་ཚིག་ལ་སོགས་པས་བུད་མེད་ཐམས་ཅད་ཐབས་དང་ལྡན་པར་བསྟེན་ནས་ནི་འདོད་པས་ལོག་པར་སྤྱོད་པའི་སྒྱུ་འཕྲུལ་ཡང་གསང་སྤྱོད་ཐབས་ཀྱི་བརྟུལ་ཞུགས་སུ་འགྱུར་པ་ནི་ཆོས་ཉིད་དབྱིངས་དང་སྦྱོར་བས་དམ་ཚིག་ཆེན་པོ་ཡིན་ནོ་ཞེས་གསུངས་སོ།

這些是用於語言學術用途的完整直譯成簡體中文: 第二:從”母與子”到”宣為器”之間所述:對古蘭及其眷屬宣說道:意趣不離法性了悟的智慧與本智,對母親、女兒、羅剎女和一切輪迴中的女性,以具方便手段行欲貪,若能掌握,則宣說彼等為成就大乘之器。 第三:從”殺樂”到”大誓言”之間所述:對毗溼奴及其眷屬宣說道:意趣了悟無生則斷絕生死相續,凡是喜好殺戮者,以智慧和禪定實際超度有情命根,阻斷切斷五道六趣之流與門,食肉飲血,由於三毒清淨,故是真實的大誓言。 第四:從”財主”到”誓言是”之間所述:對夜叉及其眷屬宣說道:意趣領受教誡後必定安住,從財主寶藏中未經給予而以幻變之禪定取出黃金等物,享用慾望受用,此乃無誤真實的神聖誓言。 第五:從”瑜伽”到”為聖”之間所述:對外道唸誦者及其眷屬宣說道:意趣了悟顛倒諸業即為正道,具有瑜伽理性智慧者,通過了知無明從根本清淨,砍下某人頭顱,如根本續所說檢驗頭蓋骨,持用優良吉祥的墓地容器,通過了解密法的表意,成為真實見解的誓言,即無誤所欲的聖誓言。 第六:從”牛犬”到”勿食”之間所述:對低種姓食肉者們宣說道:意趣了知低種姓顛倒見解為正道則無關緊要,牛肉、狗肉、馬肉、人肉和象肉是最勝的,實際食用而不執著,以超越取捨的見解掌握,不捨而行,這是大瑜伽士的食物,其他食物不應食用。 第七:從”大紅”到”光輝大”之間所述:對羅剎女飲血眾宣說道:意趣了知精血等為法性則為資具,對大紅血海,凡以真實見解掌握,不捨而行飲用者,即是大吉祥飲血尊眾的誓言,若飲盡貪慾,則光輝尤為強大,是大乘之器。按照講解順序,下面的珂女與惡吐者的誓言應在此處採用。 第八:從”舞蹈”到”大誓言”之間所述:對女性們宣說道:意趣以智慧和悲心不捨法性與輪迴,通過舞蹈、歌詞等,以方便手段親近一切女性,以欲邪行的幻變也成為密行方便的苦行,由於與法界相應,故為大誓言。

།དགུ་པ་ནི། གང་ཉིད། ཞེས་པ་ནས། གསུང་གི་དམ་ཚིག་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། ཤྭ་པར་པའི་ཚོགས་ལ་བཀའ་སྩལ་པ། དོན་དུ་འགྱུར་ན་ཡོད་པ་ལས་མེད་པས་སྨྲ་ཞིང་མེད་པ་ལས་ཡོད་པར་སྨྲ་བ་ལ་དགོངས་ཏེ། དོན་མཐའ་དང་བྲལ་བ་གང་ཉིད་གཏིང་དཔག་པར་དཀའ་བའི་ཕྱིར་མེད་པ་ལས་ཡོད་པར་སྨྲ་ཞིང་ཡོད་པ་ལས་མེད་པར་ཡུལ་དང་མཐུན་འཇུག་གི་རྫུན་དུ་སྨྲ་བ་ནི། སངས་རྒྱས་རྣམས་ཀྱི་བཀའ་ཡི་དམ་ཚིག་ཡིན་ལ། གང་དག་ཐོག་མ་མེད་པ་ནས་འཁོར་བ་གང་དུ་འཁྱམས་པ་ནི་རང་གི་ཉེས་པ་ཁོ་ནའོ་ཞེས་དྲེགས་པ་བཏུལ་བར་བཤད་ཟིན་པ་ལྟར་སྤྱོ་བ་བརྒྱད་དམ་མ་རིག་པ་དང་བདག་འཛིན་དང་འཁྲུལ་པའི་ཀུན་བརྟགས་དང་ཉོན་མོངས་ལྔ་སྟེ་བརྒྱད་ལ་སྤྱོད་པས་ཚིག་རྩུབ་ངག་གི་རྫུན་དུ་སྨྲ་བ་ནི། སངས་རྒྱས་རྣམས་ཀྱིས་གདུལ་བྱ་སྒྲོལ་བའི་གསུང་གི་དམ་ཚིག་དམ་པ་ཡིན་ནོ། །ཞེས་གསུངས་སོ། །བཅུ་པ་ནི། བྱེ་བྲག་ཐམས་ཅད། ཅེས་པ་ནས། རང་བཞིན་ཆེན་པོའི་དམ་ཚིག་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། ལོག་སྲེད་ཅན་རྣམས་ལ་བཀའ་སྩལ་པ། ཐམས་ཅད་ཆོས་ཉིད་དུ་རྟོགས་ན་རང་བཞིན་མཉམ་པས་གལ་མེད་པ་ལ་དགོངས་ཏེ། ལོག་སྲེད་ཅན་དག་གིས་དམ་ཚིག་གི་བྱེ་བྲག་སོ་སོར་མ་འདྲེས་པ་དེ་དག་ཐམས་ཅད་སེམས་ཀྱི་ཆོས་ཉིད་དུ་དབྱེར་མེད་པར་གཅིག་པས་ན་བྱས་ལ་མི་གསོག་པའི་ཐབས་ལ་མཁས་པས་རྣམ་སྨིན་སྐྱེད་པའི་དཀར་ནག་གི་ལས་ཀྱི་དབང་དུ་མི་འགྱུར་བར་དོན་གྱི་ཐོག་ཏུ་ཕེབས་པས་མ་ནོར་ཞིང་འཁྲུལ་པས་མ་བསླད་པས་མ་བཅོས་པའི་དམ་ཚིག་ཡིན་ཏེ་དེ་ལ་ནི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་མེད་པའི་དམ་ཚིག་མཆོག་ཡིན་ནོ། །ཡང་དག་པའི་དམ་ཚིག་ཉིད་རྗེས་སུ་བསྟན་པའི་ཕྱིར། ཡང་དག་རྟོགས་པའི་གདེངས་དང་ལྡན་པའི་རིག་པ་ནི་འདུ་ཤེས་ཀྱིས་གང་དུའང་མི་གཡོ་ལ་འཇིག་པ་མེད་པས་མི་འགྱུར་ཞིང་ཀུན་ནས་མི་བསྒུལ་བས་མཐའ་ཡིས་མི་བསྐྱོད་པ་ཆེན་པོ་ལ་བློས་ཅིར་ཡང་མི་བསམ་བ་ཉིད་ཀྱིས་སྤྲོས་པ་དང་མཚན་མར་དམིགས་པས་ཡོད་མེད་ཀྱི་ཕྱོགས་རིས་མ་དམིགས་པའི་རྣལ་འབྱོར་དམ་པ་ལ་མཐའི་སྒྲིབ་པ་མེད་ཀྱང་ཡོན་ཏན་ཆེན་པོའི་བཅུད་བརླག་པ་དང་བྲལ་བའི་སྒོ་ནས་སྟོར་བ་མེད་པ་གང་ཡིན་པ། འབྱུང་འཇུག་གི་བྱ་བ་དང་བྲལ་བ་ནི་མི་གཡོ་བའི་དམ་ཚིག་ཆེན་པོའོ། །དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ཆེན་པོར་ཀུན་གྱི་ངང་གཅིག་ཏུ་གདལ་བས་ཕྱོགས་རིས་མེད་པ་ལ་བླང་དང་དོར་བ་ཡོང་ཡེ་མེད་པས་སྤོང་ལེན་དང་བྲལ་བ་ཉིད་དེ་དེ་ལྟ་བུའི་ངང་གི་ཐིག་ལེ་ཆེན་པོ་ལ་གཉིས་སུ་སྣང་བའི་ཆོས་རྣམས་ཀུན་ཀྱང་སོ་སོར་མ་དམིགས་པས་དེ་ཁོ་ན་ཉིད་ཆེན་པོར་ཡོངས་ཀྱིས་གཅིག་པའི་དོན་གྱི་བླ་དྭགས་ནི་གྲངས་ཀྱི་གཞིར་བརྗོད་དེ་རྣམ་པ་བགྲང་དུ་མེད་དོ། །ལས་དཀར་པོ་དགེ་བ་དང་ནག་པོ་སྡིག་པ་གང་བྱས་པ་འདི་ལ་རྒྱུ་ལས་དང་འབྲས་བུ་རྣམ་སྨིན་གྱི་ཆ་སོ་སོ་ནས་མ་འདྲེས་པར་འཁྲུལ་པ་ལ་སྣང་ཡང་མཉམ་པའི་ངང་ལ་ལས་སུ་འདུ་ཤེས་པ་མེད་པས་རྣམ་སྨིན་མེད་པ་ནི་སྤྱོད་ལ་མ་ཆགས་པས་དཔེ་འདུས་མ་བྱས་ནམ་མཁའ་བཞིན་ཏེ་ངང་ལ་ཕྱོགས་རིས་མེད་པས་ན་མཉམ་པའི་དམ་ཚིག་ཆེན་པོ་ཡིན་ནོ་ཞེས་བསྙད་དེ། ཇི་ལྟ་བའི་དོན་རྟོགས་པའི་ཡེ་ཤེས་མཉམ་ཉིད་རིག་པའི་རྒྱལ་པོ་ནི་རིལ་གྱི་བདག་པོར་གྱུར་པས་ལས་སོ་སོར་དབྱེ་བའི་བྱེ་བྲག་གི་རྣམ་པ་ཐ་དད་པ་ཡོངས་ཀྱིས་མེད་ཅིང་ངོ་བོས་མ་གྲུབ་སྟེ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ལ་རིག་པས་རྒྱས་བཏབ་པས་རང་གི་རང་བཞིན་རྙེད་པ་ཉིད་ལས་དེ་ཁོ་ན་ཉིད་དུ་གསལ་བ་ཡིན་གྱི་གཞན་སྤྱད་བྱ་སྤྱོད་བྱེད་ཐ་དད་ཀྱིས་རྙེད་པ་མིན་པར་རང་བཞིན་ཡེ་ཤེས་ཆེན་པོའི་དམ་ཚིག་ཡིན་པས་ཡང་དག་པའི་ཐུགས་དམ་ཆེན་པོ་ལྔའི་དོན་ནོ།

這些是用於語言學術用途的完整直譯成簡體中文: 第九:從”彼自”到”語誓言”之間所述:對狗行者眾宣說道:意趣若成實則從有說無,從無說有,由於義理遠離邊際,彼自深不可測,故從無說有,從有說無,隨順境相而說妄語,是諸佛語誓言。如已說降伏傲慢者那樣,凡從無始以來於輪迴中流轉,皆是自己過失。依八種行為或無明、我執、妄念分別、五煩惱等八種而行,說粗語妄語,是諸佛度化所化眾生的語聖誓言。 第十:從”一切差別”到”大自性誓言”之間所述:對邪欲者們宣說道:意趣了悟一切為法性則自性平等無關緊要,邪欲者們的各種不混雜的誓言差別,由於在心的法性中無差別而為一體,對已作不積集,善於方便,不受生起異熟的黑白業支配,直達義理,無誤、未被迷亂汙染、無造作的誓言,是無業異熟果的最勝誓言。為了顯示真實誓言,具有真實了悟確信的覺性,不為任何念想所動搖,無壞故不變,完全不動故不為邊際所動之大性,心不作任何思維,由不執著戲論與相而不執著有無邊見的神聖瑜伽,雖無邊障,但以不失大功德精華之門不喪失,遠離出入行為,是不動的大誓言。諸法真實大性遍及一切為一體,無偏袒,本來無取捨故離取捨,如是本性大明點中,一切二現諸法皆不各別執著,真實大性完全為一義的標籤,稱為數量的基礎,種類無法計數。此中所作白業善與黑業惡,在因業與果異熟的各方面,雖在迷亂中顯現不混雜,但在平等性中無業想,故無異熟,由行而不執著,比喻如無為虛空,本性無偏袒,故是平等大誓言。如所說,了悟如實義的智慧平等性覺性王,成為一切之主,完全無業各別分類的差別相,自性不成立。為何如此?由覺性印持一切法,從自己獲得自性中顯明真實性,而非由其他所行能行差別所獲得,故為自性大智慧誓言,是真實大心誓五義。

།བཅུ་གཅིག་པ་ནི། གཤང་གཅི། ཞེས་པ་ནས། དམ་ཚིག་ཡིན། ཞེས་པའི་བར་གྱིས་བསྟན་ཏེ། གསང་ཚིག་སྟེན་པ་རྣམས་ལ་བཀའ་སྩལ་པ། ལྟ་བ་རྟོགས་ན་ཐམས་ཅད་འཇིག་པ་ལ་དགོངས་ཏེ། གཤང་གཅི་ཟག་པའི་གོས་གྱོན་ཏེ་ཞེས་གོས་ཀྱི་བརྡ་ཡི་དོན་ནི་འགྲོ་བའི་ལུས་ཏེ་ལིང་ག་ལ་དམིགས་ནས་དགྲའི་སྐྱེ་རྒྱུན་བཅད་པའམ་དེར་ལིང་ག་ལྟར་སྐྱེ་བའི་ས་བོན་གྱི་རྒྱུན་མི་དམིགས་པར་རྟོགས་པས་བཅད་པར་མཛད་པ་ན་སྐྱེ་བ་རྣམ་གྲངས་བརྒྱ་སྟེ་བཅུ་ཕྲག་བཅུ་སྙེད་དུ་བསྐྱར་ཞིང་མི་བཏང་བར་སྔགས་བཟླས་པར་བྱས་ན་དེའི་ནུས་པ་དེ་ཉིད་ཏིང་ངེ་འཛིན་དེར་སྦྱར་ནས་བྱང་ཆུབ་ཀྱི་ཞིང་ལ་བཀོད་ན། དེ་ལྟ་བུས་ཡང་དག་པ་ཆེད་དུ་བྱས་པའི་རྒྱལ་བ་སངས་རྒྱས་གཟུགས་སྐུ་ཇི་སྙེད་པ་ཉིད་དུ་ཞེན་པའང་ཆོས་ཀྱི་སྐུ་སྟོང་པ་ཉིད་དུ་འཇིག་ཅིང་བྲལ་བར་འགྱུར་བས་ན་དེ་ལ་རྡོ་རྗེ་སྔགས་ཀྱི་དམ་ཚིག་མཆོག་དམ་པ་ཡིན་ནོ་ཞེས་བྱའོ། །བཅུ་གཉིས་པ་ནི། འདོད་པས། ཞེས་པ་ནས། བཀའ་སྩལ་པས། །ཞེས་པའི་བར་གྱིས་བསྟན་ཏེ། ཕྲ་མེན་མ་དང་རིགས་ངན་ངན་སྐྱུགས་ཅན་རྣམས་ལ་བཀའ་སྩལ་པ། ཆོས་ཉིད་དུ་རྟོགས་ན་གལ་མེད་པའི་དམ་པའི་ཡོ་བྱད་ལྔ་ལ་དགོངས་ཏེ། གཟུགས་དང་སྒྲ་ལ་སོགས་པ་འདོད་པས་སྤྱོད་པའི་ལོངས་སྤྱོད་ལྔ་ནི་ཆོས་ཉིད་ཀྱི་ངང་ལ་མི་ལྡན་མ་བྲལ་བར་བཞག་སྟེ་འདོད་པ་བས་ནི་ཆགས་པའི་ཚུལ་དུ་སྤྱོད་ན་ཆོས་ཉིད་རྒྱན་གྱི་དམ་ཚིག་སྟེ། རིལ་ལ་ཞེན་པ་དང་རྩོལ་བ་མེད་པ་བདེ་བ་ཆེན་པོ་ཉིད་ཀྱི་དམ་ཚིག་མཆོག་དམ་པ་ཡིན་ནོ། །ཞེས་བཀའ་སྩལ་པས། གསུམ་པ་ནི། འདུས་པ་ཆེན་པོའོ། །ཞེས་པ་ནས། དེ་ཉིད་ལས་མི་འདའ་བར་གཟུང་ངོ་། །ཞེས་པའི་བར་གྱིས་བསྟནཏེ། དེ་ལྟར་ཡོན་ཏན་བསྟན་པ་ལ་འཁོར་འདུས་པ་ཆེན་པོའི་ཚོགས་རྣམས་རབ་ཏུ་མགུ་ཞིང་ཡིད་རངས་ནས་ཀུན་གྱིས་མགྲིན་གཅིག་ཏུ་གསོལ་པ། ཨེ་མའོ་ཡིད་བཞིན་མཛད་པའི་རྒྱལ་པོ། བདག་ཅག་རྣམས་ཀྱི་བསམ་པ་རངས་སོ། །བདག་ཅག་རྣམས་ཀྱི་གཙོ་བོ་ལགས་སོ། །བདག་ཅག་རྣམས་ཀྱི་རྒྱལ་པོ་ལགས་སོ། །བདག་ཅག་མ་བཅོས་པའི་དམ་ཚིག་ཏུ་གཟུང་དུ་གསོལ། །ཞེས་ཡིད་རངས་པས་གསོལ་ཏེ་བསྟོད་པ་ལས། ལང་ཀའི་བདག་པོ། བཅོམ་ལྡན་འདས་དེས་དོན་རིག་ནས་དེ་ལས་བཟློག་པའི་ཕྱིར་བཀའ་སྩལ་པ། རང་རང་གི་དམ་ཚིག་གི་དོན་ལ་མ་ནོར་བའི་དམ་པར་གསོལ་བཏབ་པ་ལ་དགྱེས་ནས་ཨ་ཧོཿ ཞེས་སྩལ་ཏེ། དེ་ནས་ཚིག་གཅིག་གིས་དམ་ཚིག་དང་སྤྱོད་པ་ལ་བསམ་པ་རངས་པ་མ་ནོར་བ་ཡིན་ནོ། །དེ་ནས་གཉིས་ཀྱིས་སྟོན་པ་ལ་བསྟོད་ནས་དེ་ལྟར་མི་འདོར་བ་ལེགས་སོ། །དེ་ནས་གཅིག་གིས་དེ་ཉིད་དམ་པར་གསོལ་བ་ལ་གནང་བ་བྱིན་ཏེ་གཏད་དོ། །དེས་ན་དམ་ཚིག་དམ་པ་དེ་ཉེ་བར་ཟུངས་ཤིག །ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་དམ་ཚིག་བརྟན་པར་རྡོ་རྗེར་བྱ་བའི་དུས་ལ་བབ། ཅེས་པའི་དོན་ཏེ་གང་དེ་ཉིད་ལས་མི་འདའ་བར་རིགས་ངེས་པར་གཟུང་ངོ་། །ལྔ་པ་ལ་གཉིས་ཏེ། འཁོར་གྱིས་དམ་ཚིག་བསྲུང་བའི་འབྲས་བུ་དྲིས་པ། ལན་སྒྲ་ཇི་བཞིན་པར་བསྟན་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། ཞེས་གསོལ་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་ནས་འདུས་པའི་ཚོགས་རྣམས་ཀྱིས། གང་བཅོམ་ལྡན་འདས་དེ་ལ་གསོལ་པ། སྟོན་པ་བཅོམ་ལྡན་འདས། བཅོམ་ལྡན་འདས་ནི་བདག་ཅག་རྣམས་ཀྱི་སྒྲོན་མ་ལགས་ན། བདག་ཅག་རྣམས་རང་རང་གི་དམ་ཚིག་འདི་ལ་གནས་ན། རིགས་ནི་གང་འཛིན་པར་འགྱུར། །གོ་འཕང་ནི་གང་དུ་ཐོབ་པར་འགྱུར་བ་ལགས ། བདག་ཅག་རྣམས་ལ་སྟན་དུ་གསོལ། ཞེས་གསོལ་ཏེ་རིགས་དང་འབྲས་བུ་གཉིས་དྲིས་པ་ལས། གཉིས་པ་ལ་གཉིས་ཏེ། ཉོན་ཅིག་པར་གདམས་པ། ལན་དངོས་བསྟན་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། ཉོན་ཅིག །ཅེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། བཅོམ་ལྡན་འདས་དེས་བཀའ་སྩལ་པ། འདུས་པའི་ཚོགས་རྣམས་རང་རང་གི་དམ་ཚིག་ལ་གནས་ན་རྣམ་སྨིན་གྱི་འབྲས་བུ་ཇི་ལྟར་འགྱུར་བ་དག་བཤད་ཀྱིས་ལེགས་པར་ཉོན་ཅིག་ཅེས་གདམས་པའོ།

這些是用於語言學術用途的完整直譯成簡體中文: 第十一:從”糞尿”到”誓言是”之間所述:對密語持者們宣說道:意趣了悟見解則一切皆壞,穿著糞尿汙染的衣服,其中衣服表意之義為眾生身體,緣於靈卡而斷敵方生相續,或了悟彼處如靈卡般生起種子之相續不可得而斷除,當作此事時,誦咒百次即十個十次,不捨而重複,將其力量應用於彼三摩地,安置於菩提剎土,如是所作真實故,即使執著多少勝者佛陀色身,也將壞滅並解脫為法身空性,因此這是最勝神聖的金剛咒語誓言。 第十二:從”欲貪”到”宣說故”之間所述:對珂女和低種姓惡吐者們宣說道:意趣了悟為法性則五種無關緊要的神聖資具,色聲等五種欲樂受用,在法性中安置為不具不離,以欲貪方式行持,是法性莊嚴誓言,無整體執著和努力的大樂本身最勝神聖誓言。如是宣說。 第三:從”大集會”到”不違彼而持”之間所述:如是顯示功德後,大集會眷屬眾極為歡喜愉悅,眾皆同聲祈請:“奇哉如意作王!我等心意滿足。您是我等主尊。您是我等君王。祈請攝受我等為無造作誓言。“以歡喜心祈請讚頌後,楞伽主尊明瞭義理,為了阻止彼等,世尊宣說道:對各自誓言義理祈請無誤神聖而生喜,賜予”阿吙”。然後以一句話對誓言和行為滿足心意,無誤。然後以兩句讚歎導師,如是不捨甚善。然後以一句祈請彼為神聖而給予允許並授予。因此請持近此神聖誓言!“吒薩哇匝薩瑪亞斯當”,意為堅固誓言成為金剛的時機已至,應當確定不違彼性而持。 第五分二:一、眷屬問守誓言之果;二、如實語回答。 第一:從”楞伽”到”如是祈請後”之間所述:楞伽主尊,然後集會眾等,向彼世尊祈請道:“導師世尊,世尊是我等明燈,我等若住於各自誓言,將持何種種姓?將獲何果位?祈請向我等宣說。“如是祈請,問了種姓和果位兩個問題。 第二分二:一、勸誡聽聞;二、顯示正答。 第一:從”楞伽”到”當聽”之間所述:楞伽主尊,彼世尊宣說道:“集會眾等若住各自誓言,異熟果將如何,我將宣說,當善聽。“如是勸誡。

།གཉིས་པ་ལ་གསུམ་སྟེ། ཉེ་བར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། ཨེ་མའོ། །ཞེས་པ་ནས། ཕྱེད་པར་མི་འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། ལོག་པའི་སྤྱོད་པ་དང་དམ་ཚིག་གིས་ཐར་དུ་རེ་བ་ལ་ངམ་པ་དང་ངོ་མཚར་བའི་ཚིག་ཨེ་མའོ་ཞེས་པས་དྲངས་ཏེ་མི་མ་ཡིན་པ་ལ་མིའི་མགོ་དང་ཐོད་པ་ཅན་གྱི་འཁོར་དུ་སྣང་བའི་ཚོགས་ཀུན། ཞེས་བོས་ནས། སྤྱིར་རང་རང་གི་དམ་ཚིག་ལ་ཞེན་པ་ནི་ནོར་བ་ཡིན་པས་ལྟུང་བའི་སྒོར་འགྱུར་བར་གསུངས་པས། ཁྱེད་རྣམས་ཀྱིས་རང་རང་གི་དམ་པ་སྨྲས་པའི་ཚིག་འདི་རྣམས་ནི་སོ་སོར་འཛིན་ཞེན་གྱི་རྟོག་པ་དགྲོལ་བར་དཀའ་བའི་མདུད་པས་བཅིངས་ནས་མི་ཐར་བའི་ཚིག་ཡིན་ཏེ། དེ་ལྟར་བཅིངས་པས་དུས་ནམ་ཡང་ཀུན་ནས་ཐར་ཞིང་ཡོངས་སུ་གྲོལ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཡང་དག་པའི་ཞེན་པ་ལའང་མི་གནས་པར་བྱ་བའི་ཕྱིར། ཡང་དག་པ་ཉིད་དུའང་བརྗོད་དུ་མེད་པ་ལ་ཡང་དག་པ་ཉིད་དོ་ཞེས་གང་སྨྲ་བ་དེ་ཡང་ཡང་དག་པ་ཉིད་དུའང་བརྗོད་ཅིང་བསམ་དུ་མེད་པ་ལ་དེ་ལྟར་བརྗོད་བསམ་བྱེད་པ་ཉིད་ཀྱང་འཆིང་བས་མདུད་པ་དམ་པོ་སྟེ་མདུད་པ་དེ་ལས་ཐར་ནས་དགྲོལ་བར་མ་བྱས་ན། ཆོས་ཀྱི་སྒོ་ལྕགས་ཤེས་རབ་ཀྱི་ཐ་རམ་ཕྱེད་པར་མི་འགྱུར་རོ་ཞེས་འཛིན་པའི་མདུད་པ་དགྲོལ་དགོས་པར་བཀའ་སྩལ་པའོ། །གཉིས་པ་ལ་བཅུ་སྟེ། ནག་པོ་དེད་དཔོན་གྱི་དམ་ཚིག་གིས་བདུད་ཀྱི་ལས་སུ་འགྲོ་བ། གུ་ལང་བུད་མེད་ཀྱི་དམ་ཚིག་གིས་མང་ལ་གྱི་སྲིན་བུར་སྐྱེ་བ། བྱིཥྞུའི་དམ་ཚིག་གིས་ཤན་པར་སྐྱེ་བ། མུ་སྟེགས་ཀྱི་དམ་ཚིག་གིས་འདམ་དུ་འགྲོ་བ། སྨེ་ཤ་ཅན་གྱིས་དམ་ཚིག་གིས་མདངས་བཅུད་འཕྲོག་པ། གནོད་སྦྱིན་གྱི་དམ་ཚིག་གིས་ལོག་འཚོར་འགྲོ་བ། ལོག་སྲེད་ཅན་གྱི་དམ་ཚིག་གིས་རིགས་ཆད་པར་འགྲོ་བ། ཤྭ་བར་བའི་དམ་ཚིག་གིས་དྲན་པ་ཉམས་པར་འགྱུར་བ། གསང་ཚིག་སྟེན་པའི་དམ་ཚིག་གིས་སྐྱོན་དུ་འགྱུར་བ། སྲིན་མོ་དང་ཕྲ་མེན་མ་དང་ངན་སྐྱུགས་ཅན་གྱི་དམ་ཚིག་གིས་འབྱུང་པོ་ཁྲག་གི་དྲི་སྣོམ་པའི་ལུས་ལེན་པར་བསྟན་པའོ། །དང་པོ་ནི། མཚམས་མེད། ཅེས་པ་ནས། ལས་ཞེས་བཤད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་མི་གྲོལ་བ་སོ་སོའི་དམ་ཚིག་ཕུལ་བ་དང་སྦྱར་ནས་བསྟན་པ་ནི། རྩ་བའི་རྒྱུད་ལས་ལྟུང་བའི་སྒོ་དགུ་ལ་འདི་ཉིད་དུ་བཅུ་དྲུག་ཏུ་བསྟན་པ་དེ་འདིར་གང་སྙམ་པ་ལ། དང་པོ་དང་སྡེབ་ནས། མཚམས་མེད་ལྔ་ལ་སོགས་པ་བྱེད་པ་དང་། གཞན་གྱི་སྡེ་པ་འཇོམས་པ་ཡིས་ནི་རྣམ་པར་གྲོལ་བར་མི་འགྱུར་ཏེ། རྒྱུ་འདི་ནི་རྣམ་སྨིན་དམྱལ་བ་དང་རྒྱུ་མཐུན་བདུད་ཀྱི་གནས་དང་སྲིན་པོར་ལྟུང་བའི་ལས་ཀྱི་སྒོ་ཞེས་སུ་བཤད་དོ། །གཉིས་པ་ནི། ཆགས་པའི། ཞེས་པ་ནས། སེམས་ཅན་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། གཉིས་པ་དང་བཅུ་པར་སྡེབས་ཏེ། ཆགས་པའི་ལས་སམ་སྦྱོར་བ་དག་ལ་དམ་པར་བྱེད་པ་ནི། ཆགས་པའི་དབང་གིས་ལོག་སྤྱོད་དེར་རྨོངས་ཏེ་ཞེན་པ་དེ་དག་མངལ་གནས་དེ་ཡི་གྲོང་ཁྱེར་དུ་གནས་པར་འགྱུར་ཞིང་དེ་ཡི་གནས་ཀྱི་སེམསས་ཅན་ཡིན་པས་མགལ་གྱི་སྲིན་བུར་ལྟུང་བའོ། །གསུམ་པ་ནི། གང་དུ། ཞེས་པ་ནས། རྩ་བ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། གང་དུ་ཞེ་སྡང་གི་བསམ་པས་གཞན་གསོད་པའི་ལས་ཀྱིས་འགྲོ་བ་གང་གི་ལུས་དང་སྲོག་ཕྲལ་ནས་གསོད་ན་རྒྱུ་མཐུན་གྱི་འབྲས་བུ་ཤན་པ་སོགས་སྲོག་ཆགས་གསོད་པའི་རིགས་དག་ཏུ་ལྟུང་བར་འགྱུར་བས་རྣམ་སྨིན་དམྱལ་བའི་སྡུག་བསྔལ་གྱི་རྩ་བ་ཆེན་པོ་ཡིན་ནོ།

這些是用於語言學術用途的完整直譯成簡體中文: 第二分三:略示、廣說和總結。 第一:從”奇哉”到”不能開”之間所述:對於以邪行和誓言希望解脫者,以表示驚訝和驚歎的詞語”奇哉”引出,呼喚”非人頭部和頭蓋骨眷屬中顯現的一切眾”後說:一般而言,執著各自誓言是錯誤的,已說會成為墮落之門,你們各自所說的神聖語言,被難以解開的各別執著分別唸的結縛束縛而不得解脫的語言,如是被束縛,任何時候都不能完全解脫。為什麼呢?為了不住於真實執著,對不可言說為真實而說”此即真實”,對不可言說不可思議而如是言說思維者,也是緊密束縛的結,若不從該結解脫而解開,則不能打開法門鎖、智慧門閂。如是宣說需要解開執著之結。 第二分十:一、黑色商主的誓言導致魔業;二、古蘭女性的誓言導致生為胃蟲;三、毗溼奴的誓言導致生為屠夫;四、外道的誓言導致墮入泥沼;五、食肉者的誓言導致奪取光彩精華;六、夜叉的誓言導致邪命;七、邪欲者的誓言導致種族斷絕;八、狗行者的誓言導致失念;九、密語持者的誓言導致過錯;十、羅剎女、珂女和惡吐者的誓言導致獲得嗅血鬼神之身。 第一:從”五無間”到”所說業”之間所述:如是不解脫與各自獻上的誓言相結合而示:根本續中所說的九種墮門,此處說為十六,對此所思,與第一結合:行五無間等罪業,及摧毀他部派,不會獲得解脫,此因是異熟地獄,等流魔住處和羅剎墮落的業門。 第二:從”貪慾”到”眾生是”之間所述:第二與第十合併:將貪慾業或行為視為神聖,由貪慾力而邪行迷惑執著彼等,將住於胎居之城,是彼處住所眾生,故墮為胃蟲。 第三:從”何處”到”根本是”之間所述:以何處嗔恨心殺害他人之業,斷離任何眾生身命而殺害,等流果墮為屠夫等殺生類,是異熟地獄苦的大根本。 ;

།བཞི་པ་ནི། རྒྱལ་བ། ཞེས་པ་ནས། བྱིང་བར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། ལྔ་པ་དང་སྡེབས་ནས། རྒྱལ་བ་རྣམས་ཀྱི་དགོངས་པ་ནི་མཚན་མ་རྣམ་པར་དག་པ་ཡིན་པས། གང་གི་ཚེ་བདེ་གཤེགས་རྒྱལ་བ་ཞལ་དུ་ཐོད་པ་ལ་སོགས་པ་སྨད་པའི་རྫས་ནི་སྣ་ཚོགས་ཀྱིས་ཤ་ཁྲག་དང་བདུད་རྩི་སོགས་ཡོངས་སུ་བསྟབས་པ་གང་བྱས་པ་དེ་ཡི་ཚེ་ན་ནག་པོའི་ལས་ཀྱི་རྣམ་སྨིན་གྱིས་ཐར་པ་མེད་པའི་ནད་ཀྱིས་བཟུང་ནས་ནི་ཡི་དྭགས་སུ་ལྷུང་ཞིང་ངན་སྐྱུགས་ཀྱི་འདམ་དུ་བྱིང་བར་གྱུར་ཏེ་དེའི་སྐྱེ་བོར་སྐྱེ་བར་འགྱུར་རོ། །ལྔ་པ་ནི། ཤ་དང་། ཞེས་པ་ནས། ཡལ་བར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། དྲུག་པ་དང་སྡེབས་ནས། ཤ་དང་ཁྲག་ལ་སོགས་པའི་ཁ་ཟས་དེ་དག་སྤྱོད་པ་ནི་རྐུ་བའི་རྔམ་ཟས་ཆེན་པོ་ཡིན་ཏེ་དེ་ལྟར་གང་གིས་ཟོས་པའི་ལུས་རྣམས་ལ་དྲི་ཡིས་འཚོ་བར་བྱེད་པ་དྲི་ཟ་དང་སྲིན་བུ་མང་པོ་ཀུན་འདུས་ནས་མདངས་དང་བཅུད་རྣམས་འཕྲོགས་པར་བྱེད་ཅིང་སྲོག་གཅོད་པ་དང་། ལས་དེས་རྣམ་པར་སྨིན་པ་ནི་གཟི་མདངས་ཡལ་བ་ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །ཕྱག་དཔེ་གཅིག་ན་འདིར། ཅིའི་ཕྱིར་ཇི་སྟེ་དེ་རྣམས་བཟའ། །ཞེས་པའི་རྐང་པ་གཅིག་བཞུགས་སོ། །དྲུག་པ་ནི། དེ་ཉིད། ཅེས་པ་ནས། དམ་པོ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། བཞི་པ་དང་སྡེབས་ཏེ། རང་གི་སེམས་ཀྱི་དེ་ཉིད་རིན་ཆེེན་ལྟ་བུ་ཡོད་བཞིན་དུ། གཞན་གྱི་རིན་ཆེན་སོགས་མ་བྱིན་པར་སྤྱོད་ཅིང་རྐུ་བས་ལེན་པ་བྱ་བ་ལོག་པས་ལོག་པར་འཚོ་བའི་ཆོས་ཡིན་པས་ལས་འདི་དག་ཀྱང་མདུད་པ་དམ་པོ་ཡིན་པས་རྣམ་སྨིན་ཡི་དྭགས་སུ་ལྟུང་བར་འགྱུར་བའོ། །བདུན་པ་ནི། དཀར་ནག །ཅེས་པ་ནས། ཁམས་སུ་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། བཅུ་གཉིས་པ་དང་སྡེབས་ཏེ། དཀར་ནག་གི་ལས་ལ་ཁྱད་པར་མེད་དོ་ཞེས་ཟེར་ནས་དགེ་སྡིག་ཐམས་ཅད་ཁྲ་བོར་འདྲེན་མར་སྤྱོད་པ་ནི་ཡང་དག་པའི་རིགས་མེད་པར་རིགས་ཆད་ལོག་པའི་རིགས་སུ་ལྟུང་བས་འབྲས་བུ་ལོག་པར་ལྟ་བའི་ཁམས་སུ་འགྱུར་ཏེ་མུ་སྟེགས་སུ་ལྟུང་བའི་སྒོའོ། །བརྒྱད་པ་ནི། བདེར་གཤེགས། ཞེས་པ་ནས། ཉམས་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། བཅུ་གཅིག་པ་དང་སྡེབས་ནས། བདེར་གཤེགས་མཉེས་བྱའི་ཆོ་ག་དང་སྔགས་ཀྱི་ལས་རྣམས་ལ་མཚོན་པའི་ཡན་ལག་ཚིག་ཏུ་མ་དག་པར་རྫུན་བྱས་ན་ཉེས་པར་བྱས་པའི་ལས་ཀྱི་རྒྱུ་དེས་ནི། གང་གི་དུས་རྣམས་ཐམས་ཅད་དུ་དབང་པོ་དང་ཡན་ལག་མ་ཚང་ཞིང་དྲན་པའི་སྙིང་པོ་ཉམས་པ་དག་ཏུ་སྐྱེ་བར་འགྱུར་རོ། །དགུ་པ་ལ་བདུན་ཏེ། ཁྲོ་བོ་རང་རྒྱུད་པར་བསྒོམ་པས་ལས་ཀྱི་སྲིན་པོར་སྐྱེ་བ། ཁྲོ་མོ་རང་རྒྱུད་པར་བསྒོམ་པས་སྲིན་མོར་སྐྱེ་བ། ཕྲ་མེན་མ་རང་རྒྱུད་དུ་བསྒོམ་པས་ཤོ་གམ་གྱི་གཅན་ཆེན་དུ་སྐྱེ་བ། དབང་ཕྱུག་མ་རང་རྒྱུད་པར་བསྒོམ་པས་གནོད་སྦྱིན་ནག་མོའི་ལུས་སུ་སྐྱེ་བ། རྒྱན་ཆས་རང་རྒྱུད་པར་བསྒོམ་པས་བྲམ་ཟེ་མི་སྡུག་པའི་ལུས་སུ་སྐྱེ་བ། བསྒོམ་བྱ་ཐམས་ཅད་རང་རྒྱུད་བར་བསྒོམ་པས་འཛིན་པའི་ཕུར་པར་འགྱུར་བ། རྒྱུའི་ཡི་གེ་རང་རྒྱུད་པར་བསྒོམ་པས་ཙན་དན་གྱི་སྤྲུལ་གདུག་པ་ལ་སོགས་སུ་སྐྱེ་བའོ། །དང་པོ་ནི། བདེར་གཤེགས། ཞེས་པ་ནས། རིག་འཛིན་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། འདི་དག་བཅུ་གསུམ་པ་དང་སྡེབས་ནས། བདེར་གཤེགས་རྒྱལ་བ་ཁྲོ་བོའི་སྐུ་ལ་སོགས་བསྒོམ་ཞིང་སྔགས་ཟློས་པར་བྱེད་པ་ན། ཁྲོ་བོ་ཆེན་པོའི་ཚུལ་གྱི་ཆ་མཐུན་དུ་བཅོས་ཏེ་བསྒོམ་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་སོགས་ཁྲོ་ཚུལ་ལྟར། གང་དག་གིས་རང་རྒྱུད་པར་བཟུང་ནས་དེར་བརྟགས་ཏེ་ཡུན་དུ་གོམས་པས་དེར་ཡང་ཆ་མཐུན་དུ་རེད་ན་ལས་ཀྱི་སྲིན་པོའི་རིགས་འཛིན་པ་ཡིན་པས་སྲིན་པོར་ལྟུང་བའི་སྒོའོ།

