菩薩藏佛教學會
20
背景
翻譯

CMR055_0003.聖觀世音菩薩紅觀導引大手印圓滿雙運的修持心要彙集g2.0f

================== 第 1 段 ================== 【原始藏文】 འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་སྙིང་པོ་བསྡུས་པ། འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་སྙིང་པོ་བསྡུས་པ། འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་སྙིང་པོ་བསྡུས་པ་བཞུགས་སོ། །གནས་མདོ་བཀའ་བརྒྱུད་ཀྱི་ཟབ་ཆོས་ཡང་དག་པའོ། ། ན་མོ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡེ། མདོ་རྒྱུད་གཞུང་ལུགས་རྒྱ་ཆེ་གྲངས་མང་ཡང་། །ཚེ་ཐུང་ཤེས་རབ་ཆུང་བས་མཐའ་ཆོད་དཀའ། །མང་དུ་ཤེས་ཀྱང་ཉམས་སུ་མ་བླངས་ན། །རྒྱ་མཚོའི་འགྲམ་དུ་སྐོམ་གྲིར་ཤི་དང་འདྲ། །མཁས་པའི་མལ་དུ་ཐ་མལ་རོ་འབྱུང་སྲིད། །མདོ་རྒྱུད་ལུང་དང་རྒྱ་བོད་མཁས་གྲུབ་གསུང་། །བྱིན་རླབས་ཆེ་ཡང་ཕལ་པས་གོ་བ་དཀའ། །གྲྭ་སར་བཤད་པ་བྱེད་ན་མཁོ་ལགས་ཀྱང་། །རྩེ་གཅིག་ཉམས་སུ་ལེན་ལ་དགོས་པ་ཆུང་། །དེ་བས་རྒན་མོ་མཛུབ་ཚུགས་སེམས་ལ་ཕན། །ཕྱག་རྫོགས་ལ་སོགས་ཟབ་ཆོས་དཔག་མེད་རྣམས། །སོ་ སོའི་རང་གཞུང་མ་འཕྱུགས་ངེས་པ་ཅན། །ཆོས་བརྒྱུད་སློབ་མར་སྤེལ་ན་མཁོ་ལགས་ཀྱང་། །རང་དོན་ཕྱི་མའི་དོན་གཉེར་ཉམས་ལེན་ལ། །ཐམས་ཅད་གཅིག་ཏུ་དྲིལ་ནས་ཉམས་ལེན་ཟབ། །ཆོས་ལུགས་མ་འཆོལ་ཁ་གཙང་ཚུགས་བཟང་བ། །གྲུབ་མཐའ་བསྟན་པ་འཛིན་ལ་དགོས་མོད་ཀྱི། །ཕྱི་མའི་དོན་གཅིག་ཁོ་ན་བསམ་པ་ན། །ཕྱོགས་རིས་མེད་པ་དག་སྣང་སྦྱང་ན་ཟབ། །བླ་མ་གཅིག་ལ་གཅིག་ཆོག་བློ་གཏད་པ། །དེ་ཡི་བུ་ཆེན་བྱེད་ན་དགོས་ལགས་ཀྱང་། །རང་ལ་ཉམས་རྟོགས་ཡོན་ཏན་སྐྱེ་འདོད་ན། །འབྲེལ་ཐོགས་བླ་མ་ཐམས་ཅད་ གཅིག་ཏུ་བསྡུས། །རིགས་ཀྱི་བདག་པོར་བསྒོམས་ནས་གསོལ་འདེབས་ཟབ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་མང་པོ་ཡི། །བསྐྱེད་རིམ་སོ་སོའི་བསྙེན་སྒྲུབ་སོ་སོ་ནི། །བླ་ཆེན་དབང་སྐུར་བྱེད་ལ་མཁོ་ལགས་ཀྱང་། །སྒྲིབ་པ་སྦྱོང་ཞིང་དངོས་གྲུབ་ཐོབ་པའི་ཐབས། །ཐམས་ཅད་ཀུན་འདུས་ལྷ་གཅིག་སྔགས་གཅིག་ཟབ། །རྫོགས་རིམ་དམིགས་བཅས་དམིགས་མེད་མང་པོ་རྣམས། །ཁྲིད་ཁ་མང་པོ་འཆད་ལ་མཁོ་ལགས་ཀྱང་། །རང་ལ་ཉམས་རྟོགས་ཡོན་ཏན་སྐྱེ་བའི་ཐབས། །ཐམས་ཅད་གཅིག་བསྡུས་ངོ་བོ་སྐྱོང་བ་ཟབ། །སྤྲོས་པ་ཕྱི་ནས་གཅོད་དང་ནང་ནས་གཅོད། །ལྟ་བའི་སྟོན་ལུགས་མི་གཅིག་མང་ན་ཡང་། །ཐབ་ཀྱི་མེ་བསད་དུ་བ་རང་འགགས་ལྟར། །ནང་དུ་རང་སེམས་རྩ་བ་གཅོད་པ་ཟབ། །མཚན་བཅས་མཚན་མེད་སྒོམ་ལུགས་མང་ན་ཡང་། །གསལ་སྟོང་ཟུང་འཇུག་བསྐྱེད་རིམ་དྲན་རྫོགས་ཟབ། །སྤྱོད་པ་མཐོ་དམན་རྩིང་ཞིབ་མང་ན་ཡ

【漢語翻譯】 聖觀世音菩薩紅觀導引大手印圓滿雙運的修持心要彙集。 聖觀世音菩薩紅觀導引大手印圓滿雙運的修持心要彙集。 聖觀世音菩薩紅觀導引大手印圓滿雙運的修持心要彙集完畢。乃是內鄔噶舉派之甚深妙法。 那摩 嘛哈 嘎汝尼嘎雅(藏文:ན་མོ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡེ།,梵文天城體:नमो महाकारुणिकाय,梵文羅馬擬音:namo mahākaruṇikāya,漢語字面意思:頂禮大悲者)。 經續論典浩瀚數量多,壽命短促智慧小故難窮盡,縱然多聞若不付諸修,猶如海邊渴死人一般。 雖處智者席位亦有庸才生。 經續教言以及藏漢諸成就者之語,雖加持力大然凡夫難以理解。 寺院講說固然需要,然一心實修則用處小。 故而老婦指路於心有益。 大手印等無量甚深法,各自不誤自身之論典,於法脈傳承弟子固然需要,然為自利來世而精進修持者,將一切融為一體則修持深奧。 不雜法統,言行端正,持守良好,對於維繫宗派教義固然需要,然若唯思來世一事,則無有偏頗修習清凈觀則深奧。 信任一位上師,一心皈依,若欲成為彼之大弟子固然需要,然若欲自身生起證悟功德,則將所有相關上師,彙集為一。 觀為本性之主而祈請則深奧。 本尊續部之眾多壇城,各自生起次第之念誦修持,對於大上師灌頂固然需要,然為凈除業障獲得成就之方法,一切總集為一,一尊本尊,一個咒語則深奧。 圓滿次第有相無相眾多法,眾多口訣傳講固然需要,然為自身生起證悟功德之方法,一切彙集為一,守護自性則深奧。 從外斷除,從內斷除,見解之教授雖不一而足,然如熄滅灶火,煙霧自消一般,于內斷除自心根本則深奧。 有相無相修法雖多,然明空雙運生起次第憶念圓滿則深奧。 行為高低粗細雖多,

【英語翻譯】 A Compendium of the Heart Essence of the Practice of the Red Instruction on Great Compassion, the Union of Mahamudra and Dzogchen. A Compendium of the Heart Essence of the Practice of the Red Instruction on Great Compassion, the Union of Mahamudra and Dzogchen. Herein lies the Compendium of the Heart Essence of the Practice of the Red Instruction on Great Compassion, the Union of Mahamudra and Dzogchen. This is the authentic profound Dharma of the Neudo Kagyu. Namo Mahakarunikaya (藏文:ན་མོ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡེ།,梵文天城體:नमो महाकारुणिकाय,梵文羅馬擬音:namo mahākaruṇikāya,漢語字面意思:Homage to the Great Compassionate One). Although there are vast and numerous Sutras, Tantras, and Shastras, it is difficult to fathom them due to short life and small intellect. Even if one knows much but does not put it into practice, it is like dying of thirst on the shore of an ocean. Even in the seat of the learned, a common corpse may arise. The words of Sutras, Tantras, Agamas, and the accomplished masters of India and Tibet, although their blessings are great, are difficult for ordinary people to understand. It is necessary to give explanations in monastic colleges, but it is of little use for single-pointed practice. Therefore, an old woman’s pointing finger is beneficial to the mind. The immeasurable profound Dharmas such as Mahamudra and Dzogchen, each with its own unerring texts, are necessary for transmitting the Dharma lineage to disciples, but for those who seek their own benefit and future lives, it is profound to practice by uniting everything into one. Maintaining pure Dharma traditions, clean speech, and good conduct is necessary for upholding the tenets of a school, but if one thinks only of the single purpose of future lives, it is profound to cultivate pure vision without bias. Entrusting oneself to one lama, relying on one, is necessary if one wants to become a great son of that lama, but if one wants to generate realization and qualities within oneself, then gather all related lamas into one. It is profound to supplicate after contemplating them as the lord of the family. The individual generation stage recitations and practices of the many deity assemblies of the Yidam Tantras are necessary for great lamas to bestow empowerments, but for purifying obscurations and attaining siddhis, it is profound to have one deity and one mantra that encompasses everything. The many completion stage practices with and without focus, and the many instructions, are necessary for giving explanations, but for generating realization and qualities within oneself, it is profound to cultivate the essence by uniting everything into one. Cutting elaborations from the outside and cutting from the inside, although there are many different ways of teaching the view, just as smoke ceases when the fire in the hearth is extinguished, it is profound to cut off the root of one’s own mind within. Although there are many ways to meditate with and without signs, it is profound to have the generation stage of clear light union and the completion of mindfulness. Although there are many high and low, coarse and subtle behaviors,

