CMR053_0035.傾倒洗浴水于兇地墳場的儀軌g2.0f
================== 第 1 段 ================== 【原始藏文】 ཆངས་བུ་ཁྲུས་ཆུ་གཉན་ས་དུར་ཁྲོད་ལ་གཏོར་བའི་ཐབས། ཆངས་བུ་ཁྲུས་ཆུ་གཉན་ས་དུར་ཁྲོད་ལ་གཏོར་བའི་ཐབས། ཆངས་བུ་ཁྲུས་ཆུ་གཉན་ས་དུར་ཁྲོད་ལ་གཏོར་བའི་ཐབས་ལ་འདི་ལྟ་སྟེ། བེམ་པོ་ལུས་གདོན་དབྱེར་མེད་པའི་ངོ་བོ་དྲི་ཆུ་ཆངས་བུ་ཤ་དུམ་འདི་ཉིད་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ནད་པ་དངོས་དང་འདྲ་བ་དངོས་ལས་ལྷག་པའི་ཕུང་ཁམས་སྐྱེ་མཆེད་ཚང་བ། རེ་རེ་ལའང་བརྒྱ་ཕྲག་སྟོང་ཕྲག་འཕྲོ་བ་གྲངས་མེད་པ་འདི། གནོད་བྱེད་ཀྱི་གདོན་རྣམས་དང་། གྲིབ་གནོན་གྱི་གདོན་རྣམས་དང་། སྨྱོ་བྱེད་ཀྱི་གདོན་རྣམས་དང་། ལུས་སྲུལ་པོའི་གདོན་རྣམས་དང་། མཚན་མོ་ནག་མོའི་གདོན་རྣམས་ལ། དགོས་འདོད་མཁོ་དགུར་གྱུར་ནས་ཀྱང་། ཟད་མེད་ལོངས་སྤྱོད་ཐོབ་པར་ཤོག །མཉེས་ཤིང་ཚིམས་པས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་བུ་ལོན་ལན་ཆགས་ཐམས་ཅད་བྱང་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཕཊ་ཕཊ་ཕཊ། ཕཊ། བེམ་པོ་ལུས་གདོན་དབྱེར་མེད་པའི་ངོ་བོ་དྲི་ཆུ་ཆངས་བུ་ཤ་དུམ་འདི་ཉིད་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ནད་པ་དངོས་དང་འདྲ་བ་དངོས་ལས་ལྷག་པའི་ཕུང་ཁམས་སྐྱེ་མཆེད་ཚང་བ། རེ་རེ་ལའང་བརྒྱ་ཕྲག་སྟོང་ཕྲག་འཕྲོ་བ་གྲངས་མེད་པ་འདི་ཉིད། ཟ་འདྲེ་ཤི་གཤེད། ཉེ་དུ་ཉེ་འབྲེལ་གྱི་གཤེད་ཁ། ། ཟ་རེ་འཐུང་སྐོམ་བྱེད་པ། ཤི་གསོན་གཉིས་ཀྱི་དཀོར་ནོར་གྱི་རྗེས་སུ་འབྲང་བ། དོན་མེད་ཀྱི་འདྲེ་གཏོགས་གཤེད་འཁྱམས་དང་གཏོང་བཞིན་དུ་བླ་ལ་བཏགས་པ། ཐག་ནག་བཞིན་དུ་རྒྱུད་ལ་འཕྲི་བ། ཤ་ཁྱི་བཞིན་དུ་རྗེས་སུ་འབྲང་བ། ཡས་དང་གླུད་ལ་རེ་ཆེ་བ་ཐམས་ཅད་ལ་དགོས་འདོད་མཁོ་དགུར་གྱུར་ནས་ཀྱང་། ཟད་མེད་ལོངས་སྤྱོད་ཐོབ་པར་ཤོག མཉེས་ཤིང་ཚིམས་ནས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་བུ་ལོན་ལན་ཆགས་ཐམས་ཅད་བྱང་ཞིང་དག་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཕཊ་ཕཊ་ཕཊ། བེམ་པོ་ལུས་གདོན་དབྱེར་མེད་པའི་ངོ་བོ་དྲི་ཆུ་ཚངས་བུ་ཤ་དུམ་འདི་རྣམས། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ནད་པ་དངོས་དང་འདྲ་བ་དངོས་ལས་ལྷག་པ། ཕུང་ཁམས་སྐྱེ་མཆེད་ཚང་བ་རེ་རེ་ལ་ཡང་བརྒྱ་ཕྲག་སྟོང་ཕྲག་གྲངས་མེད་པ་འཕྲོ་བ་འདི་ཉིད། བདག་ཅག་དཔོན་སློབ་རྣམས་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་སྐྱེ་བ་སྔ་མ་ནས་ལན་ཆགས་འཁོར་བ། ཕྱི་མ་ནས་ལན་ཆགས་པ། ད་ལྟའི་ལན་ཆགས་པ། ལན་ཆགས་ཀྱི་བདག་པོ་བདག་མོ་བསད་བསད་བཅད་བཅད་ཚེ་ཐུང་བའི་ལན་ཆགས། །རྒྱབ་རྒྱབ་ བརྡུང་བརྡུང་ནད་མང་བའི་ལན་ཆགས། བརྐུས་བ
【漢語翻譯】 傾倒洗浴水于兇地墳場的儀軌。 傾倒洗浴水于兇地墳場的儀軌。 傾倒洗浴水于兇地墳場的儀軌是這樣的:屍體、身體、魔障無別的本體,尿液、洗浴水、肉塊此等,本體是智慧的甘露,形象與病人真實無異,勝過真實的蘊、界、處圓滿,每一個都散發百千無數個。對於作害的魔、鬼,對於鬼影壓迫的魔、鬼,對於使人瘋狂的魔、鬼,對於身體腐爛的魔、鬼,對於黑夜的魔、鬼,成為所需所欲所求,獲得無盡受用。歡喜滿足,從無始輪迴以來積累的債務、宿債全部清凈,愿與菩提心相應。帕 帕 帕 帕!屍體、身體、魔障無別的本體,尿液、洗浴水、肉塊此等,本體是智慧的甘露,形象與病人真實無異,勝過真實的蘊、界、處圓滿,每一個都散發百千無數個。食尸鬼、死神,親眷近鄰的死神。 做著吃喝之事,追隨生死二者的財物,無意義的鬼眾、遊蕩的死神,施與的同時依附於魂魄,如同黑線般纏繞血脈,如同肉狗般追隨,對於所有希求祭品和贖金者,成為所需所欲所求,獲得無盡受用。歡喜滿足,從無始輪迴以來積累的債務、宿債全部清凈,愿清凈並與菩提心相應。帕 帕 帕!屍體、身體、魔障無別的本體,尿液、洗浴水、肉塊此等,本體是智慧的甘露,形象與病人真實無異,勝過真實的,蘊、界、處圓滿,每一個都散發百千無數個。我等師徒從無始輪迴以來,前世的宿債輪迴,後世的宿債,現在的宿債,宿債的主人,殺死、砍斷、短命的宿債,毆打