這些是用於語言學術用途的完整直譯成簡體中文: 第四:從”勝者”到”沉沒”之間所述:與第五結合:諸勝者的意趣是相清淨,當以各種下劣物品如頭蓋骨等盛放肉血和甘露等供養善逝勝者之時,由黑業異熟,被無解脫之病所執,墮為餓鬼,沉沒於惡吐泥沼,將轉生為彼眾生。 第五:從”肉與”到”消失”之間所述:與第六結合:食用肉與血等食物是大偷盜貪食,如是,食用者身上會聚集許多依氣味生存的食氣鬼和蟲類,奪取光彩精華並殺生,此業異熟將生為光彩消失的餓鬼。在一部手抄本中,此處有一句偈頌:“為何應食彼等物?” 第六:從”彼性”到”緊密是”之間所述:與第四結合:自心彼性猶如寶貴存在,卻取用未給予的他人珍寶等,以不正行為而竊取,是邪命法,此等業也是緊密束縛,異熟將墮為餓鬼。 第七:從”黑白”到”界中成”之間所述:與第十二結合:聲稱黑白業無差別,善惡一切混雜行持,將墮入無真實種姓的斷絕邪種姓,果報成為邪見界,是墮入外道之門。 第八:從”善逝”到”衰損”之間所述:與第十一結合:若在善逝悅意儀軌和咒語事業中,以不清淨支分詞語造假,將因作惡業因,於一切時生為諸根肢體不全且失去記憶精華者。 第九分七:一、修忿怒尊為自相續而生為業羅剎;二、修忿怒母為自相續而生為羅剎女;三、修珂女為自相續而生為稅吏大獸;四、修自在母為自相續而生為黑夜叉女身;五、修飾物為自相續而生為醜陋婆羅門身;六、修一切所修為自相續而成為執著的橛;七、修因字為自相續而生為旃檀幻化毒蛇等。 第一:從”善逝”到”持明是”之間所述:此等與第十三結合:當修善逝勝者忿怒身等並誦咒時,偽裝為與大忿怒相應,修神變幻術等如忿怒方式,若有人執為自相續並作如是觀想,長時修習,若與之相應,則是持業羅剎種,是墮入羅剎之門。

།གཉིས་པ་ནི། འོག་ནས། མ་མོ་རྔམ་པའི། ཞེས་པ་ནས། དེ་དག་འཁོར། །ཞེས་པའི་བར་གྱིས་བསྟན་ཏེ། མ་མོ་ཀོ་རི་བརྒྱད་རྣམས་རྔམ་པའི་ཆ་ལུགས་སུ་གང་གི་རྟོག་པ་རང་རྒྱུད་པ་དེར་གཟུང་ནས་བསྒོམ་ན་སྲིན་མོ་མི་སྡུག་པ་དང་ཤ་ཟ་མོར་སྐྱེས་ཏེ་ལང་ཀའི་ཡུལ་དུ་དེ་དག་འཁོར་བར་འགྱུར་བ་སྲིན་མོ་བརྒྱད་དུ་སྐྱེ་བའོ། །གསུམ་པ་ནི། མཚན་མའི། ཞེས་པ་ནས། རྟག་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། སིདྷ་ལ་སོགས་པ་མཚན་མའི་མགོ་བརྙན་གྱི་བླ་དྭགས་ཅན་ལྟར་དེ་འདྲར་གང་གིས་ངེས་པར་བརྟགས་ནས་རང་རྒྱུད་པར་སྒོམ་ན་ཕུང་པོ་ཟིལ་གྱིས་མི་ནོན་པར་ཤོ་གམ་གནས་ཀྱི་སེང་སྟག་ལ་སོགས་པ་གཅན་གཟན་ཆེན་པོའི་རིགས་སུ་སྐྱེ་བ་འཛིན་ཅིང་གནས་དེར་རྟག་ཏུ་འཁོར་བར་འགྱུར་བས་ཤོ་གམ་གཅན་ཆེན་དུ་ལྟུང་བའི་སྒོའོ། །བཞི་པ་ནི། ལས་ཀྱི། ཞེས་པ་ནས། འཚེ་བ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། ལས་ཀྱི་དབང་བཙན་པའི་བྲན་མོའི་ཚོགས་ཀྱི་དབང་ཕྱུག་མ་ཉེར་བརྒྱད་ལྟ་བུ་དེ་འདྲ་ཉིད་དུ་རང་རྒྱུད་པ་དེར་རྣམ་པར་བརྟགས་ནས་སྒོམ་ན་གནོད་སྦྱིན་ནག་མོའི་ཚོགས་སུ་འགྱུར་ཞིང་གཞན་གྱི་ཚེ་སྲོག་ལ་འཚེ་བར་བྱེད་པ་ཡིན་པས་གནོད་སྦྱིན་མོ་ཉི་ཤུ་རྩ་བརྒྱད་དུ་ལྟུང་བའི་སྒོའོ། །ལྔ་པ་ནི། གོང་ནས། རྒྱན་དང་ཆ་ལུགས། ཞེས་པ་ནས། ཡན་ལག་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། དུར་ཁྲོད་ཀྱི་ཆས་ལ་སོགས་པ་རྒྱན་དང་གར་དགུ་སོགས་ཁྲོ་བོའི་ཆ་ལུགས་ཐམས་ཅད་ཀུན་ཀྱང་གང་གིས་དེ་དང་དེར་རང་རྒྱུད་པར་བརྟགས་ཏེ་སྒོམ་ན། གླང་ཆེན་ཀོ་རློན་གྱིས་གཏི་མུག་གི་ཞིང་སྤུངས། ཞིང་གི་གཡང་གཞིས་དུར་ཁྲོད་ཀྱི་བདག་པོར་སྐྱེ། སྟག་གི་ཤམ་ཐབས་ཀྱི་ཕྲག་དོག་གི་རླུང་འཚུབ། སྦྲུལ་གྱི་ཆུན་པོས་ཞེ་སྡང་གི་མེ་འབར་བ་སོགས་སུ་འགྱུར་བས་དོན་གྱི་ལྷ་ཆེན་པོར་ལྟུང་བའི་སྒོ་སྟེ་རྒྱུ་མཐུན་གྱི་དབང་ངོ་། །དབུ་གསུམ་ཕྱག་དྲུག་སོགས་རང་རྒྱུད་པར་གོམས་པས་བྱོལ་སོང་མགོ་གསུམ་པ་དང་བྲམ་ཟེ་མི་སྡུག་པའི་ལུས་དང་རིགས་སོགས་འཛིན་པ་རྣམས་སུ་སྐྱེ་ཞིང་། ཀླུ་འབྲུག་ལག་མང་དང་ཆུ་སྲིན་དང་ཉ་ལ་སོགས་ཡན་ལག་ཅན་དུ་འབྱུང་བ་རྣམ་པར་སྨིན་པའོ། །དྲུག་པ་ནི། ཏིང་འཛིན། ཞེས་པ་ནས། ཆེན་པོར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། ལྷ་དང་གཞལ་ཡས་ཁང་ལ་སོགས་པ་སྒོམ་པའི་ཏིང་ངེ་འཛིན་དང་རྟོག་པ་ཐམས་ཅད་ཀུན་ཀྱ ང་མི་དམིགས་པས་མ་ཟིན་པར་གང་གིས་དེ་དང་དེར་རྣམ་པར་བརྟགས་ཏེ་རང་རྒྱུད་པར་སྒོམ་ན་གང་ཅི་ལ་ཡང་རྣམ་པར་རྟོག་ཅིང་ཆགས་པ་ཡི་འཛིན་པའི་ཕུར་པ་ཆེན་པོར་འགྱུར་བས་རུ་ཏྲར་ལྟུང་བའི་སྒོའོ། །བདུན་པ་ནི། ཨ་དང་། ཞེས་པ་ནས། གེགས་ཆེན་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། མ་སྐྱེས་པའི་ཡི་གེ་ཨ་དང་ཐུགས་ཀྱི་ཡི་གེ་ཧཱུྃ་ལ་སོགས་པ་ཡི་རྒྱུ་ཡི་ཡི་གེ་ཐམས་ཅད་ཀུན་ཀྱང་དེ་དག་སོ་སོར་མཚན་མ་རང་རྒྱུད་པ་དེར་བརྟགས་ནས་སྒོམ་ན་མཆོད་རྟེན་ཧྲུལ་པོའི་སེམས་ཅན་དང་ཙན་དན་གྱི་སྦྲུལ་གདུག་པ་ལ་སོགས་པར་ལྟུང་བར་འགྱུར་བས་གཟུགས་ཕུང་གི་རྟོག་པ་མི་ཤིགས་པའི་གེགས་ཆེན་པོ་ཡིན་པར་རྗེས་སུ་འཇུག་པའི་རྣལ་འབྱོར་གྱི་གཞུང་། ཏིང་ངེ་འཛིན་མཆོག་གི་རྒྱུད་ལས་ཀྱང་རྒྱས་པར་འབྱུང་ངོ་། །བཅུ་པ་ནི། ཁྲག་ལ་སོགས་པའོ། །ཞེས་པ་ནས། འཛིན་པ་ཡིན། །ཞེས་པའ་ིབར་གྱིས་བསྟན་ཏེ། འདི་ནི་བདུན་པ་དང་བརྒྱད་པ་དགུ་པ་རྣམས་དང་སྡེབས་ནས། ཁྲག་དང་ཤ་ཆེན་ལ་སོགས་པའི་རྫས་ཆེན་པོ་ལྔ་ཡང་དངོས་པོ་ཁོ་ནར་དེར་བརྟགས་ཏེ་རང་རྒྱུད་པར་ཞེན་པས་ཆགས་པར་བསྟེན་ན་འབྱུང་པོ་ཁྲག་གི་དྲི་ལ་སྣོམ་པའི་ལུས་ལེན་ཅིང་དེའི་རིགས་ནི་འཛིན་པ་ཡིན་པས་བགེགས་ཆེན་པོར་ལྟུང་བའི་སྒོའོ།

這些是用於語言學術用途的完整直譯成簡體中文: 第二:從下文”兇猛母”到”彼等眷屬”之間所述:若有人執著八種兇猛母神柯利為自相續而修持,將生為醜陋羅剎女和食肉女,轉生於楞伽國成為彼等眷屬,即生為八種羅剎女。 第三:從”相的”到”恆常成”之間所述:若有人確定修持如悉地等相的頭像標籤為自相續,則不能降伏蘊體,將持生為稅關處的獅虎等大猛獸種類,恆常流轉於彼處,是墮為稅關大獸之門。 第四:從”業力”到”損害是”之間所述:若觀想修持如二十八位業力強大的奴婢眾自在母為自相續,將成為黑夜叉女眾,對他人生命造成損害,是墮為二十八夜叉女之門。 第五:從上文”飾物和裝束”到”肢體生”之間所述:若有人觀想修持墓地裝束等所有飾物和九種舞姿等忿怒裝束為自相續,將成為以溼象皮堆積愚痴之田,以田基為墓地主,以虎裙為嫉妒風暴,以蛇束為嗔怒烈火等,是墮為大天神之門,即等流之力。由於習慣三頭六臂等為自相續,將生為三頭畜生和醜陋婆羅門身與種姓等執著者,龍、龍象多臂和鱷魚、魚等有肢體者,是異熟果。 第六:從”禪定”到”大橛成”之間所述:若不以無所緣攝持而觀想修持一切天尊、宮殿等的禪定和觀想為自相續,將成為對一切分別執著的大執著橛,是墮為魯札羅之門。 第七:從”阿字與”到”大障是”之間所述:若將無生阿字和心咒吽字等一切因字,各別觀想為自相續相而修持,將墮為破敗佛塔眾生和旃檀毒蛇等,是色蘊不壞分別的大障礙,如在隨行瑜伽典籍《最勝三摩地續》中也有詳細闡述。 第十:從”血等”到”執持是”之間所述:此與第七、第八、第九結合:若將血和人肉等五大物質僅視為實物而執著為自相續,以貪著修持,將獲取嗅聞血氣的鬼神之身,執持彼種姓,是墮為大障礙之門。

།གསུམ་པ་ནི། འོག་ནས། དེས་ན་མདུད་པ། ཞེས་པ་ནས། བཀའ་སྩལ་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། སྐྱོན་དེ་ལྟར་ཆེ་བ་དེས་ན་རང་རང་གི་དམ་ཚིག་ལ་འཛིན་པ་དགྲོལ་དཀའ་བས་མདུད་པ་དམ་པོ་འདི་ནི་སྡུག་བསྔལ་གྱི་ཁུར་དུ་ལྕི་ཞིང་ཁམས་གསུམ་ལས་མི་ཐར་བའི་གདོས་དང་འདྲ་བ་ཡིན་ཏེ། དེ་ལྟ་བུའི་ཕྱིན་ཅི་ལོག་ཏུ་འཆལ་བར་གྱུར་པའི་ལྟ་བ་ངན་པའི་ལིང་ཏོག་གིས་ཤེས་རབ་ཀྱི་མིག་ལོང་ནས་རང་གི་རིག་པ་སེམས་ཀྱི་ཆོས་ཉིད་ཡིད་བཞིན་ནོར་བུ་ལྟ་བུའི་རིན་ཆེན་དེ་ཉིད་རྟག་པ་དང་ཆད་པ་གཉིས་ཀྱི་ལྟ་བ་ངན་པའི་ཁམས་སུ་སྟོར་ནས་བརླག་པར་འགྱུར་བའོ། །དེ་སྐད་ཅེས་བཀའ་སྩལ་པ་ལས། དྲུག་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། འདུས་པའི་ཚོགས། ཞེས་པ་ནས། ཆད་པར་ངུས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་འདུས་པའི་ཚོགས་དེ་དག་རང་རང་གི་ལྟ་སྤྱོད་དང་དམ་ཚིག་ལ་ཞེན་པས་རྟོག་པའི་ནད་ཀྱིས་ཟིན་ཅིང་། དོན་དེ་ཐོས་པས་རང་རང་གི་དམ་ཚིག་རྣམས་སྔོན་ལ་མ་ནོར་བར་གསུངས་ཀྱང་གཞུག་ཏུ་བོར་བས་ལས་ལོག་པར་རིག་ནས་། ཨེ་མའོ་ཞེས་ངམ་སྟེ་སྒྱུ་མའི་བདག་པོས་ནི་སྔར་མཐུན་འཇུག་ཏུ་བསྟན་པ་དེས་བདག་ཅག་བསླུས་སོ། །ཞེས་བརྗོད་ནས་ནོར་བ་སྤྱད་པ་ལ་འགྱོད་དེ་རྨ་ག་ཆད་པར་ངུས་སོ། །གཉིས་པ་ལ་གསུམ་སྟེ། ཞེན་པ་སྒྲོལ་བའི་ཕྱིར་ངེས་མེད་དུ་བསྟན་པ། དྲིས་ལན་རྒྱས་པར་བཤད་པ། དེ་ལྟར་བསྟན་པའི་ཡོན་ཏན་ནོ། །དང་པོ་ནི། དེའི་ཚེ་དེའི་དུས་ན། ཞེས་པ་ནས། དེའི་ཕྱིར་ཆོས་ཐམས་ཅད་ངེས་པ་མེད་པར་ང་སྨྲའོ། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པ་དཔལ་གྱིས་བཀའ་སྩལ་པ་དེའི་ཚེ་ལས་རྒྱུད་ལོག་པས་གདུང་ནས་ངུས་པ་དེའི་དུས་གཉིས་གཅིག་པར་གྱུར་པའི་སྐབས་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། ཀྱེ་རིགས་ཀྱི་བུ་དག་རང་རང་གི་སེམས་ཀྱིས་སྔར་བྱས་པའི་ལས་ཀྱི་རྒྱུད་ལ་རྣམ་པར་ལྟོས་ཤིག་ཅེས་གདམས་ནས་བཀའ་སྩལ་པ་ལས། འདུས་པའི་ཚོགས་དེ་དག་གིས། རང་རང་གི་ལས་ཀྱི་རྒྱུད་བྱ་བ་ཇི་ལྟ་བུ་ཡིན་པར་རང་རང་གིས་བརྟགས་ཏེ་བལྟས་པ་ན། ལས་ཀྱི་རྒྱུད་ཐམས་ཅད་དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་རིག་པ་ལ་སྣང་བས་གློ་བུར་གྱི་དྲི་མ་ལྟ་བུའི་སྒྲིབ་པ་ཡིན་པར་ཡང་དག་པར་ཤེས་པར་གྱུར་ཏེ། ལང་ཀའི་བདག་པོ། དེ་དག་གིས་དོན་མ་ནོར་བ་རྟོགས་པར་འདོད་ནས་བཅོམ་ལྡན་འདས་དེ་ལ་གསོལ་པ། ཨེ་མའོ་བཅོམ་ལྡན་འདས་བདག་ཅག་རྣམས་ཀྱི་དམ་ཚིག་ནི་ལོག་པའི་དཀའ་ཐུབ་ཏུ་གྱུར་པར་ངེས་པ་རྙེད་ན། དེའི་རྒྱུ་མ་ནོར་བའི་དོན་ལ་འདོད་པ་སྐྱེས་པས། འདི་དག་ཉིད་ཡང་དག་པའི་དཀའ་ཐུབ་ཏུ་མཛད་དུ་གསོལ་ཞེས་ཡང་དག་པའི་དོན་རྙེད་པར་འདོད་པའི་སྒོ་ནས་ཐར་པའི་ཐབས་ཞུས་པ་དང་། ཇི་ལྟར་རང་རང་གི་དམ་ཚིག་རྣམས་མ་བཀག་པར་སྤྱོད་བཞིན་དུ་ཞེས་ཞེན་པའི་སྒོ་ནས་རང་རང་གི་དམ་ཚིག་ལ་གནས་པར་ཞུས་ཤིང་། ཆོས་ཉིད་ཀྱི་དཀའ་ཐུབ་ཏུ་མཛད་དུ་གསོལ། ཞེས་ནོར་བར་རིག་ཀྱང་ཞེན་པ་དང་མ་བྲལ་བས་རྟོགས་པའི་སྒོ་ནས་དམ་ཚིག་དམ་པར་མཛོད་ཅིག་པར་ཞུས་པའོ། །དེེ་ཉིད་དགོས་ཆེད་ཅིའི་སླད་དུ་ཞེ་ན། བདག་ཅག་རྣམས་ནི་རང་རང་གི་ནོར་བའི་དཀའ་ཐུབ་ཀྱི་དམ་ཚིག་ལ་ཆགས་ཤིང་ཞེན་པ་ལགས་པས་དགྲོལ་བར་མཛད་པར་གསོལ་བ་འདེབས་སོ། །དེ་ཡང་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ་མཚན་ཉིད་མ་ངེས་པས་ཅིར་ཡང་འགྱུར་བ་ལགས་པས་དགྲོལ་དུ་བཏུབ་པས་སོ། །གསང་སྔགས་ཐེག་པ་ཆེན་པོའི་སྒོ་འདི་ནི། ལོག་པའི་སྒྲིབ་པ་ཀུན་སྲེག་པས་བསྐལ་པའི་མེ་དཔུང་ལྟ་བུ་ལགས་སོ། །དེ་བཞིན་དུ་གོ་སྐབས་ཡངས་པས་ནམ་མཁའ་ལྟ་བུ་དང་། སྤང་ལེན་མེད་པར་ཀུན་ཐེག་པས་ས་ཆེན་པོ་ལྟ་བུ་དང་། འཐོར་སྟོབས་ཆེ་ཞིང་ངོས་བཟུང་མེད་པར་ཅིར་ཡང་སྣང་བའི་ཐབས་མཆོག་དང་ལྡན་པས་རླུང་ཆེན་པོ་ལྟ་བུ་ལགས་སོ།

這些是用於語言學術用途的完整直譯成簡體中文: 第三:從下文”因此結”到”宣說後”之間所述:過失如此之大,因此對各自誓言的執著難以解開,此緊密結是痛苦重擔,如同不得解脫三界的桎梏,如此顛倒放逸的惡見鎖眼使智慧眼盲,喪失自己如意寶珠般的心性法性珍寶,將迷失於常見斷見二種惡見界中。如是宣說後。 第六分二:略示與廣說。 第一:從”眾”到”哭斷淚流”之間所述:然後彼眾各自被見解、行為和誓言執著的分別病所執,聽聞此義後,了知雖先前所說各自誓言無誤,但後來棄捨,業已顛倒,喊道”奇哉!幻化主先前示現隨順,已欺騙我等。“說罷,悔恨邪行,哭斷淚流。 第二分三:為解執著而示現無定,詳解問答,如是示現的功德。 第一:從”彼時彼刻”到”故我說一切法無定”之間所述:具德尊者宣說時,彼等因業續顛倒而痛苦哭泣,時間為二一合之際,世尊宣說:“善男子們!當觀察各自心所造之業續。“指示後宣說:彼**眾各自觀察思維何為自己的業續時,了知一切業續如同鏡中影像般顯現於覺性,是如暫時垢染般的遮障。楞伽主尊,彼等欲解無誤義,向彼世尊祈請:“奇哉世尊!若我等確定誓言成為顛倒苦行,因此希求無誤因義,祈請使彼等成為真實苦行。“以欲得真實義的方式請求解脫方法,並以”如何不阻止而行持各自誓言”的執著方式請求住於各自誓言,又以”請使成為法性苦行”的方式,雖知錯誤但未離執著,以了悟方式請求”請使誓言成為神聖”。 此需求為何目的呢?“我等執著迷戀各自錯誤苦行誓言,故祈請解開。因一切法如幻,特性不確定,可變為任何,故可解開。此大乘密咒之門,如劫火焚燒一切邪障;同樣,因機會廣大如虛空,無取捨普載如大地,散力大且無所住,顯為任何相的最勝方便具足,如大風。”

།དེས་ན་རྣམ་རྟོག་ལོག་པའི་ཚོགས་དེ་དག་སྦྱོང་ཞིང་ཤོང་ལ་ཡང་དག་པར་སྐྱེ་བ་དང་གཡེང་བ་ཡང་ཡིན་པས་དཔེ་བཞིའི་སྒོ་ནས་སྣང་ལ་མ་ངེས་པའི་ཆོས་གང་ཡང་མི་སྤོང་བར་རྟོགས་པའི་སྒོ་ཞུས་པ་དང་། དེར་མ་ཟད་དེ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཐབས་ཀྱི་ཕུང་པོ་མང་པོ་རྒྱ་མཚོ་ལྟ་བུའི་མངའ་བདག་ཏུ་གྱུར་པ་ལགས་པས། བདག་ཅག་སོ་སོའི་མོས་པའི་བསམ་པ་ཐ་དད་པ་ཇི་ལྟ་བ་བཞིན་དུ་དེ་དང་མཐུན་པར་གྲོལ་བའི་ཐབས་ཀྱི་སྒོ་ཟབ་མོ་བཤད་དུ་གསོལ་ཞེས་གསོལ་བ་བཏབ་ཅིང་ཞུས་པ་ལས། ལང་ཀའི་བདག་པོ་ཞེས་བོས་པ་ནི་ལོ་རྒྱུས་གསུངས་པའི་ཕྱིར་ཏེ། བཅོམ་ལྡན་འདས་དེས་ལན་དུ། འཁོར་རྣམས་མ་ནོར་བའི་དོན་ལ་མོས་པ་ལ་དགྱེས་པ་ཆེན་པོའི་ཞལ་བཞད་པ་མཛད་ནས་གནང་སྟེ་ཀྱེ་རིགས་ཀྱི་བུ་དག་ཞེས་བོས་ནས་ཐེག་པ་ཆེན་པོའི་དོན་འདི་ཉིད་དེ་ལྟར་ཞུ་བ་ནི་ལེགས་ན། འོན་ཀྱང་གསང་བའི་རང་བཞིན་འདི་ནི་རྟོགས་པར་དཀའ་བས་བཅུ་གཅིག་ཀུན་ཏུ་འོད་ལ་བཞུགས་པའི་སངས་རྒྱས་དང་ས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེ་བ་ཡིན་ན། ཁྱེད་རྣམས་ཡིད་ཆེད་པར་དཀའ་བ་ལྟ་ཅི་སྨོས། དེ་སྐད་ཅེས་བཀའ་སྩལ་པ་ལས། འདུས་པའི་ཚོགས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཐེ་ཚོམ་སྐྱེ་བར་བགྱིད་པ་ནི་ངེས་པ་མ་མཆིས་པ་ལགས་ན། གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངེས་པའི་དོན་སྟོན་པ་ཅན་དུ་གྱུར་པས་དེ་ལ་བདག་ཅག་ཀྱང་ངེས་པར་འཛིན་ལགས་ན། ངེས་པ་མ་མཆིས་པའི་ཆོས་འཁོར་གྱི་ནང་འདིར་གསུང་ངམ་ཅི། ཞེས་གསོལ་བ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་འདུས་པའི་ཚོགས་རྣམས། ཆོས་ཐམས་ཅད་ངེས་པ་མེད་པར་ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། རྟག་པ་ཐེར་ཟུག་ཏུ་རེད་པའི་ཆོས་ནི་གང་ཡང་མེད་པའི་ཕྱིར་རོ། །དེ་བས་ན་ཁྱེད་རྣམས་ཀྱིས་རང་རང་གི་དམ་ཚིག་ལ་ཡང་ངེས་པ་མེད་དེ། ད་ལྟའི་སྐྱེ་བ་འདི་དང་འདི་ལས་གཞན་པའི་སྐྱེ་བ་དཔག་ཏུ་མེད་པ་སྔ་ཕྱིར་བླངས་པ་དང་ལེན་པའི་སྐབས་སུ་སོ་སོའི་སྐྱེ་བ་ཇི་སྙེད་པ་ཐམས་ཅད་ཐ་དད་ཡིན་པ་དེ་བཞིན་དུ་མོས་པ་ཐ་དད་དང་། ལས་ཐ་དད་དང་། སྐལ་བ་ཐ་དད་དང་། གནས་མཐོ་དམན་ཐ་དད་དང་། སྡེ་སོ་སོ་དང་། ཤ་ཚུགས་མི་འདྲ་བ་དང་། རིགས་སོ་སོ་དང་། ཁ་དོག་ཐ་དད་དང་། འཚོ་བ་ཐ་དད་དང་། ལྟ་བ་ཐ་དད་དང་། སྤྱོད་པ་ཐ་དད་པ་སྟེ་དངོས་པོ་བཅུ་གཅིག་ཏུ་སྨོས་པའང་རེ་རེ་ནས་ཐ་དད་པ་ཡིན་ན་གཅིག་ཏུ་བཟུང་དུ་མི་བཏུབ་པ་ནི་གཏན་ཚིགས་ཏེ། དེ་ལྟར་ཐ་དད་པ་བཅུ་གཉིས་ཀྱི་ཕྱིར་དམ་ཚིག་ཀྱང་མ་ངེས་ན། ད་ཁྱེད་ཀྱིས་ངེས་པར་གང་ལ་གཟུང་། དེའི་ཕྱིར་ཆོས་ཐམས་ཅད་ཀྱི་དོན་ཡང་ངེས་པ་མེད་པར་སྟོན་པ་ང་ཡིས་སྨྲའོ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། དྲིས་པ་དང་། ལན་ནོ། །དང་པོ་ནི། དེ་ནས། ཞེས་པ་ནས། ཞེས་གསོལ་པས། ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་འདུས་པའི་ཚོགས་རྣམས་ཀྱིས་གསོལ་བ་བཏབ་པ། འོ་ན་བཅོམ་ལྡན་འདས་བདག་ཅག་གི་དམ་ཚིག་རྣམས་ངེས་པར་གཟུང་ན་ཅི་ལྟ་བུ་ལགས། ཞེས་གསོལ་པས། གཉིས་པ་ལན་ལ་བཅུ་སྟེ། ནག་པོ་དེད་དཔོན་ལ་མ་བཅོས་པའི་མཚམས་མེད་ལྔའི་དམ་ཚིག་བསྟན་པ། བུད་མེད་རྣམས་ལ་མ་བཅོས་པའི་ཆགས་པའི་དམ་ཚིགས་བསྟན་པ། གུ་ལང་ལ་མ་བཅོས་པའི་མ་སྲིང་བུ་མོ་ལ་སྤྱོད་པའི་དམ་ཚིག་བསྟན་པ། བྱིཥྞུ་དང་གསང་ཚིག་རྟེན་པ་ལ་མ་བཅོས་པའི་སྲོག་གཅོད་པའི་དམ་ཚིག་བསྟན་པ། ཤྭ་བར་པ་ལ་མ་བཅོས་པའི་རྫུན་གྱི་དམ་ཚིག་བསྟན་པ། གནོད་སྦྱིན་ལ་མ་བཅོས་པའི་མ་བྱིན་པར་ལེན་པའི་དམ་ཚིག་བསྟན་པ། མུ་སྟེགས་དང་ལོག་སྲེད་ཅན་ལ་མ་བཅོས་པའི་ལོག་སྤྱོད་ཀྱི་དམ་ཚིག་བསྟན་པ། སྲིན་མོ་དང་ངན་སྐྱུགས་ཅན་ལ་མ་བཅོས་པའི་དམ་རྫས་སྤྱོད་པའི་དམ་ཚིག་བསྟན་པ། ཕྲ་མེན་མ་ལ་མ་བཅོས་པའི་ལོག་འཚོའི་ཡོ་བྱད་སྤྱོད་པའི་དམ་ཚིག་བསྟན་པ། སྨེ་ཤ་ཅན་ལ་མ་བཅོས་པའི་ཤ་ལྔ་ཟ་བའི་དམ་ཚིག་བསྟན་པའོ།

這些是用於語言學術用途的完整直譯成簡體中文: 因此能淨化容納顛倒分別念眾,並能真實生起與散亂,故以四喻之門請求通過了悟之門而不捨棄任何顯現無定之法,不僅如此,導師諸佛世尊是如海眾多方便蘊之主,故請依我等各自不同信解意樂而宣說與之相應的甚深解脫方便之門。如是祈請後,呼喚”楞伽主尊”是為了述說歷史,彼世尊回答:對眷屬眾欲求無誤義生起極大歡喜微笑後允許,呼喚”善男子們”後說:如是請求此大乘義甚善,然而此密性難以瞭解,即使安住普光十一地的諸佛及十地諸菩薩也生疑,更何況你們難以確信。如是宣說後,**眾祈請道:“世尊,生疑確是無定,然諸佛世尊是示現決定義者,我等也確定執持,豈是在此無定法輪中宣說?“世尊宣說:“眾等,我說一切法無定。為什麼?因為沒有任何常恆穩固之法。因此,你們各自誓言也無定,如現今此生和無量前後所取諸生中,每一生都各不相同,同樣,信解各異、業各異、福報各異、高低處各異、各部各異、形態不同、種姓各異、膚色各異、生計各異、見解各異、行為各異,所說十一事物每一種都各不相同,不能執為一體,此為理由。因十二種各異,誓言也無定,那麼你們將確定執著什麼?因此我這導師說一切法義也無定。” 第二分二:問與答。 第一:從”然後”到”如是祈請”之間所述:然後眾祈請道:“那麼世尊,我等若確定執持誓言,將如何?“如是祈請。 第二答分十:一、對黑色商主示現無造作五無間誓言;二、對女性眾示現無造作貪慾誓言;三、對古蘭示現無造作與母姐女交合誓言;四、對毗溼奴和密語持者示現無造作殺生誓言;五、對狗行者示現無造作妄語誓言;六、對夜叉示現無造作不與取誓言;七、對外道和邪欲者示現無造作邪行誓言;八、對羅剎女和惡吐者示現無造作使用誓物誓言;九、對珂女示現無造作邪命資具使用誓言;十、對食肉者示現無造作食五肉誓言。