============================================================

================== 第 2 段 ================== 【原始藏文】 ང་། །དགེ་སྒྲུབ་སྡིག་སྤང་ཅི་ནུས་འབད་པ་ཟབ། །འབྲས་བུ་ཐོབ་དུས་ཐོབ་ལུགས་མང་བཤད་ཀྱང་། །ལྟ་སྒོམ་སྤྱོད་པ་མ་འཁྲུལ་ཉམས་བླངས་ན། །ངེས་པར་ཐོབ་པར་ངེས་ཤེས་ལྡན་པ་ཟབ། ། བསྟན་ལ་ཕན་ཕྱིར་ཚབས་ཆེན་སྡིག་ལྟུང་སོགས། །ས་ཐོབ་སེམས་དཔའ་རྣམས་ལ་མི་སྒྲིབ་ཀྱང་། །རང་རེ་ངན་སོང་གསུམ་ལ་སྐྲག་པའི་ཕྱིར། །སྡིག་ལྟུང་ཐེ་འབགས་མེད་པར་འཛེམ་པ་ཟབ། །ཡར་མཆོད་མར་སྦྱིན་འབྲི་དང་ཀློག་པ་སོགས། །རང་དོན་མིན་པར་འགྲོ་བ་སྤྱི་ཡི་དོན། །འཁོར་གསུམ་དམིགས་མེད་བསྔོ་བས་རྒྱས་འདེབས་ཟབ། །ཟབ་ཆོས་གདམས་པའི་གླུ་སྟེ་དང་པོའོ།། །།ཀྱེ་མ་ཧོ། བསྐལ་པ་མང་སྟེ་དམ་ཆོས་དར་བ་དཀོན། །ཞིང་ཁམས་མང་ཡང་སངས་རྒྱས་འབྱོན་པ་དཀོན། །སངས་རྒྱས་བྱོན་ཡང་བསྟན་པ་གནས་པ་དཀོན། །འགྲོ་དྲུག་ནང་ནས་མི་ལུས་ཐོབ་པ་དཀོན། །གླིང་བཞིའི་ནང་ནས་འཛམ་གླིང་སྐྱེ་བ་དཀོན། །འཛམ་གླིང་ནང་ནས་དམ་ཆོས་དར་བ་དཀོན། །དེ་རུ་སྐྱེས་ཀྱང་དབང་པོ་ཚང་བ་དཀོན། །དབང་པོ་ཚང་ཡང་དམ་ཆོས་དྲན་པ་དཀོན། །དམ་ཆོས་འདོད་ཀྱང་བླ་མ་མཚན་ལྡན་དཀོན། །དེ་དང་མཇལ་ཡང་ཉམས་ཁྲིད་ཐོབ་པ་དཀོན། །གལ་ཏེ་ཐོབ་ཀྱང་དབང་གིས་སྨིན་པ་དཀོན། །དེ་གཉིས་འཛོམ་ཡང་རང་ངོ་འཕྲོད་པ་དཀོན། །དཀོན་ཚད་ཐམས་ཅད་ད་རེས་ རྙེད་པ་འདི། །སྟབས་ལེགས་མ་ཡིན་སྔོན་གྱི་སྨོན་ལམ་ཡིན། །ད་རེས་འཁོར་བ་འདི་དང་རྒྱབ་གྱེས་ཤིག །མ་ཐུབ་ན་ནི་རིན་ཆེན་གླིང་ནས་ནི། །ལག་པ་སྟོང་པ་འོང་བས་ལོད་པར་ངེས། །ཕྱིས་ནས་འདི་འདྲ་འཛོམ་པ་ཨི་སྲིད་ཙམ། །ཁྱད་པར་གསང་སྔགས་བླ་མེད་རྡོ་རྗེ་ཐེག །བྱམས་པ་མན་ཆད་སངས་རྒྱས་སྟོང་གིས་ནི། །གསུངས་པར་མི་འགྱུར་ཐོབ་པའི་རེ་བ་མེད། །ད་རེས་ཐོབ་དཀའི་མི་ལུས་རིན་ཆེན་འདི། །ཐོབ་པའི་ལ་དོན་བེད་ཅིག་མ་ཆོད་ན། །རིང་པོར་མི་ཐོགས་བསྒྱུར་ནས་འཇོག་པ་སྟེ། །ཟའམ་མེ་ཡིས་བསྲེག་རྒྱུ་ཡིན། །ད་རེས་སྙིང་པོ་མེད་ལ་སྙིང་པོ་ལོངས། །ཞུས་པའི་སྡོམ་པ་དམ་ཚིག་གཙང་མར་སྲུངས། །ཉ་སྟོང་བརྒྱད་སོགས་བསྙེན་གནས་སྡོམ་སྲུངས། །ལག་པས་བེད་བཅད་བརྒྱ་ཕྱག་རྒྱུན་དུ་འཚོལ། །རྐང་པས་བེད་བཅད་རྟེན་ལ་བསྐོར་བ་མཛོད། །ལྕེ་ཡིས་བྱེད་བཅད་ཆོས་སྤྱོད་ཡིག་དྲུག་འབུངས། །ལོངས་སྤྱོད་བེད་བཅད་མཆོད་སྦྱིན་ཚོགས་གསོག་འབད། །སེམས་ལ་བེད་བཅད་སྟོང་ཉིད་སྙིང་རྗེ་བསྒོམ། །ད་ལྟ་འབྱུང་བཞི་གཡར་བའི་སྒྱུ་ལུས་འདི། །བེད་བཅད་བྱས་ནས་གཏོང་དགོས་བྱུང་ཡང་་ བཟོད། །རྟ་ཁལ་ལམ་རྒྱགས་བཟང་བའི་མགྲོན་པོ་བཞིན། །འགྲོ་དགོས་བ

【漢語翻譯】 我,盡力行善斷惡,精進努力。 果實成熟之時,雖有多種獲得之說, 若見修行持不謬, 則深信必得。

爲了利益教法,對於重大的罪惡和墮落等, 對於獲得菩薩果位者不隱瞞, 但我們爲了害怕三惡道, 謹慎避免罪惡和墮落,不沾染絲毫。 向上供養,向下佈施,書寫和誦讀等, 不為自己,而為普度眾生, 以三輪無緣的 посвящение (奉獻)來廣植善根。 這是甚深教法竅訣之歌的第一首。

奇哉!經歷了漫長的劫數,正法興盛是多麼稀有啊! 國土雖多,佛陀出現是多麼稀有啊! 佛陀雖已出現,教法住世是多麼稀有啊! 六道眾生中,獲得人身是多麼稀有啊! 四大部洲中,生於贍部洲是多麼稀有啊! 贍部洲中,正法興盛是多麼稀有啊! 即使生於此地,諸根具足是多麼稀有啊! 即使諸根具足,憶念正法是多麼稀有啊! 即使希求正法,具相上師是多麼稀有啊! 即使與之相遇,獲得實修指導是多麼稀有啊! 即使獲得,以灌頂成熟是多麼稀有啊! 即使二者具足,認識自性是多麼稀有啊! 所有這些稀有之處,如今 都已獲得, 這不是偶然的幸運,而是往昔的願力。 現在就與這個輪迴決裂吧! 如果不能做到,那麼從珍寶島上, 空手而歸是必然的。 以後再想遇到這樣的機會,可能嗎? 特別是無上密咒金剛乘, 彌勒佛以下,千佛 也不會宣說,沒有獲得的希望。 如今這難以獲得的人身珍寶, 如果不能決定獲得的意義, 不會很久,就會被改變並拋棄, 會被鳥吃掉或被火焚燒。 現在就從無意義中獲取意義, 清凈守護所受的誓言和戒律。 守護初八等齋戒。 用手做完百次大禮拜。 用腳做完繞塔。 用舌唸誦六字真言。 用受用做完供養和積累資糧。 用心修完空性和慈悲。 現在這個借用四大元素的幻身, 即使不得不放棄,也要忍受。 就像馱著重物的馬或帶著美食的客人一樣, 不得不離開。

【英語翻譯】 I, strive to do good and abandon evil as much as possible, with deep effort. When the fruit is obtained, although there are many ways to obtain it, If the view, meditation, and conduct are practiced without error, Then there is a deep certainty of definitely obtaining it.

For the benefit of the teachings, major sins and downfalls, Are not concealed from those who have attained the ground of a Bodhisattva, But we, fearing the three lower realms, Deeply avoid sins and downfalls, without the slightest contamination. Offering upwards, giving downwards, writing and reading, etc., Not for oneself, but for the sake of all beings, Deeply plant roots of virtue by dedicating with the three wheels without focus. This is the first song of profound Dharma instructions.

Alas! After many eons, the flourishing of the sacred Dharma is rare. Though there are many realms, the appearance of a Buddha is rare. Even if a Buddha appears, the abiding of the teachings is rare. Among the six realms, obtaining a human body is rare. Among the four continents, being born in Jambudvipa is rare. In Jambudvipa, the flourishing of the sacred Dharma is rare. Even if born there, having complete faculties is rare. Even with complete faculties, remembering the sacred Dharma is rare. Even if desiring the sacred Dharma, a qualified lama is rare. Even if meeting with one, obtaining practical instructions is rare. Even if obtaining them, being matured by empowerment is rare. Even if both are complete, realizing one’s own nature is rare. All these rare occurrences, now Are obtained, This is not mere luck, but the result of past prayers. Now, turn your back on this samsara! If you cannot, then from the precious island, Returning empty-handed is certain. How likely is it to encounter such a gathering again in the future? Especially the unsurpassable secret mantra Vajrayana, Even a thousand Buddhas, including Maitreya, Will not speak of it, there is no hope of obtaining it. Now, this precious human body, difficult to obtain, If you do not decide on the purpose of obtaining it, It will not be long before it is transformed and abandoned, It will be eaten by birds or burned by fire. Now, take the essence from what is meaningless, Keep the vows and commitments you have taken purely. Keep the fasting vows on the eighth day of the month, etc. Use your hands to do a hundred prostrations regularly. Use your feet to circumambulate the sacred objects. Use your tongue to recite the six-syllable mantra. Use your possessions to make offerings and accumulate merit. Use your mind to meditate on emptiness and compassion. Now, this illusory body borrowed from the four elements, Even if you have to give it up, endure it. Like a horse carrying a load or a guest with good provisions, You have to leave.