【英語翻譯】 The method of pouring bathwater on the fierce ground of the cemetery. The method of pouring bathwater on the fierce ground of the cemetery. The method of pouring bathwater on the fierce ground of the cemetery is as follows: The essence of the corpse, body, and demons being inseparable, the urine, bathwater, and pieces of meat, the essence of which is the nectar of wisdom, the appearance of which is no different from a real patient, surpassing the complete aggregates, elements, and sources. Each one radiates hundreds and thousands of countless numbers. For the harming demons, the shadow-oppressing demons, the maddening demons, the decaying body demons, and the black night demons, may they become whatever is needed, desired, and sought, and may they obtain inexhaustible enjoyment. May they be pleased and satisfied, and may all the debts and karmic debts accumulated from beginningless samsara be purified, and may they be endowed with the mind of enlightenment. Phat! Phat! Phat! Phat! The essence of the corpse, body, and demons being inseparable, the urine, bathwater, and pieces of meat, the essence of which is the nectar of wisdom, the appearance of which is no different from a real patient, surpassing the complete aggregates, elements, and sources. Each one radiates hundreds and thousands of countless numbers. Corpse-eating demons, death spirits, death spirits of close relatives. Those who eat and drink, those who follow the wealth of the living and the dead, meaningless ghosts, wandering death spirits, those who are attached to the soul while giving, those who diminish the lineage like a black thread, those who follow like a meat dog, for all those who greatly hope for offerings and ransom, may they become whatever is needed, desired, and sought, and may they obtain inexhaustible enjoyment. May they be pleased and satisfied, and may all the debts and karmic debts accumulated from beginningless samsara be purified and cleansed, and may they be endowed with the mind of enlightenment. Phat! Phat! Phat! The essence of the corpse, body, and demons being inseparable, the urine, bathwater, and pieces of meat, the essence of which is the nectar of wisdom, the appearance of which is no different from a real patient, surpassing the real aggregates, elements, and sources, each one radiates hundreds and thousands of countless numbers. From the beginningless lifetimes of us teachers and students, the karmic debts of previous lives, the karmic debts of future lives, the karmic debts of the present, the owners of karmic debts, the karmic debts of killing, cutting, and short life, the karmic debts of beating
============================================================
================== 第 2 段 ================== 【原始藏文】 རྐུས་འཕྲོག་འཕྲོག་ནོར་དབུལ་བའི་ལན་ཆགས། བརྒྱ་ལན་དང་སྟོང་ལན། སྔ་མའི་ལན་ཆགས་པའི་ལན་ཆགས། གདོན་བགེགས་ཀྱི་རིགས་སུ་གྱུར་པ་རྣམས་ལ་དགོས་འདོད་མཁོ་དགུར་གྱུར་ནས་ཀྱང་། ཟད་མེད་ལོངས་སྤྱོད་ཐོབ་པར་ཤོག །མཉེས་ཤིང་ཚིམས་ནས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལན་ཆགས་བུ་ལོན་ཐམས་ཅད་བྱང་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཕཊ་ཕཊ་ཕཊ། བེམ་པོ་ལུས་གདོན་དབྱེར་མེད་པའི་ངོ་བོ་དྲི་ཆུ་ཆངས་བུ་ཤ་དུམ་འདི་ཉིད་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ནད་པ་དངོས་དང་འདྲ་བ་དངོས་ལས་ལྷག་པའི་ཕུང་ཁམས་སྐྱེ་མཆེད་ཚང་བ། རེ་རེ་ལའང་བརྒྱ་ཕྲག་སྟོང་ཕྲག་གྲངས་མེད་པ་འཕྲོ་བ་འདི་ཉིད་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པ། ཚེ་ལ་རྐུ་བ། སྲོག་ལ་འཇབ་པར་བྱེད་པ། བླ་ལ་ཁྱེར་བ། ཡིད་ལ་རློམ་པ། ལུས་གདོན་རྒྱབ་རྟེན། ནད་ནད་བདག་དང་བཅས་པ། གདོན་སྣ་འདྲེན་དང་བཅས་པ་རྣམས་ ལ་དགོས་འདོད་མཁོ་དགུར་གྱུར་ནས་ཀྱང་། ཟད་མེད་ལོངས་སྤྱོད་ཐོབ་པར་ཤོག །ཕཊ་ཕཊ་ཕཊཿ མཉེས་ཤིང་ཚིམས་ནས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལན་ཆགས་བུ་ལོན་ཐམས་ཅད་བྱང་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །དེ་བཞིན་གཤེགས་པ་བཞི་ཡི་མཚན་དང་། སཾ་བྷ་ར་སོགས་ཀྱིས་བསྔོས། ཆངས་བུ་གཉན་སའམ། དུར་ཁྲོད་དམ་གང་གནོད་པའི་ཕྱོགས་སུ་གཏོར། ༧ རཱ་ག་ཨ་སྱས་ཉེ་འཁོར་རྣམས་ལ་ཆག་ཆེ་ཉམ་ང་འཚུབ་པ་ཆེ་སྐབས་བྲིས་པས་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །། ཆངས་བུ་ཁྲུས་ཆུ་གཉན་ས་དུར་ཁྲོད་ལ་གཏོར་བའི་ཐབས།
【漢語翻譯】 偷盜搶奪財物導致貧困的業債,百倍償還和千倍償還,前世的業債的業債。愿變成鬼怪邪魔之類者所需所欲,如意滿足,獲得無盡受用。歡喜滿足,從無始輪迴以來積累的業債債務全部清凈,具足菩提心。帕 帕 帕!這屍體、身、鬼神無別的本體,尿液、穢物、肉塊,本體是智慧甘露,形象與病人無異甚至更甚的,五蘊、十二處、十八界齊全。每一個都散發出成百上千無數個,這供養的我們和施主眷屬等,最初是引導疾病的,中間是建立疾病的巢穴,最終是對疾病無益的,偷走壽命的,潛伏傷害生命的,奪走魂魄的,心中狂妄自大的,身鬼的後盾,病病主和病等,鬼神引導者和鬼神等。 愿變成所需所欲,如意滿足,獲得無盡受用。帕 帕 帕!歡喜滿足,從無始輪迴以來積累的業債債務全部清凈,具足菩提心。以四如來之名和桑巴拉等迴向。穢物拋灑在兇地或者墳場或者任何有害的地方。 饒嘎阿亞在附近的人們遭遇重大挫折、恐懼、慌亂時書寫,愿產生巨大的利益! 穢物、沐浴水拋灑在兇地、墳場的方法。
【英語翻譯】 The karmic debts of stealing, robbing, and plundering wealth, causing poverty, may they be repaid a hundredfold and a thousandfold, the karmic debts of previous karmic debts. May those who have become ghosts and demons have all their needs and desires fulfilled, and may they obtain inexhaustible enjoyment. May they be pleased and satisfied, and may all the karmic debts and loans accumulated since beginningless samsara be purified, and may they be endowed with the mind of enlightenment. Phat! Phat! Phat! This corpse, body, the essence of being inseparable from spirits, urine, filth, pieces of flesh, its essence is the nectar of wisdom, its appearance is like a real patient, even more so, complete with the five aggregates, twelve sources, and eighteen elements. Each and every one of them emanates hundreds, thousands, countless numbers, this offering to us and the patrons and retinue, initially leading to disease, in the middle building a nest of disease, ultimately being of no benefit to disease, stealing life, lurking to harm life, taking away the soul, being arrogant in the mind, the support of body and spirits, the lord of diseases and diseases, the guides of spirits and spirits. May they become all needs and desires, fulfilled as desired, and may they obtain inexhaustible enjoyment. Phat! Phat! Phat! May they be pleased and satisfied, and may all the karmic debts and loans accumulated since beginningless samsara be purified, and may they be endowed with the mind of enlightenment. Dedicate with the names of the four Tathagatas and Sambhara, etc. Scatter the filth in a fierce place or cemetery or any harmful direction. When Raga Asya wrote this for those nearby who were experiencing major setbacks, fear, and panic, may it bring great benefit! The method of scattering filth and bathwater in fierce places and cemeteries.
============================================================
同部經論
與本文同名或相近的其他版本、科判、譯文與註疏。