།དང་པོ་ནི། བཅོམ་ལྡན་འདས། ཞེས་པ་ནས། མཚམས་མེད་དམ་ཚིག་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ། འདུས་པའི་ཚོགས་རྣམས་ཞེས་བོས་ནས་ལེགས་པར་ཉོན་ཅིག་དང་ཡང་དག་པའི་དམ་ཚིག་ཉེ་བར་བསྟན་པ་ནི་འདི་ལྟ་སྟེ། ཞེས་གསུངས་ཏེ། རུ་ཏྲའི་དམ་ཚིག་ལས་ཟློག་ནས་ངེས་པ་ལྔར་སྡེབས་ནས། གང་མཚམས་མེད་པ་ལྔ་ཡི་དམ་ཚིག་ཡང་དག་པར་བསྒྱུར་བ་ནི་ལྡེམ་དགོངས་ཀྱི་ཚུལ་ཏེ། རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པར་སྲུངས་པ་དང་རྣལ་འབྱོར་འདི་ལ་གནས་པའི་ཏིང་ངེ་འཛིན་དང་། དོན་ཇི་ལྟ་བར་རྟོགས་པའི་ཤེས་རབ་དང་། དོན་དམ་དང་ཀུན་རྫོབ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོ་དང་ལྔ་པོ་དུས་གསུམ་དུ་བར་མཚམས་མེད་པར་རྒྱུན་མི་གཅད་པ་འདི་ནི་ཡང་དག་པའི་མཚམས་མེད་ལྔ་ཡི་དམ་ཚིག་ཡིན་ནོ། །གཉིས་པ་ནི། ཆགས་པ། ཞེས་པ་ནས། དམ་ཚིག་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། བཅུ་པ་དང་སྡེབས་ཏེ། ཡང་དག་པའི་ཆགས་པ་ཆེན་པོའི་དམ་ཚིག་ནི། འཁོར་བ་དང་ནི་ཆོས་ཉིད་གཉིས་ལས། ཕྱི་མ་ནི་ཤེས་རབ་ཀྱི་ལྟ་བས་མི་གཏོང་བ་དང་། སྔ་མ་ནི་དམིགས་མེད་ཀྱི་སྙིང་རྗེས་མི་གཏོང་བས་མི་བྱེད་པ་འདི་ནི་ཡང་དག་པར་ཆགས་པའི་དམ་ཚིག་ཆེན་པོ་ཡིན་ནོ། །གསུམ་པ་ནི། མ་དང་། ཞེས་པ་ནས། གཟུངས་སུ་བཤད། །ཅེས་པའི་བར་གྱིས་བསྟན་ཏེ། གཉིས་པ་དང་སྡེབས་ནས། མ་དང་སྲིང་མོ་དང་བུ་མོ་རྣམས་ནི་གཞི་དང་། ལྷན་ཅིག་སྐྱེས་པ་དང་རང་ལས་བྱུང་བའི་ཕྱིར་ཆོས་ཉིད་དང་ནི་ཡེ་ཤེས་ལྔ་དང་མཉམ་པའི་རང་རིག་པ་ལས་རང་བྱུང་དུ་ཤར་བའི་ཤེས་རབ་དང་གསུམ་སྟེ། དེ་རྣམས་དང་དུས་གསུམ་དུ་ཞེན་པ་མི་འབྲལ་བ་ནི་དེ་བཞིན་ཉིད་ཀྱི་གཟུངས་སུ་བཤད་པའོ། །བཞི་པ་ནི། གང་ལ། ཞེས་པ་ནས། དེ་ལ་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། གསུམ་པ་དང་། བཅུ་གསུམ་པར་སྡེབས་ཏེ། ཞེ་སྡང་ཅན་དང་གསང་ཚིག་རྟེན་པ་ལ་སྲོག་གཅོད་པར་གསུངས་པ་གང་ལ་དགོངས་ན་རྣལ་འབྱོར་པ་སུ་གང་ཞིག་ལ་ཆོས་ཉིད་སྐྱེ་བ་མེད་པ་ཇི་བཞིན་པའི་དོན་བསྟན་པར་གྱུར་ན་ཡང་དག་པར་གོ་ཞིང་དོན་མཇལ་བས་སྲིད་པའི་ས་བོན་ཐམས་ཅད་ཟད་པར་བྱས་ཏེ་གཞི་རྩ་བཏོན་པའི་ཕྱིར་དུས་ཕྱི་མར་སྲོག་གི་དབང་པོ་མི་ལེན་ཞིང་འཁོར་བར་སྐྱེ་བའི་རྒྱུན་ནི་ཆད་དེ་བྲལ་བ་དང་། ཆོས་ཐམས་ཅད་སྟོང་པར་བཅོམ་སྟེ་རིལ་མ་དམིགས་པར་གཤེགས་པ་ནི། སྲོག་བཅད་པ་ཞེས་སུ་དེ་ཉིད་ལ་བྱའོ། །ལྔ་པ་ནི། དངོས་པོ། ཞེས་པ་ནས། ཆེན་པོ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། བཅུ་གཅིག་པ་དང་སྡེབས་ནས། ཡང་དག་པའི་རྫུན་ནི་ཆོས་རྣམས་ཐམས་ཅད་ཡེ་ངོ་བོ་བྲལ་བས་དངོས་པོ་མེད་པ་ལས་རང་བཞིན་མ་འགག་པར་འཆར་བས་ཞེན་པའི་ངོ་ལ་སྣ་ཚོགས་པའི་དངོས་པོར་སྟོན་པས་ན། དེ་ལྟར་ཆོས་སོ་ཅོག་གི་དངོས་པོར་སྣང་བ་ལ་རང་བཞིན་མེད་པར་སྨྲ་བ་སྣང་ལ་མ་གྲུབ་པའི་དོན་དུ་སྟོན་པའི་མཚོན་བྱེད་ནི། རྒྱལ་བ་ཀུན་གྱི་བཀའ་ལུང་དམ་པ་ཡིན་ཏེ། ཡང་དག་པའི་རྫུན་གྱི་བསླུ་བའི་དམ་ཚིག་ཆེན་པོ་ཡིན་ནོ། །དྲུག་པ་ནི། གཞན་གྱི། ཞེས་པ་ནས། དམ་ཚིག་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། བཞི་པ་དང་སྡེབས་ནས། དམ་པ་གཞན་གྱི་ལོངས་སྤྱོད་རུའི་གདམས་ངག་ཡིད་བཞིན་ནོར་བུ་ལྟ་བུ་ལ་རྒྱལ་བའི་དགོངས་པའི་རྗེས་སུ་དད་བརྩོན་ཤེས་རབ་དང་ལྡན་པར་མོས་ཏེ་སྒོམ་པའི་ཏིང་ངེ་འཛིན་གྱི་འོད་ཟེར་གྱིས་ཡང་དག་པར་བླངས་ནས་རང་གཞན་གཉིས་ཀ་བྱང་ཆུབ་ཆེན་པོའི་དོན་དུ་དགོད་པའི་ཕྱིར་དམ་པའི་གདམས་ངག་རྟོགས་པའི་ངང་ལ་འཇོག་པ་དང་རིག་པའི་དེ་ཉིད་མངོན་དུ་བྱེད་པའི་ཐབས་དྲན་པའི་ལྕགས་ཀྱུས་འགུགས་ཤིང་ཤེས་རབ་ཀྱི་རྩལ་གྱིས་ལེན་པ་ནི་སྦྱིན་བྱ་དང་སྦྱིན་བྱེད་མེད་པས་མ་བྱིན་པར་ལེན་པའི་དམ་ཚིག་ཆེན་པོ་ཡིན་ནོ།

這些是用於語言學術用途的完整直譯成簡體中文: 第一:從”世尊”到”無間誓言是”之間所述:然後世尊回答宣說:“**眾”呼喚後”善聽,真實誓言略示如下”。從魯札羅誓言轉變,歸納為五種確定,將五無間業誓言真實轉化的隱義方式是:守護根本與支分誓言不失壞,及住於此瑜伽的禪定,如實了悟之慧,勝義與世俗無二的菩提心和大悲,此五於三時無間斷不截流,此是真實五無間誓言。 第二:從”貪慾”到”誓言是”之間所述:與第十結合:真實大貪慾誓言,於輪迴與法性二者,對後者以慧見不捨,對前者以無緣大悲不捨而不作,此是真實貪慾大誓言。 第三:從”母與”到”總持說”之間所述:與第二結合:母、姐妹和女兒是基礎,因為是俱生及從自生起,故法性、五智和平等自覺性中自生起的智慧三者,與彼等三時不離執著,說為如是總持。 第四:從”於何”到”彼作”之間所述:與第三和第十三結合:所說對嗔者與密語持者殺生,其意趣是:任何瑜伽士若已示現法性無生如實義,則因真實理解見義,使一切有之種子盡滅,拔除根基,故於後時不受命根而斷輪迴生相續,摧毀一切法為空,整體無所緣而去,稱之為斷命,即指彼義。 第五:從”事物”到”大是”之間所述:與第十一結合:真實妄語是一切法本來離體性,無實事中自性不滅而顯現,於執著顯為種種事物,如是一切法顯為事物而無自性之說,顯示現而不成立之義的象徵,是一切佛之聖教,是真實妄語欺誑大誓言。 第六:從”他人”到”誓言是”之間所述:與第四結合:以信勤慧隨佛意趣,嚮往如意寶般的他聖者受用角指教,以修持禪定光芒真實取用,為安置自他於大菩提而安於聖教了悟中,以念鐵鉤勾召現前覺性自性之方便,以慧力取用,因無施與所施故是不與取大誓言。

།བདུན་པ་ནི། དེ་ཉིད། ཅེས་པ་ནས། ཆེན་པོ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། ལྔ་པ་དང་བཅུ་གཉིས་པར་སྡེབས་ཏེ། ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་ཆེན་པོ་དེ་ཉིད་མ་བཅོས་པར་རྟོགས་པར་འདོད་པས། རྟོག་འཛིན་གྱིས་མཚན་མར་ཞེན་པ་ལས་སླར་ལོག་སྟེ་ཡང་དག་པ་གཉིས་མེད་དུ་སྤྱོད་པའི་དོན་རྟོགས་པར་འདོད་པས་རིལ་ཆོས་ཉིད་དུ་བྱ་བ་དེ་ཉིད་མཚན་མ་ལས་ལོག་ཀྱང་དགག་སྒྲུབ་ཅན་དུ་ལྟོས་པའི་ཕྱིར་ཡང་དག་པར་མི་འགྲུབ་པས་རང་བཞིན་མ་བཅོས་པའི་རྣལ་མའི་དོན་ལ་སྤྱོད་པ་སྟེ་ཡུལ་ཆོས་ཉིད་ལ་རྟོགས་པའི་ཡེ་ཤེས་སྦྱོར་བའི་དམ་ཚིག་ཆེན་པོ་ཡིན་ནོ། །བརྒྱད་པ་ནི། དམ་ཚིག །ཅེས་པ་ནས། མི་འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། བདུན་པ་དང་དགུ་པར་སྡེབས་ནས། དམ་ཚིག་དང་ཏིང་ངེ་འཛིན་དང་ཤེས་རབ་དང་། བྱང་ཆུབ་ཀྱི་སེམས་ཉིད་དང་སྙིང་རྗེ་ཆེན་པོ་ལྔ་ཡི་ངོ་བོ་ནི་བཤད་ཟིན་ཏེ། ཤ་ཆེན་དང་གཤང་གཅི་དང་ཁུ་བ་དང་ཁྲག་རྣམ་པ་ལྔ་པོ་དང་སྦྱོར་བ་འདི་ནི། ཇི་སྐད་དུ། དམ་ཚིག་ཤ་དང་ཏིང་འཛིན་གཤང་། །ཤེས་རབ་གཅི་བ་སེམས་ཁུ་སྟེ། །སྙིང་རྗེ་ཁྲག་རྣམས་དོན་གཞི་དང་། །རྟོག་སྦྱོང་ལོག་དང་དོན་བཅུད་དང་། །འགྲོ་ལ་ཆགས་ཕྱིར་དམ་པའི་མཆོག །འབྲས་བུའི་དོན་ཕྱིར་རྒྱུ་ཡི་ཕུལ། །ཞེས་པའི་དོན་ཏེ། འདི་ཉིད་ཆོས་རྣམས་ཀུན་གྱི་ཡང་དག་པའི་ཡོ་བྱད་ཡིན་པས་ཡོ་བྱད་འདི་དང་མ་ལྡན་ན། རང་དང་གཞན་དང་ཆོས་ཀྱི་དོན་རྣམས་ཕུན་སུམ་ཚོགས་པར་གྲུབ་པར་མི་འགྱུར་རོ། །དགུ་པ་ནི། ལོག་པར། ཞེས་པ་ནས། འགྱུར་བ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། བརྒྱད་པ་དང་སྡེབས་ནས། འཁོར་བའི་འབྲས་བུ་འབྱིན་པའི་རྒྱུ་རུ་གྱུར་བས་ལོག་པར་འཚོ་བའི་ཡོ་བྱད་རྣམས་ཀྱང་། འཇིག་ལྟ་དང་། མཐར་ལྟ་དང་། ལོག་ལྟ་དང་། ལྟ་བ་མཆོག་འཛིན་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ཏེ་ལྟ་བ་ལྔ་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྔ་དང་། རྣམ་པར་དཀར་ནག་དང་མི་གཡོ་བའི་ལས་གསུམ་དང་། ཉེ་བའི་ཉོན་མོངས་ཉི་ཤུ་རྣམས་དང་། གཟུགས་སྒྲ་ལ་སོགས་པ་འདོད་ཡོན་ལྔ་ལ་སྤྱོད་ཅིང་འདུན་ལ། ཕོ་མོ་གཉིས་ལ་ཆགས་པ་དང་བདུན་ཏེ། ཚན་པ་ལྔ་པོ་ཉིད་སྦྱར་ཏེ་འདྲེས་མར་སྤྱོད་པ་དེ་ལའང་ལོག་པའི་འཚོ་བ་ཞེས་དེ་སྐད་དུ་གྲགས་པ་ཉིད་དེ། འཁོར་བ་བསྐྱེད་པའི་རྒྱུ་ཆེན་པོ་ཉིད་དུ་གནས་པའི་ཕྱིར་ཕྱིན་ཅི་ལོག་གི་ཡོ་བྱད་དུ་འགྱུར་བ་ཡིན་ནོ། །བཅུ་པ་ནི། ལོག་པར། ཞེས་པ་ནས། ལྟོས་ན་སྨེ། །ཞེས་པའི་བར་གྱིས་བསྟན་ཏེ། དྲུག་པ་དང་སྡེབས་ནས། ཕྱིན་ཅི་ལོག་པར་སྤྱོད་པའི་ལྟ་བ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ། མཐར་འཛིན་པ་ལ་ལྟ་བ། ལོག་པར་ལྟ་བ། ལྟ་བ་མཆོག་ཏུ་འཛིན་པ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཏེ། ལྔ་པོ་དེ་ལ་མཐའ་ཡི་སྐྱོན་ཡོད་པ་ཅན་ནི་སྨེ་ཤ་ལྔ་ཞེས་གྲགས་པ་སྟེ་བཤད་པའི་ལྟ་བ་ལྔ་དང་འདིར་སྡེ་ལྔར་ཕྱེ་ནས་བསྟན་ཏེ་ཁྱད་པར་དང་སྤྱིའི་དབང་ངོ་། །དེས་ན་སྡེ་ལྔ་ནི་ལྟ་བ་མི་གཙང་བ་ཡིན་པས་གསང་ཆེན་དོན་གྱི་སྙིང་པོ་རྟོགས་པས་ཡང་དག་པའི་ལྟ་བ་མཐའ་ཐམས་ཅད་ལས་གྲོལ་བ་ལ་ལྟོས་ན་སྨེ་ཟས་ཅན་གྱི་ལྟ་བ་ཞེས་བྱའོ། །གསུམ་པ་ལ་གཉིས་ཏེ། ལོག་པ་མ་བཀག་པའི་དྲིས་ལན། ལྔར་གནང་མ་གནང་གི་དྲིས་ལན་ནོ། །དང་པོ་ནི། བཅོམ་ལྡན་འདས། ཞེས་པ་ནས། ངོ་མཚར་དུ་གྱུར་ཏེ་ངུས་སོ།

這些是用於語言學術用途的完整直譯成簡體中文: 第七:從”彼性”到”大是”之間所述:與第五和第十二結合:欲了悟無造作的本然大如是,應從分別執著相返回,欲通達真實無二行義,將一切歸入法性,雖從相返回但因有遮遣與成立的所依故不能真實成就,是行持自性無造作真實義,即法性境與了悟智慧相應的大誓言。 第八:從”誓言”到”不成就”之間所述:與第七和第九結合:誓言、禪定、智慧、菩提心與大悲五者的體性已經說明,與大肉、大小便、精液、血五種相應,如所說:“誓言肉與定大便,慧小便及心精液,悲血等為義基礎,及淨分別顛倒義,滋養眾生故聖勝,為果義故因殊勝。“此義是:此乃一切法的真實資具,若不具此資具,則自他法義不能圓滿成就。 第九:從”顛倒”到”轉變是”之間所述:與第八結合:生輪迴果之因而成為顛倒生計資具的,有我見、邊見、邪見、見取見、戒禁取見五種見,貪慾等五種煩惱,及清淨、不清淨與不動三業,二十種隨煩惱,享用色聲等五欲,貪著男女二者,共七類。將此五組混雜而行,也稱為顛倒生計,因住於生輪迴大因,故成為顛倒資具。 第十:從”顛倒”到”相比穢”之間所述:與第六結合:顛倒行見有五:薩迦耶見、邊執見、邪見、見取見、戒禁取見,此五有邊際過患,稱為五穢肉,即所說五見,此處分為五類而示,是特殊與普遍之力。因此,五類是不淨見,相比通過了悟大密義髓而從一切邊際解脫的真實見,稱為食穢者之見。 第三分二:未禁顛倒的問答,五許可或不許可的問答。 第一:從”世尊”到”驚歎而哭”。

།ཞེས་པའི་བར་གྱིས་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པས། འདུས་པའི་ཚོགས་དེ་དག་གིས་དབུགས་ཆེན་འབྱིན་པའི་ས་ཐོབ་ནས་ཆོས་ཉིད་སྐྱེ་བ་མེད་པའི་དོན་མཐོང་བས། ཤིན་ཏུ་ཡང་ངོ་མཚར་དུ་གྱུར་ཏེ། མ་བཀག་པར་སྤྱད་ཀྱང་སྐྱོན་གྱིས་མ་གོས་པ་ལ་དོགས་པ་གཅོད་པའི་ཕྱིར་གསོལ་པ། སྟོན་པ་བཅོམ་ལྡན་འདས་འོ་ན་བདག་ཅག་གི་དམ་ཚིག་འདི་རྣམས་གསང་སྔགས་ཐེག་པ་ཆེན་པོར་ཇི་ལྟ་བར་མ་སྩལ་ཏམ། ཞེས་ཞུས་པ་དང་། ལན་དུ་ཇི་བཞིན་དུ་རྟོགས་སམ་མཐོང་ན་དགག་མི་དགོས་པར་བཀའ་སྩལ་པ། འཁོར་འདུས་པའི་ཚོགས་སོ་སོའི་དམ་ཚིག་རྣམས་གསང་མཆོག་ཐེག་པ་ཆེན་པོ་ལ་ནི་གང་ཡང་དོག་པ་མེད་པར་ཤོང་བས་སོ་སོར་མ་འདྲེས་པར་ཆོས་ཉིད་དུ་ཡོངས་སུ་རྫོགས་པར་གནས་པའི་ཡིན་ཚུལ་གྱི་དོན་ལ་ནི་ཅི་ཡང་མ་བཀག་གོ། །དེའི་གཏན་ཚིགས་ཞུ་བའི་ཕྱིར་གསོལ་པ། བཅོམ་ལྡན་འདས་འོ་ན་ཅི་སླད་དུ་མ་བཀག་པར་ལེགས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔེ་ཇི་ལྟར་ན་ནམ་མཁའ་རང་བཞིན་མི་སྒྲིབ་པ་ཉིད་དུ། སྣང་སྲིད་ཐམས་ཅད་མ་བཀག་པར་སྣང་བ་བཞིན་དུ་གསང་སྔགས་ཐེག་པ་ཆེན་པོའི་དགོངས་དོན་རྒྱ་མཚོ་དྭངས་པ་ལ་ནམ་མཁའ་ཤར་བ་ལྟ་བུའི་སྒོ་འདིར་ནི་ལྟ་བ་རིལ་དང་སྤྱོད་པ་ཐམས་ཅད་ཤོང་བས་ན་ཡང་དག་པར་རྟོགས་ན་གང་ཡང་མ་བཀག་སྟེ། སྤང་བྱ་མེད་པའི་གཏན་ཚིགས་དེ་ཡི་ཕྱིར་ཐམས་ཅད་རྣམ་པར་དག་པའི་ནམ་མཁའ་སྣང་བས་གསང་སྔགས་མ་ཡིན་པར་གཞན་དུ་སྣང་བ་གང་ཅི་ཡང་མེད་དོ། །ཞེས་ལན་གསུངས་པས། འདུས་པའི་ཚོགས་ཐམས་ཅད་མ་བཀག་ལ་མ་ཞེན་པར་རྟོགས་པས་ངམ་ཞིང་དགའ་བས་ངོ་མཚར་དུ་གྱུར་ཏེ་དོན་རང་ལ་ཡོད་པ་སྔར་མ་ཤེས་པ་ལ་མཆིམ་བླངས་ནས་ངུས་སོ། །གཉིས་པ་ནི། དེ་ནས། ཞེས་པ་ནས། ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་རྟོགས་མ་རྟོགས་མཁྱེན་བཞིན་དུ་བཀའ་སྩལ་པ། འཁོར་འདུས་པའི་ཚོགས་ཁྱེད་རྣམས་ཀྱིས་ཅི་ཞིག་ཐོས་ནས་ངུ་བ་ཡིན་ཞེས་གསུངས་པས། སླར་གསོལ་པ། བཅོམ་ལྡན་འདས་ཡུན་གྱི་དོན་སྲིད་ཆེན་པོ་འདི་ལྟ་བུ་བདག་ཅག་རྣམས་ལ་སྔར་མ་བསྟན་པ་ཐུགས་རྗེ་རེ་ཆུང་ཞེས་གསོལ་ཏེ་སྟོན་པ་ལ་འཁངས་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་པའི་ཚོགས་རྣམས་སྒྲིབ་པ་མེད་པར་རང་རང་གི་ནམ་མཁའ་སེམས་ཉིད་ཡེ་སངས་རྒྱས་པ་དེ་ཉིད་རང་རང་གི་མ་རིག་པའི་མུན་པ་གློ་བུར་བས་སྒྲིབས་ནས་མ་མཐོང་བར་ཟད་ཀྱི། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རང་རང་གི་ནམ་མཁའ་དེ་ཉིད་ཀྱི་ངང་དུ་སྣང་བ་ལ་བཤད་ཉན་གང་ཡང་མེད་པར་ཐམས་ཅད་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་གང་གིས་གང་ལ་བསྟན་ཅིང་བཤད་ཅི་དགོས་ཏེ་མི་དགོས་སོ། །ཞེས་སྨྲས་ཏེ་བཀའ་སྩལ་པས། འཁོར་གང་གིས་རིག་པ་ལ་དོན་དེ་ཉིད་སྣང་བས་མ་རིག་པ་གང་ཡིན་པ་དེ་ཉིད་རིག་པར་གྱུར་ཏེ། དབྱེར་མེད་ཆེན་པོའི་ཡེ་ཤེས་སུ་གསལ་བ་ན། སྟོན་པ་ལ་དྲིན་ལན་དུ་གཏང་རག་ཕུལ་བ་དང་། བླ་མ་ལ་ཕྱོགས་པར་བསྟན་པའི་ཕྱིར་བག་བཞི་བསྐུམས་ཤིང་ཡན་ལག་ས་ལ་བརྡབས་ནས་ལུས་གདན་ཁྲིར་ཕུལ་ཏེ་ཉོན་མོངས་པའི་སྒྲིབ་པ་སྦྱོང་ཞིང་རྣ་བས་ཆོས་ཉན་པས་ཤེས བྱའི་སྒྲིབ་པ་སྦྱོང་སྟེ། རིག་འཛིན་གྱི་ལུས་ཀྱི་མི་འཇིགས་པ་སེང་གེ་དང་། རྫུ་འཕྲུལ་རྟ་དང་སྟོབས་གླང་པོ་ཆེ་དང་དབང་རྨ་བྱ་ལ་སོགས་པའི་ཚུལ་དུ་བསྟན་པས་ཞབས་ཀྱི་གདན་ཁྲིའི་བྱ་བ་ཡོངས་སུ་རྫོགས་པར་བྱེད་དོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། འཁོར་དོན་ལ་རྨོངས་པ་རྣམས་ཀྱི་དོན་མ་མཐོང་བའི་སྒྲིབ་པ་སེལ་བ་དང་། དུག་གིས་དུག་གསོ་བ་ལྟར་དུ་ཁོང་དག་རང་རང་གི་བསམ་པ་དང་སྤྱོད་པ་ཀུན་དང་མཚུངས་པར་མཐུན་འཇུག་སྦྱོང་བའི་ལུང་དུ་བཀའ་སྩལ་པ་ཉིད་ལོ་རྒྱུས་སུ་བརྗོད་པས་གསང་བ་པའི་འཁོར་འདུས་པ་དེ་དག་གི་རྒྱུད་བཀྲོལ་བར་མཛད་པའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པ་རྣམ་པར་བཤད་པའོ།

這些是用於語言學術用途的完整直譯成簡體中文: 這是所述:世尊如是宣說後,眾獲得大出息境地,見到法性無生之義,極為驚歎。為斷除未禁而行也不染過失的疑慮而請問:“導師世尊,那麼我等這些誓言豈非如實未授予大乘密咒?“作此請問後,回答如實了悟或見則無需禁止:“眷屬眾各自誓言在無礙容納的殊勝大乘中,不相混雜而在法性中圓滿安住的實相之義,一切皆未禁止。“為請問其理由而祈問:“世尊,請善說為何未禁止?“世尊宣說:“譬如自性不遮蔽的虛空中,一切顯有未被禁止而顯現,同樣,在如清澄大海現空的大乘密咒意趣之門中,容納一切見解與行為,若真實了悟則無所禁止;因無所斷除的理由,故一切清淨如虛空顯現,除密咒外無有任何他顯。“如是回答後,一切眾了悟無禁無執,歡喜驚歎,因先前不知自有此義而流淚痛哭。 第二:從”然後”到”圓滿完成”之間所述:然後世尊知曉是否了悟義理而宣說:“眷屬眾,你們聽到什麼而哭泣?“說後,再次祈請:“世尊,如此重大久遠之義先前未向我等示現,悲心太小!“責怪導師後,世尊宣說:“眾,無障礙的各自心性虛空本來佛性,僅被暫時無明黑暗所遮而未見,一切法體性在各自虛空性中顯現,無說無聞,一切皆大自性,故誰向誰示說何需?不需。“如是宣說後,眷屬於覺性中顯現彼義,不明轉為明瞭,清晰為大不二智慧時,嚮導師感恩獻供,為示敬師而屈四肢著地,獻身如座墊,淨除煩惱障,以耳聞法淨除所知障;顯現為持明不畏身如獅子,神變如馬,力如象,自在如孔雀等形式,圓滿完成足下座墊之事。 品名:在《諸佛意趣彙集大經》中,驅除眷屬迷惑未見義障,如以毒治毒,隨順契合他們各自的意樂行為,授予調伏教言,敘述為密部眾解開相續的品,為第三十六品的詳解。

། །།བམ་པོ་དྲུག་པར་ཟུག་པ། གཉིས་པ་དམ་ཚིག་གི་ཁེ་ཉེན་དང་དྲིས་ལན་བསྟན་པ་ལ་གཉིས་ཏེ། སྤྱོད་དཀའ་བའི་ཕྱིར་ན་ཁེ་ཉེན་བསྟན་པ། གཏན་ལ་དབབ་ཕྱིར་ན་དྲིས་ལན་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས། ཞེས་པ་ནས། གྲགས་པ་ནི་འདི་ལྟ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་སྟོན་ནོ། །དེ་ནས་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་དེས། གསང་བ་པའི་བདག་པོ་ལ་གསང་སྔགས་སྤྱད་ལེགས་ཉེས་ཀྱི་ཁྱད་པར་ཡོངས་སུ་དྲི་བ་དྲིས་པ། ཀྱེ་གསང་བ་པའི་བདག་པོ། སྟོན་པ་གང་གིས་འཁོར་གང་ལ་བརྒྱུད་དེ་གྲགས་པའི་གསང་བ་དམ་པ་དེ་ཉིད། སྔོན་དུ་བྱུང་བ་སྔར་སྤྱད་པ་དག་གིས་ཇི་ལྟར་སྤྱོད་པར་གྲགས་པའི་གཏམ་རྒྱུད་ཇི་སྐད་བརྗོད་པ་རྣམ་པར་བརྗོད་པ་ལགས། ཅེས་སྨྲས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ། སྔོན་དུ་བྱུང་བའི་གཏམ་རྒྱུད་གསང་བ་དམ་པ་སྤྱད་པ་སྤྱོད་པར་གྲགས་པ་ནི། འདི་ལྟ་སྟེ། གཉིས་པ་ལ་གཉིས་ཏེ། ཁེ་ཉན་སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། གང་དུ་འདུས་པའི་ཚོགས་ཀྱིས་ཞེས་པ་ནས། ཤེས་པར་གྱིས་ཤིག །ཅེས་པའི་བར་གྱིས་བསྟན་ཏེ། གང་དེ་ཉིད་དུ་འདུས་པའི་ཚོགས་རྣམས་ཀྱིས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ་ལ་གསོལ་པ། སྟོན་པ་བཅོམ་ལྡན་འདས། གསང་ཆེན་གསང་བ་དམ་པ་གང་གིས་ཡང་དག་པར་སྤྱད་པས་ལེགས་པར་གྱུར་པ་དང་། གང་གིས་ལོག་པར་ཞུགས་ཏེ་ཉེས་པར་སྤྱོད་པ་བྱུང་བའི་ཚུལ་ཇི་ལྟ་བུར་འཚལ་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། ལང་ཀའི་བདག་པོ། བཅོམ་ལྡན་འདས་དེས་བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས་རྣམས། གསང་སྔགས་དམ་པ་གང་དག་གིས་ལེགས་པར་སྤྱད་པ་དང་ཉེས་པར་སྤྱོད་པ་ནི། རབ་ཏུ་དབྱེ་དཀའ་བར་ངེས་པས་བྱེ་བྲག་ཕྱེད་པར་ཤེས་པར་གྱིས་ཤིག །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་པ་ནས། ཐམས་ཅད་དེ་ཁོ་ན་ཉིད་དུ་འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། གང་གསང་བ་སྤྱད་ལེགས་ཉེས་ཀྱི་དཔེར་བསྟན་པ་སྟེ་རྩ་བའི་རྒྱུད་ལས་ཀྱང་འདས་པ་སྔོན་བྱུང་གི་ལེའུ་ལས་དཔེ་དང་པོ་བཞི་དང་གསང་སྔགས་སྤྱད་ལེགས་ཉེས་ཀྱི་དཔེ་རྣམས་སྟོན་ཏེ། དེ་དག་གིས་འདིར་འགྲེལ་ཏོ། །འོ་ན་རྩ་བས་བཤད་རྒྱུད་འགྲེལ་ན་དེ་ཉིད་མི་ངེས་པར་འགྱུར་རོ་བར་དོགས་པ་ལ། དེ་ནི་སྐབས་སུ་སྒོ་གསལ་བ་དང་རྒྱས་པའང་ཡོད་ཀྱི། སྤྱིར་རྩ་བ་ལས་ཡན་ལག་རྒྱས་པར་ཕྱེ་བའི་གྲངས་ཤིན་ཏུ་རྒྱས་པར་བཤད་རྒྱུད་ལས་སྟོན་པའི་ཕྱིར་ན། ཐེ་ཚོམ་གྱི་དོགས་པ་སེལ་བར་འགྱུར་རོ། །དེ་ལྟར་ངེས་པར་བྱས་ནས། སྤྱད་ལེགས་ཉེས་འབྱུང་བ་དེ་ཉིད་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། དཔེ་ལ་བརྟེན་ནས་སྟོན་ཏེ། དཔེ་འདི་ཚོ་གསང་སྔགས་སྤྱིའི་དཔེ་རུ་འཐད་པས་དང་པོ་དམ་ཚིག་གི་དཔེ་ནི། གསང་བ་དམ་པ་འདི་ནི་ཤིན་ཏུ་མེ་དང་འདྲ་སྟེ། ཇི་ལྟར་མེ་ནི་རྒྱུན་དུ་བཅངས་ཤིང་སྤྱད་པ་ལེགས་ན། ཇི་ལྟ་བ་བཞིན་དུ་རྒྱུན་དུ་སྤྱད་པའི་འདོད་པ་ལྟར་འབྱུང་ངོ་། །མེ་དེ་ཉིད་ཐབས་མེད་པར་ཇི་ལྟ་བ་བཞིན་དུ་མ་སྤྱད་པར་ཉེས་ན། མེ་ཡི་ཕུང་པོ་ཆེན་པོར་གྱུར་ཏེ། གང་སྤྱོད་པར་བྱེད་པ་དེ་ཡང་བསྲེག །ཁྱིམ་ནས་ཁྱིམ་ཡང་བསྲེག །རྫས་ཀྱི་དངོས་པོ་ཐམས་ཅད་ཀྱང་ཚིག་པར་འགྱུར་རོ། །དེ་བཞིན་དུ་དབང་གི་དཔེ་བསྟན་ཏེ། གང་གསང་སྔགས་འདི་ནི་ཆུ་དང་འདྲ་སྟེ། ཆུ་གང་གིས་ཐབས་ཀྱིས་ཟིན་ཅིང་སྤྱད་ལེགས་ན། ཇི་ལྟར་འདོད་པ་བཞིན་དུ་དགའ་བ་དང་བདེ་བར་འབྱུང་ངོ་། །གང་ཆུའི་རང་བཞིན་དང་ཐབས་ལ་མི་མཁས་པས་ནི། གང་སྤྱོད་པར་བྱེད་པ་དེ་ཉིད་གཡེང་ཞིང་འཆི་བར་ཡང་འགྱུར་རོ།

這些是用於語言學術用途的完整直譯成簡體中文: 第六捲開始。第二、誓言利弊與問答闡述分二:因難行故示現利弊,為確立故解說問答。 第一分二:略示與廣說。 第一:從”然後”到”傳聞如下”之間所述:此品示現權義。然後楞伽主菩薩,向密部主請問密咒修行善惡之差別:“密部主尊!導師向何眷屬傳續而聞名的殊勝密密,關於前世先行者如何修行的傳聞故事如何講述?“密部主回答:“楞伽主尊!前世密密修行傳聞故事如下。” 第二分二:總示利弊,別說詳解。 第一分三:略示,廣說,總結。 第一:從”於何眾”到”知曉區分”之間所述:於彼處眾向密密殊勝主世尊祈請:“導師世尊,哪些人正確修行大密殊勝密密而成善,哪些邪入而惡行的方式應如何了知?“如是祈請後,楞伽主,彼世尊宣說:“大**眾,密咒殊勝修行善惡,確實極難區分,應知其差別。” 第二:從”為何?“到”一切成為真如”之間所述:示現密密修行善惡之喻,如根本續過去前世品中的前四喻及密咒修行善惡諸喻,彼等在此解釋。若疑根本續解釋所造續不確定,有時明顯闡述且有廣說,一般從根本分支廣分之數極其廣說於所造續中示現,故消除疑慮。 如是確定後,修行善惡生起的原因為何?依喻示現:這些喻適合作為密咒共同之喻,首先誓言之喻:此殊勝密密極似火,如火若恆常持用而善修,將如所願恆常修行而生所欲。若彼火無方便而未如法修行,則成大火聚,燒燬修行者,並燒燬家至家,焚盡一切物質實體。 同樣示現灌頂之喻:此密咒如水,水若以方便掌握而善修,將生如所欲之喜樂。若不善水性與方便,則使修行者散亂乃至死亡。 ;

།གཞན་ཡང་སྤྱོད་པའི་དཔེ་སྟོན་ཏེ། གསང་བ་དམ་པ་འདི་ནི་གདུགས་པའི་གཅན་གཟན་ཁྲོ་བོ་དང་འདྲ་སྟེ། གང་གདུག་པའི་གཅན་གཟན་གྱིས་ནི། གཞན་གྱི་སྲོག་གཅོད་པར་བྱེད་ཅིང་། གཞན་དག་འཇོམས་པར་བྱེད་ན་ཡང་། གང་ཐབས་ལ་མཁས་པ་དེས་ཇི་ལྟ་བ་བཞིན་དུ་དབང་དུ་འདུའོ། །ཐབས་ཀྱིས་མ་ཟིན་ན་ནི་རང་གི་སྲོག་ལ་འབབ་པར་བྱེད་དོ། །གཞན་ཡང་ལྟ་བའི་དཔེ་སྟོན་ཏེ། གསང་སྔགས་འདི་ནི་སྦྲུལ་གྱི་མགོ་ལ་འདུག་པའི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། གང་ཇི་ལྟར་ཐབས་ཀྱིས་ཡོངས་སུ་ཟིན་ན། རིན་པོ་ཆེ་དེ་ལ་དགའ་བདེར་སྤྱད་དུ་ཡོད་ལ་གང་གིས་ཐབས་ཀྱིས་མ་ཟིན་ན་ནི་འཚོ་བའི་ཚེའམ་སྲོག་དང་ཡང་བྲལ་བར་བྱེད་དོ། །གཞན་ཡང་ཐབས་ལམ་གྱི་དཔེ་སྟོན་ཏེ། སྤྱིར་པད་པ་ཏ་བྱ་བ་ཡང་ཡོད་ཀྱང་འདིར་ལྡུམ་བུ་ལང་ཏང་ཙེ་དང་འདྲ་སྟེ། གང་གི་ཐབས་ཀྱིས་ཟིན་ན། ཚད་ནད་དྲག་པོ་ཡང་གཅོད་པར་བྱེད་ལ། གང་ཐབས་ཀྱིས་མ་ཟིན་ན་སྲོག་གི་དབང་པོ་དང་ཡང་བྲལ་བར་བྱེད་དོ། །དེ་ལྟར་ན་སྙིང་རྗེ་ཆེན་པོ་དང་གྲོལ་ལམ་གྱི་དཔེ་ཡང་སྟོན་ཏེ། གང་ཐབས་ཀྱིས་ཟིན་པ་ནི། དུག་འགྱུར་གྱིི་རྩི་དང་། གསེར་འགྱུར་གྱི་རྩི་དང་། མུན་འགྱུར་གྱི་སྒྲོན་མ་བཞིན་དུ་ཆུང་ངུས་ཆེན་པོ་ཡང་འཇོམས་པར་འགྱུར་ཏེ། གང་གསང་དོན་ཕྱིན་ཅི་མ་ལོག་པར་ངེས་པ་ཉིད་ཀྱིས། ཐམས་ཅད་དེ་ཁོ་ན་ཉིད་དུ་གསལ་བར་འགྱུར་རོ། །གསུམ་པ་ནི། འདུས་པ་ཆེན་པོའི་ཚོགས་དེ་བས། ཞེས་པ་ནས། བཀའ་སྩལ་པ་དང་། ཞེས་པའི་བར་གྱིས་བསྟན་ཏེ། འདུས་པ་ཆེན་པོའི་ཚོགས་རྣམས་སྐྱོན་ཡོན་ཡོད་པ་དེ་བས་ན། གསང་བ་དམ་པ་འདི་ནི་སྤྱད་པར་དཀའ་བས། སྔོན་དུ་བྱུང་བའི་སྤྱོད་པ་གསང་བ་ཉེས་པར་སྤྱད་པ་དག་གསང་བ་དམ་པ་ངོས་མ་ཟིན་པས། ལོག་པའི་ལམ་དུ་སྔར་བྱུང་བ་ཡང་ཡོད་དོ། །གང་ཐབས་ལ་མཁས་པས་རྟོགས་ཏེ་ངོས་ཟིན་པ་མ་ནོར་བའི་ལམ་དུ་བྱུང་བ་ཡང་ཡོད་པས། འོག་གི་མགོ་འདྲེན་ལྟ་བུར། འདུས་པ་ཆེན་པོའི་ཚོགས་གང་གསང་བ་དམ་པ་ངོས་ཟིན་པའི་ཐབས་ཀྱི་སྤྲིན་ཆེན་པོས་ལེགས་པར་སྤྱད་པ་དང་སྤྱོད་པ་ལ་ཡོངས་སུ་མཁས་པར་གྱིས་ཤིག །དེ་སྐད་ཅེས་བཀའ་སྩལ་པ་དང་། གཉིས་པ་ལ་གཉིས་ཏེ། དྲིས་པ་དང་། ལན་ནོ། །དང་པོ་ནི། འདུས་པའི་ཚོགས། ཞེས་པ་ནས། གསོལ་པ་དང་། ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཡང་འདུས་པའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་དུ་གསང་སྔགས་ལོག་པའི་ལམ་པ་ནི་གང་ལགས། གང་མ་ནོར་བའི་ལམ་པ་ནི་གང་ལགས། བདག་ཅག་རྣམས་ལ་རྒྱ་ཆེར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། གཉིས་པ་ལ་གཉིས་ཏེ། མ་ནོར་བའི་ལམ་བཤད་པ། ལོག་པའི་ལམ་བསྟན་པའོ། །དང་པོ་ལ་གཉིས་ཏེ། མ་ནོར་བའི་ལམ་དངོས་བཤད་པ། ཐུན་མོང་གི་ཚད་མས་མ་རྟོགས་པར་གདམས་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། ཡང་དག་གསང་བའི་ལམ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཞེས་གསང་བས་སྡུད་པ་པོ་ལ་བོས་ནས། ལོ་རྒྱུས་སུ་བརྗོད་པའི་སྒོ་ནས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། འདུས་པ་ཆེན་པོའི་ཚོགས་ལ་བཀའ་སྩལ་པ། འཁོར་འདུས་པ་ཆེན་པོའི་ཚོགས་རྣམས་འདི་ལྟ་སྟེ། བཤད་པ་ལྟར་རྒྱལ་བ་རྣམས་ལ་དགོངས་པས་བརྒྱུད་དེ་ཆོས་ཀྱི་རྒྱལ་པོས་རྒྱལ་ཚབ་ལ་བསྟན་པ་ལས་རིམ་པར་ལྷ་མི་སྐལ་བ་ལྡན་པ་རྣམས་ལ་གྲགས་པར་གྱུར་པས་ཐེག་མཆོག་གསང་ཆེན་དམ་པ་གང་ལ་གཞུང་དུ་བྱེད་བའི་རྣལ་འབྱོར་པས་ལེགས་པར་སྤྱོད་པ་གསང་སྔགས་གསང་བའི་སྙིང་པོ་འདི་ཡི་དགོངས་དོན་རང་ལ་གནས་པ་ཇི་ལྟ་བ་བཞིན་དུ་སྔར་སྤྱད་པ་བྱུང་བ་དེ་ལྟར་ད་ལྟ་དེང་གི་དུས་འདིར་ཡང་ལུང་རིགས་མན་ངག་གསུམ་གྱིས་རང་གནས་ཀྱི་ཆོས་ཉིད་ལེགས་པར་གཏན་ལ་དབབ་པར་བྱ་སྟེ། དེ་ལྟ་བུར་སྔར་གསུངས་པ་ལྟར་དོན་ངེས་ནས་སྤྱོད་པ་འདི་ནི་ཡང་དག་གསང་བའི་ལམ་དམ་པ་མ་ནོར་བར་ལེགས་པར་སྤྱད་པ་ཡིན་ནོ། །གཉིས་པ་ནི། གང་དུ་ལོག་པའོ། །ཞེས་པ་ནས། ནུས་པ་མ་ཡིན་ནོ།