============================================================

================== 第 3 段 ================== 【原始藏文】 ྱུང་ཡང་སྡུག་བསྔལ་མེད་པ་ཡིན། །ཐོབ་དཀའི་མི་ལུས་ལ་སྙིང་པོ་ལེན་པའི་གླུ་སྟེ་གཉིས་པའོ།། །།ཀྱེ་མ་ཀྱེ་ཧུད་ཨ་ཙ་མ་ན་ཨང་། །སྣོད་ཀྱི་འཇིག་རྟེན་ནམ་ཞིག་མེ་ཆུས་འཇིག་།ལོ་ཡང་མི་རྟག་ལོ་སྐོར་རིམ་པར་འཕོ། །ནམ་ཟླ་དུས་བཞི་དྲོ་གྲང་ས་མདོག་རྗེ། །ཉི་མ་ཤར་ནུབ་དུས་ཚོད་ཡད་ཡུད་འགྲོ། །བཅུད་ཀྱི་སེམས་ཅན་སྐྱེ་རྒ་ན་དང་འཆི། །མི་རྟག་འགྱུར་བ་ཆུ་ཡི་གཉེར་མ་འདྲ། །དངོས་པོར་གྲུབ་པའི་འདུས་བྱས་ཐམས་ཅད་ལ། །གཅིག་ཀྱང་རྟག་པར་གནས་པ་མི་སྲིད་དེ། །སྐྱེ་མཐའ་འཆི་དང་བརྩེགས་པའི་མཐའ་ནི་འགྱེལ། །དར་མཐའ་རྒུད་དང་་བསགས་པའི་མཐའ་ནི་འཛད། །འདུས་མཐའ་བྲལ་བ་འདི་ནི་ཟློག་ཐབས་མེད། །རྫོགས་སངས་རྒྱས་དང་རང་རྒྱལ་དགྲ་བཅོམ་པ། །མཆོག་དང་ཐུན་མོང་གྲུབ་པ་ཐོབ་རྣམས་ཀྱང་། །ཐམས་ཅད་མཐའི་རུ་ལུས་ནི་སྤང་དགོས་ན། །དེ་ལས་ལྷག་པ་སུ་ཞིག་གང་དུ་ཡོད། །ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར་རྒྱལ་དང་། །གླིང་ཕྱེད་དབང་དང་རྒྱ་བོད་ཧོར་སོག་གི །རྒྱལ་པོ་ཆེན་པོ་རྣམས་ ཀྱང་འཆི་དགོས་ན། །བསོད་ཆུང་ཕལ་པ་ནམ་འཆི་ཅི་ཆ་ཡོད། །ནད་རིགས་བཞི་བརྒྱ་བགེགས་རིགས་སྟོང་ཕྲག་བརྒྱད། །ཚེ་དང་སྲོག་ལ་གནོད་བྱེད་དཔག་ཏུ་མེད། །རླུང་གསེབ་མར་མེ་འདྲ་འདི་ནམ་འདའ་ཨང་། །དཔེར་ན་གསོད་སར་ཁྲིད་པའི་བཙོན་བཞིན་དུ། །ལོ་ཟླ་ཞག་དུས་སོང་ཞིང་འཆི་དང་ཉེ། །འཆི་བདག་གཤིན་རྗེ་དེ་དང་ནམ་ཐུག་ཨང་། །སྨན་དང་སྲུང་བ་རིམ་གྲོའི་ནུས་པ་རྡུགས། །ཏུག་གི་ཐུགས་པའི་དུས་ཤིག་ནམ་འོང་ཨང་། །ཉི་མ་ནུབ་རིའི་རྩེ་ལ་ཕྱིན་པ་ལྟར། །བཤོལ་ཐབས་མེད་པའི་དུས་ཤིག་ནམ་འོང་ཨང་། །ཉེ་དུ་འཁོར་གཡོག་མང་ཡང་ཁྲིད་དབང་མེད། །གཅིག་པུར་འགྲོ་བའི་དུས་ཤིག་ནམ་འོང་ཨང་། །ལོངས་སྤྱོད་ཆེ་ཡང་ཞག་བརྒྱགས་ཁྱེར་དབང་མེད། །ལག་སྟོང་འགྲོ་བའི་དུས་ཤིག་ནམ་འོང་ཨང་། །ཆ་མེད་ཡུལ་དུ་རྒྱུས་མེད་གཅིག་པུར་འཁྱམས། །གར་འགྲོ་ཆ་མེད་དུས་ཤིག་ནམ་འོང་ཨང་། །ན་ཚ་ཟུག་གཟེར་ཆེ་ཡང་བགོ་ཐབས་མེད། །སྡུག་རེས་གཅིག་ལ་བབ་དུས་ནམ་འོང་ཨང་། །ཐིམ་རིམ་སྣང་མཆེད་འོད་གསལ་ངོས་མི་ཟིན། །ཅི་བྱ་གཏོལ་མེད་དུས་ཤིག་ནམ་འོང་ཨང་། །སྒྲ་འོད་ཟེར་ གསུམ་ཞི་ཁྲོའི་ལྷ་ཚོགས་འཆར། །ཉེས་ཆེན་མི་གཅིག་དམག་གིས་བསྐོར་བ་ལྟར། །དངངས་སྐྲག་འཇིགས་སྣང་ཆེན་པོ་ནམ་འོང་ཨང་། །འཇིགས་ཤིང་ཡ་ང་གཤིན་རྗེའི་ཕོ་ཉས་ཁྲིད། །ལྷན་སྐྱེས་ལྷ་དང་འདྲེ་ཡིས་དགེ་སྡིག་བཤད། །རྫུན་གྱིས་མི་ཕན་མེ་ལོང་ཡིག་ཆུང་གསལ། །སྔར་བྱས་འགྱོད

【漢語翻譯】 也無有痛苦。 這是獲得難得人身而取精要的歌,第二首。 唉瑪,唉呼,啊扎瑪納昂! 外器世界何時被火水所毀?年歲也不恒常,年輪次第轉移。 時令四季,冷暖,地色變化。太陽東昇西落,時間流逝。 內情眾生,生老病死。無常變化,猶如水波。 所有實有的有為法,沒有一個是能恒常存在的。 生之盡頭是死,堆積的盡頭是倒塌。興盛的盡頭是衰敗,積攢的盡頭是耗盡。 相聚的盡頭是分離,這是無法避免的。圓滿正覺佛陀和自生佛,以及獲得殊勝和共同成就者們, 所有人都必須在最後捨棄肉身,除此之外,還有誰在哪裡呢? 梵天、帝釋天、轉輪聖王,以及擁有半個大陸權勢的,漢、藏、蒙古的 大國王們也都要死亡,福薄的凡夫俗子何時死亡又有什麼可說的呢? 四百種疾病,八萬種魔障,損害壽命和生命的事物不可估量。 猶如風中殘燭,何時熄滅啊?譬如被押赴刑場的囚犯, 年月時日流逝,死亡臨近。何時與死主閻羅相遇啊? 醫藥和守護,儀軌的力量衰弱。何時是堵住心脈的時刻啊? 猶如太陽落到西山頂上,何時是無法挽回的時刻啊? 親友眷屬雖多,卻沒有引領的權力。何時是獨自離去的時刻啊? 享用再多,也沒有攜帶乾糧的權力。何時是空手而去的時刻啊? 在陌生的國度,獨自遊蕩。何時是不知去向的時刻啊? 病痛劇烈,也無法分擔。何時是獨自承受痛苦的時刻啊? 融入次第,顯現光明,無法辨認。何時是無計可施的時刻啊? 聲光線三者,寂靜與憤怒的本尊顯現。猶如重罪之人被軍隊包圍, 何時是驚慌恐懼的時刻啊?恐懼戰慄,閻羅使者押解。俱生神和鬼魂講述善惡。 謊言無用,明鏡小冊清晰。何時是後悔往昔所為的時刻啊?

【英語翻譯】 There is also no suffering. This is the second song of taking the essence of obtaining a rare human body. Alas, alas, ah tsa ma na ang! When will the outer world be destroyed by fire and water? The years are also impermanent, and the cycles of years shift in order. The seasons, the four seasons, the warmth and cold, and the color of the earth change. The sun rises in the east and sets in the west, and time flows by. Sentient beings, birth, old age, sickness, and death. Impermanent changes, like water waves. Of all conditioned phenomena that are real, none can exist permanently. The end of birth is death, and the end of accumulation is collapse. The end of prosperity is decline, and the end of accumulation is exhaustion. The end of meeting is separation, which is unavoidable. Perfect Buddhas and self-born Buddhas, as well as those who have attained supreme and common accomplishments, Everyone must abandon their physical bodies in the end, so who else is there anywhere? Brahma, Indra, Universal Monarch, and those who have the power of half a continent, the Han, Tibetan, and Mongolian Great kings must also die, so what is there to say about when ordinary people with little merit will die? Four hundred types of diseases, eighty thousand types of obstacles, and countless things that harm life and life force. Like a candle in the wind, when will it go out? Like a prisoner being taken to the execution ground, The years, months, days, and hours pass, and death approaches. When will we meet the Lord of Death, Yama? The power of medicine and protection, and rituals, weakens. When will be the moment to block the heart meridian? Like the sun setting on the top of the western mountain, when will be the moment that cannot be reversed? Although there are many relatives and attendants, there is no power to lead. When will be the moment to leave alone? No matter how much you enjoy, you have no power to carry provisions. When will be the moment to go empty-handed? Wandering alone in a strange land. When will be the moment of not knowing where to go? Even if the pain is severe, there is no way to share it. When will be the moment to bear the suffering alone? The stages of absorption, the appearance of light, cannot be recognized. When will be the moment of helplessness? The three, sound, light, and rays, the peaceful and wrathful deities appear. Like a person with a serious crime surrounded by an army, When will be the moment of panic and fear? Terrified and trembling, Yama’s messengers escort. The co-born gods and demons tell of good and evil. Lies are useless, the mirror booklet is clear. When will be the moment to regret what was done in the past?