這些是用於語言學術用途的完整直譯成簡體中文: 其次示現行為之喻:此殊勝密密如兇惡猛獸,兇惡猛獸能奪他命,能摧毀他人,若善巧方便則能如實降伏。若未以方便掌控,則會危及自命。 其次示現見解之喻:此密咒如蛇頭上的珍寶,若以方便善巧掌控,可喜樂享用彼寶,若不以方便掌控,則會失去生計或命。 其次示現方便道之喻:雖然一般有所謂帕達帕塔,此處如朗唐澤藥草,若以方便掌控,能斷劇烈熱病,若不以方便掌控,則會失去命根。 如是示現大悲與解脫道之喻:以方便掌控者,如變毒之藥,點金之藥,變暗之燈,以小勝大,以不顛倒確定密義,使一切明顯成為真如。 第三:從”彼大眾”到”宣說後”之間所述:大眾有過患與功德,因此,此殊勝密密難以修行;前世惡修密行者因未認識殊勝密密而入顛倒道,也有善巧方便了悟認識無誤道者,如下引導般,大**眾應以認識殊勝密密的大方便雲善修並精通於行。如是宣說後。 第二分二:問與答。 第一:從”眾”到”祈請後”之間所述:然後眾如是祈請:“世尊,密咒顛倒道者是什麼?無誤道者又是什麼?請廣為我等解說。“如是祈請後。 第二分二:解說無誤道,示現顛倒道。 第一分二:解說無誤道本身,未以共量了解而教授。 第一:從”楞伽”到”真實密道”之間所述:呼喚”楞伽主尊”編集者後,以講述歷史方式,密密殊勝主世尊向大眾宣說:“大眾如是:如所說,以意趣從諸佛傳續至法王,法王示現於王子,次第聞名於有緣天人,上乘大密殊勝為根本的瑜伽士善修密咒密心要,其意趣住於自身如實,前修已生起,現今此時亦以教證竅訣三者善加確立自住法性,如是依先所說確定義而行,此是真實密密正道無誤善修。” 第二:從”於何顛倒”到”非能力”。

།ཞེས་པའི་བར་གྱིས་བསྟན་ཏེ། གང་དུ་གསང་བ་ཟབ་མོའི་དོན་ལས་གོལ་ཏེ་ལོག་པར་སྤྱོད་པའི་ཆོས་རྣམས་དང་གསང་སྔགས་གསང་བའི་སྙིང་པོ་མ་ནོར་བར་སྤྱོད་པ་གཉིས་མི་སྤོང་བར་སྤྱོད་པ་ཙམ་དུ་བཏགས་པ་མིང་གི་སྒྲར་བརྗོད་གཅིག་པའི་ཕྱིར་ནས་འབྱེད་པར་དཀའ་བས་ན་བློས་ལེགས་པར་དཔྱད་ཅིང་ངེས་པར་བརྟགས་ཏེ་དོན་ཁྱད་པར་ཅན་ཉིད་མ་ནོར་བར་མཐོང་ནས་ངོས་ཟིན་པར་བྱའོ། །དེས་ན་ཐེག་པ་ཆེན་པོའི་གསང་སྔགས་འདི་ཡི་ཐབས་ཀྱི་སྤྱོད་པ་ལ་གང་ཡང་མི་སྤོང་བའི་ཚུལ་གྱིས་གདུལ་བྱ་ཇི་ལྟར་དགའ་བ་ལྟར་དུ་མཐུན་འཇུག་གི་ཐབས་ཀྱི་སྒྲར་མོས་པའི་ཕྱོགས་དང་མཐུན་པར་བསྟན་པས། དོན་མ་རྙེད་པར་སྒྲ་བཞིན་དུ་གོ་ན་ཐར་པ་ནག་པོ་ལྟ་བུར་འབྱུང་ཞིང་ཕྱི་རོལ་མུ་སྟེགས་པ་གཞན་དང་ཆ་མཐུན་དུ་གོལ་བར་འགྱུར་སྲིད་པའི་ཕྱིར་གྱིས་གཏན་ཚིགས་དེས་ན། ཚིག་དང་སྒྲ་ནི་དོན་མཚོན་བྱེད་ཡིན་ཀྱང་སྒྲ་ཇི་བཞིན་པ་མིན་པས་དེ་ཙམ་ལ་དོན་གྱི་ངོ་བོ་མི་བཞག་སྟེ། ངེས་པར་གདེང་དུ་མི་བྱའོ། །དེ་ཉིད་གཏན་ཚིགས་ཅིའི་ཕྱིར་ཞེ་ན། རྒྱལ་བ་དམ་པ་རྣམས་ཀྱི་དགོངས་པའི་ཞེ་ཕུགས་གསང་སྔགས་ཇི་བཞིན་པ་འདི་ནི། ངེས་པའི་ལུང་དང་མན་ངག་ལས་ཉམས་ན། བརྗོད་པས་ཐོག་ཏུ་མི་ཕེབས་པས་ཐུན་མོང་དུ་མ་གྱུར་པའི་ཕྱིར་ན། ཐེག་པ་ཐུན་མོང་བ་དག་གིས་མཐུན་པ་དང་མི་མཐུན་པའི་དཔེའམ། དོན་དཔེར་སྦྱོར་བ་དང་། གཏན་ལ་དབབ་པའི་གཞི་ཡང་མངོན་ལྐོག་གཉིས་སུ་འདུས་པ་ལས་མངོན་སུམ་ཚད་མ་ལ་ཡང་དབང་པོ་དང་། ཡིད་དང་། རང་རིག་པ་དང་། རྣལ་འབྱོར་མངོན་སུམ་དང་། དེའང་མངོན་སུམ་ཡིན་ལ་རིགས་པ་མ་ཡིན་པ་དང་། རིགས་པ་ཡིན་ལ་མངོན་སུམ་མ་ཡིན་པ་དང་། གཉིས་ཀ་ཡིན་པ་དང་། གཉིས་ཀ་མ་ཡིན་པའམ། རྗེས་སུ་དཔག་པ་ལའང་རྗེས་དཔག་ཡིན་ལ་རིགས་པ་མ་ཡིན་པ་ལ་སོགས་པ་བཤད་པ་དག་གིས་ལྐོག་ཏུ་གྱུར་པ་དང་། ཤིན་ཏུ་ལྐོག་ཏུ་གྱུར་པ་གཉིས་ལ་དམིགས་པ་དག་དང་། སྦྱོར་བ་ཚང་བ་དང་། གཏན་ཚིགས་འབའ་ཞིག་གིས་སྦྱོར་བ་དང་། མཐུན་པའི་ཕྱོགས་ཉིད་ཅན་གྱིས་སྦྱོར་བ་དང་། མི་མཐུན་པའི་ཕྱོགས་ཉིད་ཅན་གྱི་སྦྱོར་བ་དག་གིས་སམ་རྟགས་ཀྱི་སྒོ་ནས་གཏན་ལ་འབེབས་པ་དང་། རིགས་པ་བཞི་དང་བཅས་པར་ཚུལ་གསུམ་གྱི་རྟགས་ལས་རྗེས་སུ་དཔོག་པའི་སོ་སོར་རྟོག་པའི་ཤེས་རབ་རྣམས་ཀྱིས་ཡུལ་དུ་གཞལ་བས་གསང་སྔགས་ཇི་བཞིན་པའི་ངོ་བོ་རང་གསལ་ཕྱོགས་མེད་ཆེན་པོ་མ་བཅོས་པའི་ཆོས་ཉིད་ཟབ་མོའི་གནས་ལུགས་ཉིད་གོ་ཞིང་རྟོགས་པར་ནུས་པ་མ་ཡིན་ནོ། །འོན་ཀྱང་གཞུང་འདི་ཉིད་ཀྱི་དཔེ་དང་ཚད་མ་ལ་སོགས་པ་མི་འདོད་པ་ནི་མ་ཡིན་ཏེ་སྐབས་ཀྱི་དོན་ལ་མཁས་ན་མཚོན་བྱེད་ཐབས་ཀྱི་སྒྲོན་མར་འགྱུར་བས་སོ། །གཉིས་པ་ལ་གསུམ་སྟེ། སྤྱིར་མ་རྟོགས་པར་སྤྱོད་ཅིང་བཤད་པའི་སྐྱོན་བསྟན་པ། དེའི་རྣམ་གྲངས་བྱེ་བྲག་ཏུ་ཕྱེ་བ། ཞབས་བསྡུ་བའོ། །དང་པོ་ནི། དགོངས་དོན་གསང་བའི། ཞེས་པ་ནས། སྡིག་དེ་དེ་བས་ལྕི། །ཞེས་པའི་བར་གྱིས་བསྟན་ཏེ། རྒྱལ་བའི་དགོངས་དོན་མཐར་ཐུག་པ་གསང་ཆེན་གསང་བའི་སྙིང་པོ་འདི་ལ་གང་ཟག་གང་གི་བློ་ནི་མ་འབྱོར་ཏེ་ཡང་དག་པར་མ་རྟོགས་བཞིན་དུ་སུ་ཞིག་གསང་དོན་ཟབ་མོ་འཆད་ཅིང་སྨྲ་བར་བརྩོན་པ་དེ་ནི་ལོང་བས་ལོང་བ་ཁྲིད་པ་ལྟ་བུར་འགྱུར་བས་འདི་ལྟར་མ་སྨྲས་ན་ནི་ཁྱོད་ཉིད་མི་འཚོ་བར་ངེས་པར་འཆིའམ་ཅི་ཞེས་དོན་གྱིས་གདམས་པ་བསྟན་པར་བྱའོ། །དེ་བཞིན་དུ་གསང་སྔགས་ཀྱི་སྤྱོད་པ་བྱེད་པ་དང་། དོན་ལ་དམིགས་པས་ལྟ་བ་དང་། ཆེད་དུ་གཉེར་ཞིང་བསྒྲུབ་པ་དང་མི་རྟོག་པའི་ཐབས་ལ་རྟོག་དཔྱོད་བྱེད་པ་རྣམས་ལ་ཡང་གང་ཟག་ཁྱོད་ཀྱིས་དོན་ལ་ངེས་པའི་བློ་གྲོས་མ་རྙེད་པར་ཤེད་མ་བྱེ་བཞིན་དུ་གསང་བ་གོལ་བར་མ་སྤྱད་ན་ནི་ཁྱོད་ལ་ཅི་ཞིག་ཉེས་པར་འགྱུར་ཏེ་གདོད་ནས་མ་ཐོས་ན་ཤིན་ཏུ་དགེ་བ་ཡིན་པས་ལོག་པར་མ་སྤྱོད་ཅིག་པར་གདམས་པའོ།

這些是用於語言學術用途的完整直譯成簡體中文: 這是所述:從甚深密意迷失而顛倒修行的法與不誤修行密咒密心要二者,不捨而僅以修行之名稱,因名聲詞語相同而難以區分,故應以慧善加考察確定,見到無誤特殊義後加以認識。因此,於大乘密咒方便行中,以不捨任何方式,隨所化眾生所喜好而隨順方便詞語,依信解方向相應而示現,若未得義而如字面理解,則會產生如黑解脫,可能迷失而與外道相似,因此理由,言詞雖是表義工具但非如字面,僅此不可安立為義體,不應確定執持。 其理由為何?諸聖佛意趣內藏如實密咒,若失確定教言與竅訣,則不能言述,因非共同故,以共乘相順或不順之喻,或義喻結合,確立基礎亦攝於顯隱二者,於現量證亦有根現量、意現量、自證現量、瑜伽現量,又有是現量非正理,是正理非現量,俱是,俱非,或於比量中亦有是比量非正理等諸說,所說隱蔽與極隱蔽二者所緣,及具足結合,僅以因結合,僅以同品結合,僅以異品結合,或以因相確立,及具四理而以三相因比度的各別觀察智慧等所測量之境,無法瞭解理解無造作法性甚深實相的如實密咒體性自明無方大性。然而,非不認可此論自身的喻及量等,若通達處義則成為表徵方便明燈。 第二分三:總示未了解而修行及解說過失,其別類分辨,總結。 第一:從”意密心”到”罪過更重”之間所述:對此佛意究竟大密密心要,何人慧不具足未真實瞭解而解說甚深密義,彼如盲引盲,應教誡示現義:“若不說,你必定死亡嗎?“同樣,於行密咒行,以意緣見,專修成就,對無分別方便作思辨觀察者,也應教誡:“此人未獲定解慧,而未調整盲修密法,你會有何過失?若從未聽聞反而極善,故勿顛倒修行。”

།རྒྱུ་མཚན་ཅི་ཡི་ཕྱིར་ན་གསང་སྔགས་ཟབ་མོའི་དགོངས་དོན་རྒྱ་མཚོ་ལྟ་བུར་གཏིང་དཔག་དཀའ་བ་འདི་ཉིད། དཔེར་ན་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གང་གིས་སྦྲིད་པ་བསངས་པ་ལས། ནད་པ་དང་སྨན་པ་དང་ཁྱོ་མོ་གསུམ་གྱི་རྣ་བར། རིན་ཆེན་སྲོག་དང་མ་བྲལ་ན། །སྒྱུ་མའི་ནོར་ནི་བཙལ་གྱིས་རྙེད། །ནོར་གྱིས་མཆོག་ནི་སྙིང་རྗེ་ཡིན། །ནད་པ་སོས་པས་ཀུན་ཏུ་བྲིན། །ཕྱི་མ་ཅི་འགྱུར་ཆ་མེད་ཀྱིས། །སྔ་མ་དེ་ལ་ནན་ཏན་སྐྱེད། །ཅེས་སོ་སོར་ཐོས་པ་བཞིན་དུ། དམ་པའི་བཀའ་ལུང་ཟབ་མོའི་ཚིག་གཅིག་རེ་རེ་ལའང་བརྡ་དང་དགོངས་པའི་སྐབས་ཀྱིས་དོན་ནི་ཐ་དད་དུ་མར་འབྱུང་ཞིང་སྣ་ཚོགས་སུ་འགྱུར་བས་ཤིན་ཏུ་བརྡ་འཇལ་བར་དཀའོ། །དེས་ན་གསང་སྔགས་གསང་བ་དམ་པའི་དོན་ཉིད་མ་རྟོག་བཞིན་དུ་གང་བཤད་ཅིང་སྨྲ་བ་དེ་ནི། གང་གིས་མཚམས་མེད་པ་ལྔ་བྱས་པ་བས་ཀྱང་ལོག་སྨྲའི་སྡིག་པའི་ཚད་དེ་དེ་བས་ཀྱང་ལྕི་བ་ཡིན་ཏེ་ལམ་ལོག་པར་བཀོད་པའི་ཕྱིར་རོ། །གཉིས་པ་ལ་བཅུ་སྟེ། སྲོག་གཅོད་པའི་ཉེས་པ་བསྟན་པ། མ་གོ་བར་བཤད་པའི་ཉེས་པར་བསྟན་པ། སྒྲ་ཇི་བཞིན་པར་སྤྱད་པའི་ཉེས་པ་བཤད་པ། གཞུང་བསླད་པའི་ཉེས་པ་བཤད་པ། སྤྱོད་པ་ལོག་པའི་ཉེས་པ་བཤད་པ། ལྟ་བ་ལོག་པའི་ཉེས་པ་བསྟན་པ། དོན་མེད་པར་རང་གི་ལྟ་བ་ལ་མཆོག་ཏུ་འཛིན་པའི་ཉེས་པ་བསྟན་པ། ཚོད་དཔགས་ཙམ་དུ་སྤྱོད་པའི་ཉེས་པ་བཤད་པ། ལུང་མེད་པར་སྤྱོད་པའི་ཉེས་པ་བསྟན་པ། དོན་མ་གོ་བར་བསྒོམ་པའི་ཉེས་པ་བཤད་པའོ། །དང་པོ་ནི། གསང་བ་ཉིད་ལས། ཞེས་པ་ནས། སྒྱུ་སྤྱོད་དབང་བསྒྱུར་བའོ། །ཞེས་པའི་བར་གྱིས་བལྟན་ཏེ། གསང་བ་ཕྱོགས་མེད་ཆེན་པོ་གཉིས་ཆོས་དང་ངོས་བཟུང་མེད་པ་ཉིད་ལས་ཕྱོགས་དང་ཟླ་དང་རང་རྒྱུད་དུ་གོལ་བ་ཡི་གང་ཟག་ཤེད་མ་བྱེ་བར་གཞན་ལ་གསང་བར་སྨྲ་བའི་ལོག་པ་ལ་ཞེན་ཆགས་དང་སྲེད་པ་ཅན་དག་གིས། ཚིག་ཏུའང་འདི་སྐད་དུ། གསང་སྔགས་ཀྱི་ཐབས་ཀྱི་ཆོ་གས་བྱ་བས་ཟིན་པར་གྱུར་ན་འགྲོ་བ་གང་གི་འཚོ་བ་སྲོག་གི་དབང་པོའི་རྒྱུན་བཅད་དེ་བསད་ཀྱང་དེ་ནི་སྡིག་པའི་ཉེས་པར་མི་འགྱུར་བས་གསོད་པར་གྱིས་ཤིག་ཅེས་ལམ་ལོག་པར་ཁ་ལོ་སྒྱུར་བ་དེ་འདྲ་དུས་ཕྱིས་ཀྱང་འབྱུང་ངོ་། །དེ་དག་ཀྱང་སྔར་ཡང་འབྱུང་བའི་ཚུལ་ཇི་ལྟ་བུ་ཞེ་ན། སྔ་བར་འདས་པའི་བསྐལ་པ་བགྲང་ཡས་པ་སྟོན་པ་ཉིད་ཀྱིས་ཀྱང་དྲན་པ་ཐོག་མའི་དུས་ན་སྔོན་བྱུང་བ། སངས་རྒྱས་མངོན་བྱུང་རྒྱལ་པོ་མྱ་ངན་ལས་འདས་པའི་འོག་ཏུ། བྲམ་ཟེའི་རིགས་ཀྱི་ཚུལ་འཆོས་ཀྱི་སྤྱོད་པས་འཚོ་བར་བྱེད་པའི་ལོག་པར་ལྟ་བའི་སྲེད་པ་ཅན་རྣལ་འབྱོར་བཟང་རྒྱན་བྱ་བ་དེ་ཡི་གཞན་ལ་ལོག་པའི་ཆོས་སྨྲ་ཞིང་རང་ཡང་གཡོ་དང་སྒྱུ་ཡིས་སྤྱོད་པས་འཁོར་མང་པོ་ལོག་པའི་ལམ་དུ་དབང་བསྒྱུར་བར་བྱུང་བ་ལྟ་བུར་མ་སྤྱོད་ཅིག་པའོ། །འདི་དག་རྩ་བའི་རྒྱུད་ལས་ཀྱང་གསལ་པོར་འབྱུང་བའི་རྗེས་སུ་བསྙད་པར་བྱའོ། །གཉིས་པ་ནི། གང་འདིར་ལོག་པར། ཞེས་པ་ནས། དེ་མིན་འདྲ་གཞན་སྤྱོད་པའོ།

這些是用於語言學術用途的完整直譯成簡體中文: 其理由為何?此甚深密咒意趣如海難測,譬如導師世尊釋迦牟尼打噴嚏時,病人、醫生和妻子三者耳中各自聽聞:“寶貴生命若不失,幻化財富求可得,悲憫乃是最勝財,病癒普施諸眾生,後果如何不可知,前者於彼當精進。“如是各自所聞,聖教甚深語句每一句中,通過表示與意趣語境,義理生起多種差異,變化多樣,極難解其表意。因此,未了解密咒殊勝密義而解說者,較造五無間罪者,邪說罪量更為沉重,因導入邪道故。 第二分十:示現殺生過失,示現未理解而解說過失,示現如字面修行過失,示現敗壞教典過失,示現顛倒行為過失,示現邪見過失,示現無義而執己見為最勝過失,示現僅以推測而修行過失,示現無教證而修行過失,示現未解義而修習過失。 第一:從”從密自”到”主宰幻行”之間所述:從無方大密無可執取的自性中迷失為有方、對立與自相續的未調伏者,向他人宣說密密邪執貪染者,如是言道:“若以密咒方便儀軌所攝,斷除任何眾生命根氣脈而殺害,不成罪過,故當殺之。“如此引導邪道者未來亦將出現。 彼等往昔如何出現?於過去無量劫,乃至導師初憶念時期,昔日有佛名”現起王”,其涅槃後,有以婆羅門種姓假裝行為生活的邪見貪著者,名為”瑜伽善飾”,向他人宣說邪法,自身亦以欺誑幻術行為,引導眾多眷屬入邪道,當勿如是修行。這些在根本續中也明確出現,當隨之解說。 第二:從”於此邪”到”行異非彼”。

།ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་བཤད་པ་ལྟར་གང་འདིར་ལོག་པའི་ལམ་ལ་ཕྱིན་ཅི་ལོག་པར་སྤྱོད་པའང་འཕེལ་ཏེ་རྒྱས་པར་གྱུར་པས། དེ་དང་མཐུན་པའི་རིགས་ཅན་ཀུན་ཀྱང་ཕྱིན་ཅི་ལོག་པ་དེ་ཉིད་ལ་འཇུག་སྟེ། དེ་ལ་མིང་དུ་གསང་བ་དམ་པར་སྤྱོད་པའི་མིང་གི་སྒྲ་ཡིས་མཚོན་ནས་གསང་སྔགས་དེ་ལ་བརྟེན་ནས་མངོན་སྤྱོད་བྱེད་ཅིང་བསྣོན་ཐབས་བླུན་པའི་སྡིག་པ་ཅན་དག་ཀྱང་འབྱུང་ངོ་། །དེ་ཡང་ཇི་ལྟ་བུ་ཞེ་ན། འདས་པར་གྱུར་པའི་དྲན་པ་ཐོག་མའི་དུས་དེ་ཉིད་ན། བསྐལ་པ་ཀུན་བཀོད་པ་སངས་རྒྱས་སྔོན་བྱུང་རྒྱལ་པོ་འདས་པའི་ཚེ་སྔོན་བྱུང་བ། བྲམ་ཟེ་དེ་ཉིད་མ་ཡིན་པ་དགེ་སློང་དྲི་མེད་སྤྱོད་པ་ལྟ་བུ་དུས་ཀྱི་དངོས་པོ་གང་དུ་འགྲོ་བ་གཞན་ཡང་འབྱུང་ནས་ལོག་པར་ལྟ་བའི་སྲེད་པ་ཅན་དུ་གྱུར་ཏེ། གསང་བ་དམ་པ་དེ་ཉིད་དངོས་ཀྱི་སྤྱོད་པ་མིན་པར་ཚུལ་མཚུངས་པར་སྤྱད་པའི་འདྲ་བ་གཞན་འབྱུང་གི་སྤྱོད་ཚུལ་མུ་སྟེགས་པ་དང་ཆ་འདྲ་བ་ལྟ་བུར་ཡང་དག་པ་ལས་ནོར་བར་སྤྱོད་པ་འབྱུང་བའོ། །གསུམ་པ་ནི། གང་དུ་འདི་ལྟར། ཞེས་པ་ནས། སྡུག་བསྔལ་སྤྱི་ཚུགས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། དུས་གང་ཡང་རུང་བ་དག་ཏུ་འདི་ལྟར་ལོག་པར་སྤྱོད་པའི་ཆོས་དང་། ཐེག་པ་ཆེན་པོ་གསང་སྔགས་དམ་པའི་བཀའ་ལུང་གི་ཚིག་དང་སྒྲ་གཉིས་མིང་དུ་བརྗོད་ཚུལ་གཅིག་ལ་མཚོན་བྱ་དོན་གྱི་རང་བཞིན་མི་གཅིག་པར་སོ་སོར་དུ་མ་འབྱུང་བའི་གཞི་ཡིན་པ་ལ། གཞི་དོན་ལ་རྨོངས་པའི་མུན་པས་སྒྲིབ་ནས་ཡང་དག་པར་མ་རིག་པར་གང་སྒྲ་བཞིན་སྤྱོད་པ་པོ་ནི་སྔགས་ཀྱི་རྣལ་འབྱོར་པ་བདུད་ཀྱི་ལས་ཀྱི་སྤྱོད་པ་བྱེད་པ་ཉིད་དེ། དེ་ཉིད་ཤི་ནས་རྣམ་པར་སྨིན་པ་ནི། དམྱལ་བ་ཆེན་པོ་བརྒྱད་ཀྱི་སྡུག་བསྔལ་མྱོང་བར་སྐྱེ་ཞིང་འགྲོའོ། །གཏན་ཚིགས་ཅིའི་ཕྱིར་ན་རྟོགས་པ་ལྟ་བས་མ་ཟིན་པ་ཁོ་ནའི་ཕྱིར་ཏེ། བདུད་དང་སྲིན་པོའི་སྤྱོད་པ་ལ་རང་དགས་དགའ་མགུར་སྤྱོད་ཅིང་འདོད་རྒུར་འཇོལ་ཉོག་ཏུ་བྱས་ནས་དེ་ལ་བག་ཆགས་ཀྱི་ཞེན་པ་བརྟས་པའི་མཐུས། དམྱལ་ཆེན་འབར་བ་ཚ་གྲང་བརྒྱད་ཀྱི་ཡང་འོག་ཏུ། ཚེ་ཚད་ལས་འདས་པས་སྡུག་བསྔལ་མཆོག་ཏུ་ཆེ་བ་རྡོ་རྗེའི་གཏན་གཏུན་གྱི་སྦྱོར་བས་འཁུན་པར་ཡང་མི་ནུས་པའི་དམྱལ་བ་ཆེན་པོར་ལྟུང་ནས་ཉམ་ཐག་གོ། །དེ་ཡང་ཇི་ལྟ་བུ་ཞེ་ན། འདས་པའི་དུས་ན་སྔོན་བྱུང་བ། གསང་སྔགས་ཟབ་མོ་ལས་གོལ་ནས་ལོག་པའི་སྤྱོད་པ་སྟོབས་དང་ལྡན་པ་ལ་གནས་པས་ཡ་མཚན་ཅན་གྱི་གང་ཟག་ལམ་ལོག་པ་ལ་ཞེན་པའི་བག་ཆགས་དྲག་པོས་རྣམ་སྨིན་སྡུག་བསྔལ་ཅན་དུ་སྤྱི་ཚུགས་སུ་ལྷུང་བ་ཐར་པ་ནག་པོ་ཉིད་ལྟ་བུའོ། །བཞི་པ་ནི། ཨེ་མའོ་འགྲོ་བ། ཞེས་པ་ནས། ངན་པས་དེ་ཉིད་བསླད། ཅེས་པའི་བར་གྱིས་བསྟན་ཏེ། ལོག་པས་ལོག་པར་བསྒྱུར་བས་ལྟུང་བ་ལ་ངོ་མཚར་བས་ངམ་སྟེ། ཨེ་མའོ་ཞེས་པས་དྲངས་ནས། ཕྱིན་ཅི་ལོག་ཏུ་འཛིན་པས་བཅིངས་པའི་འགྲོ་བ་སེམས་ཅན་འཇིག་རྟེན་དུ་འབྱུང་བ་རྣམས་ནི་ནམ་ཡང་མི་གྲོལ་ཏེ། གཏན་ཚིགས་ཅི་ཡི་ཕྱིར་ཞེ་ན། དེ་ལྟ་བུ་མ་འོངས་པ་ན་འབྱུང་བར་འགྱུར་བའི་དུས་རྣམས་སུ། གང་ཟག་གཡོན་ཅ ན་ལོག་པའི་བློ་དང་ལྡན་པ་དག་གིས་དོན་མ་ནོར་བར་བསྒྱུར་ནས་ཚུལ་འཆོས་དང་བཅོས་མའི་གསང་ཚིག་གིས་སྒྲ་བཞིན་དུ་བཤད་པ་འདིའང་སྒྲོ་སྐུར་མེད་པའི་དྲི་མེད་གསང་བའི་བསྟན་པ་ཡང་དག་པ་ཡིན་ནོ་ཞེས་རང་གིས་འཛིན་ཞིང་གཞན་ལ་སྟོན་པ་རྣམས་ནི། གསང་བ་ཟང་མོའི་ཆོས་རྣམས་དཀྲུག་པར་འགྱུར་ཞིང་བཀའ་ལ་ལོག་པར་བསླད་པས་སེལ་ཞུགས་དེ་མ་ནོར་བའི་གཞུང་བོར་ནས་ཡང་དག་པའི་དོན་མེད་པའི་ལོག་པའི་ལམ་དུ་འཕྱན་པའི་ནོར་བའི་ཆོས་མང་པོ་འཕེལ་ཞིང་རྒྱས་པར་འགྱུར་ལ། དེའི་རྒྱུ་ཡང་གཞན་ནས་འབྱུང་བ་མ་ཡིན་ཏེ། གསང་སྔགས་མཆོག་གི་གནད་ཟབ་མོ་ཁོང་དུ་མ་ཆུད་པའི་རྩ་བ་ཉིད་ལས་གྱུར་པར་ཟད་དོ།

這些是用於語言學術用途的完整直譯成簡體中文: 這是所述:如所說,於此邪道顛倒行為增長廣大,與此相順種性者皆入此顛倒,以殊勝密密修行名稱詞語表示後,依此密咒行惡咒,增添愚昧罪過者亦將出現。 這又如何?於過去初憶念時期,劫名”普嚴飾”,昔日佛王逝世時,曾出現非彼婆羅門而似清淨比丘行者,其時物質所在,餘人亦生起成為邪見貪著者,殊勝密密非實修行而行相似,如同外道相似之行法,從真實迷失而修行。 第三:從”於何如此”到”苦痛堆積”之間所述:於任何時代如此顛倒修行法與大乘殊勝密咒教言詞語二者,名稱表述相同而所表義理本性不同,各別多種生起之基礎,於基礎義理為無明黑暗所遮而未真實了知,隨文字而修行者即咒乘瑜伽士行魔業行為,此人死後異熟果報,生往大地獄八處受苦。其理由何在?因唯未以了悟見解攝持,歡喜隨意行魔羅與羅剎行,恣意混亂而對此堅固習氣執著力量,將墮入大地獄燒熱寒冷八處之下,壽量超過時限,極大痛苦金剛結合搗擊而不能呻吟的大地獄中受苦。此又如何?過去曾出現,從甚深密咒迷失而入具力顛倒行中安住的奇特人,邪道執著強烈習氣,異熟痛苦堆積而墮落,如同黑解脫一般。 第四:從”噫!眾生”到”彼性敗壞”之間所述:因邪轉邪而墮落令人驚歎而感嘆,以”噫!“引出,執持顛倒而束縛的眾生世間出現者永不解脫。其理由為何?於如是未來將出現之時代,詭詐邪慧之人錯轉無誤義,以偽裝矯飾密語隨文解說:“此亦無增減清淨密教正法”,自執並示他者,將攪亂無拘密法,以邪敗壞聖教,捨棄無誤論典而入無正義邪道,諸多錯誤法增長廣大,其因非從他處生起,僅因未通達最勝密咒甚深要點之根本而已。

།དེེ་ཡང་ཇི་ལྟ་བུ་ཞེ་ན། བསྐལ་པ་གྲངས་མེད་པ་འདས་པའི་དུས་ན་སྔོན་དུ་བྱུང་བ་ཡི་རྣལ་འབྱོར་དཔའ་སྦྱིན་ལྟ་བུ། གསང་སྔགས་མ་ནོར་བའི་ཕྱོགས་འདི་པར་མ་གྱུར་པར་ལོག་པས་བསླད་པ་ཅན་གྱི་སེལ་དང་ལྡན་པ་དེ་ཡིས་རང་གི་ཤེས་རྒྱུད་ངན་པར་ཞུགས་ཏེ་སླད་པར་བྱས་པས་རང་སེམས་དེ་ཉིད་བསླད་དེ་ལྟ་སྤྱོད་ལོག་པའི་སྐྱོན་ཅན་དུ་སོང་བའོ། །ལྔ་པ་ནི། ང་ཡི་ཡིད་བཞིན། ཞེས་པ་ནས། ལོག་སྡེ་དྲུག་རྒྱུད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པ་ང་ཡི་བཀའ་དྲི་མ་མེད་པ་ཡིད་བཞིན་ནོར་བུ་ལྟ་བུའི་གསང་སྔགས་ཟབ་མོ་འདི་ཉིད་སྤྱོད་པ་ཐབས་ཀྱིས་འཇུག་སྒོ་ཅིར་ཡང་སྟོན་ལ་ལྟ་བ་ཟབ་མོའི་གནས་ལུགས་བློས་རྟོགས་ཤིང་དཔག་པར་དཀའ་བའི་ཕྱིར་གྱི་གཏན་ཚིགས་དེས་ན། ཕྱིས་མ་འོངས་པའི་དུས་ཀྱི་ཚེ་ན་ཡང་ལོག་པར་སྤྱོད་པ་སྣ་ཚོགས་ཀྱིས་གནས་ཤིང་དོན་ངེས་པར་མ་མཐོང་བས་ལོག་པར་བརྟགས་པའི་སྒོ་ནས་ནོར་བ་ལ་ཞེན་པས་དེའི་གཞུང་འཛིན་པའི་ལོག་པར་གོལ་བའི་སྡེར་ལོངས་པ་མང་པོ་འབྱུང་སྟེ་དུས་དེ་ཙམ་གྱི་ཕྱི་དུས་ཡིན་ནོ། །དེ་ཁོ་ན་ཡང་སོ་སོའི་སྡེ་མ་འདྲེས་པར་བསྟན་པ་གང་ཇི་ལྟ་བུ་ཞེ་ན། འདས་པའི་དུས་ན་སྔོན་བྱུང་བ་དེར་གསང་བ་དམ་པའི་ལམ་བརླག་ནས་ལོག་པར་གྱུར་པ་ཡང་དག་པའི་ལམ་སྟོར་བས་གོལ་སར་ལྟུང་ཞིང་ལམ་ཤིན་ཏུ་ལོག་པར་འཕྱན་པའི་ཉེས་པ་ལ་ཞུགས་པ་མུ་སྟེགས་ཀྱི་རིགས་ཅན་ཕྱིན་ཅི་ལོག་ལ་ཆགས་ཤིང་ཞེན་པའམ། ལོག་པའི་སྡེ་པ་དེ་དང་ཕྱོགས་མཐུན་པའི་ཚན་པ་གཅིག་ལའང་དྲུག་སྟེ། གསང་བ་ཟབ་མོའི་དོན་མ་མཐོང་བས་ཚུལ་དེ་ལྟར་བརྒྱུད་ཅིང་ལོག་པར་ཞེན་པ། རྒྱལ་བྱེད་ཚལ་གནས་ཀྱི་སྡེ་དང་། འཇིགས་བྱེད་རིགས་གནས་ཀྱི་སྡེ་དང་། གཙུག་ལག་ཁང་ཆེན་གྱི་སྡེ་དང་། མཐར་སྒྲོགས་རིགས་བྱེད་ཀྱི་སྡེ་དང་། ས་སྲུང་བ་པའི་སྡེ་དང་། གནས་མ་བུའི་སྡེ་དང་དྲུག་གོ། །ཕྱོགས་ལོག་པར་གྱུར་པ་ལའང་དྲུག་སྟེ། སོ་སོ་ཐ་དད་རྒྱུར་ལྟ་ལ་ཁྲུས་དང་གཙང་སྦྲ་སྤྱད་པས་དཀའ་བར་ལྟ་བ་དང་། འཚོ་བ་བཅོས་པས་དག་པར་ལྟ་བ་དང་། རྒྱུན་དུ་ལྷྭམ་དང་གོས་བཅོས་པས་དག་པར་ལྟ་བ་དང་། སྐྲ་སྤུ་བཅོས་པས་དག་པར་ལྟ་བ་དང་། རུས་པའི་རྒྱན་ཅན་སོགས་ཀྱིས་དག་པར་ལྟ་བ་དང་། དཀའ་ཐུབ་རྟེན་པ་དྲག་པོས་དག་པར་ལྟ་བའི་ལོག་སྡེ་ཕྲག་གཅིག་སྟེ། ལེའུ་རེ་བརྒྱད་པ་ལས། རྒྱུར་ལྟ་སྤྱད་པས་དག་པར་ལྟ། །འཚོ་བ་བཅོས་པས་དག་ལྟ་དང་། །རྒྱུན་ལ་ལྷྭམ་དང་གོས་བཅོས་པ། །སྐྲ་སྤུ་བཅོས་དང་རྒྱན་ཅན་དང་། །དཀའ་ཐུབ་རྟེན་པ་དྲག་པོའོ། །ཞེས་སོ། །དྲུག་པ་ནི། གང་ལ་ལོག་ཞེ་ན། ཞེས་པ་ནས། ནག་པོ་ཀུན་རྨོངས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཤེས་བྱ་གང་ཡང་རུང་བ་དག་གི་བྱེ་བྲག་ལ་ཕྱིན་ཅི་ལོག་ཏུ་ཞེན་ཏེ་མངོན་པར་ཆགས་པས་རྒྱུད་ལོག་པར་འབྱིན་པའི་དབང་གིས་ལོག་པར་གྱུར་པའི་བློས་ལོག་པར་མཐོང་བ་དེ་ཉིད་ལྟ་བའི་གཙོ་བོར་བཟུང་ནས་ཡང་དག་པའི་ཤེས་རབ་ཀྱི་མ་ནོར་བའི་ལྟ་བའི་སྒོ་རྣམས་ཀུན་ལ་མི་འཇུག་ཅིང་ངེས་པའི་སེམས་དང་བྲལ་ཏེ་མ་རིག་རྨོངས་པའི་ལྟ་བ་ལ་བརྟན་པར་གནས་ཏེ་མི་འགྱུར་པའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། འདས་པའི་དུས་ན་སྔོན་བྱུང་བ་དེའི་ཚུལ་འཛིན་པའི་དུས་དེར་ལོག་པར་ལྟ་བ་གཅིག་ཏུ་མངོན་པར་ཞེན་ནས་ཕྱིན་ཅི་ལོག་ལ་འཆལ་བར་སྤྱོད་པའི་སེམས་དཔའ་བ་ཆར་ཀ་ཐར་པ་ནག་པོ་ཀུན་ནས་རྨོངས་པར་གྱུར་པའོ། །དེས་ན་བཤད་པའི་དུས་དང་འཆད་པ་རྣམས་བསྐལ་པ་ཀུན་དགའ་ལྟ་བུར་བྱུང་འབང་རིགས་སོ། །བདུན་པ་ནི། གང་འདིར་བཅིངས་པ། ཞེས་པ་ནས། གཅིག་བུར་སྤྱོད་པའོ།

這些是用於語言學術用途的完整直譯成簡體中文: 這又如何?於無數劫過去時曾出現的瑜伽士帕津那樣,未成為無誤密咒方之人,而具有邪敗壞之摻雜,以惡入自知相續而敗壞,自心即被敗壞而墮入見行顛倒過患中。 第五:從”我之如意”到”邪部六傳承”之間所述:導師我之無垢教法如意寶般甚深密咒,以行為方便示現種種入門,因甚深見解實相難以智解測度的理由,後來未來之時,也將住於種種顛倒行,因未確定見義而以邪推度方式執著於錯誤,持其論典的顛倒迷失之眾多部派將出現,彼即為後來時期。 彼等各自不混雜部派如何?過去曾出現殊勝密道敗壞而顛倒,失正道而墮入迷處,入極邪道過失之外道種性,貪執顛倒者,或與彼邪部相順之類有六:因未見甚深密義而如此傳承邪執,勝作林住部、懼作種住部、大寺院部、邊誦作部、護地部、根本住部六部。 顛倒方向亦有六:視各別因為觀而以沐浴潔淨修行為苦行見,以調整飲食為淨見,以恆常調整鞋子和衣服為淨見,以調整鬚髮為淨見,以骨飾等為淨見,以猛烈苦行依止為淨見等六種邪部,如第六十八品中:“視因修行為淨觀,調整飲食為淨見,恆於鞋履及衣著,調整鬚髮與飾品,猛烈依止於苦行。” 第六:從”於何邪執”到”黑全愚痴”之間所述:於任何所知差別顛倒執著貪著,以染邪出相續力而以邪心邪見,執彼為主要見解,不入一切無誤智慧正見之門,離確定心而堅住於無明愚痴見解而不變。此又如何?過去曾出現,持彼法則時,一向邪見執著,行顛倒妄行的勇士伽拉卡,成為黑解脫全然愚痴者。因此,所說時期與諸說者應如”普喜劫”般理解。 第七:從”於此束縛”到”獨自修行”。

།ཞེས་པའི་བར་གྱིས་བསྟན་ཏེ། གང་གི་དུས་འདིར་ཡང་ཐར་པ་ནག་པོ་དེ་ཉིད་ཉོན་མོངས་པའི་ཞགས་པས་བཅིང་པ་ལྔས་བཅིངས་ཤིང་བསྡམས་ནས། རང་གི་ཆེ་བའི་ང་རྒྱལ་གྱི་ས་ལ་གནས་པའི་ཐབས་བཟུང་སྟེ། བསམ་པའི་ཤེས་རབ་ཀྱི་རྟོག་དཔྱོད་ཙམ་ཡང་བརྟེན་ཏེ་མི་འཇུག་པར་མ་རིགས་པས་ནོན་པ་ནི། གླང་ཆེན་ཆང་གིས་མྱོས་པ་ཀུན་ནས་རྨོངས་པ་དང་འདྲ་བར་བྱུང་བའོ། །སྤྱིར་ལོག་པར་སྤྱོད་པ་ལ། ཡེ་ནས་ལོག་པར་སྤྱོད་པ་དང་། ཤེས་བཞིན་ལོག་པར་སྤྱོད་པ་གཉིས་ལས། སྔ་མ་དམུས་ལོང་དང་འདྲ་ཞིང་། ཕྱི་མ་རྐྱེན་གྱིས་ལོང་བ་དང་འདྲ་བ་ལས། འདི་ནི་དང་པོ་ཡིན་ནོ། །དེ་ཡང་དེའི་ཚུལ་ནི་ཇི་ལྟ་བུ་ཞེ་ན། འདས་པའི་དུས་ན་སྔོན་བྱུང་བ་ཡི་བསྐལ་པ་དེ་ལ། བདག་ཉིད་གཅིག་པུར་ཆོས་སྨྲ་བ་ཉིད་དུ་བཟུང་ནས། ང་ལས་བཙན་པ་དང་ཆེ་བ་མེད་པར་ང་རྒྱལ་བས་གཞན་ལ་ལོག་པའི་ཆོས་བསྟན་པས་ལོག་པར་ཕྱོགས་པའི་སྡེ་བ་མང་པོས་ནག་པོ་གཅིག་པུར་སྤྱོད་པའོ། །བརྒྱད་པ་ནི། གང་དུ་དམུས་ལོང་། ཞེས་པ་ནས། མཆོག་འཛིན་ལྔ་སྡེ་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། དུས་དང་གནས་གང་དུ་དཔེར་ན་མ་ལྟོ་ནས་ལོང་བས་དམུས་ལོང་ཞིག་ལམ་དུ་ཞུགས་ཏེ་སོང་བ་ན། དཔྱོད་པའི་ཡིད་ཀྱིས་གོམས་པའི་ཚད་ལ་དཔག་ནས་འདོར་བར་བྱས་ན་ཡང་ཉམ་ངའི་ལམ་དུ་རྒྱུག་ཅིང་གཡང་སར་ལྷུང་བ་ལས་མེད་པ་ལྟར་དུ། གསང་སྔགས་གསང་བའི་དོན་མ་རྟོགས་པར་ངན་དཔྱོད་ཀྱིས་ཚོད་དཔག་ཙམ་ལ་གཙོ་ཆེར་འཛིན་ཅིང་སྤྱོད་པ་མཆོག་ཏུ་བྱེད་པ་འབྱུང་བས་གོལ་སར་འཕྱན་པའོ། །དེ་ཡང་ཚུལ་ཇི་ལྟ་བུ་ཞེ་ན། འདས་པའི་དུས་ན་སྔོན་བྱུང་བ་དེ་ཉིད་དུ་གང་དུ་མ་རིག་པའི་མུན་པས་ཟིན་ཅིང་བསྡམ་པ་ཡིས་ལྟ་བ་ལ་གནས་པ་བརྟུལ་ཞུགས་མཆོག་འཛིན་ལྔ་སྡེ་པ་ཡང་བྱུང་སྟེ་རྒྱལ་པོ་པྲ་མ་ན་ལྟ་བུ་ཡང་གཟུང་བར་བྱའོ། །དེའང་དགེ་འདུན་ཕལ་ཆེན་པའི་སྡེ་པ་ལས་ལྔར་གྱེས་ཏེ། ནུབ་ཀྱི་རི་བོའི་སྡེ་དང་། ཤར་གྱི་རི་བོའི་སྡེ་དང་། གངས་རིར་གནས་པའི་སྡེ་དང་། རྟག་པར་སྨྲ་བའི་སྡེ་དང་། འཇིག་རྟེན་འདས་པའི་སྡེ་དང་ལྔའོ། །ཕྱོགས་ལྟོས་དཔྱོད་པ་གསང་བ་ཆེན་པོའི་ཞར་ལས་བྱུང་བ་བརླང་པོའི་བརྟུལ་ཞུགས་སྤྱོད་པ་སྟེ། གཞི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལས་གྱེས་པ་འཇིག་ཚོགས་ལ་ལྟ་བ། མཐར་འཛིན་པ། ལོག་པར་འཛིན་པ། ལྟ་བ་ཁྱད་པར་ཅན། རང་གི་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྡེ་ལྔ་སྟེ། འཇིག་པའི་ཚོགས་དང་མཐར་འཛིན་དང་། །ལོག་པར་འཛིན་དང་ལྟ་ཁྱད་ཅན། །རང་གི་བརྟུལ་ཞུགས་མཆོག་འཛིན་ཏེ། །རིས་ནི་མཐུན་པས་སྡེ་ལྔར་གྲགས། །ཞེས་སོ། །དགུ་པ་ནི། ལུང་མེད་རྣལ་འབྱོར། ཞེས་པ་ནས། སྨྲ་བ་བཞི་སྡེ་པའོ། །ཞེས་བར་གྱིས་བསྟན་ཏེ། ཡང་དག་ངེས་པའི་ལུང་མེད་པར་ཏིང་ངེ་འཛིན་གྱིས་རྣལ་འབྱོར་སྐོམ་པར་བྱེད་པ་དང་། རང་ལ་ཡང་དག་པའི་ཆོས་མེད་པས་ཤེད་མ་བྱེད་བར་གཞན་ལ་ཆོས་སུ་སྨྲ་ཞིང་སྒྲོགས་པར་བྱེད་པ་དང་ལོག་པར་སྤྱོད་པའི་རྩ་བ་ཧྲལ་གྱི་སྡིག་པ་ཅན་སྨྱོན་པའི་བརྟུལ་ཞུགས་ལ་གནས་པ་དཔའ་བརྟུལ་གྱི་སྤྱོད་པ་ལ་གཙོ་ཆེར་སྤྱོད་པ་དུ་མ་ཡང་འབྱུང་སྟེ། དེ་ཡང་ཚུལ་ཇི་ལྟ་བུ་ཞེ་ན། འདས་པའི་དུས་ན་སྔོན་བྱུང་བ་ཡི་དུས་དེར་ཡང་གང་གིས་ལུང་དང་རིགས་པ་ཚད་མས་མ་གཞལ་ཏེ་ལེགས་པར་མ་བརྟགས་པའི་བྱུང་རྒྱལ་མུ་ཅོར་དུ་སྨྲ་བའི་ནང་རིས་བཞི་སྡེ་བྱུང་བ་སྟེ་དགེ་སློང་སྡེ་བྱིན་ལྟ་བུ་ཡང་གཟུང་བར་བྱའོ། །དེ་ཡང་ཐམས་ཅད་ཡོད་པར་སྨྲ་བ འི་སྡེ་དང་། དགེ་འདུན་ཕལ་ཆེ་བའི་སྡེ་དང་། གནས་བརྟན་པའི་སྡེ་དང་། ལེགས་དཔོགས་པའི་སྡེ་དག་གོ། །ལོག་ཕྱོགས་པའང་། གང་དུ་ཤེས་པ་ཡོད་སྨྲ་ལྟ། །དེ་བཞིན་མེད་པར་ལྟ་བ་དང་། །འདི་གང་འདི་ལས་གྱུར་ལྟ་བ། །གང་དུ་ཡོད་མིན་མེད་མིན་ལྟ། །བདག་ཤི་ཚེ་འདི་མྱ་ངན་འདས། །ཞེས་ཏེ། གསུམ་པ་དང་ལྔ་པ་གཅིག་ཏུ་བརྩིའོ། །བཅུ་པ་ནི། དོན་མེད་འདུག་ལ། ཞེས་པ་དང་། འཇུག་པ་བདུན་སྡེ་པའོ།

這些是用於語言學術用途的完整直譯成簡體中文: 這是所述:即使在何時,彼黑解脫為煩惱羅索五種束縛而繫縛,安住於自大我慢之地而持其方法,甚至不依靠思擇的智慧觀察而入,為無明所壓,如同大象醉酒全然愚痴一般。 一般顛倒行有”本來顛倒行”與”明知顛倒行”兩種,前者如生盲,後者如因緣致盲,此處為第一種。其方式又如何?過去曾出現的劫中,執持自己獨一說法者身份,傲慢認為無人勝過我或大於我,向他人示現邪法,為眾多邪向部眾所行黑獨修行。 第八:從”於何生盲”到”執勝五部”之間所述:於何時何處,譬如生盲入路而行,依思維心量度步距而捨棄,但仍奔於險路而墮入深淵,如是未了解密咒密義而以惡思度量為主要,行為以為殊勝而生,故迷失於歧路。這又如何?過去曾出現時,為無明黑暗所攝而束縛,住於見解的苦行執勝五部亦生起,如同國王般摩那也應把握。彼從大眾部分五:西山部、東山部、雪山住部、常說部、出世間部五部。 依方觀察從大密中派生的粗暴苦行行為,基於執持戒律與苦行為最勝而分支:薩迦耶見、邊執、邪執、特殊見、執自苦行為最勝五部,即:“薩迦耶及邊執,邪執特殊見,執自苦行為最勝,相順類故稱五部。” 第九:從”無教瑜伽”到”說四部”之間所述:無確定教證而以三摩地修習瑜伽,自無正法而未調適卻向他人宣說法並宣講,顛倒行為之根本粗放罪過瘋狂苦行安住者,主要行持勇士行的眾多行者亦出現。這又如何?過去曾出現時,未以教理正量衡量善加觀察而隨意妄言之內類四部出現,如比丘部巴印亦應把握。彼即說一切有部、大眾部、上座部、經量部。 邪方向者:“於何有見觀,同樣無見觀,此何從此生見,於何非有非無見,我死今生即涅槃。“其中第三與第五合為一數。 第十:從”無義住於”到”入七部”。

།ཞེས་པའི་བར་གྱིས་བསྟན་ཏེ། དུས་རྟག་ཏུ་དགོད་པའི་གནས་སུ་དོན་རྟོགས་པའི་དགོངས་མེད་པར་ཡལ་བར་འདུག་པ་ལ་བརྩོན་ཞིང་གྲིམས་པ་དང་། གསེར་དངུལ་གྱི་ལུགས་མ་དང་འཇིམ་པ་ལ་སོགས་པའི་གཟུགས་བརྙན་དག་ལ་དེ་ཉིད་དུ་ཞེན་ནས་ཡང་དག་པའི་ཐབས་ཀྱིས་མ་ཟིན་པར་དམིགས་པའི་མཚན་མར་འཛིན་པ་ཡི་བློ་གང་དུ་ཀུན་རྟོག་རགས་པའི་རི་བོ་ལྟར་དུ་བསྒྱུར་དཀའ་བ་དག་ཀྱང་འབྱུང་བར་འགྱུར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། འདས་པའི་དུས་ན་སྔོན་བྱུང་བ་དེ་ཉིད་དུ་ཡང་། གང་དུ་རྣམ་པར་ཤེས་པ་ཚོགས་ལྔའི་སྒོ་ཡི་རྒྱུ་བ་ཀུན་བཀག་པའི་སྒོ་ནས་ནང་དུ་བསྡུས་ཏེ་མཉམ་པར་འཇོག་ཅིང་ལོག་པའི་ཏིང་ངེ་འཛིན་ལ་འཇུག་པར་བྱེད་པ་རིས་བདུན་གྱི་སྡེ་པར་གྱུར་པ་བྱུང་བའོ། །དེའང་ཐམས་ཅད་ཡོད་པར་སྨྲ་བ་ལས་བདུན་དུ་གྱེས་ཏེ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་དང་། འོད་སྲུངས་པའི་སྡེ་དང་། མང་སྟོན་པའི་སྡེ་དང་། ཆོས་སྲུང་བའི་སྡེ་དང་། མང་དུ་ཐོས་པའི་སྡེ་དང་། གོས་དམར་པའི་སྡེ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་རྣམས་བྱུང་བའོ། །ཡང་ན་བདག་གིར་ལྟ་བ་གཞན་ལས་གྱུར་པ་སྡེ་ལྔ་དང་བདག་ཏུ་ལྟ་བ་འདི་ལས་གྱུར་པ་སྡེ་གཉིས་དང་བདུན་ཏེ། བཅོས་མ་གཞན་ལས་གྱུར་པ་དང་། །འདི་ལས་གྱུར་པ་གཉིས་ཁོ་ན། །ཞེས་སོ། །དེའང་སྔ་མ་ནི། གནས་ལ་བདག་གིར་འཛིན་པ། འཁོར་ལ་བདག་གིར་འཛིན་པ། ཡོ་བྱད་བདག་གིར་འཛིན་པ། ནོར་ལ་བདག་གིར་འཛིན་པ། ལོངས་སྤྱོད་ལ་བདག་གིར་འཛིན་པ་ལྔ་སྟེ། གནས་དང་འཁོར་དང་ཡོ་བྱད་ནོར། །ལོངས་སྤྱོད་ལྔ་ལྡན་གཞན་ལས་གྱུར། །ཞེས་སོ། །ཕྱི་མ་ནི་རྟག་ཆད་གཉིས་ཏེ། དེའང་དྲན་པ་རྟག་པར་ལྟ་བ། ལྟོས་འཛིན་རྡུལ་མུན་སྙིང་སྟོབས་ཀྱི་འགྱུར་བ་རང་བཞིན་གྱི་རྒྱུར་རྟག་པར་ལྟ་བ། རྒྱུ་འབྲས་མེད་པའི་མཐར་ལྟ་བ། དེ་རང་ཡང་མཐའ་མེད་པར་ཤེས་ཏེ་སྟོང་པ་ཁོ་ནར་ལྟ་བ། ཀུན་ནས་མི་གཡེང་བར་མི་རྟོག་པ་སྒོམ་པ་བསམ་གཏན་རྟག་པར་ལྟ་བ་སྟེ། དྲན་པ་རྟག་ལྟ་ལྟོས་འཛིན་རྒྱུ། །མེད་པའི་མཐའ་དང་མཐའ་མེད་ཤེས། །ཀུན་ནས་རྣམ་པར་མི་གཡེང་ལྟ། །ཞེས་པ་རྣམས་ལེའུ་རེ་བརྒྱད་པའི་ཞར་བྱུང་ལས་གསལ་བར་སྟོན་ནོ། །གསུམ་པ་ནི། སྦས་པའི་དོན་རྣམས། ཞེས་པ་ནས། གསང་བ་མཆོག་དེས་བཤད། །ཅེས་པའི་བར་གྱིས་བསྟན་ཏེ། ཐུན་མོང་མིན་པའི་སྤྱོད་པ་གསང་བར་བྱས་པ་གང་ཞིག་སྒྲ་ཇི་བཞིན་མ་ཡིན་པར་སྦས་ཏེ་བརྡ་དང་ཟུར་གྱིས་སྟོན་པར་མཛད་པའི་དོན་གྱི་གསང་བ་རྟོགས་དཀའ་བ་རྣམས་རང་ཐད་ཀྱི་སྒར་བསྒྱུར་ནས་རྟོག་ཅིང་དཔྱོད་པའི་བློ་ཡིས་ཚོད་ཡོད་དུ་གཞལ་བའི་ཁོངས་ཙམ་དུ་བྱེད་ཅིང་སྨྲ་བ་རྣམས ཀྱིས་ཇི་བཞིན་པའི་སྟེང་དུ་མི་འབབ་པས་ཡང་དག་པར་གཏན་ལ་མི་ཕེབས་ཏེ་ལོག་པའི་གོལ་སར་འགྲོ་བར་འགྱུར་བས་ན། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་མི་ཐོབ་པར་འཁྲུལ་པར་འཕྱན་པའི་བསླུ་བྱེད་ཆེན་པོ་ཡིན་ནོ། །ལང་ཀའི་བདག་པོ་ཞེས་སྡུད་པ་པོ་ལ་བོས་ནས་བསྟན་པ་དེ་ལྟར་ན་སྔོན་ཡང་དེ་སྐད་དུ་སྟོན་པ་གསང་བ་མཆོག་དེས་བཤད་ཅིང་བཀའ་སྩལ་ཏོ། །ཞེས་གསང་བ་ལས་བསྙད་པར་མཛད་དོ། །གཉིས་པ་ལ་གཉིས་ཏེ། དྲིས་པ་དང་། ལན་བཤད་པའོ། །དང་པོ་ལ་གཉིས་ཏེ། ཉེ་བ་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། གཞན་ཡང་ཐབས་ལྡན། ཞེས་པ་ནས། གལ་དུ་དྲི་བ་དྲིས། །ཞེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་གོལ་བ་མི་མཐུན་པའི་གེགས་སེལ་བཤད་པ་ནི། བློ་གྲོས་ཐབས་ལྡན་ལང་ཀ་ལ་གསང་བདག་གིས་བོས་ནས་འདི་ལྟ་སྟེ་ཞེས་ཉེ་བར་བསྟན་པ་ནི། སྐབས་ཀྱི་ཚིག་གི་འབྲེལ་པའང་དུས་དེར་སྟོན་པས་གསུངས་མ་ཐག་པར་འཁོར་གྱིས་རྣལ་འབྱོར་གཉིས་ཀྱིས་རྩོད་པ་སྟོན་པའི་ཕྱིར་གོང་དུ་སྙེགས་པ་དང་འོག་མའི་འདྲེས་པའོ།

這些是用於語言學術用途的完整直譯成簡體中文: 這是所述:常時勤勉專注於毫無了悟義理意趣的閒散住處,對金銀鑄像和泥塑等形象執著為真實,未以正確方法掌握而執取為所緣相的心,變得如同粗大分別念之山般難以轉變者亦將出現。這又如何?過去曾出現時,以遮止五識門行相方式內攝而安住,入於邪三摩地而成為七類部派。 彼從說一切有部分為七:根本說一切有部、迦葉部、多師部、法護部、多聞部、赤衣部、分別說部等出現。或者,我所見從他生五部與我見從此生二部共七,即:“造作從他生,從此生唯二。” 前者為:執所住處為我所,執眷屬為我所,執資具為我所,執財富為我所,執受用為我所等五,即:“住處眷屬及資具財,受用五具從他生。” 後者為常斷二種:執念為常見,執依持塵暗勇性變化為自性因而常見,執無因果邊見,了知彼自無邊而唯觀空性,不散亂修無分別定而常見禪定,即:“念常見依持因,無邊及知無邊,一切不散亂見。“這些在第六十八品附帶中明顯示現。 第三:從”隱義等”到”密最勝說”之間所述:不共行為所密藏者,非如字面而隱藏,以表示與旁示示現的難解密義,轉為自己的聲音後以思辨慧量度範圍而說者,未契如實,故不能確立而行於邪路,不獲佛陀身語意三金剛而迷亂歧路,是大欺誑。 呼喚”楞伽主”編集者而示現如是,過去亦如是,導師密最勝說且宣說,此從密中宣說。 第二分二:問與解說。 第一分二:略示,廣說。 第一:從”複次具方便”到”重要請問”之間所述:複次解說迷亂不順違緣,呼喚智慧具方便楞伽的密主如是略示,語境關聯也是當時導師剛說完後,眷屬示現二瑜伽士爭論,故向上承接與下文混合。

།དེ་ནས་སྟོན་པ་རྡོ་རྗེ་སྲིན་པོ་དེ་ཉིད་ཀྱི་འཁོར་དེར་གཏོགས་ཤིང་འདུས་པར་གྱུར་པའི་རྣལ་འབྱོར་པ་གསང་སྔགས་ཐེག་པ་མཆོག་ལ་ཡང་དག་པར་ཞུགས་ཏེ་ཚུལ་བཞིན་དུ་སྤྱོད་པ་ཚངས་པའི་འོད་ཅེས་བྱ་བ་ལ་གང་དེར་མོས་པ་ཆུང་ངུ་ལ་གནས་ཏེ་མཚན་ཉིད་ཐེག་པ་ལ་སྤྱོད་པའི་རྣལ་འབྱོར་པ་གྲགས་ལྡན་ཞེས་བྱ་བས་འདི་སྐད་ཅེས་ཐེ་ཚོམ་གྱི་གནས་རྣམས་གལ་པོ་གཏར་ཀ་གེགས་སེལ་གྱི་ཚུལ་དུ་དྲི་བ་བཅུ་གཅིག་འོག་ནས་འབྱུང་བ་འདི་ལྟར་དྲིས་པའོ། །གཉིས་པ་ལ་ལྔ་སྟེ། དམན་པའི་སྤྱོད་པ་དམ་པར་མི་འགྲོ་བ་དྲིས་པ། དོན་དམ་པར་མཉམ་ཡང་ཀུན་རྫོབ་ཏུ་བླང་དོར་བྱ་དགོས་པར་དྲིས་པ། དྲང་དོན་ལ་ངེས་དོན་དུ་གཟུང་དུ་མི་རུང་བར་དྲིས་པ། ཚང་ལས་འདས་པའི་སྤྱོད་པ་བྱ་བར་མི་རིགས་པར་དྲིས་པ། སྒྲོལ་བའི་སྤྱོད་པ་བྱ་བར་མི་རིགས་པར་དྲིས་པའོ། །དང་པོ་ནི། དམ་པར་སྤྱོད་པ། ཞེས་པ་ནས། དམ་པར་འགྱུར་མི་སྲིད། །ཅེས་པའི་བར་གྱིས་བསྟན་ཏེ། འདི་ཉིད་དྲི་བ་གཉིས་ཀྱི་སྒོ་ནས་སྟོན་པ་ལས་དྲི་བ་དང་པོ་དམན་སྤྱོད་དམ་པར་མི་འགྱུར་བ་ལའང་གསུམ་གྱི་ཐོག་མ་ནི་གསང་སྔགས་དམ་པར་སྤྱོད་པ་ཚངས་པའི་འོད་ཅེས་བོས་ནས་འདི་ལྟར་འབྲས་བུ་ཐ་དད་པས་དམན་སྤྱོད་དམ་པར་མི་འགྱུར་བས་ན། ཁྱེད་གསང་སྔགས་པ་རྣམས་ཀྱིས་ཐབས་ལ་གནས་པ་གང་གི་དུས་འདིར་ཐེག་པ་ཆེན་པོ་གསང་བ་ད མ་པར་སྤྱོད་དོ་ཞེས་ཟེར་ནས། ཤིན་ཏུ་དམན་པ་འཁོར་བའི་སྤྱོད་པ་སྨད་པར་གྱུར་པའི་ལས་ལ་མ་དག་ལ་སྤྱོད་པ་ནི། ལས་དེ་ཡི་འབྲས་བུ་རྣམ་པར་སྨིན་པ་ཐ་དད་དུ་སྣང་སྟེ་ཡིད་དུ་མི་འོང་བ་རྣམ་པ་མང་པོ་ཡོད་པའི་ཕྱིར་གྱི་གཏན་ཚིགས་དེས་ན་དེ་ཉིད་ཡང་དག་པའི་སྤྱོད་པར་མི་འགྱུར་ཏེ། དཔེར་ན་མུན་པ་སྣང་བར་མི་འགྱུར་བ་དང་འདྲ་ཞིང་། དེ་བས་ན་དམན་པའི་སྤྱོད་པ་ངན་པ་དེ་ཉིད་ཡང་དག་པའི་སྤྱོད་པ་དམ་པར་ག་ལ་འགྱུར་ཏེ་མི་འགྱུར་རོ་ཞེས་གསང་བའི་ཐབས་ཀྱིས་སྤྱོད་པ་གང་ཡང་མི་སྤོང་བ་ལ་དྲིས་པའོ། །གཉིས་པ་ལམ་ཐ་དད་པས་དམན་པ་དམ་པར་མི་འགྱུར་བས་ན། དཔེར་ན་མཐོ་སར་འགྲོ་བར་འདོད་པ་གང་དེ་གཞོལ་ཕྱོགས་ཀྱི་ལམ་དུ་ཐུར་ལ་འབབ་པ་བཞིན་དུ། འབྲས་བུའི་གོ་འཕང་ཆེན་པོ་བྱང་ཆུབ་མཆོག་ཉིད་མཐོང་ཞིང་ཐོབ་པར་འདོད་པ་ན། དེའི་རྒྱུར་ནག་པོའི་སྤྱོད་པ་དེ་དག་སྤྱད་ན་མི་ཁོམས་པ་བརྒྱད་དུ་སྐྱེ་ཞིང་ངན་འགྲོ་ཡ་ང་བའི་སྡུག་བསྔལ་གྱི་རྒྱུད་དུ་ཞུགས་པ་དེས་ན་དེར་མི་ལྟུང་བའི་ཐབས་ཅི་ཡོད་ཅེས་དྲིས་པ་དང་། གསུམ་པ་འཁྲུལ་མ་འཁྲུལ་ཐ་དད་པས་དམན་པ་དམ་པར་མི་འགྱུར་བས་ན། དཔེར་ན་གང་ཞིག་བཏུང་བར་བྱ་བའི་ཆུ་ལེན་པར་འདོད་པ་ཡིས་སྨིག་རྒྱུ་ལ་ཆར་འཁྲུལ་ཏེ་བསྙགས་པས་ངོམས་ཤིང་ཚིམ་པ་མེད་པ་ལྟར་དུ་དམན་པ་དམ་པར་སྨིན་པར་འདོད་པའི་ས་པ་དག་སངས་རྒྱས་ཉིད་དུ་འགྲུབ་པར་བསམ་པ་ཞིག་ཡོད་ན་མཉམ་པ་ཉིད་སྤྱོད་པ་ལ་དམན་པའི་སྤྱོད་པ་རྣམས་བྱས་པས་ཐོབ་པར་འགྱུར་བ་རིགས་པ་མ་ཡིན་ན། ཇི་ལྟར་ཐོབ་པར་འགྱུར་ཞེས་སྔགས་ནས་བཤད་པའི་སྤྱོད་པ་ལ་དྲིས་པའི་བྱེ་བྲག་གིས་དྲི་བ་གསུམ་གྱི་ཐ་མའོ། །དྲི་བ་གཉིས་པ་རྒྱུ་ཐ་དད་པས་དམན་པ་དམ་པར་མི་འགྱུར་ན་དེས་ཇི་ལྟར་ཐོས་པའི་ཚུལ་ལ་རྩོད་པའི་སྒོ་ནས་དྲིས་པ་སྟེ། དཔེར་ན་སྦྲུལ་གྱི་འབྲས་བུའམ་སྒོ་ང་དེ་ཉིད་ཁྱུང་གིས་བརྣོངས་ཏེ་བསྐྱངས་པར་གྱུར་ན་ཡང་ཕྱིན་ཅི་ལོག་པར་འགྱུར་ཞིང་ཁྱུང་དུ་སྣང་བ་མི་སྲིད་པས་རང་རིས་དེ་ཉིད་ཁོ་ན ར་སྣང་བ་བཞིན་དུ་འགྲོ་བའི་སྤྱོད་པ་དམན་པ་སྨད་པའི་གནས་རྣམས་བྱས་པས་རྒྱལ་བའི་སྤྱོད་པ་དམ་པར་འགྱུར་བ་མི་སྲིད་པས་ཡང་དག་པའི་དོན་གྱི་སྤྱོད་པ་གྲུབ་པར་བཏུབ་བམ་ཞེས་དྲིས་པའོ། །གཉིས་པ་ནི། གང་གིས་གསང་བ། ཞེས་པ་ནས། བྱ་ཕྱིར་འཁྲུ་འདོད་འདྲའོ།

這些是用於語言學術用途的完整直譯成簡體中文: 其時,在導師金剛羅剎的眷屬中所屬集會的瑜伽士,於密咒最勝乘中正確入住並如法修行名為”梵光”者,對此微小信解而住於特徵乘中修行的瑜伽士名為”具名”者,如此發起疑問諸處重要爭辯除障方式,提出下文將出現的十一個問題。 第二分五:問低劣行為不成殊勝,問勝義平等然世俗中仍需取捨,問不應執方便為了義,問超越清淨之行不應行,問度脫行為不應行。 第一:從”殊勝修行”到”不可能成勝”之間所述:此通過二問顯示,第一問低劣行不成勝分三,首先呼喚密咒殊勝修行”梵光”而如是:因果不同故低劣行不成勝,你們密咒士住於方便之時稱為修行大乘殊勝密,卻行極低劣輪迴惡業不淨行,彼業異熟果報顯現差別,多種不悅相,以此理由彼不成正行,如同黑暗不成光明,故低劣惡行豈能成正行殊勝?不能。此問及密方便不捨任何行。 第二,因道不同故低劣不成殊勝:譬如欲往高處而行下行之道,如是欲見獲得果位大果最勝菩提時,若行黑業則生八無暇併入恐怖惡趣苦相續,故問有何方便不墮此? 第三,因迷亂不同故低劣不成殊勝:譬如欲取飲水者於陽焰誤為雨而追逐,無法滿足止渴,如是欲令低劣成熟為殊勝者欲成佛,於平等性行中行低劣行不合理能獲得,如何能得?以此密咒所說行為問的差別,為三問最後一問。 第二問,因因不同故低劣不成殊勝,通過所聞方式爭辯而問:譬如蛇果或卵被金翅鳥孵養,仍反成其反面而不可能顯為金翅鳥,必定僅顯現為自類,如是行低劣可厭之行,不可能成為佛陀殊勝行,故問能否成就真實義行? 第二:從”由何密”到”如欲洗恥垢”。