============================================================

================== 第 4 段 ================== 【原始藏文】 ་པ་དུས་ཤིག་ནམ་འོང་ཨང་། །དགེ་བ་འདོད་ཀྱང་ཉོ་སྐྱི་ཚོལ་ཁུང་མེད། །གཤིན་རྗེའི་རྒྱལ་པོས་དཀར་ནག་ཤན་འབྱེད་བྱེད། །དེ་དུས་འགྱོད་མེད་ད་ལྟ་མ་བསྒྲུབས་ན། །རང་གིས་རང་བསླུས་མདོ་མེད་སྙིང་མེད་ཡིན། །ད་ལྟ་མེ་སྟག་ཕོག་པ་མི་བཟོད་ན། །མི་ཡི་མེ་ལས་དམྱལ་མེ་བདུན་འགྱུར་ཚ། །འཆི་རྒྱུ་མེད་པར་བསྐལ་པར་བཙོ་དང་སྲེག །བྱེད་པར་ཤེས་ན་ཅི་བྱ་སེམས་ལ་དྲིས། །དགུན་ཁ་ཞག་གཅིག་གོས་སྲབ་མི་བཟོད་ན། །བསྐལ་པར་གོས་མེད་འཁྱག་པའི་སྦུབས་སུ་འབྱར། །འཆི་རྒྱུ་མེད་པར་བྱུང་ན་ཅི་འདྲ་བྱེད། །ད་ལྟར་ངག་བཅད་བསྲུང་ཤུན་ཀླད་ཡུ་འཁོར། །ལོ་གྲངས་སྟོང་ཕྲག་ཟས་སྐོམ་སྒྲ་མི་གྲགས། །འོན་ཀྱང་འཆི་མི་ནུས་ན་ཅི་འདྲ་ཡོད། །ད་ལྟ་ཁྱི་རྒན་ཟེར་ན་གྲི་མགོ་འཕུར། །དངོས་སུ་ཁྱི་ལུས་བླང་ན་ཅི་ འདྲ་བྱེད། །ད་ལྟ་དམག་དང་དགྲ་ལ་བྲོས་པས་ཆོག །ལྷ་མིན་ཡུལ་དུ་སྐྱེས་ན་ཇི་ལྟར་བྱེད། །ད་ལྟ་གྲལ་ཙམ་དམའ་ན་ཟུག་སྐྱེ། །ལྷ་ལུས་ལྟུང་ན་སྡུག་བསྔལ་བཟོད་པར་དཀའ། །ངན་སོང་གསུམ་ན་སྡུག་བསྔལ་བཟོད་བླག་མེད། །ལྷ་མིའི་བདེ་བ་མི་རྟག་འགྱུར་ལྡོག་ཆེ། །སྐྱེ་རྒ་ན་འཆི་ཆུ་བོའི་གཉེར་མ་འདྲ། །འཁོར་བའི་སྡུག་བསྔལ་རྒྱ་ཆེ་གཏིང་ཟབ་པ། །མཐའ་མེད་ཐར་དུས་མེད་པའི་འཇིགས་རུང་བ། །འདི་ལ་སྐྲག་ཕྱིར་སྡིག་ལ་དུག་ལྟར་འཛེམ། །འདི་ལ་ཕན་པའི་དམ་ཆོས་སྨན་ལྟར་བརྟེན། །འདི་ལ་སྐྱོབ་པའི་དཀོན་མཆོག་དཔོན་དུ་ཁུར། །དེ་ལྟར་བཤད་པའི་དོན་དེ་མ་གོ་ན། །མངོན་སུམ་བལྟ་རྒྱུ་གདའ་བ་འདི་རྣམས་ལྟོས། །དེ་ཡང་རྒྱལ་པོ་ཆེན་པོའི་དམག་བསྡུས་ཀྱང་། །ཁྲི་ཕྲག་བཅུ་ལས་མང་བ་འདུས་དཀའ་སྟེ། །མངའ་ཞབས་ན་ཡང་མི་ལུས་ཐོབ་ཚད་ལ། །འབུམ་ཕྲག་བཅུ་ལས་མང་བ་ཡོད་ཤས་ཆུང་། །དབྱར་ཁ་རི་ལོགས་རེ་ཡི་འབུ་སྲིན་གྲངས། །རྒྱལ་པོ་ཆེན་པོའི་མངའ་ཞབས་མི་བས་མང་། །རྒྱ་གྲོག་རེ་རེའི་ཚང་གི་གྲོག་མ་ཡང་། །རྒྱལ་པོ་ཆེན་པོའི་དམག་དཔུང་བས་ཀྱང་མང་། །མི་ལུས་ཐོབ་དེ་ཨེ་དཀའ་ དེ་ལ་ལྟོས། །ཕ་མ་གཅིག་ཅིང་རྒོད་ཞན་མཉམ་པའི་སྤུན། །ལ་ལ་ཕྱུག་ཅིང་ལ་ལ་དབུལ་དང་ཕོངས། །ལ་ལ་ཚེ་ཐུང་ནད་མང་སྡུག་བསྔལ་ཆེ། །ལ་ལ་ནད་དཀོན་ཚེ་རིང་ཡུན་རིང་བདེ། །མི་ལུས་རིན་ཆེན་ཐོབ་པ་འདྲ་འདྲ་ལ། །ལ་ལ་བཙན་ཞིང་ལ་ལ་ཉམ་ཆུང་བ། །ལ་ལ་ཕྱུག་ཅིང་ལ་ལ་ལྟོགས་ཤིང་མུག །རྒོད་ཞན་མ་ཡིན་མཁས་དང་མི་མཁས་མིན། །ཚེ་སྔོན་ལས་འབྲས་ཨི་བདེན་དེ་ལ་ལྟོས། །བསྐལ་པ་ཆགས་ནས་ད་ལྟ་ཡན་གྱི་མི། །སུས་ཀྱང་འཆི་བ་འཚེར་ཏེ་ཐབས་མ་རྙེད། །ག

【漢語翻譯】 那個時候什麼時候會到來呢?即使想要行善,也沒有借貸和尋找的機會。閻羅法王會分辨善惡。如果那時後悔,現在不努力,就是自己欺騙自己,毫無意義,沒有心肝。現在被火星燙一下都無法忍受,如果地獄之火比人間的火熱七倍,沒有死亡,在劫數中煎熬和焚燒,知道會這樣,該怎麼辦,問問自己的心。冬天一天穿薄衣服都無法忍受,如果在劫數中沒有衣服,被凍在冰冷的縫隙里,沒有死亡地發生,會怎麼樣?現在禁語,守護樹皮,頭腦像車輪一樣旋轉。成千上萬年不吃不喝,沒有聲音。但是如果不能死,會怎麼樣?現在說老狗,刀頭就會飛過來。如果真的得到狗的身體,會怎麼樣?現在逃避戰爭和敵人就可以了。如果出生在非天(阿修羅)的地方,該怎麼辦?現在稍微地位低一點就會感到痛苦。如果天人的身體墮落,就難以忍受痛苦。三惡道里,痛苦無法輕易忍受。天人的安樂無常,變化很大。生老病死就像河流的波紋。輪迴的痛苦廣大而深邃,沒有盡頭,沒有解脫的時候,非常可怕。因為害怕這個,像躲避毒藥一樣躲避罪惡。像依賴藥物一樣依賴能利益這個的正法。把能救護這個的三寶當作主人。如果聽不懂這樣說,就看看這些顯而易見的東西。即使是大國王召集軍隊,也很難聚集超過十萬。即使在自己的領地裡,得到人身的人數,也很少超過百萬。夏天一座山上的昆蟲數量,比大國王領地裡的人還多。每一個大螞蟻窩裡的螞蟻,也比大國王的軍隊還多。得到人身是多麼困難,看看這個。父母相同,強弱一樣的兄弟姐妹,有的富有,有的貧窮和困苦。有的短命多病,痛苦巨大。有的少病長壽,長久安樂。同樣得到珍貴的人身,有的強大,有的弱小。有的富有,有的飢餓。不是強弱,也不是聰明和愚笨。看看前世的業果是否真實。從劫初到現在的人,誰都害怕死亡,但沒有找到方法。

【英語翻譯】 When will that time come? Even if you want to do good, there is no opportunity to borrow or find. The King of Death will distinguish between good and evil. If you regret it then and don’t strive now, it’s just deceiving yourself, meaningless and heartless. If you can’t bear to be burned by a spark now, what if the hellfire is seven times hotter than human fire? Knowing that you will be boiled and burned for eons without dying, what should you do? Ask your heart. If you can’t bear to wear thin clothes for a day in winter, what if you are stuck in a cold crevice without clothes for eons? What will you do if you are born without dying? Now, keep silent, guard the bark, and your mind spins like a wheel. For thousands of years, there is no food, drink, or sound. But what if you can’t die? Now, if you say ‘old dog,’ a knife will fly. What will you do if you actually get a dog’s body? Now, it’s enough to run away from war and enemies. What will you do if you are born in the land of the Asuras (non-gods)? Now, you feel pain if your status is slightly lower. If the body of a god falls, it is difficult to endure suffering. In the three lower realms, suffering cannot be easily endured. The happiness of gods and humans is impermanent and changes greatly. Birth, old age, sickness, and death are like the ripples of a river. The suffering of samsara is vast and deep, endless, without a time of liberation, and terrifying. Because of fear of this, avoid evil like poison. Rely on the sacred Dharma that benefits this like medicine. Take the Three Jewels that protect this as your master. If you don’t understand what is said, look at these obvious things. Even if a great king gathers an army, it is difficult to gather more than ten million. Even in one’s own territory, the number of people who have obtained a human body is unlikely to exceed one million. The number of insects on a single mountainside in summer is more than the number of people in the territory of a great king. The ants in each large ant nest are also more numerous than the army of a great king. How difficult it is to obtain a human body, look at this. Siblings with the same parents, with equal strengths and weaknesses, some are rich, some are poor and destitute. Some are short-lived and sickly, with great suffering. Some are healthy and long-lived, with lasting happiness. Having obtained a precious human body in the same way, some are strong, some are weak. Some are rich, some are hungry and starving. It’s not about strength or weakness, nor about intelligence or foolishness. Look at whether the karmic results of past lives are true. From the beginning of the kalpa until now, everyone has feared death, but no one has found a way.