།ཞེས་པའི་བར་གྱིས་བསྟན་ཏེ། དྲི་བ་གསུམ་པ་གསང་སྔགས་ཀྱིས་ཉོན་མོངས་དང་བྱང་ཆུབ་མཉམ་པར་བསྟན་པ་ལ་བརྒལ་བ་རྣལ་འབྱོར་པ་གང་ཞིག་གིས་ཐེག་ཆེན་གསང་བ་དམ་པ་ལས་ལོག་པར་འཁྲུལ་ཏེ་གོལ་བའི་དབང་གིས་གང་འདིར་ཕྱིན་ཅི་ལོག་པའི་སྤྱོད་པ་དངོས་པོ་བཞི་ལ་སོགས་པ་དམན་པ་དག་སྤྱད་ཀྱང་དངོས་པོ་ཐམས་ཅད་དོན་དམ་པར་མ་གྲུབ་པས་རང་བཞིན་མེད་པར་སྟོང་པ་ཉིད་དུ་མཉམ་པ་ཡིན་པས་དོན་མ་རིག་པའི་ལོག་པར་འཛིན་པའི་ཉོན་མོངས་པ་རྣམས་དང་ཆོས་ཀྱི་སྐུ་བྱང་ཆུབ་ཆེན་པོ་ཡང་གསང་སྔགས་ཀྱི་ལུགས་ལ་ཀུན་རྫོབ་ཏུའང་ངོ་བོས་མ་གྲུབ་པར་སྟོང་པར་མཉམ་མོ་ཞེས་ཟེར་ཞིང་ཚིག་ཏུ་སྨྲ་སྟེ་ཚུལ་དེས་དོན་གྱི་ཐོག་ཏུ་བབ་ཅིང་རྟོགས་པར་ནུས་སམ་ཞེས་དྲི་བ་གསུམ་པའོ། །དྲི་བ་བཞི་པ་མཉམ་པར་འདོད་པ་ལ་དཔེའི་སྐྱོན་བཀལ་བ། དཔེར་ན་འཚོ་བར་བྱེད་པའི་སྨན་དང་འཆི་བར་འགྱུར་བའི་དུག་གཉིས་འབྱུང་བས་བསྐྱེད་པར་རྒྱུ་གཅིག་པ་ཡིན་ཀྱང་འཚོ་བ་དང་འཆི་བར་བྱེད་པའི་ནུས་པའི་མཐུ་དེ་གཉིས་ཉིད་ལ་སྐྱོན་དང་ཡོན་ཏན་མི་མཐུན་པར་སོ་སོར་སྣང་བ་དེས་ན་སྐབས་གང་འདིར་གང་ཟག་ལ་ལ་ཞིག་གིས་འདི་གཉིས་འབྱུང་བས་བསྐྱེད་པར་རྒྱུ་གཅིག་པའི་ཕྱིར་ན་མཉམ་པ་ཡིན་ནོ་ཞེས་ཟེར་ཞིང་སྨན་བོར་ནས་དུག་ཀྱང་བཟའ་ཞིང་བཏུང་དུ་རུང་ངམ་ཅི་ཞིག་ཡིན་ཏེ་དེ་ལྟར་མ་མཐོང་ངོ་། །དཔེ་དེ་བཞིན་དུ་ཐེག་པ་ཆེན་པོ་གསང་བ་དམ་པ་ལ་སྤྱད་པ་དག་གིས་སྨན་དང་འདྲ་བ་ཡང་དག་པའི་སྤྱོད་པ་བླང་བྱར་བསྟན་པ་རྣམས་དང་དུག་དང་འདྲ་བའི་སྤྱད་པར་བྱ་བ་བཞི་ལ་སོགས་པ་ཀུན་གྱིས་སྤང་བྱར་བཞག་པ་དམན་པའི་ལས་དག་ཀྱང་གནས་ལུགས་ཇི་བཞིན་པའི་ངོ་བོར་རང་བཞིན་མེད་པར་མཉམ་པས་ཆོས་ཉིད་མ་བཅོས་པའི་དོན་དུ་དབྱེར་མེད་པར་དབྱིངས་གཅིག་ཏུ་གནས་ཀྱང་། མཉམ་པར་འདྲ་བ་གང་ལ་དེ་གཉིས་མཉམ་པར་གནས་ཞེས་བརྗོད་དེ་དམ་པའི་སྤྱོད་པ་རྣམ་པར་དཀར་བ་ཉིད་བཞག་ཅིང་བོར་ནས་སྦྱོར་སྒྲོལ་ལ་སོགས་པ་དམན་པའི་སྤྱོད་པ་རྣམས་ཆེད་དུ་བླངས་ཏེ་སྤྱད་པར་བྱེད་དམ་འདིའི་དོན་ཅི་ལྟ་བུ་ཞིག་ཡིན། ཚུལ་དེས་ན་སྤྱོད་པ་དམ་པ་དང་དམན་པ་དཀར་ནག་གི་ལས་ལམ་དང་། དག་ཅིང་གཙང་བ་དང་སྨེ་ཞིང་མི་གཙང་བ་དང་ཆེ་ཆུང་གཉིས་དང་བཟང་ངན་དང་བདེ་སྡུག་ལ་སོགས་པ་དང་མདོར་ན་གཉིས་ཆོས་སུ་སྣང་ངོ་ཅོག་མཉམ་པ་ཡིན་ནོ་ཞེས་སྨྲ་བ་ནི་དོན་དམ་དུ་མཉམ་ཡང་ཀུན་རྫོབ་ཏུ་མི་མཉམ་པས་ཤིན་ཏུ་ནོར་བ་ཡིན་ཏེ་དཔེར་ན་མཆོད་པའི་བསྟི་གནས་དམ་པ་སྤྲུལ་པའི་སྐུ་མཆོག་ལྟ་བུ་ཞིག་དང་། འཇིག་རྟེན་གྱི་སྤྱད་བྱར་མཁས་པ་འཚོ་བའི་ལས་བྱེད་པ་སྨན་པ་ལྟ་བུ་གཉིས་སྙོམས་པར་བྱེད་པ་དང་འདྲའོ། །སྤྱོད་པ་ཅི་ཡང་མི་འགོག་པ་དེ་ཉིད་མཉམ་པ་ཉིད་ལ་སྦྱོར་བའི་དོན་གྱི་རྟགས་སམ་མཚོན་པའི་ཐབས་སུ་སྤྱོད་པ་ཡིན་ནོ་ཞེ་ན། དེ་ནི་སྨན་དུག་དང་ཁ་ཟས་བདེ་སྡུག་ཅན་རྣམས་ཀུན་རྫོབ་ཏུ་མི་མཉམ་པས་བཟང་ངན་མཉམ་པར་ག་ལ་སྙོམས་ཏེ་སྙོམས་པར་མི་འགྱུར་བ་ལྟར་རོ། །མི་མཉམ་པའི་གཏན་ཚིགས་སམ་དཔེ་དོན་ཇི་ལྟར་ཡིན་ན་ཡེ་ནས་མ་བཅོས་པར་མཉམ་པར་གནས་པའི་ཆོས་ཉིད་ཀྱི་ངང་ལ་ཆེ་ཆུང་དང་བཟང་ངན་བྲལ་བའི་དོན་ལས་མ་འདས་པར་མཉམ་པར་རང་རང་གི་གློ་བུར་གྱི་ལས་དང་རྣམ་རྟོག་སྣ་ཚོགས་ཀྱིས་བརྟགས་པས་བཟང་ངན་དང་ཆེ་ཆུང་ལ་སོགས་པར་སྣང་བ་ཡིན་པས་ནམ་ཡང་མི་མཉམ་སྟེ། ཁྱོད་སྤྱོད་པ་མཉམ་དུ་འདོད་པ་ནི་མི་མཐུན་པའི་དཔེ་ནམ་མཁའ་དྲི་མ་མེད་པར་ཡེ་ནས་གསལ་བ་ལ་སྒྲིབ་པ་དག་པར་བྱ་བའི་ཕྱིར་ཆུ་ཡིས་འཁྲུ་བར་འདོད་ཀྱང་བཀྲུར་མི་བཏུབ་པ་དང་འདྲ་བས་མཉམ་པར་མི་འགྱུར་རོ་ཞེས་སྨྲས་ཏེ་ཐག་བཅད་པའོ།

這些是用於語言學術用途的完整直譯成簡體中文: 這是所述:第三問對密咒示現煩惱與菩提平等提出質疑,某瑜伽士因對大乘殊勝密誤解迷失而主張,於此處雖行顛倒行為四事等低劣行,但因一切事物勝義中不成立,無自性空性平等,所以不了知義的顛倒執著煩惱與法身大菩提,在密咒宗中即使世俗中也無自性成立而空性平等,如此言說此方式能否契入義理並能夠理解?這是第三問。 第四問對平等主張提出譬喻過失:譬如維生之藥與致死之毒二者雖同由元素所生為同一因,然令活命與致死之能力功效,二者缺點與功德不同各別顯現,因此於此場合若有人說”此二由元素所生為同一因故平等”,而捨棄藥物也飲食毒物,難道合理嗎?未見如此。 如同此喻,於大乘殊勝密中修行者,如藥般正確行為示為應取,如毒般應行四事等一切示為應舍之低劣業,雖然皆按實相本性無自性平等,於無改法性義中無別一味而住,然對稱為平等相似者,謂二者平等而住,舍置殊勝行為清淨白法,刻意取行瑜伽解脫等低劣行為,此義如何? 如是方式,行為殊勝與低劣、白黑業道、清淨與汙穢不淨、大小二者、善惡、樂苦等,總之一切顯現為二法者平等,此說雖勝義平等而世俗不平等,極為錯誤,譬如恭敬處所殊勝化身勝身與世間應用精通活命工作醫生二者平等而為。 若說不遮任何行為即是平等性相應義之標誌或表示方便而修行,則如藥毒與美味痛苦食物世俗不平等,善惡豈能平等?不能平等,如是。 不平等之理由或喻義如何?本來無改平等而住法性中,離大小善惡之義中不出,而以各自暫時業與種種分別念所觀察,顯現為善惡大小等,故永不平等。你欲行為平等,如同不合理之喻:本來清淨明澈虛空,為除遮障而欲以水洗滌,但不能洗,如是不能平等,如此言說決斷。

།གསུམ་པ་ནི། གང་དུ་ནད་རྣམས། ཞེས་པ་ནས། གཞན་བརླག་དམན་པར་ངེས། །ཞེས་པའི་བར་གྱིས་བསྟན་ཏེ། གང་དུ་ནད་རྣམས་འཇོམས་པར་བྱེད་པའི་སྨན་དག་ཀྱང་ནད་མེད་པ་རྣམས་ཀྱིས་མི་མཐུན་པར་བརྟེན་ན་དུག་ཏུ་འགྱུར་བ་ལྟར་དུ་རྟག་ཆད་དུ་ལྟ་བ་ལྟ་བུ་ལྟ་བ་ལོག་པའི་འཇིག་རྟེན་པ་རྣམས་དྲང་བའི་ཐབས་སུ་བསྟན་པའི་སྤྱོད་པ་རྣམས་ཀྱང་ངེས་པའི་དོན་དུ་རློམ་ནས་རྣལ་མར་བཟུང་སྟེ་སྤྱོད་ན་ཉེས་པའི་གཡང་སར་འཕྱན་པར་ངེས་པའི་གསང་སྔགས་པ་འཇིག་རྟེན་རྣམས་དྲང་བའི་ཐབས་སུ་ངན་པར་སྤྱོད་དོ་ཞེ་ནའང་། ཁྱེད་འགྲོ་དོན་དུ་གསང་སྔགས་ཀྱི་སྤྱོད་པ་རྣམ་པར་དཀར་བ་རྣམས་སྤྱད་ན་ཉེས་པ་ཞིག་འབྱུང་ངམ། དེ་ལྟར་ན་རང་དོན་དུ་ཡང་མི་སྤྱོད་པ་དེས་གཞན་གྱི་དོན་ཡང་མི་བྱེད་པ་འདི་ཚུལ་ཇི་ལྟ་བུ་ཡིན་ཞེས་དཔེ་སྣ་ཚོགས་ལ་བརྟེན་ཏེ་དོན་དང་འགལ་བར་དྲིས་པ་སྟེ་དྲི་བ་བཞི་པའོ། །དྲི་བ་ལྔ་པ་དྲང་དོན་མཐུན་འཇུག་གི་སྤྱོད་པ་ཡང་རིགས་པའི་སྟོབས་དང་ལྡན་ན་ཡང་དག་པའི་ལམ་ལ་དྲང་བར་ནུས་ཀྱི་དེ་ལྟར་མིན་ན་མི་རུང་བའི་ཚུལ་གྱིས་དྲི་བ་སྟེ། འགྲོ་བ་གང་དང་བསྟུན་ཏེ་མཐུན་འཇུག་གི་སྤྱོད་པ་ལ་གནས་ནས་དྲང་བའི་ཐབས་ཀྱིས་ཡང་དག་པར་འདྲེན་པའོ། །གདུལ་བྱ་གང་གི་བསམ་པ་དང་མཐུན་པར་དབང་ཕྱུག་ཉིད་དུ་འགོད་པའི་དོན་སྤྱོད་པར་བྱེད་པ་སྟེ། དཔེར་ན་མི་དཔའ་བོ་གང་ཞིག་སྟོབས་ཆེ་ཞིང་མཛངས་པ་ཤེས་རིག་དང་ལྡན་པ་དེ་ཡིས་རང་དང་ཕ་རོལ་མི་མཐུན་པ་བཅོས་ནས་ཐབས་ཀྱིས་འོག་ཏུ་བཅུག་པས་དགའ་བར་བྱེད་ཅིང་མཐུན་པར་འགྱུར་བ་བཞིན་དུ། གདུལ་བྱ་དང་མཚུངས་པའི་ངག་གི་ཚིག་མཐུན་པར་སྨྲ་ཞིང་མོས་པར་བྱེད་པའི་དོན་དང་ལྡན་པའི་ཐབས་དམ་པ་ཡིས་སྒོ་ནས་ཇི་ལྟར་བདེན་ཞིང་ཚད་མར་རིགས་པ་དེ་ལྟར་དོན་བྱས་ན་ཡང་དག་པའི་ཐབས་སུ་ངེས་པར་འགྱུར་གྱི། རང་དབང་མེད་པའི་སྒྲོལ་བ་ལ་སོགས་པའི་བྱ་བ་ནི་ནམ་ཡང་མི་རིགས་སོ་ཞེས་དྲི་བ་ལྔ་པའོ། །དྲི་བ་དྲུག་པ་རིགས་སྟོབས་དང་མི་ལྡན་ན་རང་གཞན་གང་གི་དོན་དུ་ཡང་སྤྱད་པར་མི་རིགས་པའི་དཔེ་དོན་སྟོན་ཏེ། དཔེ་ཇི་ལྟར་ན་སྡར་མར་གྱུར་པ་སེམས་ཀྱི་དཔའ་ཞུམ་ནས་ལུས་ཀྱི་སྟོབས་ཆུང་བས་བླུན་པོ་ཞིག་གིས་ཁོ་ལ་བརྐམ་ཆགས་ཀྱིས་གྲགས་པ་འདོད་པའི་ཕྱིར་རྩལ་དང་སྟོབས་ཀྱི་ཉམ་བག་གི་གདེངས་མེད་པར་གཡུལ་དུ་ཞུགས་ཏེ་ཕ་རོལ་དང་སྟོབས་རིག་འགྲན་པར་བཟླས་ནས་དཔུང་དང་སྟོབས་བཀྱེ་ནས་རྩོད་པར་བྱེད་ན་རང་ཉིད་གཞན་གྱི་དཔུང་གི་དབང་དུ་བྱས་ཏེ་དེ་ཉིད་དུ་ངེས་པར་བརླག་ནས་ཁོ་ཡིས་བཀོལ་བར་འགྱུར་བ་དེ་བཞིན་དུ་ཡང་དག་པའི་རྟོགས་པ་མེད་པར་གསང་སྔགས་དམ་པར་བཅོས་པ་ཡིས། རང་ལ་ཁེ་དང་གྲགས་པ་འདོད་པའི་རློམ་སེམས་ཀྱི་ཕྱིར་དུ་གདུལ་བྱ་ལོག་སྲེད་ཅན་རྣམས་ཡང་དག་པར་འདྲེན་ཞིང་དྲང་བའི་ཆ་མཐུན་གྱི་སྤྱོད་པ་ལ་མཐུན་འཇུག་ཏུ་ལེགས་པར་སྤྱོད་པའི་གདེངས་མེད་པར་རང་གི་གསང་སྔགས་ཀྱི་ཚིག་ཙམ་ཡང་དག་པའི་སྤྱོད་པ་དམ་པར་ངེས་པར་བཟུང་ནས་དེ་ཉིད་ཁོ་ན་གཙོ་བོར་བྱས་ཏེ་ཚིག་གི་ལམ་ཉིད་སྒྲར་སྤྱད་དེ་སྒྲ་ཇི་བཞིན་པར་བཟུང་ན་དོན་མ་རྟོགས་བཞིན་དུ་ཚུལ་བཅོས་པས་བདག་ཕུང་ཞིང་ལོག་པར་ཁྲིད་པས་གཞན་བརླག་སྟེ་གཉིས་ཀ་དམན་པར་ལྟུང་ཞིང་ལོག་པར་ངེས་པའོ། །བཞི་པ་ནི། ཐམས་ཅད་གང་གི། ཞེས་པ་ནས། ཀྱང་ནི་མི་རིགས་སོ།

這些是用於語言學術用途的完整直譯成簡體中文: 第三:從”於何諸病”到”毀他定低劣”之間所述:如同於何處消滅諸病之藥,若無病者不適當服用則成為毒,如是對常斷見等邪見世間人示為引導方便的行為,若執為了義而正持行之,必定墮入過失深淵的密咒師,若為世間引導方便而惡行,你們為利眾生而行密咒清淨行為會產生過失嗎?如此,連自利也不行者,不作他利,此理如何?依據種種譬喻與義相違而問,這是第四問。 第五問以方便義順行也具理由力而能引入正道,若非如此則不可的方式提問:隨順何眾生而住於順行行為,以引導方便正確引領。隨順所化機意樂而建立為自在之義而行,譬如某勇士具大力而聰明有智慧,調伏自他不和而以方便降伏後令歡喜和順,如是與所化機相應語言和順而說令信解,具義之殊勝方便門,如何真實合理地作義,則必定成為正確方便,而無自主的解脫等行為永不合理,此為第五問。 第六問示現無種性力則不應為自他任何利益而行的譬喻義:譬如怯弱者心生畏懼身體力小,愚者以貪著為求名聲,無力量技能自信而入戰場,與對方力智競爭後展開力量軍隊爭鬥,自身為他軍所控而必定毀滅被役使,如是無正確證悟而裝作殊勝密咒,為自求利益名聲的傲慢心,欲正確引導邪貪所化機而以順應引導相順行為善行無把握,執自密咒語句為正確殊勝行而確定,唯以此為主要,行持聲音之道而執為如字面,不解義理而偽裝方式自害,邪引而毀他,二者墮為低劣而確定邪誤。 第四:從”一切誰之”到”亦不合理”。

།ཞེས་པའི་བར་གྱིས་བསྟན་ཏེ། དྲི་བ་བདུན་པ་ལས་དང་པོ་པས་སྤྱོད་པ་རང་དང་འཚམས་ཚད་དུ་སྤྱད་པ་ལས་བརླང་སྤྱོད་བྱས་ན་ངེས་པར་ལྟུང་བས་མ་སྤྱད་ན་དམ་ཚིག་ཉམས་པ་འདི་ཇི་ལྟར་ཡིན་ཞེས་དྲིས་པ་སྟེ། གང་ཟག་ཐམས་ཅད་ཀྱང་གང་ལ་སློབ་པ་ན་རང་རང་གི་བློ་ཡིས་ཐེག་ཚད་དང་ཇི་ལྟར་གོ་བ་དང་རྟོགས་པའི་ཚད་དང་བློ་རྩལ་གྱི་ནུས་པའི་ཚད་དང་བསྟུན་ཏེ་གང་དུ་ཉམས་འོག་ཏུ་འདུ་བའམ་ཆུད་པའི་ཚད་ལ་སློབ་པ་མ་གཏོགས་པ་ཀུན་བཟློག་སྟེ་ཚད་ལས་འདས་པར་མི་འཚམས་པ་ལ་སོགས་པ་ཀུན་སྤྱོད་དེ་འཆོལ་བར་གྱུར་ན་དོན་དང་མཐུན་པའི་ཡུལ་མེད་པར་ཚད་ལས་བརྒལ་ཏེ་འདས་པར་གྱུར་པས་ན་དོན་ལས་འདས་པ་ཉིད་དུ་འགྱུར་ཞིང་རྟེན་དང་བྲལ་ནས་རང་དང་གདུལ་བྱ་རྣམས་ཡང་དག་པའི་ཐབས་དང་མ་འཕྲད་པར་ལོག་ལམ་དུ་སོང་ན་ཤིན་ཏུའང་སྡུག་བསྔལ་གྱི་རྒྱུའམ་ཞེས་དྲི་བ་བདུན་པའི་དོན་ཏོ། །དྲི་བ་བརྒྱད་པ་ལྟ་བ་རྟོགས་པའི་བློ་དང་འཚམས་པ་ལས་གཞན་དུ་སྤྱོད་པ་བརླང་པོ་མི་རུང་བའི་ཚུལ་གྱིས་དྲི་བ་སྔ་མའི་མཐུན་དཔེ་བསྟན་པ་སྟེ། མདོར་ན་གང་དང་གང་ཡང་ཚད་ལས་འདས་པར་གྱུར་པ་ནི་འཚོ་བའི་ཁ་ཟས་ཀྱང་ཚད་ལས་འདས་ན་དུག་ཏུ་འགྱུར་བ་བཞིན་དུ་ལྟ་བའི་ཚིག་གི་ཁྱད་ཁམས་ལ་བརྟེན་ནས་བློ་ཆུང་རྣམས་ལ་ཟབ་དོན་སྒྲ་ཇི་བཞིན་པ་མིན་པ་ཡང་ཚིག་ལམ་དུ་བརྗོད་ནས་ཕྱིན་ཅི་ལོག་པའི་ཉོན་མོངས་པ་ལྔའི་དུག་ཆེན་པོ་ཟ་ཞིང་ཁོང་དུ་ཆུད་པར་བྱེད་པའི་ཚུལ་གྱིས་ཚད་ལས་འདས་པར་ཉོད་པ་དེ་ནི་གང་ཟག་སུ་ཡིས་སྤྱོད་ཀྱང་དོན་དུ་མི་འགྱུར་པས་སྤྱོད་པ་དེ་དག་ནི་རྣལ་འབྱོར་མཆོག་ལྡན་དམ་པས་ཀྱང་ནི་ནམ་ཡང་སྤྱད་པར་མི་རིགས་ཏེ། རྒྱལ་པོ་ལ་གདོལ་པའི་སྤྱོད་བའི་གཉེར་མེད་པ་དང་འདྲ་བས་སོ། །ཞེས་དྲི་བ་བརྒྱད་བའི་ཚིག་གོ། །ལྔ་པ་ནི། གང་དང་གང་གིས། ཞེས་པ་ནས། གལ་དུ་དྲིས་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། དྲི་བ་དགུ་པ་རིགས་པ་དང་མི་ལྡན་པར་བསྒྲལ་བར་བྱས་ཀྱང་གྲོལ་བ་མ་ཡིན་ན་སྒྲོལ་བའི་ལས་བྱེད་པ་ཇི་ལྟར་ཡིན་ཞེས་དྲིས་པ་སྟེ། གང་དག་རྣལ་འབྱོར་བ་སུ་ཡང་རུང་བ་གཟུང་འཛིན་ལས་མ་གྲོལ་བ་གང་ཞིག་གིས་རང་ཉིད་མི་ཤེས་པའི་དྲྭ་བའི་རྒྱར་ཆུད་དེ་བཅིངས་པར་གྱུར་པ་ལས། དེ་ཉིད་རྟོགས་པས་རྒྱུད་མ་གྲོལ་ཞིང་འཆིང་བ་ལས་མ་ཐར་བར་ཀུན་ཏུ་རྟོག་པས་རྨོངས་བཞིན་དུ་ཕ་རོལ་གྱི་འགྲོ་བ་ཆེ་ཆུང་ཐམས་ཅད་ཐམས་ཅད་བསྒྲལ་བ་ཡི་སྤྱོད་པ་རྩོམ་པ་ནི་རང་རྐྱལ་མ་སྦྱངས་པར་གཞན་ཆུ་བོ་ལས་སྒྲོལ་བ་དང་འདྲ་སྟེ། རང་གཞན་གཉིས་ཀ་བརླག་པའི་ཕྱིར་བསླུ་བའི་སྤྱོད་པ་ཆེན་པོ་སྟེ་དེ་ལྟ་བུའི་གསང་སྔགས་ཀྱི་སྤྱོད་པས་ཅི་ཞིག་བྱ་སྟེ་སྤྱོད་པ་བསླབ་པ་དངོས་ཇི་ལྟ་བུ་ཡིན་ཞེས་དྲི་བ་དགུ་པའི་ཚིག་གོ། །དྲི་བ་བཅུ་པ་བསྒྲལ་བྱའི་རྒྱུད་མ་དག་ན་བསྒྲལ་ཡང་མི་གྲོལ་ལ་རྒྱུད་དག་ན་བསྒྲལ་ཡང་མི་དགོས་པས་འདིའི་དོན་ཇི་ལྟར་ཡིན་ཞེས་དྲིས་པ་སྟེ། བསྒྲལ་བྱ་ཐེག་པ་ཆེན་པོར་ཁས་འཆེ་བའི་གང་ཟག་དེ་ཉིད་ཀྱིས་རང་གི་གནས་ལུགས་ཆོས་ཉིད་དངོས་ཀྱི་དོན་མ་རིག་པའམ་མ་མཐོང་ལ་རྒྱུད་མ་སྦྱངས་པས་མ་གྲོལ་ཞིང་དེ་ཡི་སེམས་རྣམ་པར་དག་སྟེ་ཐེག་པ་ཆེན་པོའི་དོན་རིག་ཅིང་རྟོགས་པའི་བློ་མཆོག་ཡེ་ཤེས་ཀྱི་སྣང་བ་གསལ་ཁྱབ་ཏུ་མ་བྱུང་ན་སྒྲོལ་མཁན་གྱིས་རྒྱལ་བའི་ཞིང་དུ་བཀོད་དེ་སངས་རྒྱས་ཀྱི་ས་ལ་ངེས་པར་བཞག་ཀྱང་ས་དེ་ཉིད་རང་གི་ཞེ་སྡང་གིས་ཡུལ་དུ་མཐོང་བས་དམྱལ་བའི་གནས་ལས་མི་འདའ་ལ། གནས་ལུགས་གཤིས་ཀྱི་ཆོས་ཉིད་དེ་ཡང་དག་པར་རིག་ཅིང་རྟོགས་པ་དེེ་ཡི་དོན་དང་ལྡན་ན་མ་བསྒྲལ་ཡང་དམྱལ་བ་ཆེན་པོའི་གནས་དེ་དག་རྒྱལ་བའི་ཞིང་ཁམས་རྣམ་པར་དག་པར་མཐོང་བས་སྔགས་ཀྱི་སྒྲོལ་བའི་ཁ་ན་ཡོད་དམ་ཞེས་དྲི་བ་བཅུ་པའི་ཚིག་གོ།

這些是用於語言學術用途的完整直譯成簡體中文: 這是所述:第七問初行者應行與自相適應的行為,若行粗暴行必定墮落,不行則破誓言,此如何?提問道:一切補特伽羅學習時,應隨各自智慧所能負荷、理解、證悟的程度及智力能力而學習能納入或掌握修習範圍之內的內容,除此之外若違逆而超越限度行不適宜等一切行為而混亂,則無相應對境而超越限度,成為超出義理,離開依止而使自己與所化機未遇正確方便而入邪道,是否成為極大痛苦之因?這是第七問的含義。 第八問以了見相應智慧而非粗暴行為不應理的方式提問,顯示前問的相應譬喻:總之,任何超越限度者,如維生食物若過量也成為毒藥,依據見解詞句範圍,對小智者深義非如文字所詮而以詞道表述,使之食入並內含顛倒五毒大毒的方式超量滋養,任何人行此不成為義利,此等行為即使具上瑜伽殊勝者也永不應行,如同國王無需執行賤民之事。這是第八問之詞。 第五:從”何者何者”到”重要問”之間所述:第九問沒有正理而度化也非解脫,如何行度化事業?提問道:任何一位瑜伽士未解脫二取,為不知網所縛,未以證悟解脫自續,未從束縛中解脫而迷於遍計,為度化他眾大小一切而開始度化行為,如同未練習自己游泳能力而欲度人渡河,將毀滅自他,是大欺誑行為,如此密咒行有何用?實修行為究竟如何?這是第九問之詞。 第十問所度化相續未淨化則度化也不解脫,若相續已淨則不需度化,此義如何?提問道:所度化自稱大乘者,不了知或未見實相法性真實義,未淨化相續而未解脫,其心未清淨而未解大乘義,無殊勝智慧光明遍照,度化者雖安置於佛剎確立於佛地,彼地也因自瞋恨見為對境而不超出地獄處;若了知證悟實相本性法性真實義,則雖未度化,大地獄處也見為清淨佛剎,密咒度化之義有否?這是第十問之詞。

།དྲི་བ་བཅུ་གཅིག་པ། གསང་བའི་ཆོས་ཉིད་ཆོས་ཀུན་གྱི་གནས་ལུགས་གདལ་ཁྱབ་ཆེན་པོ་ཡིན་ཀྱང་ཤེས་རབ་དང་བྲལ་ན་བསྟན་ཀྱང་མི་རྟོགས་པས་སྒྲོལ་བའི་སྤྱོད་པ་འདིའི་དོན་ཇི་ལྟར་ཡིན་ཞེས་དྲིས་པ་སྟེ། ཆོས་ཉིད་ཇི་བཞིན་པ་གསང་བའི་སྙིང་པོ་ཕྲ་ཞིང་ཟབ་པའི་མཆོག་དེས་ཀུན་ལ་ཁྱབ་ཅིང་གདལ་བ་ལ་ཚབས་ཆེ་ཆུང་མེད་ཀྱང་། དེ་ཉིད་ཇི་ལྟ་བ་བཞིན་དུ་རིག་ཅིང་རྟོགས་པའི་བློ་གྲོས་དེ་དང་མ་ལྡན་ན་སྤྱོད་པ་སྤྱད་ཀྱང་མི་གྲོལ་བས་གནས་ལུགས་ཀྱི་དོན་མི་མཐོང་བ་ནི་དཔེར་ན་ལོང་བའི་མདུན་དུ་གཟུགས་བསྟན་ཀྱང་མི་མཐོང་བ་ལྟར་ཞེ་སྡང་ཅན་ལ་སྒྲོལ་བའི་ལས་བྱེད་པ་ནི་གཏི་མུག་འཁོར་བའི་མུན་པ་ལ་འཕྱན་པ་ཡིན་ན་དེས་ཇི་ལྟར་གྲོལ་བྱ་ཡིན་ཞེས་དྲི་བ་བཅུ་གཅིག་པའི་དོན་ཏེ། དེ་སྐད་ཅེས་གལ་པོའི་ཚུལ་དུ་དྲིས་པ་ལས། གཉིས་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། ཚངས་པའི་འོད་ཅེས། ཞེས་པ་ནས། ངེས་པའི་ཚིག་སྨྲས་པ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་གི་ལན་ངེས་པར་བསྟན་པ་གང་སྙམ་པ་ལ། དགེ་སློང་རྣལ་འབྱོར་གྱི་དབང་ཕྱུག་ཚངས་པའི་འོད་ཅེས་བྱ་བ་ཡི་གསང་བའི་རྣལ་འབྱོར་དམ་པ་ཐེག་ཆེན་ཚུལ་བཞིན་དུ་སྟོན་པ་པོས། རྣལ་འབྱོར་མོས་པ་ཆུང་ངུ་ལ་སྤྱོད་པ་གྲགས་པའི་ཚུལ་ལྡན་ཞེས་བྱ་བ ལ། ཐབས་ཀྱི་མཐའ་ཐུག་གསང་ཆེན་དམ་པར་ངེས་པའི་ཚིག་གཏར་ག་གེགས་སེལ་གྱི་ལན་དུ་ཡང་དག་པར་སྨྲས་པ་ནི། གཉིས་པ་ལ་ལྔ་སྟེ། དམན་པའི་སྤྱོད་པ་རྟོགས་ན་དམ་པར་འགྲོ་བ། དེ་བཞིན་ཉིད་ལ་བླང་དོར་མི་དགོས་པ། དྲང་དོན་ལ་ངེས་དོན་དུ་མི་འཛིན་པ། ཚད་ལས་འདས་པའི་སྤྱོད་པ་མི་སྤྱོད་པ། རྟོགས་པས་བསྒྲལ་ཞིང་མ་རྟོགས་པས་མི་སྒྲོལ་བར་བསྟན་པའོ། །དང་པོ་ནི། འོག་ནས། འཇིག་རྟེན་ཀུན་གྱི་དམན་པ་རྣམས། ཞེས་པ་ནས། ཤེས་ན་དམ་པར་འགྱུར། ཞེས་པའི་བར་གྱིས་བསྟན་ཏེ། འདིར་རས་ཆོད་ཅན་གྱི་ཆེད་དུ་རྒྱུད་དཀྲུག་པ་ཉིད་ཅུང་ཟད་ལེགས་པར་བསྡེབ་སྟེ་འཆད་པ་ལ། ལན་དང་པོ་གཉིས་གང་སྙམ་པ་ལ། དྲི་བ་དང་པོའི་ཉིང་ལག་གི་དྲི་བ་གསུམ་ཡང་ལན་གཅིག་གིས་ཆོད་པར་བྱ་བའི་ཕྱིར། གང་འཇིག་རྟེན་པའི་འགྲོ་བ་ཀུན་གྱི་དམན་པའི་སྤྱོད་པ་སྨད་པར་བྱ་བ་འཁོར་བའི་དངོས་པོ་བཞི་ལ་སོགས་པ་རྣམས་སྤྱོད་པ་ཡང་གདུལ་བྱ་ཐ་དད་པ་རྣམས་ཐེག་པ་ཆེན་པོའི་ཐབས་སྣ་ཚོགས་ཀྱིས་ཡང་དག་གསང་བའི་རྟོགས་པ་དམ་པར་དྲང་ཞིང་བཀྲི་བའི་དགོས་ཆེད་ཀྱི་ཕྱིར་དམན་པའི་ལྟ་སྤྱོད་མཐའ་ཡས་ཇི་སྙེད་པ་ཀུན་ཀྱང་མི་འགོག་པར་མཐུན་པར་སྤྱོད་པའི་ཚུལ་གྱིས་དོན་ཆོས་ཉིད་དུ་ཡོངས་སུ་རྫོགས་པར་རྟོགས་པས་ཟིན་ཆགས་མེད་པར་རྒྱུད་གྲོལ་བར་བྱེད་པར་ཟད་པས་རྣམ་སྨིན་མྱོང་བར་མི་འགྱུར་བར་ངན་འགྲོའི་ས་བོན་ལས་གྲོལ་ཏེ་ཐབས་ཆེན་པོའི་མཛད་པ་ལ་དམན་པའི་ལས་སུ་དོར་བ་མེད་པར་ལན་བཏབ་པའོ། །དྲི་བ་གཉིས་པའི་ལན་ཅི་ཞེ་ན། དཔེར་ན་སྦྲུལ་སྒོང་བརྣོངས་པ་ཁྱུང་དུ་མི་འགྱུར་བ་ཁྱོད་ལྟར་ཡིན་ཡང་། འདིར་འགྱུར་བས་མཐུན་དཔེ་གསེར་འགྱུར་དང་དུག་འགྱུར་གྱི་རྩི་ཡི་ལས་ཀྱི་ནུས་པས་ལྕགས་དང་དུག་ཀྱང་གསེར་དང་སྨན་དུ་འགྱུར་བ་བཞིན་དུ། དམན་པ་སེམས་ཅན་ནམ་སྤྱོད་ངན་ཀུན་གྱི་དེ་ཁོ་ན་ཉིད་དམ་དེ་བཞིན་ཉིད་མ་ནོར་མ་བཅོས་མ་བསླད་པར་ཤེས་ཤིང་མཐོང་ན། དེ་སྤྱད་པ་ཉིད་ཀྱིས་ཚོགས་གཉིས་དམ་པར་འགྱུར་བས་ཡང་དག་པའི་དངོས་པོ་དང་སྤྱོད་པ་ཡིན་པར་ལན་བཏབ་པའོ།

這些是用於語言學術用途的完整直譯成簡體中文: 第十一問,密法性一切法實相廣大遍滿,然若離智慧則雖教示也不瞭解,此度化行為義如何?提問道:如實法性密精要細微深妙,雖普遍廣大無大小差別,但若不具如實了知證悟之智慧,則雖行修也不解脫,不見實相義,譬如盲人前顯現形色也不見,對瞋恨者行度化事業,是在無明輪迴黑暗中徘徊,如何成為所度對象?這是第十一問的意義,如是以重要方式提問。 第二分三:略說,廣說,結語。 第一:從”梵光”到”說決定語”之間所述:對此等回答確定開示為何,比丘瑜伽自在名為”梵光”者,殊勝密瑜伽如法開示大乘者,對瑜伽小信解行持”具名”者,以方便究竟大密殊勝決定語作為爭辯除障的回答而正確宣說。 第二分五:低劣行為若證悟則成殊勝,真如性中無需取捨,不執方便為了義,不行超限行為,以證悟度化而未證悟不度化之教示。 第一:下文從”世間一切低劣”到”知則成殊勝”之間所述:此處為利根者稍加調整順序而解說,第一二回答為何?為以一答斷第一問的三分問,一切世間眾生低劣行為可厭輪迴四事等,所化機差別以大乘種種方便引導趣入正確密證悟殊勝之目的,無量低劣見行皆不遮止而順應修行的方式,以完全證悟義法性而把握無執離著解脫相續而已,故不感受異熟,從惡趣種子中解脫,於大方便事業中無捨棄為低劣業,如是回答。 第二問回答如何?譬如孵蛇卵不成金翅鳥如你所說,然此處能轉變,相應譬喻如點金和變毒之藥力能使鐵和毒變為黃金和藥物,如是若知見低劣眾生或惡行之真實性或真如不錯不改不染,以此修行即成二資糧殊勝,故為真實事物和行為,如是回答。