============================================================

================== 第 5 段 ================== 【原始藏文】 ཅིག་ཀྱང་ཚེ་ཐར་ལུས་པ་མི་གདའ་ན། །རང་གི་ངོ་ཤེས་ཤི་བ་རྩིས་བསྒང་ཐོངས། །ན་ཉིན་དུ་ཤི་ད་ལོ་དུ་ཤི་བ། །རང་ཡང་དེ་བས་ལྷག་དོན་ཅུང་ཟད་མེད། །ཤི་བ་ཤེས་ཀྱང་དེ་དུས་ཆོས་མཁོ་བ། །ཀུན་གྱིས་ཤེས་ཀྱང་ལོང་མེད་བསམས་པས་བསླུས། །དེང་སང་ཚེ་ཚད་བཞི་བཅུ་ཁ་རལ་གསུངས། །རང་དང་ན་མཉམ་རང་བས་གཞོན་པའི་མི། །དུ་ཤི་ཡིད་ལ་སོམ་ལ་བསམ་བློ་ཐོངས། །དེ་ཚོས་ཀྱང་ནི་ད་རུང་མི་འཆི་བསམ། །དགྲ་འདུལ་གཉེན་སྐྱོང་འདུག་ཆེས་སྡིག་འགའ་བྱས། །བསམ་ཐོག་མ་སོང་ཁོང་རྣམས་འཆི་བདག་ཁྱེར། ། རང་ཡང་དེ་དང་འདྲ་བས་དམ་ཆོས་མཛོད། །ཆོས་མ་དྲན་པས་ཆོས་ལ་འཛུད་པ་དང་། །ཆོས་ལ་ཞུགས་པ་མཐའ་རུ་ཕྱིན་པའི་ཐབས། །འཆི་བ་སྙིང་ནས་དྲན་པ་ཟབ་ཆོས་ཡིན། །གལ་ཏེ་འཆི་བ་སྙིང་ལ་མ་གཟེར་ན། །དམ་ཆོས་བྱས་ཀྱང་ཆེ་ཐབས་རིམ་གྲོར་གོལ། །དེ་ཕྱིར་འཆི་བ་ཉིན་རེ་ལན་གསུམ་དུ། །སྙིང་ལ་གཟེར་བར་དྲན་པ་ཟབ་ཆོས་སོ། །མི་རྟག་པ་དང་རྒྱུ་འབྲས་བསམ་པའི་གླུ་སྟེ་གསུམ་པའོ།། །།ཨེ་མ་དངོས་གཞི་དམིགས་པའི་སྐོར་འདི་ལ། །གོ་རྒྱུ་རེ་དང་བསྒོམ་རྒྱུ་སོ་སོར་ཡོད། །དང་པོ་གོ་རྒྱུ་འདི་ཚོ་གོ་བ་ལོང་། །དེ་ནས་བསྒོམ་རྒྱུའི་དམིགས་ཐུན་ཅི་ནུས་བསྒོམ། །འཁོར་བའི་སྡུག་བསྔལ་གཞན་གྱིས་མི་སྐྱོབས་པས། ། །བསླུ་མེད་དཀོན་མཆོག་གསུམ་ལ་བློ་གཏད་བཅའ། །མདོ་ལུགས་སངས་རྒྱས་ཆོས་དང་དགེ་འདུན་གསུམ། །སྔགས་ལུགས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །དོན་ལ་བླ་མའི་སྐུ་གསུང་ཐུགས་སུ་འདུས། །ཅི་མཛད་ཁྱེད་ཤེས་བློ་གཏད་སྐྱབས་འགྲོ་ཡིན། །རང་ཉིད་སངས་རྒྱས་ཐོབ་པས་མི་ཆོག་སྟེ། །སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཡིན། །དེ་དག་ཐམས་ཅད་སངས་རྒྱས་སར་འགོད་ པའི། །སེམས་བསྐྱེད་རྒྱ་ཆེན་སངས་རྒྱས་བོན་ཡིན། །རང་ཉིད་རྫོགས་པའི་སངས་རྒྱས་བསྒྲུབ་པ་ལ། །སངས་རྒྱས་སེམས་ཅན་གཉིས་པོ་བཀའ་དྲིན་མཉམ། །ཕ་རོལ་ཕྱིན་དྲུག་ཉམས་སུ་མ་བླངས་པར། །རྫོགས་པའི་སངས་རྒྱས་ཐོབ་པའི་ཐབས་མེད་པས། །སྦྱིན་པ་གཏོང་ཡུལ་སེམས་ཅན་དབུལ་ཕོངས་ཅན། །སྙིང་རྗེ་བསྒོམ་ཡུལ་སེམས་ཅན་སྡུག་བསྔལ་ཅན། །ཕན་ལན་གནོད་སྐྱེལ་དགྲ་བགེགས་ཐམས་ཅད་ཀྱང་། །བཟོད་པ་བསྒོམ་པའི་རྟེན་ཏེ་བྱང་ཆུབ་གྲོགས། །དེ་ལྟར་ཤེས་པས་ཕྱོགས་དང་རིས་མེད་པའི། །འགྲོ་ཀུན་བདག་ཉིད་ཁོ་ནས་སངས་རྒྱས་སར། །བཀོད་པའི་བསམ་བཟང་བློ་སྟོབས་བསྐྱེད་པ་ནི། །བྱང་ཆུབ་སེམས་བསྐྱེད་ཅེས་བྱའི་ཟབ་ཆོས་ཡིན། ། མ་བཤགས་སྡིག་པ་ཆུང་ཡང་ལྡི་བ་སྟེ། །ཞག་རེ་སོང་ཞིང་སྐྱེད་ར

【漢語翻譯】 如果沒有任何一個能倖免於死, 就把你認識的人的死亡列入計算吧! 某天死了,今年死了多少個? 你自己也不會比他們有任何優越之處。 即使知道死亡,也知道那時需要佛法, 大家都知道,卻因無暇思索而被欺騙。 現在都說壽命是四十歲左右, 和你同齡,甚至比你年輕的人, 死了多少個?用心想想,好好思考! 他們也想著自己還不會死, 降伏敵人,守護親友,做了許多惡業。 還沒想到,他們就被死主帶走了。

你也和他們一樣,所以要修持正法! 不念及佛法,進入佛法,以及 進入佛法後達到究竟的方法, 就是從內心深處憶念死亡的甚深法。 如果死亡沒有刺痛你的心, 即使修持正法,也只是為了求大的儀軌。 因此,每天三次將死亡 刺入心中,憶念就是甚深法。 這是關於無常和因果思考之歌的第三部分。

唉呀!關於正行所緣的這部分, 有需要理解的和需要修持的,各自分開。 首先,理解這些需要理解的, 然後,盡可能地修持需要修持的所緣。 輪迴的痛苦無法被他人所救, 因此,要對不欺騙的三寶建立信心。 經部的三寶是佛、法、僧, 密部的三寶是上師、本尊、空行母, 實際上,上師包含了身、語、意。 無論做什麼,你都知道,信賴就是皈依。 僅僅自己獲得成佛是不夠的, 所有眾生都是慈愛的父母。 將他們全部安置於成佛之境的 廣大發心,就是佛陀的教法。 為了自己成就圓滿佛陀, 佛陀和眾生兩者恩德相等。 如果沒有修持六度波羅蜜, 就沒有獲得圓滿佛陀的方法。 佈施的對像是貧困的眾生, 慈悲觀修的對像是受苦的眾生, 所有以恩報怨、製造傷害的冤親債主, 都是修持忍辱的所依,是菩提之友。 如此瞭解後,對於沒有偏袒和分別的, 一切有情眾生,都由自己將他們安置於佛陀之境。 生起這種善良的意念和堅定的決心, 就是被稱為菩提心生起的甚深法。 未懺悔的罪業,即使微小也會增長, 每天過去,都會

【英語翻譯】 If there is not even one left who escapes death, then start counting the deaths of those you know! On what day did someone die, how many died this year? You yourself have no advantage over them. Even knowing death, and knowing that Dharma is needed at that time, everyone knows, but is deceived by thinking they have no time to contemplate. Nowadays, it is said that life expectancy is around forty, how many people of your age, or even younger than you, have died? Ponder it in your mind, think carefully! They also thought that they would not die yet, subduing enemies, protecting relatives, committing many sins. Before they knew it, they were taken away by the Lord of Death.

You are the same as them, so practice the sacred Dharma! Not remembering the Dharma, entering the Dharma, and the way to reach the end after entering the Dharma, is the profound Dharma of remembering death from the depths of your heart. If death does not prick your heart, even if you practice the sacred Dharma, it will only be mistaken for a grand ritual. Therefore, three times a day, pierce death into your heart, remembering is the profound Dharma. This is the third part of the song of contemplating impermanence and cause and effect.

Alas! In this section on the actual object of focus, there are things to understand and things to meditate on, each separately. First, understand these things that need to be understood, then, meditate as much as you can on the object of meditation. The suffering of samsara cannot be saved by others, therefore, place your trust in the three jewels that do not deceive. The three jewels of the Sutra tradition are the Buddha, Dharma, and Sangha, the three jewels of the Mantra tradition are the Lama, Yidam, and Dakini, in reality, the Lama encompasses body, speech, and mind. Whatever you do, you know, trusting is taking refuge. It is not enough to attain Buddhahood yourself, all sentient beings are kind parents. The vast aspiration to place them all in the state of Buddhahood is the teaching of the Buddha. In order to accomplish perfect Buddhahood for oneself, the Buddha and sentient beings are equally kind. Without practicing the six perfections, there is no way to attain perfect Buddhahood. The object of giving is impoverished sentient beings, the object of meditating on compassion is suffering sentient beings, all enemies and obstructors who repay kindness with harm, are the support for practicing patience, friends of enlightenment. Knowing this, without partiality or discrimination, all sentient beings, by oneself alone, will be placed in the state of Buddhahood. Generating this good intention and firm determination is the profound Dharma called the generation of Bodhicitta. Unconfessed sins, even if small, will increase, every day that passes, they will

============================================================

================== 第 6 段 ================== 【原始藏文】 ེ་འགྲོ་བས་འཕེལ། །སྙིང་ནས་བཤགས་ན་མི་དག་སྡིག་པ་མེད། །མི་གཙང་འགོས་ཀྱང་ཆུ་ཡིས་བཀྲུ་དང་མཚུངས། །སྔར་བྱས་སྡིག་པ་བཙན་དུག་ཁོང་ཤོར་ལྟར། །འགྱོད་པ་སྐྱེས་ན་དག་པར་སླ་བ་ཡིན། །དེ་ཐུབ་བསམ་པའི་ང་རྒྱལ་དག་པར་དཀའ། །ཕྱིན་ཆད་མི་བྱའི་དམ་ བཅའ་དྲག་པོ་བྱ། །བྱས་ཀྱང་སྐྱོན་མེད་བཤགས་ཆོག་བསམ་པ་ན། །དེ་ཡིས་དག་པར་མི་འགྱུར་རྒྱལ་བས་གསུངས། །དཀོན་མཆོག་ཀུན་འདུས་བླ་མ་སྤྱི་བོར་བསྒོམ། །དེ་དྲུང་བཤགས་པ་རྟེན་གྱི་སྟོབས་ཞེས་བྱ། །བཤགས་ཐབས་མང་ཡང་ཡིག་དྲུག་ཟབ་པའོ། །ཚོགས་བསགས་གང་ཡང་ཅི་ནུས་འབད་བྱ་སྟེ། །བྱ་སླ་བསོད་ནམས་ཆེ་བའི་མཎྜལ་འབུལ། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་གྲུབ་ཐོབ་ཚོགས། །དཔག་ཏུ་མེད་ཀྱང་མཇལ་བའི་ལས་དབང་མེད། །རང་ལ་དབང་བསྐུར་རྒྱུད་བཤད་མན་ངག་གནང་། །སངས་རྒྱས་ཀུན་བས་བླ་མ་བཀའ་དྲིན་ཆེ། །བླ་མ་ཐ་མལ་པ་ཞིག་ཡིན་ན་ཡང་། །རྡོ་རྗེ་འཆང་དུ་མོས་པས་གསོལ་བཏབ་ན། །ཉམས་རྟོགས་ཡོན་ཏན་སྐྱེ་ཞིང་འཕེལ་བ་ཡིན། །སངས་རྒྱས་ཀུན་གྱི་ཐུགས་རྗེ་ཡིན་པར་བཤད། །དེ་ཕྱིར་བླ་མ་བསྒོམས་ནས་གསོལ་བ་བཏབ། །ཆོས་ཀྱི་སྒོར་ཞུགས་དབང་ལུང་ཁྲིད་ཐོབ་ནས། །སྡོམ་པ་དམ་ཚིག་བསྲུང་བར་མ་བྱས་ན། །སྨན་དཔྱད་དུག་ཏུ་སོང་ལྟར་ཕུང་བར་བྱེད། །སྲུང་ཚུལ་ཞིབ་པར་མི་ཤེས་བསྲུང་དཀའ་ཡང་། །དོན་རྩ་གཅིག་ཏུ་བསྡུས་ནས་བསྲུངས་པས་འཐུས། ། ཅི་མཛད་ཁྱེད་ཤེས་དཀོན་མཆོག་བློ་ཁེལ་ནི། །སྐྱབས་འགྲོའི་སྡོམ་པ་ཐམས་ཅད་དེ་ལ་འདུས། །གཞན་ལ་གནོད་པ་ནམ་ཡང་་མི་སྐྱེལ་ན། །འདུལ་ཁྲིམས་སོ་ཐར་སྡོམ་པ་དེ་ལ་འདུས། །དགེ་བ་ཐམས་ཅད་འགྲོ་བ་སྤྱི་ལ་བསྔོ། །རང་གི་ཅི་ནུས་གཞན་ལ་ཕན་གདགས་ན། །བྱང་ཆུབ་སེམས་དཔའི་སྡོམ་པ་དེ་ལ་འདུས། །རྩ་བའི་བླ་མ་ཡི་དམ་དབྱེར་མེད་ལྟ། །དེ་ལ་ལོག་ལྟ་ནམ་ཡང་མ་བྱས་ན། །གསང་སྔགས་དམ་ཚིག་ཐམས་ཅད་དེ་ལ་འདུས། །དེ་ལྟར་སྡོམ་པ་དམ་ཚིག་ལྡན་པ་ལ། །བླ་མས་བྱིན་རླབས་ཡི་དམ་དངོས་གྲུབ་སྟེར། །མཁའ་འགྲོ་ཆོས་སྐྱོང་བར་ཆད་སེལ་བར་ངེས། །དེ་ལྟར་གོ་ནས་སྒོམ་རྒྱུའི་དམིགས་ཐུན་ནི། །རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང་། །འབྲེལ་ཐོགས་རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ། །ཐམས་ཅད་གཅིག་བསྡུས་འོད་དཔག་མེད་པ་བསྒོམ། །སྐྱབས་འགྲོ་སེམས་བསྐྱེད་རྒྱས་བསྡུས་གང་ཤེས་བྱ། །བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །གླིང་བཞི་རི་རབ་རིན་ཆེན་སྣ་ཚོགས་ནི། །འབུལ་བར་དམིགས་ཏེ་མཎྜལ་ཚིགས་བཅད་བརྗོད། །སྔར་བྱས་སྡིག་པ་འགྱ

【漢語翻譯】 以精進增長。 若從內心懺悔,則無不可清凈之罪。 如不凈沾染,用水洗滌一般。 往昔所造罪業,如誤服劇毒入腹。 若生後悔,則易於清凈。 若執「我能忍受」之傲慢,則難以清凈。 應立下未來不再犯的堅定誓言。 若想「即使犯了,懺悔即可」, 則無法清凈,佛陀如是說。 觀想一切皈依境之總集上師于頂。 于彼前懺悔,名為依力。 懺悔之法雖多,然六字真言最為殊勝。 積累資糧,應盡力而爲。 獻曼達是易行且福德大的方法。 十方諸佛菩薩成就者眾, 雖不可計數,然無緣得見。 上師賜予灌頂、經續講解及竅訣, 恩德勝過一切佛陀。 即使上師看似平凡, 若以金剛持之信心祈禱, 則證悟功德生起並增長。 據說這是諸佛之慈悲。 因此,應觀修上師並祈禱。 進入佛法之門,獲得灌頂、傳承及引導后, 若不守護戒律誓言, 則如良藥變為毒藥般,自取滅亡。 雖不詳知守護之細節,難以守護, 然若將要義歸納為一而守護,則足矣。

您所做的一切,您知曉,三寶心中明瞭, 一切皈依之戒律皆攝於此。 若永不傷害他人, 則別解脫戒律皆攝於此。 將一切善根迴向於一切眾生, 盡己所能利益他人, 則菩薩戒律皆攝於此。 視根本上師與本尊無別, 若永不對其產生邪見, 則一切密咒誓言皆攝於此。 如是具足戒律誓言者, 上師賜予加持,本尊賜予成就, 空行護法必定遣除障礙。 如是理解后,修持之所緣為: 于自身頂上蓮花月墊之上, 觀想具恩根本傳承上師三寶。 一切總集為無量光佛。 皈依發心,廣略隨力。 觀想自身之身體、受用及一切善根, 四大部洲、須彌山及各種珍寶, 作為供養,唸誦曼達供之偈頌。 往昔所造罪

【英語翻譯】 Increasing with diligence. If you confess from the heart, there is no sin that cannot be purified. Like impurity being washed away by water. Past sins are like accidentally swallowing strong poison. If regret arises, it is easy to purify. It is difficult to purify the arrogance of thinking, “I can endure it.” You should make a strong vow not to do it again in the future. If you think, “Even if I do it, I can confess,” then you will not be purified by that, the Victorious Ones have said. Meditate on the Guru, the embodiment of all the Jewels, on your crown. Confessing in front of that is called the power of reliance. Although there are many ways to confess, the six syllables are the most profound. Accumulate merit in whatever way you can, striving to do so. Offering a mandala is an easy and great way to accumulate merit. The Buddhas, Bodhisattvas, and accomplished beings of the ten directions, although immeasurable, we do not have the karma to meet them. The Guru gives empowerment, explains the tantras, and gives secret instructions. The Guru’s kindness is greater than all the Buddhas. Even if the Guru seems ordinary, if you pray with faith as Vajradhara, realization and qualities will arise and increase. It is said to be the compassion of all the Buddhas. Therefore, meditate on the Guru and pray. Having entered the door of Dharma and received empowerment, transmission, and guidance, if you do not keep the vows and commitments, you will be ruined, like medicine turning into poison. Although you do not know the details of how to keep them and it is difficult to keep them, it is sufficient to keep them by summarizing the essential points into one.