།གཉིས་པ་ནི། དེ་བཞིན་ཉིད་ཀྱི། ཞེས་པ་ནས། རང་བཞིན་ཡོངས་སུ་རྫོགས། །ཞེས་པའི་བར་གྱིས་བསྟན་ཏེ། ལན་གསུམ་པ་གང་ཞེ་ན། ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མུ་མཐའ་མེད་པའི་དབྱིངས་ཀྱི་ངང་ཉིད་ལ་མཐོ་རིས་དང་ངན་འགྲོ་སངས་རྒྱས་དང་སེམས་ཅན་ཞེས་པའི་གོ་འཕང་མཐོ་དམན་གྱི་བྱེ་བྲག་མེད་པའི་ཕྱིར། ཞེན་བློ་ཅན་དག་ལ་ཉོན་མོངས་དང་བྱང་ཆུབ་མི་མཉམ་པར་བཟང་ངན་ཐ་དད་སྣང་ཀྱང་སྣང་ཚུལ་དང་སྤྱོད་པ་བཟང་ངན་ཐམས་ཅད་ཕྱོགས་མེད་སྟོང་པ་ཉིད་དུ་རྟོགས་པ་ལ་དེ་གཉིས་མེད་པས་གང་ཡང་མ་བཀག་ལ་མི་དམིགས་པར་མཐོང་བའི་བློ་དང་ལྡན་པ་ལ། དེ་སྐད་བསྟན་པ་ཡང་ཉེས་པ་མེད་པ་ཉིད་དུ་ལན་བཏབ་བོ། །ལན་བཞི་པ་གང་ཞེ་ན། དཔེར་ན་དུག་དང་སྨན་གཉིས་བྱེད་ལས་སོ་སོ་ཐ་དད་དུ་སྣང་ཡང་། འབྱུང་བ་དག་ལ་དེ་གཉིས་ཐ་དད་མེད་པ་ལྟར་། སྣང་ཚུལ་ལ་འཁོར་འདས་དང་སྤྱོད་པ་ལོག་མ་ལོག་ལ་སོགས་པ་བསམ་ཡས་པ་རྣམས་མ་འདྲེས་པའི་ངོས་ནས་སྣ་ཚོགས་ཐ་དད་དུ་སྣང་ཀྱང་། དེ་དག་ཀུན་གྱི་རང་བཞིན་ལ་དེ་ཁོ་ན་ཉིད་ཀྱི་རྒྱས་ཐེབས་པས་ཡོངས་སུ་རྫོགས་པའི་ངོས་ནས་ཆོས་ཉིད་མཉམ་པ་ཉིད་དུ་གྲོལ་བས་དེ་ལྟར་རྟོགས་པའི་གདེངས་ཆུད་དེ་རིགས་ངེས་པར་གྱུར་ཕྱིན་ཆད་གཞན་དོན་གྱི་ཆེད་དུ་སྤྱོད་པ་དམན་པ་དག་སྤྱོད་ཀྱང་ཡང་དག་པའི་སྤྱོད་པ་མ་ནོར་བ་ཡིན་པར་ལན་བཏབ་པའོ། །གསུམ་པ་ནི། གོང་གི། གང་འདིར་ཐེག་པ་མང་བཤད་པ། །ཞེས་པ་ནས། ཐབས་སུ་སྦྱར་བར་ཟད། །ཅེས་པའི་བར་གྱིས་བསྟན་ཏེ། ལན་ལྔ་པ་གང་ཞེ་ན། སྟོན་པ་གང་ཞིག་གིས་འདིར་ཡང་གསང་སྔགས་ཐེག་པ་ཆེན་པོའི་སྒོར་ཐབས་ཀྱི་བྱེ་བྲག་མང་དུ་བཤད་པ་ཀུན་ཀྱང་ངོ་བོ་ཐ་དད་རིས་ཆད་དུ་ཡོད་པ་མ་ཡིན་ཏེ། འོན་ཀྱང་གང་ཟག་མོས་པ་ཐ་དད་པ་རྣམས་དྲང་བའི་དགོས་ཆེད་ཀྱི་ཕྱིར་ཐབས་ཀྱི་སྤྱོད་པའི་སྒོ་ནི་མང་པོར་བཤད་དེ་བཀའ་སྩལ་པས། དེ་དག་ཀུན་ཀྱང་གདུལ་བྱ་རང་རང་གི་མོས་པ་དང་མཐུན་པའི་སྒོ་ནས་ཐེག་པ་མཆོག་གི་དོན་ལ་དྲང་བའི་ཐབས་སུ་བསྟན་པས་ན། རྣལ་འབྱོར་དམ་པའི་སྤྱོད་པ་ཁོ་ན་ཡིན་པར་མ་ངེས་པས། ཐབས་ཀྱི་སྤྱོད་པའི་རྣམ་གྲངས་ཀུན་ལ་འདི་ཁོ་ནའོ་ཞེས་ངེས་པར་གཟུང་དུ་མེད་མོད་དོན་ལ་ཇི་ལྟར་སྤྱད་ཀྱང་འཆིང་བའི་དུག་ཏུ་མི་འགྱུར་བར་གང་དུ་བདེན་པ་དམ་པ་དེ་ཁོ་ན་ཉིད་དུ་ངེས་པའི་ཐེག་པ་གཅིག་པུ་མ་ནོར་བ་ཉིད་ལ་འབབ་ཞིང་གཞོལ་བ་ཁོ་ནའོ་ཞེས་ལན་བཏབ་པའོ། །ལན་དགུ་པ་ཇི་ལྟ་བུ་ཞེ་ན། དེ་ལ་སོགས་པ་སྤྱོད་པའི་ཐབས་ཀྱི་སྒོ་ཇི་སྙེད་པ་དེ་དག་ཀུན་ཀྱང་གདུལ་བྱ་རང་རང་གི་མོས་པའི་བསམ་པ་དེ་ཉིད་མ་བཀག་པར་ད་དུང་ཐེག་པ་ཆེན་པོར་མ་འདུས་པ་དག་གདོན་ཅིང་དྲང་བའི་ཐབས་སུ་དགོས་ཆེད་དང་ལྡན་པས་ཡང་དག་པའི་དོན་ལ་སྦྱར་ཏེ་བསྟན་པར་མཛད་པས་ན། གདུལ་བྱའི་བློ་ངོར་ཁྲིད་ཐབས་སུ་མོས་པ་དང་མཐུན་པར་བསྟན་པ་ཀུན་ལ་འདི་ཁོ་ནའོ་ཞེས་ཕྱོགས་གཅིག་ཏུ་ངེས་པའི་བློ་མི་བཞག་སྟེ། མ་ངེས་པ་ཡིན་ཀྱང་སྤྱོད་པའི་རྣམ་གྲངས་བཟང་ངན་གང་ལྟར་སྤྱད་ཀྱང་གང་དུ་དེ་ཁོ་ན་ཉིད་ཇི་བཞིན་པའི་ངང་ལས་མི་འགྱུར་བའི་དོན་དུ་ངེས་པར་འབབ་པ་དེ་ལ་བློ་གྲོས་དམ་པར་བཞག་པར་བྱ་སྟེ་སྤྱོད་པ་རིལ་ནོར་དུ་བྱེད་པའི་བསླབ་པ་ཆེན་པོ་གཅིག་པུ་ཉིད་ལ་མ་འདྲེས་ཡོངས་རྫོགས་སུ་མཉམ་པར་ཤེས་པར་བྱའོ། །ལན་བཅུ་གཅིག་པ་གང་ཞེ་ན། གོང་དུ་བཤད་པ་དེ་བས་ན་ཐབས་ཆེན་པོ་དེ་ཁོ་ན་ཉིད་ཇི་བཞིན་པར་ངེས་པའི་སྒོ་འདིར་ཐབས་ཀུན་ཤོང་ལ་ཀུན་ལའང་འཇུག་པས་འདིར་ནི་གང་ཡང་མ་བཀོལ་བར་འདུས་ཏེ་ཡང་དག་པའི་ལམ་འདིས་བདེ་བ་ཆེན་པོ་ཐོབ་པར་བྱེད་པས་ཐེག་པ་ཆེན་པོར་བརྗོད་པའི་མིང་ཡང་ངེས་པར་གྲུབ་པ་ཡིན་ནོ།

這些是用於語言學術用途的完整直譯成簡體中文: 第二:從”真如性”到”自性圓滿”之間所述:第三答如何?法性真如性實相無邊際界性中,無有天道與惡趣、佛與眾生所謂高低果位的差別,故對執著心者雖煩惱與菩提不平等而顯現善惡差別,然對了悟一切顯現方式與善惡行為皆無偏空性者,彼二者無別,故不遮任何且見為無所緣,對具此見解者,如是教示亦無過失,如是回答。 第四答如何?譬如毒藥與藥物二者雖作用各別顯現,於元素中二者無差別,如是於顯現方式中輪迴涅槃與行為正邪等無量,從不混雜角度顯現多種差別,然一切自性中真實性印持而圓滿的角度,於法性平等性中解脫,如是瞭解把握確定種性之後,為利他而行低劣行亦是無誤正確行為,如是回答。 第三:上文從”此處乘多說”到”僅作方便用”之間所述:第五答如何?任何導師於此密咒大乘門中廣說方便差別,皆非實有自性不同的區分,然為引導不同信解補特伽羅之目的,說示多種方便行門,一切皆是隨順各自所化機信解而引入勝乘義理的方便示現,故非定為殊勝瑜伽行,於方便行諸類中不可執定為唯此,然實際無論如何修行皆不成為束縛毒藥,唯趣入契合確定為無誤一乘真實勝義諦,如是回答。 第九答如何?如是等一切行方便門,皆不遮止所化機各自意樂信解,仍為引導未納入大乘者之方便,有目的而應用於真實義而教示,故於所化機前作為引導方便隨順信解所示一切,不立為唯此的一邊定解,雖不確定,然無論行持何種善惡行相,唯定契入如實真實性不變義中,於此應安立為殊勝智慧,應知一切行為完全契入不錯大學處唯一而無雜圓滿平等。 第十一答如何?如上所述,於此大方便如實真實性確定門中,能容納一切方便且能趣入一切,此中無所遺漏而攝集,由此正道獲得大樂,故大乘之名亦得確立。

།འོན་ཀྱང་ཐེག་པ་མཆོག་ཏུ་ཆེ་བའི་ཚིག་གི་བརྗོད་པས་དོན་ལྟར་ཐབས་ཀྱི་སྒོ་ཡང་ཁྱད་པར་འཕགས་པ་དང་། ཐབས་ཀྱི་བྱེ་བྲག་གྲངས་ལས་འདས་པ་ཀུན་རྫོགས་ཏེ་ཤིན་ཏུ་མང་པོར་གྱུར་པས་ཐམས་ཅད་གང་ཡང་འགོག་པ་མེད་པར་ཡང་དག་པའི་ཐབས་སུ་ངེས་ཏེ་གང་གི་སྤྱོད་པ་ཡང་མི་འགོག་པས་འདོར་བར་བྱ་བ་ཡང་མེད་ལ། སྤྱོད་པ་ཉིད་ཀྱི་སྦྱོར་བས་གདུང་བ་དང་བྲལ་བས་ཀུན་ཀྱང་འཇུག་པའི་ལམ་དུ་བདེ་བར་འཆར་རོ། །དེ་ལྟ་བུའི་བདེ་བ་ཉིད་ལ་འཛིན་པ་མེད་ཅིང་མ་ཆགས་པས་སྤྱད་པར་སླ་སྟེ་བྱ་བར་དཀའ་བ་ཡང་མེད་དོ། །ལན་བཅུ་པ་གང་སྙམ་པ་ལ། དེ་བས་ན་ཐབས་དང་ཐེག་པའི་བྱེ་བྲག་ཇི་སྙེད་པ་རྣམས་གང་ཡང་ཐེག་པ་སོ་སོ་ལ་གྲགས་པ་ལྟར་མི་མཐུན་པར་ཐ་དད་དུ་བསྟན་པ་ཀུན་ཀྱང་སྒོ་འདི་དང་ལྡན་ན་མ་ནོར་བར་སྤྱོད་ལ་མི་འཆིང་བ་ཉིད་དུ་ཤར་བས་ཡང་དག་པའི་ཐབས་ཆེན་པོ་ཉིད་ཀྱིས་བདག་དང་གཞན་གྱི་དོན་མཐར་ཕྱིན་པར་ངེས་པར་སྦྱོར་བར་བྱེད་པས་ན། དོན་དེ་ལ་ངེས་པའི་གདེང་རྙེད་པ་ཉིད་ན་གནས་མཐོ་དམན་དང་བཟང་ངན་གྱི་ཁྱད་པར་མེད་དེ་འཁོར་བ་ཉིད་བདེ་བ་ཆེན་པོའི་གནས་སུ་ངེས་པར་ལན་བཏབ་པའོ། །བརྒྱད་པའི་ལན་ཇི་ལྟ་བུ་ཞེ་ན། དམ་ཚིག་དང་སྒྲུབ་པ་དང་སྤྱོད་པ་དང་ལྟ་བ་སྣ་ཚོགས་པ་རྣམ་གྲངས་ཐ་དད་དུ་བསྟན་ཏེ་དམན་པའི་སྤྱོད་པ་ལའང་སློབ་པར་གསུངས་པ་ཐམས་ཅད་ཀུན་ཀྱང་གདུལ་བྱ་ཀླུ་ལ་སོགས་པ་དུད་འགྲོ་དང་ཡི་དྭགས་དང་མི་མ་ཡིན་རྣམས་ཀྱིས་ངན་སྐྱུགས་ཆེད་དུ་བྱེད་པ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་གྱུར་པའང་ཡང་དག་པར་བལྟས་ཏེ་ཞེན་པ་ཅན་རྣམས་དམ་པའི་དོན་ལ་ངེས་པར་གཟུད་པའི་ཕྱིར་བསྟན་པའི་རྣམ་པ་ཇི་སྙེད་པའི་ཐབས་དང་དམ་ཚིག་ལ་སོགས་རྣམ་གྲངས་སྣ་ཚོགས་ཐ་དད་དུ་སྣང་བ་སོ་སོ་ཡང་ངོ་བོ་ཡེ་གདོད་མ་ཉིད་ནས་གཉིས་སུ་མེད་པར་རང་རིག་པ་རྒྱུ་རྐྱེན་དང་བྲལ་བས་འགྱུར་མེད་རྡོ་རྗེར་སྐྱེ་འཇིག་མེད་པར་དབྱེར་མེད་པའི་ངང་དུ་དོན་ལ་གཅིག་ཏུ་གནས་པར་དགོངས་ནས་གདུལ་བྱ་བསམ་པ་ཐ་དད་སྣ་ཚོགས་པ་ཀུན་དང་མཐུན་འཇུག་གི་ཐབས་ཀྱི་སྒོ་ནས་དྲང་བའི་ཕྱིར། དེ་དག་གི་ངོ་བོ་དོན་ལ་སྦྱར་ནས་རྣམ་པ་རང་རང་གི་བསམ་སྤྱོད་དང་མཐུན་པར་སྟེན་དུ་འཇུག་པའི་ཐབས་ཀྱི་བྲིད་ནས་ཡང་དག་པར་དྲང་ཞིང་བཏོན་ཏེ་འགོད་པ་དང་གནས་ཆེན་པོར་ཁྲིད་ཅིང་བསྐྱང་བའི་ཐབས་སུ་སྦྱར་བའི་ཆེད་དུ་གསུངས་པར་ཟད་དེ་ངོ་བོ་ཉིད་ལ་བསྟན་དུ་མེད་ཀྱང་ཐབས་ཆེན་པོས་ལྡོངས་པ་རྣམས་འདྲེན་པའི་སྤྱོད་པ་ལོང་བ་ལྟར་མ་རིག་པས་ནོན་པས་སྤྱད་པར་མི་རིགས་པར་ལན་བཏབ་པའོ། །བཞི་པ་ནི། གོང་ནས། གང་འདིར་མོས་པ་ཆུང་འཛིན་གྱི། །ཞེས་པ་ནས། ཙམ་ནི་ཐེག་ཚད་ཡིན། ཞེས་པའི་བར་གྱིས་བསྟན་ཏེ། དྲི་བ་དྲུག་པའི་ལན་གང་ཞེ་ན། གང་གི་དུས་འདིར་མོས་པ་ཆུང་ངུའི་གྲུབ་མཐའ་འཛིན་པ་ཅན་གྱི་རྒོལ་བ་པོ་གྲགས་པའི་ཚུལ་འཛིན་བྱ་བ་ཁྱོད་ཉོན་དང་ཞེས་བོས་ནས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་དོན་སངས་རྒྱས་ཀྱི་དགོངས་པ་དམ་པ་གསང་བའི་སྙིང་པོ་འདི་ནི་སྤྱོད་ཡུལ་བཞི་ལས་རྒྱལ་བ་རྫོགས་པའི་སངས་རྒྱས་ཉིད་ཀྱིས་རང་རིག་པའི་མངོན་སུམ་གྱི་ཡུལ་དུ་འདི་ཉིད་ཇི་བཞིན་པར་གཟིགས་པ་མ་གཏོགས་པ། བློ་ཆུང་བ་གང་གིའང་སྤྱོད་ཡུལ་མ་ཡིན་པས་མངོན་སུམ་དུ་མཐོང་བ་མེད་པའི་ཕྱིར་སྒྲ་ཇི་བཞིན་པར་སྤྱད་ན་བརླག་པར་བྱེད་པས་གསང་སྔགས་ཀྱི་ཚུལ་དང་འདྲ་བར་བཅོས་པ་ཙམ་གྱིས་ནམ་ཡང་མི་འགྲུབ་པའོ་ཞེས་ལན་བཏབ་སྟེ། འོན་ཀྱང་མོས་པ་དང་སློབ་པ་དང་བརྒྱུད་པའི་སྤྱོད་ཡུལ་ནི་འདིར་བསལ་བ་མེད་དོ།

這些是用於語言學術用途的完整直譯成簡體中文: 然而以殊勝大乘之詞語表述,如實義之方便門亦特別殊勝,方便差別無量圓滿極其眾多,不遮任何一切而確定為真實方便,不遮任何行為故亦無可舍,以行持本身之修習離熱惱,一切皆現為安樂趣入之道。對如是安樂無執著無貪著,故易於行持亦無難行。 第十答如何?因此一切方便與乘之差別,皆非如各乘所傳不和諧差別而示,若具此門則無誤行持而不被束縛,以真實大方便必定圓滿成辦自他利益,於義得確信時,無高低處所與好壞差別,輪迴即確定為大樂處,如是回答。 第八答如何?誓言、修持、行為、見解種種諸類差別教示,雖說低劣行亦應學習,一切皆為所化機龍等旁生、餓鬼、非人所作惡行等顛倒行亦視為正確,為令執著者確定趣入殊勝義,教示各種形相方便與誓言等諸類各別顯現,各自本性自本初無二,以離因緣自覺知而不變金剛無生滅,實義中住於無別一性,為隨順各種所化機差別意樂而方便引導,應用彼等本性於義,隨順各自意行而示現引導方便,引入確立殊勝處所攝受之方便,為此而說,雖本性不可示現,然大方便引導盲者之行,如盲被無明所覆不應行持,如是回答。 第四:上文從”此處小信解執”到”僅是所能負”之間所述:第六問回答如何?呼喚”此時小信解執持宗義論辯者’具名’請聽”,大乘密咒義佛陀殊勝密意密精要,此是四種行境中唯佛陀自證現量境中如實見到,除此之外非任何小智者行境,因無現量見故如字面而行則毀滅,僅僅偽裝如密咒儀軌永不能成就,如是回答。然而信解、學習與傳承之行境並非此處所遮。

།ལན་བདུན་པ་གང་སྙམ་པ་ལ། རྣལ་འབྱོར་པ་གང་སུ་ཞིག་གིས་གསང་སྔགས་ཐེག་པ་ཆེན་པོའི་སྒོ་འདིར་ཤིན་ཏུ་དད་པ་དང་མོས་པ་དང་རྟོགས་པར་འདོད་པས་བསམ་དཔྱོད་ནུས་ན། རྣལ་འབྱོར་པ་བློ་མཆོག་ལྡན་པ་དེ་ཉིད་གསང་སྔགས་ཐེག་པ་ཆེན་པོ་དེ་ལ་ལྟ་བའི་མིག་གིས་ཡང་དག་པའི་དོན་དེར་བལྟས་ཏེ་རྩེ་གཅིག་ཏུ་དམིགས་པར་བྱ་བ་ན། ཇི་ལྟར་གོམས་པའི་རིམ་པ་བཞིན་ཡང་དག་པ་ཇི་བཞིན་པའི་དོན་དེ་ལ་གང་ཟག་དམ་པ་དེས་རྟོགས་པའི་བློ་གྲོས་དེ་ཉིད་སྦྱོར་ནས་རང་གྲོལ་དུ་འགྲོ་བས་དེ་ཁོ་ན་ཉིད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དུ་རིགས་ངེས་པར་འགྱུར་བས་ན་རིམ་པ་དེ་དག་གི་དོན་ལ་དེ་བཞིན་དུ་འབད་པ་ཙམ་ནི་རང་རང་གི་སྐབས་ཀྱི་བློས་ཐེག་ཚད་ཡིན་པས་ཤིན་ཏུ་འཚམས་པ་སྟེ་ལྟུང་བ་མེད་པར་ལན་བཏབ་པའོ། །ལྔ་པ་ནི། འོག་ནས། གང་འདིར་དམ་པར་གྱུར་ངེས་ན། ཞེས་པ་ནས། ལམ་པ་ཤ་སྟག་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། འདི་ནི་ལྔ་པ་དང་དྲུག་པའི་ཡང་ལན་དང་། དགུ་པ་ལ་སོགས་པ་ཐུན་མོང་དུ་སྒྲ་ཇི་བཞིན་དུ་སྤྱད་ན་ལྟུང་བར་བསྟན་པ་སྟེ། གང་འདིར་སེམས་སྐྱེ་མེད་དུ་རྟོགས་པའི་ལྟ་བ་དང་ལྡན་ཞིང་དེ་ཉིད་ལ་གོམས་པ་བརྟན་ཏེ་དམ་པར་གྱུར་ནས་རིགས་ངེས་པར་གྱུར་ན། སྦྱོར་སྒྲོལ་ལ་སོགས་པ་དམན་པའི་ལས་རྣམས་གདུལ་བྱ་སྐལ་བ་དང་ལྡན་པ་དག་དྲང་བའི་ཆེད་དུ་སྤྱད་ཀྱང་ཡང་དག་པའི་སྤྱོད་པ་མ་ནོར་བ་ཡིན་པས་དམ་པས་མཐུན་འཇུག་གི་སྤྱོད་པ་ཡིན་ཡང་། བདེན་པའི་དོན་དེ་ཁོ་ན་ཉིད་མ་མཐོང་ཞིང་ཟབ་མོའི་གནད་ཁོང་དུ་མ་ཆུད་པའི་རྣལ་འབྱོར་པ་གང་དག་གིས། ཚིག་བརྡ་བརྗོད་པའི་ལམ་ཙམ་གྱི་རྗེས་སུ་བློ་འབྲེངས་པས་སྒྲ་རང་ཐད་དུ་བཟུང་ནས་ཡང་དག་པའི་ལམ་མ་ནོར་བ་ལས་གོལ་ཏེ་འཁྲུལ་པར་འཕྱན་པ་ཡི་ཐེག་ཆེན་གསང་བའི་ལམ་མཆོག་ལ་རྒྱབ་ཀྱིས་ཕྱོགས་པ་ལོག་པའི་ལམ་ལ་ཞུགས་པའི་གང་ཟག་རྨོངས་པ་ཤ་སྟག་ཀྱང་མང་དུ་འབྱུང་སྟེ་གསང་སྔགས་ལོག་པར་སྤྱོད་པའི་སྐབས་རྣམས་ལས་བསྟན་པ་ལྟ་བུའོ། །དེ་བས་ན་ཐབས་ཆུང་ངུའི་ཚིག་དང་མཐུན་པར་དོན་སྤྱོད་པ་ཉིད་ཀྱིས་གསང་ཆེན་ངེས་པའི་སྙིང་པོའི་དོན་ཡང་དག་པ་རིག་པ་དང་ངེས་པ་མ་ཡིན་པར་ལན་བཏབ་པའོ། །གསུམ་པ་ནི། ལང་ཀའི་བདག་པོ། ཞེས་པ་ནས། གྲོལ་བར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ་ཞེས་བོས་ནས། དེ་སྐད་དུ་ཐེག་པ་ཆེན་པོའི་རྣལ་འབྱོར་པ་ཚངས་པའི་འོད་ཅེས་བྱ་བ་དེས། རྒྱུའི་ཐེག་པའི་རྣལ་འབྱོར་པ་གྲགས་པའི་ཚུལ་དང་ལྡན་པ་ཡི་སྔགས་ལ་ངེས་པ་མ་རྙེད་པའི་དྲི་བ་ཆུང་ངུའི་ཐེ་ཚོམ་གྱི་དོགས་པ་བཅད་དེ་ལེགས་པར་བསལ་བར་གྱུར་ཏོ། །ཞེས་སྟོན་པ་གསང་བ་པའི་བདག་པོ་དེས། སྡུད་པ་པོ་ལང་ཀའི་མངའ་བདག་ལ་དེ་སྐད་ཅེས་བཀའ་སྩལ་ཏེ་སྨྲས་པས། གང་དུ་མོས་པ་ཆུང་ངུའི་སེམས་ཅན་སྐལ་བ་དམན་པ་དག་ཐེག་པ་ཆེན་པོ་གསང་བ་དམ་པ་ཉིད་དུ་ངེས་པ་ཡང་དག་པར་རྙེད་དེ་རྣམ་པར་གྲོལ་བར་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། གྲགས་ལྡན་གང་གི་དྲི་བའི་ཐེ་ཚོམ་རྣམས་ཚངས་པའི་འོད་ཀྱིས་ཇི་ལྟར་བ ཅད་པའི་ཚུལ་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པ་ལེགས་པར་བཤད་པའོ།། །།གསུམ་པ་སྤྱད་ལེགས་ཉེས་ཀྱིས་སྐྱོན་ཡོན་ལོ་རྒྱུས་ཀྱི་སྒོ་ནས་བསྟན་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། དེ་ནས། ཞེས་པ་ནས། གསང་བའི་བདག་པོ་འདི་ལྟ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ནོ། །དེ་ནས་དུས་དེར་སྔ་མའི་རྗེས་སུའང་སྟོན་པ་གསང་བ་པའི་བདག་པོ་དེས། སྡུད་པ་པོ་ལང་ཀའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།

這些是用於語言學術用途的完整直譯成簡體中文: 第七答如何?任何瑜伽士若於密咒大乘門中具足極大信心信解及欲求瞭解而能思察,彼殊勝智瑜伽士以見解之眼觀察密咒大乘真實義而專一緣念,如其修習次第,殊勝補特伽羅將證悟智慧與如實真實義相應而自解脫,成為真實性法性真如中確定種姓,於彼等義理如是僅作努力,即是各自階段智慧所能負荷,故極為適宜無墮罪,如是回答。 第五:下文從”若此定成殊勝”到”皆是邪道者”之間所述:此乃第五及第六問答,與第九等共同示現如字面行持則墮罪,若於此了悟心無生之見解並具堅固修習而成為殊勝確定種姓,雖為引導有緣所化機而行持瑜伽解脫等低劣業,亦為無誤正確行為,故為殊勝隨順行,然未見真實義真如、未通達甚深要點的瑜伽士,僅隨逐語詞表達之道而執持音聲字面,則偏離無誤正道而迷惑的大乘密道殊勝背離者,進入邪道的愚痴補特伽羅確實多有,如密咒邪行諸處所說。因此,以小方便之詞相應而行持,不能了知與確定大密決定精要真實義,如是回答。 第三:從”楞伽主”到”得解脫”之間所述:呼喚”楞伽主”後,如是大乘瑜伽士名為梵光者,對因乘瑜伽士具名於咒語未得確定的小疑問疑慮已切斷善加遣除。開示者密主如是向結集者楞伽主宣說,由此小信解眾生劣緣者於大乘殊勝密中獲得真實確信而完全解脫。 品題:一切佛意趣集大經中,具名之諸疑問梵光如何抉擇方式示現品,即善說第三十七品。 第三以行善惡功過歷史門而示現分三:略說,廣說,結語。 第一:從”其後”到”密主如是”之間所述:此品示現方便與了義二者。其後,彼時繼前,教示者密主對結集者楞伽主菩薩摩訶薩如是宣說。 ;

།ཀྱེ་ལང་ཀའི་བདག་པོ། ཁོ་བོའི་དྲན་པ་ཐོག་མའི་ཚེ་ན་གནས་འོག་མིན་ཆེན་པོར་ཁོ་བོའི་སྟོན་པ་དཔལ་གསང་བ་མཆོག་གི་བདག་པོ་དེས། འཁོར་དམ་པ་དེའི་ནང་དུ་དུས་དེ་ཉིད་ཀྱི་ཡང་སྔ་མར་གསང་བ་ཆེན་པོ་ཇི་ལྟར་བརྒྱུད་པའི་ཚུལ་གྱི་གྲགས་པའི་གཏམ་རྒྱུད་བརྗོད་པ་ནི། གསང་བའི་བདག་པོ་འདི་ལྟ་སྟེ། ཞེས་འོག་ནས་འབྱུང་བ་བཞིན་བཀའ་སྩལ་པར་མཛད་དེ་འདིར་ནི་ལོ་རྒྱུས་བརྗོད་པའོ། །གཉིས་པ་ལ་གཉིས་ཏེ། ལོག་པར་སྤྱོད་པའི་སྐྱོན་ལོ་རྒྱུས་ཀྱི་སྒོ་ནས་བསྟན་པ། ལེགས་པར་སྤྱོད་པའི་ཡོན་ཏན་ལོ་རྒྱུས་ཀྱི་སྒོ་ནས་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ལ་བཅུ་གཅིག་སྟེ། ཚུལ་བཅོས་པའི་སྐྱོན། བདག་བསྟོད་གཞན་ལ་སྨོད་པའི་སྐྱོན། མི་ཤེས་པར་སློབ་དཔོན་བྱས་པའི་སྐྱོན། འདུལ་ཞིང་སོ་སོར་བཅད་པའི་སྐྱོན། ཚོགས་ཀྱི་ཡོ་བྱད་ལ་གསོག་འཇོག་བྱས་པའི་སྐྱོན། བཀའ་བརྐུས་ཤིང་བསླུས་པའི་སྐྱོན། ཉམས་པའི་ཚུལ་བཅོས་པའི་སྐྱོན། ཚིག་གི་མཉམ་པ་ལ་བརྟེན་ནས་ཆགས་སྡང་བསྐྱེད་པའི་སྐྱོན། གསང་དོན་གླེང་བ་ལ་ཕྲག་དོག་བྱས་པའི་སྐྱོན། ཚིག་གི་དུག་མདའ་གཏོང་བའི་སྐྱོན། ལྟ་བ་མེད་པར་སྤྱི་ཡུད་ཙམ་ལ་ལྟོས་པའི་སྐྱོན་ནོ། །དང་པོ་ནི། ང་ཡི་དགོངས་པ། ཞེས་པ་ནས། ཚུལ་བྱུང་དེར་མ་སྤྱོད། །ཅེས་པའི་བར་གྱིས་བསྟན་ཏེ། སྟོན་པ་ང་ཡི་དགོངས་པ་དམ་པ་གསང་ཆེན་ལུང་གི་བསྟན་པ་རིན་པོ་ཆེ་ལ་སྐབས་གཅིག་ཏུ་ལེགས་པར་སྤྱོད་ན་ཡང་། གསང་བའི་མངའ་བདག་ཆེན་པོ་དེའི་རྗེས་སུ་གསང་བ་ཟབ་མོའི་དོན་འདི་དག་མ་ནོར་སྤྱོད་པ་ཉིད་ནི་ནུབ་པར་འགྱུར་ཞིང་དེའི་བསྟན་པ་གཟུགས་བརྙན་གྱི་ཚུལ་ལམ་བཅོས་མ་ཙམ་དག་ལ་ཕལ་ཆེར་གྱིས་དོན་དུ་བཟུང་ནས་སྤྱོད་མོད་ཀྱི་སྤྱོད་པ་དེ་དག་རྣལ་འབྱོར་མཆོག་གི་གསང་དོན་དུ་ངེས་པར་སྟོན་པ་ངས་ཡང་དག་པར་མ་མཐོང་སྟེ། རྣལ་འབྱོར་དུ་ཁས་འཆེ་བ་ཀུན་ཀྱང་ལོག་པའི་ལམ་ལ་སྤྱོད་པ་ཁོ་ནའོ། །དེ་ཡང་ལམ་གང་དུ་ལོག་པ་ཁོ་ན་ལ་སྤྱོད་པ་ཇི་ག་ལྟར་ཡིན་ཞེ་ན། གསང་བའི་དོན་ཟབ་མོ་འདི་ཉིད་ཡང་དག་པར་རྟོགས་པ་ལ་མི་གནས་པར་འདི་ཡི་དམ་ཚིག་ཉམས་པ་དང་། སྤྱོད་པ་འདི་ལས་ལོག་པར་ཞུགས་པ་དང་ལོག་པའི་བརྟུལ་ཞུགས་ཀྱི་ཚུལ་ལ་སྤྱོད་པ་འབྱུང་བས་། དེ་ནི་གསང་སྔགས་འདི་ཡི་ལམ་ཡང་དག་པའི་ཚུལ་ལ་སློབ་པ་མ་ཡིན་པས་འབྲས་བུའི་སྒོ་འདིར་འཇུག་པར་མ་ངེས་ཏེ་གཡོ་དང་སྒྱུས་བདེན་པ་དང་འདྲར་ཞེས་འདྲ་བར་བཅོས་ནས། ལོག་པར་སྤྱོད་པ་དག་གམ་འཁྲུལ་བར་འཕྱན་པའོ། །དེ་ཡང་གང་ཟག་ཇི་ལྟ་བུ་ཞེ་ན། འདས་པའི་དུས་ན་སྔོན་བྱུང་བ། བསྐལ་པ་ཀུན་བཀོད་ཞེས་བྱ་བ་ལ་འཇིག་རྟེན་དུ་བྱོན་པའི་སངས་རྒྱས་མངོན་བྱུང་རྒྱལ་པོ་དེ་ཉིད་མྱ་ངན་ལས་འདས་པར་གྱུར་པའི་འོག་ཏུ་བྱུང་བའི་རྣལ་འབྱོར་བཟང་ལྡན་བྱ་བ་དེ་ཡིས། རང་གིས་གསང་དོན་ཟབ་མོ་མི་ཤེས་པར་བྱིས་པའི་འཁོར་ཚོགས་རྣམས་ལ། ཚུལ་འདྲ་བར་བཅོས་ཏེ་ལམ་ལོག་པའི་རྒྱུར་འགྱུར་བའི་སྔགས་ཀྱི་ཀུན་སྤྱོད་བསྟན་པས་ལྔ་བརྒྱའི་འཁོར་དང་བཅས་པ་དེ་དག་གསང་མཆོག་གི་དོན་ལས་གོལ་ཞིང་སླར་ཡང་འཁོར་བར་འཆིང་ཞིང་ལོག་པའི་གནས་སུ་འཁྱམས་པ་དེ་འདྲའི་ཚུལ་སྔོན་ཡང་བྱུང་བས་མ་འོངས་པ་རྣམས་ཚུལ་དེར་ཞེས་དེ་ལྟ་བུར་མ་སྤྱོད་ཅིག་ཅེས་གདམས་པའོ།

這些是用於語言學術用途的完整直譯成簡體中文: 嗨,楞伽主!我最初憶念時,在色究竟大天處,我的導師吉祥密主尊,在殊勝眷屬中,於彼時之前,宣說密大如何傳承方式的名聞故事,即密主如是,如下文所出現般宣說,此處即敘述歷史。 第二分二:邪行過失以歷史門示現,善行功德以歷史門示現。 第一分二:廣說,結語。 第一有十一:偽裝之過,自贊毀他之過,無知而為師之過,分割調伏境之過,積聚供養資具之過,竊取教法欺誑之過,偽裝毀誓之過,依據語言平等生起貪瞋之過,妒忌談論密義之過,放射語言毒箭之過,無見解僅關注片刻之過。 第一:從”我之密意”到”彼法勿行”之間所述:若於導師我之殊勝密意大密經教寶貴時一時善行,然密大主尊之後,此等甚深密義無誤行持將衰落,其教法影像式或僅僅偽裝者多數執為義利而行,然我未見彼等行為確定顯示為上瑜伽密義,一切自稱瑜伽者皆行邪道。彼亦於何道唯行邪行如何?不住於真實瞭解此甚深密義,而毀壞此誓言,入此行對立而行持邪誓行,故非學習此密咒正確道法,未確定入此果門,以詭詐偽裝如真實,邪行或迷惑徘徊。此亦何等補特伽羅?過去時曾發生,於名為”遍莊嚴劫”出世佛現起王般涅槃後出現的瑜伽師名為”具善”者,自己不知甚深密義而向幼稚眷屬眾,偽裝相似而示現作為邪道因的咒行,彼與五百眷屬偏離密勝義而再次束縛輪迴漂泊邪處,如此方式往昔亦曾發生,故未來者勿行彼法,如是勸誡。

།གཉིས་པ་ནི། གཞན་ཡང་གསང་བའི། ཞེས་པ་ནས། ཚུལ་བྱུང་དེར་མ་སྤྱོད། །ཅེས་པའི་བར་གྱིས་བསྟན་ཏེ། གཞན་ཡ ང་གསང་བའི་བདག་པོ་ཉོན་ཅིག །ཐབས་རྨད་དུ་བྱུང་བའི་གསང་བའི་སྙིང་པོ་འདི་ཡི་དོན་ལ་རྣལ་དུ་འབྱོར་ནས་སེམས་ལ་དབང་བསྒྱུར་བས་སྤྱོད་ཡུལ་རང་སྣང་གི་དོན་དུ་རྟོགས་པའི་རིག་པ་ཚད་མ་སྐྱེས་པ་རྣམས་ཕལ་ཆེར་མི་བཞུགས་པའི་གནས་སྐབས་དག་ཏུ་ཡང་གསང་བའི་བསྟན་པ་འདི་ཉིད་ནོར་བར་སྤྱོད་དེ། གསང་དོན་ཚུལ་བཞིན་དུ་མི་ཤེས་ཤིང་ངན་པའི་སྤྱོད་ཡུལ་ལ་རྟོག་འཛིན་ཅན་རྣམས་ཀྱིས། ལམ་ལོག་པར་བརྟགས་ནས་ཡང་དག་པའི་དོན་བསླད་ཅིང་བཀའ་ཡི་གཞུང་བོར་ཏེ་ནོར་བར་ཞུགས་པས་བདག་ཉིད་སུན་འབྱིན་ཞིང་འདི་ཉིད་ཁོ་ན་ཡིན་གྱི་གཞན་གྱིས་དོན་ཇི་བཞིན་པར་རྟོགས་པ་མ་ཡིན་ཞེས་ཟེར་ཞིང་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་ནི་ལོག་པར་ལྟུང་བའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། བསྐལ་པ་ཀུན་བཀོད་ཞེས་བྱ་བ་དེ་ཡི་དུས་ཉིད་ལ། རྣལ་འབྱོར་དཔལ་བྱིན་བྱ་བ་ཞིག་གིས་གསང་སྔགས་ཀྱི་དོན་ལ་བློ་ཤེད་མ་བྱེ་ཞིང་། ལྷག་མཐོང་གིས་ས་གཅོད་པའི་གྲོས་ཀྱི་ཐབས་ལ་མ་མཁས་པས་གསང་དོན་ལ་བློ་གྲོས་ངེས་པའི་བཀའི་གཞུང་བོར་ནས་ཡང་དག་པའི་ཆོས་མ་ཡིན་པའི་ལོག་པའི་ཆོས་ལ་སྤྱོད་ཅིང་། གསང་དོན་ཇི་བཞིན་དུ་ངེས་པའི་བློ་གྲོས་དང་ལྡན་པ་གཞན་དག་ལ་ཁྱོད་ཀྱིས་དེ་ལྟར་མ་ངེས་ཏེ་ཡང་དག་པའི་བློ་གྲོས་ནི་བདག་གི་བློ་གྲོས་འདི་ཉིད་ཁོ་ན་ཡིན་ནོ་ཞེས་མངོན་པའི་ང་རྒྱལ་ཆེར་སྤྱོད་པ་འདི་ནི་རང་གིས་མི་ཤེས་པར་གཞན་ལ་སྨྲ་ཚབས་ཆེ་བས་སྲིད་པ་ལོག་པའི་ལམ་གྱི་འབྲས་བུར་སྨི ན་པ་སྟེ། སྔོན་ཡང་དེ་འདྲའི་ཚུལ་བྱུང་བས་མ་འོངས་པ་རྣམས་དེར་མ་སྤྱོད་ཅིག་པའོ། །གསུམ་པ་ནི། གཞན་ཡང་གནོད་འདུལ། ཞེས་པ་ནས། ཚུལ་བྱུང་དེར་མ་སྤྱོད། །ཅེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་གནོད་སྦྱིན་འདུལ་བའི་དབང་པོ་འདི་ལྟ་སྟེ། བརྒྱུད་པ་ཚད་ལྡན་སྔར་བྱུང་བའི་རྒྱུད་ཀྱི་རྗེས་སུ་གནས་པས། རིགས་བཟང་ཡང་རང་ལ་སྔགས་ཀྱི་ལྟ་དགོངས་རྟོགས་པའི་གདེངས་མེད་བཞིན་དུ་འཁོར་རྣམས་ཀྱིས་སློབ་དཔོན་གྱི་གོ་སར་བསྟབས་ནས། ཚིག་འབའ་ཞིག་དོན་དུ་གཉེར་ཞིང་རྒྱུད་དྲེགས་པར་གྱུར་པའི་དབང་ངེས་ན་རང་གིས་མི་ཤེས་བཞིན་དུ་གཞན་ལ་ཆེ་ངག་གིས་རས་སུ་གཅོད་པ། དོན་གྱི་གདེངས་མེད་པར་ཡིད་གཉིས་དང་ཐེ་ཚོམ་ཟ་བས་ཚུལ་ཙམ་འཆོས་པའི་སེམས་ཀྱི་གྱ་གྱུ་ཅན་སྤྱོད་པ་སྨྱོན་ཐབས་སུ་སྤྱོད་ཅིང་སེམས་ཀུན་ཏུ་བླུན་པའི་སྡིག་པ་ཅན་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན། འདས་པའི་དུས་ན་སྔོན་བྱུང་བ་བསྐལ་པ་ཀུན་བཀོད་དུ་གྲགས་པ་དེ་ཉིད་ལ། སྔགས་ཀྱི་ཚུལ་རྟགས་ཙམ་འཛིན་པའི་རྣལ་འབྱོར་པ་དྲི་མེད་སྤྱོད་པ་ཞེས་བྱ་བ་ཞིག་གིས། སྔར་བྱུང་བའི་མཁས་པའི་རྒྱུད་ཀྱི་རྗེས་སུ་སྣང་བ་རྒྱུ་མཚན་དུ་བྱས་ཏེ། ཁྲི་ཕྲག་བཅུ་ཡི་འཁོར་རྣམས་ཀྱིས། རིགས་རྒྱུད་བཟང་པོ་རྣམས་ཀྱི་རྗེས་སུ་བྱུང་བ་ཡི་དབང་ལས། གསང་དོན་རྟོགས་པའི་གདེངས་མེད་པའི་རྣལ་འབྱོར་དེ་ཉིད་ལ་ཁྱོད་ཀྱིས་སློབ་དཔོན་བྱས་ཏེ་ཆོས་བཤད་དགོས་སོ་ཞེས་ཚིག་གི་ཁུར་ཆེན་ལྗིད་དུ་ཕབ་ནས་དོན་ལྡན་མཁས་པའི་རིགས་རྒྱུད་འཛིན་པར་བྱེད་པའི་དཔོན་དུ་བསྟབས་ཏེ་བཀུར་བས། ཚུལ་རྟགས་ཙམ་གྱི་ཆེ་བས་རང་ལ་ཆེ་བའི་དྲེགས་པ་སྐྱེས་ནས་ཡང་དག་པའི་ལམ་མི་ཤེས་བཞིན་དུ་ཚུལ་འཆོས་པར་བྱས་ཏེ་འདྲ་ཚུལ་ལོག་པའི་ཆོས་ལ་སྤྱད་པས། འཁོར་དང་བཅས་པ་དྲེགས་པའི་རུ་ཏྲར་ལྟུང་སྟེ། སྔར་ཡང་དེ་འདྲའི་ཚུལ་བྱུང་བས་དེར་མ་སྤྱོད་ཅིག་ཞེས་པའོ།

這些是用於語言學術用途的完整直譯成簡體中文: 第二:從”複次密主”到”彼法勿行”之間所述:複次密主請聽!對此稀有方便密精要義理精通瑜伽而調伏心,瞭解行境自顯義理的證量智慧者多數不住世之時,此密教法被錯誤行持,不如法了知密義而執著惡行境者,觀察邪道而玷汙正確義理,捨棄教法論典而錯誤趨入,自我毀壞並說唯此為是而他人未如實瞭解義理,自贊毀他是墮入邪見。此亦如何?於名為”遍莊嚴劫”時,有一名為”吉祥授”的瑜伽士,於密咒義中未展開智力,於勝觀斷地的方便智慧不精通,捨棄密義確定智慧教法論典而行非正法邪法,對如實確定密義具智慧的他者說:“你未如是確定,唯我此智慧才是正確智慧”,如是大行我慢,此乃自不知而大膽對他人妄言,成熟為有漏邪道果報,往昔亦曾有如此方式,故未來者勿行彼法。 第三:從”複次害調”到”彼法勿行”之間所述:複次夜叉調伏尊如是,具標準傳承隨順往昔教續,雖種姓良好卻無密咒見解證悟把握,眷屬推舉為師位,唯求文詞而相續傲慢,自己無知卻對他人高言切斷,無義理把握而具疑惑二心,僅造作表面形象,心意曲詐行為狂亂而心全然愚痴的罪者。此亦如何?過去時曾發生於名為”遍莊嚴劫”,有持密法相僅持標誌的瑜伽士名為”無垢行”,以隨順往昔智者教續為理由,十萬眷屬因良好種姓傳承之力,對無密義證悟把握的瑜伽士說:“請你作師講法”,如是下壓重大言詞負擔而推舉尊敬為持具義智者種姓的上師,僅憑標誌威勢而生起自大慢心,不知正道卻偽裝表面相似而行邪法,與眷屬墮入傲慢惡魔,往昔亦曾有如此方式,故勿行彼法。

།བཞི་པ་ནི། གཞན་ཡང་གནོད་འདུལ། ཞེས་པ་ནས། ཚུལ་བྱུང་དེར་མ་སྤྱོད། །ཅེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་གནོད་འདུལ་གསང་བའི་བདག་པོ། མཛའ་བ་དང་སྨོས་འདྲིན་དུ་ཡོད་པས་བསླད་ན་སྟེར་བའི་གདུལ་ཞིང་རྣམས་དང་། རྙེད་པ་དང་བཀུར་སྟིས་འཚོ་བའི་འཁོར་རྣམས་གཞན་གྱི་དབང་ཉིད་དུ་འགྱུར་བར་དོགས་ནས། རང་གཞན་གྱི་རིགས་དང་ཚོམ་རྣམས་སྡེ་ཚན་སོ་སོར་གཅོད་པར་བྱེད་དེ། འདི་དག་བདག་གིས་འདུལ་བར་བྱ་བའི། ལོངས་སྤྱོད་དང་འབྱོར་པས་འཚོ་བའི་ཞིང་ཡིན་གྱིས། གཞན་གང་དག་གསང་སྔགས་ཀྱི་གདུལ་ཞིང་གང་འདིར་མ་འདུ་ཞིག་ཅེས་ཉོན་མོངས་པའི་ཚིག་གིས་རིགས་སྡེ་སོ་སོར་ཕྱེས་ནས་རིས་སུ་བཅད་དེ་བསྒོ་བར་བྱེད་པ་ནི་ལམ་ནོར་ལ་ལྟུང་བ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། འདས་པའི་དུས་ན་སྔོན་བྱུང་བ་གང་བསྐལ་པ་ཀུན་བཀོད་དུ་གྲགས་པ་དེ་ཉིད་ལ། རྣལ་འབྱོར་པ་ན་ཞི་ན་ཞེས་བྱ་བ་ཞིག །རྣལ་འབྱོར་ལྔ་བརྒྱའི་འཁོར་དང་བཅས་ཏེ། ཤིན་ཏུ་མྱུར་བའི་གསང་སྔགས་ཀྱི་ལམ་ལ་ཆེར་སྤྱོད་དོ་ཞེས་ཟེར་ནས། དགོན་པའི་རྒྱུད་དུ་དབེན་པ་ལ་གནས་ཏེ་འདུག་ནས་གང་གི་ཡུལ་ཁམས་ཀྱི་ལྗོངས་ཆེན་པོ་དེ་དག་ན་གནས་ཤིང་བརྟེན་པས་མི་ཡི་གང་ཟག་ཇི་སྙེད་ཅིག་གནས་པ་དེ་དག་ཀུན་ཀྱང་ཁ་གསག་དང་ཐབས་ཀྱི་སྒྱུས་རང་གི་གདུལ་ཞིང་དུ་སྤྱོད་པར་བྱེད་དོ། །དེ་ལས་གཞན་གྱི་སྡེ་པར་གྱུར་པ་ཡི། རྣལ་འབྱོར་པ་བློ་གྲོས་ཀྱི་མིག་དང་ལྡན་པས་གསང་བ་མཆོག་གི་དོན་ཡང་དག་པར་མཐོང་བ་ཞིག །གདུལ་བྱ་གང་དེ་དག་གི་དོན་ཆེད་དུ་གཉེར་ཏེ་དེར་འོངས་ནས ། གསང་ཆེན་དོན་དམ་པའི་བདེན་པ་ཡང་དག་པར་ངེས་པའི་ལམ་དེ་ཁོ་ན་རྒྱས་པར་སྟོན་པའི་ཆེད་དུ་ཆོས་བཤད་པར་བརྩམས་པ་ལས་དགོན་པའི་རྒྱུད་དུ་དབེན་པར་འཛིན་པ་ན་ཞི་ན་ཞེས་བྱ་བས། ཉོན་མོངས་པའི་དབང་གི་ལོག་པའི་སེམས་ཀྱིས་བསྒོ་བ་བྱས་ཏེ། འདི་ཡི་ཡུལ་ཁམས་གང་དེ་བདག་གི་གདུལ་བའི་ཞིང་ཡིན་གྱིས། ཁྱོད་ནི་འདི་ལ་མི་གཏོགས་པས་དགེ་སློང་རྣལ་འབྱོར་ཁོ་ན་ངོ་བོ་ཉིད་ཁྱོད་རང་གནས་གཞན་དུ་དེངས་ཤིག །ཅེས་རང་གི་སྡེ་ཚན་དང་གཞན་གྱི་ཕྱོགས་རྣམས་རིས་སུ་བཅད་པས་ཀུན་ནས་ཉོན་མོངས་པ་འཁོར་བའི་ལམ་གྱི་འདམ་རྫབ་ཏུ་ལྷུང་བར་གྱུར་ཏེ། སྔོན་ཡང་དེ་འདྲའི་ཚུལ་བྱུང་བས་དེར་ཞེས་དེ་འདྲའི་ཚུལ་དུ་མ་སྤྱོད་ཅིག་ཅེས་པའོ། །ལྔ་པ་ནི། གཞན་ཡང་གདུལ་དཀའ། ཞེས་པ་ནས། ཚུལ་བྱུང་དེར་མ་སྤྱོད། །ཅེས་པའི་བར་གྱིས་བསྟན་་ཏེ། གཞན་ཡང་གདུལ་དཀའ་འདུལ་བ་གསང་བདག་ཆེན་པོ། རྣལ་འབྱོར་དམ་པས་ཚོགས་ཀྱི་ཡོ་བྱད་དུ་བསྔོས་པར་གྱུར་པའི་རྒྱུ་ཡི་དངོས་པོ་ལ། བདག་གིར་བྱས་ནས་འདོད་པའི་ལོངས་སྤྱོད་ཀྱི་ཆེད་དུ་གསོག་འཇོག་བྱེད་དེ་གཅིག་གི་ཡིད་ལ་གཅིག་གིས་མཐུན་པ་སྟེར་ཏེ་སུན་འབྱིན་པར་བྱེད་པ་རྣམས་ནི་ནམ་ཞར་ཡང་ལོངས་སྤྱོད་ཐོབ་བ་མིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན་འདས་པའི་དུས་ན་སྔོན་བྱུང་བ་བསྐལ་པར་གྲགས་པ་ཀུན་བཀོད་ཞེས་བྱ་བ་དེ་ཉིད་ལ། རྣལ་འབྱོར་བདེར་ལྡན་ཤིས་པ་ཞེས་ནི་བྱ་བ་ཡི་རྣལ་འབྱོར་ཞེན་ཆགས་ཅན་ཚོམ་བུའི་འཁོར་དང་བཅས་པ་ཞིག་གསང་སྔགས་ཀྱི་ཚིག་སྒྲ་ཡི་རྗེས་སུ་རྒྱ་ཆེར་སྤྱོད་པ་ལས། དེ་ཡི་འཁོར་དུ་འདུས་པར་གྱུར་པའི་བུད་མེད་བཟང་རྒྱན་ཞེས་བྱ་བ་ཞིག་འཚོ་བ་ཚོགས་ཀྱི་ཡོ་བྱད་རྣམས་འཛིན་པར་སྦྱར་ནས་གིང་དུ་བསྐོས་པ་ལས། འབྱོར་པའི་དངོས་པོ་དག་ལ་སེར་སྣས་གསོག་འཇོག་བྱས་པ་ཡིས་ལས་ཀྱི་རྣམ་པར་སྨིན་པར་ཡི་དྭགས་ཁྱི་ཡི་ལུས་སུ་སྐྱེ་བ་བླངས་ཏེ་དམན་པའི་ལུས་སུ་གཏན་དུ་འཁྱམས་པར་གྱུར་ཏེ། སྔོན་ཡང་དེ་འདྲའི་ཚུལ་བྱུང་བས་ཚུལ་དེར་མཐུན་པར་མ་སྤྱོད་ཅིག །ཅེས་པའོ།

這些是用於語言學術用途的完整直譯成簡體中文: 第四:從”複次害調”到”彼法勿行”之間所述:複次害調密主,因友誼及親近關係而擔心若疏遠則會給予的所化境,以及擔心依靠利養恭敬而生存的眷屬將受制於他人,於是將自他種姓群體切割為各個部分,說”此等是我所調伏、以受用富足而生存的境域,其他任何密咒所化境不要集聚於此”,以煩惱語言分別種姓為不同類別並劃界宣告,是墮入錯誤道路。此亦如何?過去時曾發生於名為”遍莊嚴劫”,有瑜伽士名為”那徒那”,與五百瑜伽眷屬,聲稱大行極速密咒道,住於寺院傳承的寂靜處,凡居住於依靠彼大域內的任何人眾,皆以甜言和方便諂詐而視為己所化境。另有屬於他派、具智慧眼的瑜伽士能真實見到密勝義,為利益彼等所化機而來到此處,為廣說密大勝義諦真實確定道而開始講法,結果寺院傳承寂靜處的那徒那以煩惱力的邪心宣告:“此域是我所調伏境,你不屬於此處,比丘瑜伽本體你自己請去別處。“如是區分己部眾與他方,墮入煩惱輪迴道泥潭,往昔亦曾有如此方式,故勿行彼法。 第五:從”複次難調”到”彼法勿行”之間所述:複次難調調伏大密主,對於殊勝瑜伽士迴向為集會資具的因物質,執為己有而為貪慾受用積蓄,互相送予合意而毀壞者,永不獲得受用。此亦如何?過去時曾發生於名為”遍莊嚴劫”,有瑜伽士名為”具樂吉祥”的貪執瑜伽士及其眷屬群體,廣行密咒詞語之後,其眷屬中有一名為”善妙裝”的女性被任命為掌管生計集會資具的執事,因對財物慳吝積蓄的業報,轉生為餓鬼狗身,永遠漂泊於下劣身,往昔亦曾有如此方式,故勿隨順彼法行持。

།དྲུག་པ་ནི། གཞན་ཡང་གསང་བདག །ཞེས་པ་ནས། ཚུལ་བྱུང་དེར་མ་སྤྱོད། །ཅེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་གསང་བདག་གནོད་སྦྱིན་འདུལ་བ། གསང་བའི་བཀའ་ལ་ལོག་པར་སྤྱོད་པའི་རྣལ་འབྱོར་ནི། ལོག་ལྟའི་སྤྱི་བརྟོལ་དང་གཏུམ་ཁྲོ་ཆེ་ཞིང་སྡིག་སྤྱོད་ལ་གནས་པས་ཡང་དག་པའི་དོན་དང་མི་ལྡན་ཡང་བདག་གིས་བསྟན་པ་འདི་ནི་ངེས་པ་ཟབ་མོ་ཁོ་ནའོ་ཞེས་ཟེར་ཞིང་བབ་ཅོལ་དུ་སྟོན་པ་དང་བླ་མའི་བཀའ་ཡི་རྐུན་བུ་རང་གཞན་བསླུ་བར་བྱེད་པའི་གསང་བའི་གཞུང་ལ་བསླད་པར་བྱེད་པ་དག་བྱུང་ངོ་། །དེ་ཡང་ཇི་ལྟ་བུ་ཞེ་ན། འདས་པའི་དུས་ན་སྔོན་བྱུང་བ་ཆོས་སྐྱོང་བ་ཡི་རྒྱལ་པོའི་རིགས་ཀྱི་རྣལ་འབྱོར་པ་པྲ་མ་ཏ་ཞེས་བྱ་བ་ཞིག་གིས། གསང་དོན་རྟོགས་པ་དང་བྲལ་ཞིང་ཐབས་ཀྱི་ལམ་ལ་འཇུག་པའི་སྒོ་ཡང་དག་པར་མ་མཐོང་བར་བདག་ནི་གསང་བའི་ལམ་མཁན་ཁོ་ནའོ་ཞེས་ཀུན་ལ་རྒྱ་ཆེར་བསྒྲགས་པས་དེ་ལྟར་གྲགས་པར་གྱུར་པ་ལས། རྒྱལ་བའི་བཀའ་ལུང་བརྐུས་ཏེ་འགྲོ་བ་གང་རྣམས་བསླུས་པར་གྱུར་པའི་ལས་ཀྱི་རྣམ་པར་སྨིན་པ་ཡིས་སྡུག་བསྔལ་གྱིས་གདུང་བ་ངན་འགྲོར་བྱིང་བར་འགྱུར་ཞིང་གནས་རིས་དེ་ནས་ཐར་ནས་ཀྱང་ལྟ་བ་ལོག་པའི་འཇིག་རྟེན་པ་བདག་ཏུ་འཛིན་པ་ལ་སྤྱོད་པའི་མུ་སྟེགས་པའི་ཁམས་ཀྱི་གནས་སུ་ལྟུང་བར་གྱུར་ཏེ། དེ་འདྲའི་ཚུལ་སྔར་ཡང་བྱུང་བས་དེར་མ་སྤྱོད་ཅིག །ཅེས་པའོ། །བདུན་པ་ནི། གཞན་ཡང་གསང་བདག །ཅེས་པ་ནས། ཚུལ་བྱུང་དེར་མ་སྤྱོད། །ཅེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་གསང་བདག་ཆེན་པོ་གདུལ་དཀའ་འདུལ་བ་པོ། སྔགས་ཀྱི་ཐ་ཚིག་ཉམས་ཤིང་རྟོགས་པའི་དོན་ལ་རྨུགས་ཏེ་རྨོངས་བཞིན་དུ་ང་རྒྱལ་གྱི་དྲེགས་པས་ཁེངས་ཏེ་གསང་བའི་དོན་དེ་ལ་མཁས་པར་ཁས་འཆེས་པའི་ཕྱིར་རྡོ་རྗེ་རྒྱལ་པོའི་དབང་ཐོབ་ནས་ཐབས་ཀྱི་རྒྱལ་ས་ཐོབ་པར་འདོད་པ་ཡི་གང་ཟག་ཁྲེལ་མེད་སྤྱི་བརྟོལ་ཅན་བདུད་སྡེར་གཏོགས་པའི་མུན་སྤྲུལ་གསང་སྔགས་ཚུལ་འཆོས་སུ་སྤྱོད་པའི་འཆལ་པ་དག་ཀྱང་བྱུང་ངོ་། །དེ་ཡང་ཇི་ལྟ་བུ་ཞེ་ན། འདས་པའི་དུས་ཀྱི་ཚེ་ན་སྔོན་བྱུང་བ། །གང་བསྐལ་པ་ཀུན་བཀོད་དུ་གྲགས་པ་དེ་ཉིད་ལ། རྣལ་འབྱོར་པ་སྔགས་ཀྱི་ཚུལ་ཙམ་ལ་སྤྱོད་པ་པེ་ན་པ་ཡ་ཞེས་བྱ་བ་ཞིག་འཁོར་བརྒྱ་ཡི་སྡེ་དང་བཅས་པ་བྱུང་ནས། རྩ་བ་ཉམས་ཤིང་དོན་ལ་རྨུགས་བཞིན་དྲེགས་པ་ཆེན་པོའི་ང་རྒྱལ་གྱིས་མི་མཁས་བཞིན་དུ་དོན་ལ་མཁས་པ་དང་ལྡན་པར་ཚུལ་བཅོས་པའི་ཕྱིར་རྡོ་རྗེ་རྒྱལ་པོའི་རྒྱལ་ཐབས་ཆེས་ཆེ་བ་བླངས་པས་དཔེར་ན་རི་བོ་ཆེན་པོས་སྲོག་ཆགས་མནན་པ་བཞིན་དུ་ང་རྒྱལ་དྲེགས་པའི་རི་བོ་ཡིས་ནོན་ཏེ་འཁོར་བའི་ལས་ལ མ་ལ་སྤྱད་པས་ལས་ངན་པ་དེའི་མཐུས་གཏི་མུག་ཕག་གི་རིགས་ཀྱི་ལུས་སུ་ལྟུང་ནས་ཉམ་ཐག་པ་དེ་འདྲའི་ཚུལ་སྔར་ཡང་དེ་ལྟར་བྱུང་བས་ཚུལ་དེར་མ་སྤྱོད་ཅིག །ཅེས་པའོ། །བརྒྱད་པ་ནི། གཞན་ཡང་གསང་བའི། ཞེས་པ་ནས། ཚུལ་བྱུང་དེར་མ་སྤྱོད། །ཅེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་གསང་བའི་བདག་པོ་ཉོན་དང་། མཉམ་པའི་དོན་ཉིད་ཁོང་དུ་མ་ཆུད་དེ་རྟོགས་པ་མེད་པར་མཉམ་པ་ཉིད་ཡིན་ནོ་ཞེས་ཚིག་གི་ལམ་ཙམ་ངག་ཏུ་འབྱིན་ཅིང་ཆགས་སྡང་གཉིས་ཀྱིས་སྦྱོར་སྒྲོལ་ལ་མངོན་པར་འཆེལ་བ་ནི། རྣལ་འབྱོར་བརླང་པོར་སྤྱོད་པའི་ལས་ཀྱིས་འཁོར་བའི་ལམ་གྱི་རྒྱུད་དུ་ལྟུང་ངོ་། །དེ་ཡང་དཔེ་ཇི་ལྟ་བུ་ཞེ་ན། འདས་པའི་དུས་ན་སྔོན་བྱུང་བ་ཀུན་བཀོད་ཞེས་བྱ་བར་གྲགས་པ་འབྱུང་བའི་བསྐལ་པ་དེ་ཉིད་ལ། རྣལ་འབྱོར་པ་བདེ་སྦྱིན་ཞེས་ནི་བྱ་བ་ཞིག་རྣལ་འབྱོར་པ་སྟོང་གི་འཁོར་དང་བཅས་ཏེ་གསང་ཆེན་གསང་བ་དམ་པར་ངེས་སོ་ཞེས་ཁས་འཆེ་ཞིང་གསང་བའི་ལས་ལ་སྤྱོད་ཅིང་སྟོན་པའི་ཚུལ་འཆོས་ཀྱི་ཁྲིད་ནས་ཆགས་སྡང་གི་བརླང་སྤྱོད་གཉིས་ལ་འཆེལ་བས། ལས་དེ་ཉིད་ཡོངས་སུ་སྨིན་པ་ཡིས་རཀྴ་སྲིན་པོའི་ཁམས་སུ་ལྟུང་སྟེ་སྔོན་ཡང་དེ་འདྲའི་ཚུལ་བྱུང་བས་དེར་མ་སྤྱོད་ཅིག་པའོ།

這些是用於語言學術用途的完整直譯成簡體中文: 第六:從”複次密主”到”彼法勿行”之間所述:複次密主夜叉調伏,邪行密教法的瑜伽士,住於邪見魯莽、大暴怒和惡行,雖不具真實義理卻聲稱”我所教示確是甚深決定”,胡亂教示,竊取上師教法欺騙自他,玷汙密教論典者亦曾出現。此亦如何?過去時曾發生,護法王種姓瑜伽士名為”普拉瑪達”,離開密義了悟且未真實見到方便道之門,卻向一切廣泛宣稱”我唯是密道專家”而因此聞名,竊取佛陀教法欺騙眾生,其業報使其痛苦煎熬沉沒惡趣,即使從彼處解脫後仍墮入邪見世間我執外道界處,往昔亦曾有如此方式,故勿行彼法。 第七:從”複次密主”到”彼法勿行”之間所述:複次大密主難調調伏者,毀壞密咒誓言,對證悟義理矇昧愚痴,卻由我慢傲慢充滿,為自稱通達密義而獲得金剛王灌頂後想獲得方便王位之無慚魯莽補特伽羅,屬魔軍的黑暗幻現,偽裝密咒行持的放逸者亦曾出現。此亦如何?過去時曾發生,於名為”遍莊嚴劫”,有僅行持密咒表相的瑜伽士名為”貝那帕亞”及其百人眷屬群,毀壞根本且矇昧義理,以大傲慢我慢無智卻偽裝具義智慧,為此而取大金剛王王位方便,如大山壓生命般被我慢傲慢山所壓,行輪迴業道,因此惡業力墮入痴豬種身陷入悲慘,往昔亦曾如是發生,故勿行彼法。 第八:從”複次密主”到”彼法勿行”之間所述:複次密主請聽,未通達平等義理無證悟而口稱”是平等性”,僅以言語道發於語言,以貪瞋二者貪執瑜伽解脫,是以瑜伽粗暴行業墮入輪迴道。此例如何?過去時曾發生於名為”遍莊嚴”的出現劫中,有名為”樂施”的瑜伽士與千瑜伽士眷屬,自稱”密大確定為殊勝密”而行密行,示現導師樣貌引導,貪執貪瞋二粗暴行,此業完全成熟而墮入羅剎魔界,往昔亦曾有如此方式,故勿行彼法。

།དགུ་པ་ནི། གཞན་ཡང་གསང་བདག །ཅེས་པ་ནས། ཚུལ་བྱུང་དེར་མ་སྤྱོད། །ཅེས་པའི་བར་གྱིས་བསྟན། གཞན་ཡང་གསང་བདག་ཆེན་པོ་འདི་ལྟ་སྟེ། རྣལ་འབྱོར་གང་དག་བློ་ཆུང་བ་རྣམས་དང་རྡོ་རྗེའི་གྲལ་དུ་འདུས་ཏེ་རྣལ་འབྱོར་མཁས་པ་གང་དག་གིས་གསང་སྔགས་ཀྱི་དོན་གླེང་ན། དེ་ལ་འཇིགས་ཤིང་སྐྲག་པར་འགྱུར་ཏེ། སེམས་དཔའ་ཞུམ་ཞིང་ཡིད་མི་དགའ་བས་གཞན་དུ་འབྱོལ་བར་བྱེད་པ་ནི་བློ་གྲོས་བླུན་པ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དགེ་སློང་ལྷ་སྦྱིན་དེ་ཞེས་བྱ་བ་ཞིག་རྣལ་འབྱོར་ལས་ཀྱི་དང་པོའི་སར་སློབ་པའི་ཚེ། རྣལ་འབྱོར་དོན་དང་ལྡན་པ་མང་པོ་གཞན་འདུས་ནས་ངེས་དོན་གསང་བའི་དོན་ཟབ་མོ་གླེང་བར་བྱེད་པ་ན། ལྷ་སྦྱིན་འཁོར་བཅས་དེ་ལས་གཞན་དུ་བྱོལ་ནས། ངེས་དོན་གླེང་པ་ལ་མི་དགའ་ཞིང་ནོར་བའི་སེམས་ཀྱིས་མཁས་པ་དེ་དག་ལ་ཕྲག་དོག་སྐྱེས་ཏེ་རང་གི་གནས་སུ་དོང་ནས་ངན་པའི་ཚིག་ཏུ་བརྗོད་དོ། །ལས་དེ་ཡིས་མཐུ་ལས་བསྐལ་པ་དཔག་ཏུ་མེད་པ་ཉིད་དུ་ཡང་དག་པའི་དོན་ལས་གོལ་ནས་ལོག་པའི་སྡེ་ཡི་རིགས་འཛིན་པར་འཁྱམས་ཏེ་དེ་འདྲའི་ཚུལ་སྔར་ཡང་བྱུང་བས་ཚུལ་དེར་མ་སྤྱོད་ཅིག །ཅེས་པའོ། །བཅུ་པ་ནི། གཞན་ཡང་གསང་བའི། ཞེས་པ་ནས། ཚུལ་བྱུང་དེར་མ་སྤྱོད། །ཅེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་གསང་པའི་བདག་པོ་ཉོན་དང་། མདོ་སྡེ་དཀོན་མཆོག་བརྩེགས་པ་ལས། བྱིས་པ་ཁྲོས་ན་ཚིག་རྩུབ་སྨྲ། །ཞེས་པ་ལྟར། རྣལ་འབྱོར་པ་ཉིད་ཀྱིས་རྣལ་འབྱོར་པ་གཞན་ལ་ངན་ཚིག་རྣོན་པོ་ཤིན་ཏུ་གདུག་པའི་དུག་མདའ་གཏོང་ཞིང་བརྗོད་པ་སྔགས་ཀྱི་ཐ་ཚིག་བཙན་པོ་རྡོ་རྗེའི་རྫོང་མཁར་ལྟ་བུ་འཇོམས་པར་བྱེད་པའི་རྣལ་འབྱོར་རང་གི་གེགས་ཆེན་པོ་ཡིན་ནོ། །དེ་ཡང་དཔེ་ཇི་ལྟ་བུ་ཞེ་ན། རྣལ་འབྱོར་པ་རྣམ་དག་བློ་གྲོས་བྱ་བ་ཞིག །མི་འཇིགས་ཞེས་བྱའི་རྣལ་འབྱོར་པ་དོོན་མེད་ཅིང་ཚུལ་བཅོས་པར་སྤྱོད་པ་དེ་ཡིས་སྡེ་པ་མང་པོ་སྐྱོང་བའི་སར་བློ་གྲོས་དམ་པ་དེ་ཡང་འདུས་པར་གྱུར་པ་ལས། བཟོད་པ་ཐོབ་པའི་མཁས་པ་ཡོན་ཏན་ལྡན་པ་དེ་ལ་མི་འཇིགས་ཞེས་བྱ་བས་ངན་སེམས་ཀྱིས་སྒྲོ་སྐུར་མང་པོ་བཏབ་ནས་ཁ་ན་མ་ཐོ་བ་བརྗོད་དོ། །ལས་དེས་རྣམ་པར་སྨིན་པས་ནི་མི་འཇིགས་མནར་མེད་པར་ལྟུང་ནས་ཉམ་ཐག་པར་གྱུར་ཏེ་སྔོན་ཡང་དེ་འདྲའི་ཚུལ་བྱུང་བས་དེར་མ་སྤྱོད་ཅིག་ཅེས་གདམས་པར་མཛད་དོ། །བཅུ་གཅིག་པ་ནི། གཞན་ཡང་གསང་བདག །ཅེས་པ་ནས། ཚུལ་བྱུང་དེར་མ་སྤྱོད། །ཅེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་གསང་བདག་རྡོ་རྗེ་འཛིན་པ་ཉོན་ཅིག །གསང་དོན་ཇི་བཞིན་དུ་མཐོང་བས་ལྟ་བའི་མིག་མེད་ཀྱང་ཐབས་ཇི་ལྟ་བར་ངེས་པའི་དམིགས་བུ་དང་བྲལ་ནས་རྨོངས་ཤིང་འཐིབས་པ་དག །ཡང་དག་པའི་ཆོས་ཉིད་མཐའ་བྲལ་དབུ་མའི་ལམ་གྱི་དེ་ཁོ་ན་ཉིད་ཀྱི་རྟོགས་པ་མི་གསལ་བར། ཡིད་ཀྱིས་དམིགས་ཏེ་སྤྱི་ཡུད་ཙམ་ལ་ལྟོས་ནས་སྒྲ་བཞིན་དུ་སྤྱོད་པ་དེ་ནི་རྣལ་འ བྱོར་ལོང་བའི་ཚོགས་ཡིན་པས་ཡང་དག་པའི་ལམ་མི་མཐོང་ངོ་། །དེ་ལྟར་སྤྱོད་པའི་དཔེར་ཡང་ཇི་ལྟ་བུ་ཞེ་ན། རྒྱལ་པོ་རབ་ཏུ་གསལ་བར་འཛིན་པ་ཞེས་བྱ་བའི་རྣལ་འབྱོར་བ་ཞིག་བྱུང་ནས། གསང་བའི་ལུང་གི་རྗེས་སུ་ཞུགས་ཏེ་ཚུལ་ཙམ་དུ་སྤྱོད་ཀྱང་། གནས་ལུགས་རྟོགས་པའི་ཤེས་རབ་ཀྱི་ལྟ་བའི་མིག་མེད་པར་སྔགས་ཀྱི་རྣལ་འབྱོར་པའི་མིང་ཙམ་གྱི་ཚུལ་བཟུང་ནས་སྒྲ་ཐོས་པ་ཙམ་གྱི་ཚུལ་དུ་གཞུང་གི་རྗེས་སུ་སྤྱོད་པ་བྱས་པས། གཏི་མུག་མུན་པའི་ཁམས་ཀྱི་འགྲོ་བའི་གནས་སུ་ལྷུང་བར་གྱུར་པ་དེ་འདྲའི་ཚུལ་གྱིས་ལོག་པར་སྤྱོད་པ་སྔར་ཡང་བྱུང་བས་མ་འོངས་པའི་རྗེས་འཇུག་རྣམས་ཀྱང་གསང་སྔགས་ལུང་ཆེན་དམ་པ་འདི་ཉིད་ཚུལ་དེར་གོལ་བའི་ལམ་དུ་མ་སྤྱོད་པར་དོན་ལ་མཁས་པར་གྱིས་ཤིག །ཅེས་གདམས་པར་མཛད་དོ།