Whatever you do, you know, the Three Jewels know, all the vows of refuge are included in that. If you never harm others, then all the vows of individual liberation are included in that. Dedicate all merit to all sentient beings, and benefit others as much as you can, then all the Bodhisattva vows are included in that. View the root Guru as inseparable from the Yidam, and if you never have wrong views about that, then all the secret mantra vows are included in that. For those who have vows and commitments in this way, the Guru bestows blessings, the Yidam bestows accomplishments, the Dakinis and Dharma protectors will surely remove obstacles. Having understood this, the object of meditation is: On a lotus and moon cushion on your own crown, meditate on the kind root lineage Guru and the Three Jewels. All combined into Amitabha. Practice refuge and generating bodhicitta, either extensively or briefly, as you know how. Visualize your body, possessions, and all merit, the four continents, Mount Meru, and various jewels, as offerings, and recite the verses of the mandala offering. Past sins, repen

============================================================

================== 第 7 段 ================== 【原始藏文】 ོད་པས་བཤགས་ ཚིག་དང་། །ཡིག་དྲུག་བཟླས་པས་འོད་དཔག་མེད་པ་ཡི། །སྐུ་ལས་བདུད་རྩི་འོ་མ་འདྲ་བ་བབས། །ཚངས་བུག་ནས་ཞུགས་ལུས་ཀུན་གང་བ་ཡིས། །དུད་ཁུ་ལྟ་བུའི་སྡིག་སྒྲིབ་མ་ལུས་པ། །འོག་སྒོ་དང་ནི་རྐང་པའི་མཐིལ་ནས་ཐོན། །ས་འོག་སོང་བས་འཆི་བདག་གཤིན་རྗེས་འཐུང་། །ངོམ་ཞིང་ཚིམས་པས་ཚེ་སྐྱིན་སྲོག་གླུད་གྱུར། །རང་ལུས་དྲི་མེད་ཤེལ་སྒོང་ལྟ་བུར་གྱུར། །དེ་ནས་སྤྱི་བོའི་བླ་མ་སངས་རྒྱས་དེར། །དད་གུས་བསྐྱེད་ལ་གསོལ་འདེབས་གང་ཤེས་སམ། །གསོལ་འདེབས་སྙིང་པོ་བཛྲ་གུ་རུ་བཟླ། །བླ་མ་དཀོན་མཆོག་ཀུན་འདུས་འོད་དཔག་མེད། །འོད་དུ་ཞུ་ནས་རང་ལ་དབྱེར་མེད་ཐིམ། །སྐུ་གསུང་ཐུགས་དང་ལུས་ངག་ཡིད་གསུམ་པོ། །དབྱེར་མེད་ཆུ་དང་འོ་མ་འདྲེས་ལྟར་དུ། །དབང་དང་བྱིན་རླབས་ཐམས་ཅད་ཐོབ་པར་བསྒོམ། །དམིགས་ཐུན་གྱིགླུ་སྟེ་བཞི་པའོ།། །།དོན་གྱི་རྩ་བ་བསྐྱེད་རྫོགས་ཟུང་འཇུག་ལ། །འདི་ལ་གོ་རྒྱུ་བསྒོམ་རྒྱུ་གཉིས་ཡོད་དེ། །སེམས་ཅན་ཀུན་གྱི་སེམས་ཉིད་ངོ་བོ་ནི། །ཡེ་ནས་སངས་རྒྱས་ངོ་བོར་བཞུགས་པ་སྟེ། །ངོ་བོ་སྟོང་པ་ཆོས་སྐུ་སྐྱེ་མེད་ཉིད། །རྣམ་པ་གསལ་ལ་མ་ འདྲེས་ལོངས་སྤྱོད་རྫོགས། །ཐུགས་རྗེ་འགགས་མེད་སྣ་ཚོགས་སྤྲུལ་པའི་སྐུ། །དེ་གསུམ་དབྱེར་མེད་ཟུང་འཇུག་ངོ་བོ་ཉིད། །ནམ་ཡང་འགྱུར་མེད་བདེ་བ་ཆེན་པོའི་སྐུ། །ཡེ་ནས་རང་ཆས་རང་ལ་བཞུགས་པ་དེ། །སངས་རྒྱས་ཐུགས་རྗེ་བླ་མའི་བྱིན་རླབས་དང་། །ཆོས་ཀྱི་ཟབ་ཁྱད་གནད་ཀྱིས་བྱུང་བ་མིན། །ཡེ་ཐོག་གདོད་ནས་དེ་ལྟར་ཡོད་པ་ཡིན། །དེ་དོན་མདོ་སྔགས་ཐམས་ཅད་བཤད་པ་མཐུན། །འོ་ན་འཁོར་བར་ཅིའི་ཕྱིརའཁྱམས་ཞེ་ན། །རང་གི་རང་ངོ་མ་ཤེས་འཁྲུལ་པས་ལེན། །དཔེར་ན་གསེར་གྱི་སྐྱེད་པུ་ཡོད་པའི་མིའི། །གསེར་དངུལ་མ་ཤེས་ལྟོགས་སྡུག་མཐོང་དང་འདྲ། །དེ་ཉིད་བླ་མས་ངོ་སྤྲོད་དཀའ་དྲིན་ཆེ། །གསེར་ངོ་སྤྱད་ཀྱང་ལྟོགས་པར་མི་ཕན་ཏེ། ། དེ་ཉིད་བཙོང་དང་ཟས་བསྒྲུབ་རྔོ་བཏགས་དང་། །བཙོ་གཡོ་བྱས་ནས་ཟོས་ན་བཀྲེས་པ་འགྲང་། །དེ་བཞིན་བླ་མས་ངོ་སྤྲོད་བྱས་པ་དེ། །ཉམས་སུ་བླང་ན་འཁྲུལ་པ་སེལ་ཏེ་གྲོལ། །དེ་ལྟར་རང་སེམས་སངས་རྒྱས་ཡིན་པ་ནི། །ཐེག་ཆེན་མདོ་དང་གསང་སྔགས་རྒྱུད་སྡེ་མཐུན། །འོན་ཀྱང་མདོ་ནས་རང་ལུས་སངས་རྒྱས་སུ། །ངོ་སྤྲོད་མེད་ལས་ལམ་ ཐག་རིང་བ་སྟེ། །བསྐལ་པ་གྲངས་མེད་གསུམ་ནས་སངས་རྒྱས་ཐོབ། །བླ་མེད་ཚེ་གཅིག་སངས་རྒྱས་ཐོབ་པའི་ཐབས། །རང་ལུས་ལྷ་རུ་ངོ་སྤྲད་པ་དེ་ཟབ། །དེ་ཕྱིར་ར

【漢語翻譯】 懺悔文 通過唸誦六字真言,從無量光佛的身中降下如甘露般的乳汁。 從梵穴進入,充滿全身,如煙霧般的罪障全部 從下門和腳底排出,進入地下,被死主閻羅吞噬。 因滿足而飽足,成為壽命的贖金,生命得以延續。 自身變成無垢的琉璃寶珠。 之後,對頭頂的喇嘛佛,生起虔誠的信仰,祈禱所知的一切。 祈禱的精髓是念誦 瓦吉ra 咕嚕(藏文:བཛྲ་གུ་རུ་,梵文天城體:वज्र गुरु,梵文羅馬擬音:vajra guru,金剛上師)。 喇嘛、三寶、一切的化身,無量光佛,化為光融入自身,無二無別地融入。 身、語、意和身體、語言、意念三者,如水和牛奶混合般無別。 觀想獲得一切灌頂和加持。這是觀修之歌的第四部分。 意義的根本在於生起次第、圓滿次第、雙運。 對此,有理解和修持兩方面。一切眾生的心性本質,本來就安住于佛的本性中。 本體是空性的法身,無生之體。顯現清晰而不 混雜的報身圓滿。大悲無礙,種種化身。 這三者無別,是雙運的本體。永不改變的大樂之身。 本來就自然存在於自身之中,這並非來自佛的慈悲、上師的加持和 佛法的甚深差別和要點,而是本來就存在。 所有經續都一致闡述了這個道理。那麼,為何在輪迴中漂泊呢? 因為不認識自己的本性,而執著于錯覺。例如,擁有金疙瘩的人, 卻不認識金銀,如同遭受飢餓之苦。因此,上師指引本性,恩德極大。 即使指認出黃金,也無法解除飢餓,必須變賣、尋找食物、進行加工, 烹煮食用,才能解除飢餓。同樣,上師指引本性之後,如果加以修持,就能消除錯覺而解脫。 因此,自心是佛的道理,大乘經典和密宗續部一致認同。 然而,經典中沒有將自身指認為佛,因此道路 漫長,需要經歷無數劫才能成佛。無上法門,一生證得佛果的方法, 是將自身指認為本尊,這非常深奧。因此

【英語翻譯】 Confession Text By reciting the six-syllable mantra, nectar-like milk descends from the body of Amitabha. Entering from the Brahmarandra, filling the entire body, all sins and obscurations like smoke Exit from the lower gate and the soles of the feet, entering the ground, swallowed by the Lord of Death, Yama. Being satisfied and satiated, it becomes the ransom for life, and life is prolonged. One’s own body becomes like a flawless crystal ball. Then, to the Lama Buddha on the crown of the head, generate sincere faith and pray with whatever you know. The essence of prayer is to recite Vajra Guru (藏文:བཛྲ་གུ་རུ་,梵文天城體:वज्र गुरु,梵文羅馬擬音:vajra guru,Diamond Master). Lama, the embodiment of the Three Jewels, Amitabha, dissolves into light and merges into oneself, inseparably. Body, speech, and mind, and the three aspects of body, speech, and mind, are inseparable like water and milk mixed together. Meditate on receiving all empowerments and blessings. This is the fourth part of the meditation song. The root of meaning lies in the generation stage, completion stage, and union. Regarding this, there are two aspects: understanding and practice. The essence of the mind of all sentient beings is that From the beginning, it dwells in the nature of the Buddha. The essence is emptiness, the Dharmakaya, unborn. The appearance is clear and un- mixed, the Sambhogakaya is complete. Compassion is unceasing, the Nirmanakaya in various forms. These three are inseparable, the essence of union. The body of great bliss that never changes. It is naturally present within oneself from the beginning. This does not arise from the compassion of the Buddha, the blessings of the Lama, or the profound differences and key points of the Dharma, but has been there from the beginning. All Sutras and Tantras agree in explaining this truth. Then, why wander in Samsara? Because one does not recognize one’s own nature and clings to delusion. For example, a person who has a gold nugget does not recognize gold and silver, like suffering from hunger. Therefore, the Lama points out the nature, which is of great kindness. Even if gold is recognized, it cannot relieve hunger. It must be sold, food sought, processed, cooked, and eaten to relieve hunger. Similarly, after the Lama points out the nature, if it is practiced, delusion will be dispelled and liberation attained. Therefore, the principle that one’s own mind is Buddha is agreed upon by the Mahayana Sutras and the Secret Mantra Tantras. However, in the Sutras, one’s own body is not pointed out as the Buddha, therefore the path is long, and it takes countless eons to attain Buddhahood. The supreme method, the way to attain Buddhahood in one lifetime, is to recognize one’s own body as the deity, which is very profound. Therefore

============================================================

================== 第 8 段 ================== 【原始藏文】 ང་ལུས་ལྷ་ཡི་དཀྱིལ་འཁོར་དུ། །བདེ་མཆོག་གསང་འདུས་བཀའ་བརྒྱད་ལ་སོགས་པ། །བླ་མེད་རྒྱུད་སྡེ་ཀུན་ནས་རྒྱས་པར་གསུངས། །མདོར་བསྡུས་ཕུང་པོ་ལྔ་ནི་རིགས་ལྔ་སྟེ། །ཁམས་ལྔ་ཡུམ་ལྔ་ཚོགས་བརྒྱད་སེམས་དཔའ་བརྒྱད། །ཡུལ་བརྒྱད་སེམས་མ་བརྒྱད་དུ་གསར་རྙིང་མཐུན། །ཁྱད་པར་སྙིང་དབུས་ཞི་བ་བཞི་བཅུ་གཉིས། །མགྲིན་པའི་གནས་སུ་དག་པ་རིག་འཛིན་ཚོགས། །ཀླད་པའི་ནང་དུ་ཁྲག་འཐུང་ལྔ་བཅུ་བརྒྱད། །རྩ་རླུང་ཐིག་ལེའི་ཚུལ་དུ་དངོས་སུ་བཞུགས། །དེ་ལྟར་སྙིང་དང་མིག་གི་རྩ་འབྲེལ་ནས། རྫོགས་ཆེན་ནམ་མཁར་འཇའ་འོད་ཐིག་ལེ་འཆར། །འཆི་དུས་ལུས་ཀྱི་ལྷ་ཚོགས་ལུས་ནས་ཐོན། །ནམ་མཁའ་བར་སྣང་གང་བར་དངོས་སུ་འཆར། །དེ་ཉིད་ལྷ་རུ་མ་ཤེས་གཤིན་རྗེར་མཐོང་། །སྔངས་སྐྲག་འཇིགས་སྣང་རྒྱལ་འབོགས་ངན་སོང་ལྟུང་། །དཔེར་ན་དགྲ་འཇིགས་ཆེ་བའི་ལམ་སོ་ན། །བསུ་མི་འོང་བ་དགྲ་ཡིན་སྙམ་ནས་བྲོས། ། རྗེས་སུ་བསྙགས་པས་དེད་པར་མཐོང་ནས་སྐྱག །ངོ་ཤེས་ན་ནི་སྐྲག་མེད་དགའ་བ་ལྟར། །ཡི་དམ་ལྷ་རུ་ཤེས་ན་ཞིང་ཁམས་བགྲོད། །དེ་ཉིད་ད་ལྟ་གོམས་འདྲིས་བྱ་བའི་ཕྱིར། །ཐོད་རྒལ་ཐིག་ལེ་ཐིག་ཕྲན་བལྟ་བའོ། །དཔེར་ན་དངུལ་རྡོ་དངུལ་ནི་ཡིན་ན་ཡང་། །བཞུ་བཏུལ་མ་བྱས་དངུལ་གོ་མི་ཆོད་ལྟར། །རང་ལུས་ཡི་དམ་ལྷ་ཡི་དཀྱིལ་འཁོར་དུ། །ཤེས་པས་མི་ཆོག་བསྒོམས་པས་དངོས་སུ་གྲུབ། །དཔེར་ན་འོ་མ་མར་གྱིས་ཁྱབ་མོད་ཀྱང་། །མ་བཤིགས་ན་ནི་མར་དུ་མི་འགྱུར་ལྟར། །རང་སེམས་སངས་རྒྱས་ཡིན་པར་གོ་ན་ཡང་། །མ་བསྒོམས་པ་ལ་སངས་རྒྱས་མི་འགྱུར་རོ། །དེ་དོན་ཤེས་པར་མཛོད་ལ་ཉམས་སུ་ལོངས། །ཡི་དམ་མང་ཡང་འཕགས་པ་སྤྱན་རས་གཟིགས། །ཡི་དམ་ཀུན་འདུས་བོད་ཀྱི་ལྷ་སྐལ་ཡིན། །བསྐྱེད་ལུགས་རྒྱས་བསྡུས་མང་ཡང་དྲན་རྫོགས་འདི། །ཉམས་སུ་ལེན་བདེ་ཤེས་པར་སླ་བ་ནི། །དེ་ཕྱིར་རང་ལུས་ཐུགས་རྗེ་ཆེན་པོའི་སྐུ། །དཀར་པོ་ཞལ་གཅིག་ཕྱག་བཞི་གཞུང་ལྟར་བསྒོམ། །ཐུགས་ཀར་པདྨ་དཀར་པོ་འདབ་དྲུག་ཏུ། །ལྟེ་བར་ཧྲིདང་འདབ་དྲུག་ཡི་གེ་དྲུག །ཐམས་ཅད་ ལངས་ནས་ཁྲ་དང་ཧྲབ་བེ་བསྒོམ། །ཧྲཱིཿཡིག་མི་འགུལ་ཡིག་དྲུག་གཡས་སུ་འཁོར། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། །ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས། །ཆར་ལྟར་བབས་ནས་རང་ལ་སིབ་སིབ་ཐིམ། །སླར་ཡང་ཡི་གེ་དྲུག་ལས་འོད་ཟེར་འཕྲོས། །རིགས་དྲུག་སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས། །ཐམས་ཅད་ཐུགས་རྗེ་ཆ

【漢語翻譯】 我身乃是本尊壇城中,勝樂密聚及噶舉等,無上續部皆廣說。簡言之,五蘊即五部,五界五母八識八菩薩,八境八母新舊皆同。尤其心間寂靜四十二,喉間清凈持明眾,腦中飲血五十八,如脈氣明點之狀而安住。如是心與眼脈相連故,大圓滿虛空中現虹光明點。臨終身體本尊眾,從身而出,于虛空遍空中真實顯現。彼時若不識為本尊,則見為閻羅,驚恐怖畏生起,昏厥墮落惡趣。譬如大敵畏懼之路口,不來迎接之人亦以為是敵而逃。隨後追趕則見為追逐而懼怕,若能識知則如無懼生喜。若識本尊為本尊,則能往生凈土。為此之故,如今當勤修,直斷明點及微細明點。譬如銀礦雖是銀,若不熔鍊則無用。自身為本尊壇城,僅知不夠,需修方能成就。譬如牛奶遍含奶油,若不攪動則不能成奶油。自心雖知是佛,若不修持則不能成佛。了知此義,並付諸實踐。本尊雖多,然聖觀世音,乃是總集本尊,藏人之本尊。生起次第廣略雖多,然此易於修持,易於了知。是故自身觀為大悲尊,白色一面四臂如經所載。心間白色蓮花六瓣中,中央(種子字,藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:啥),六瓣六字。全部 豎立,觀想成燦爛奪目。ཧྲཱིཿ(種子字,藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:啥)字不動,六字右旋。彼等放出光明,照耀十方,供養十方諸佛菩薩。一切化為大悲尊之身,如雨般降下,融入自身。再次六字放出光明,凈化六道眾生一切罪障。一切化為大悲尊

【英語翻譯】 My body is in the mandala of the deity, such as Chakrasamvara, Guhyasamaja, and Kagyud, all the unsurpassed tantras are extensively taught. In short, the five aggregates are the five families, the five elements, the five mothers, the eight consciousnesses, and the eight bodhisattvas. The eight places and eight consorts are the same in both the old and new traditions. In particular, the forty-two peaceful deities in the center of the heart, the assembly of pure vidyadharas in the throat, and the fifty-eight blood-drinking deities in the brain, actually reside as channels, winds, and bindus. Thus, since the heart and eye channels are connected, rainbows and bindus appear in the Dzogchen sky. At the time of death, the assembly of deities of the body leave the body and actually appear filling the sky and space. If one does not recognize them as deities, one sees them as Yama, and fear and terror arise, causing fainting and falling into the lower realms. For example, on a dangerous road where there is great fear of enemies, one runs away thinking that anyone who does not come to greet them is an enemy. If one is chased afterwards, one sees them as chasing and becomes afraid. If one recognizes them, one is happy without fear. If one recognizes the yidam as the yidam, one can travel to the pure land. For this reason, one should practice familiarization now, looking at thögal bindus and subtle bindus. For example, even though silver ore is silver, it is useless if it is not smelted and refined. Even if one knows that one’s own body is the mandala of the yidam deity, it is not enough to just know it; one must accomplish it through meditation. For example, even though milk is pervaded with butter, it will not turn into butter if it is not churned. Even if one understands that one’s own mind is Buddha, one will not become Buddha without meditation. Understand this meaning and put it into practice. Although there are many yidams, the noble Avalokiteśvara is the yidam of all yidams, the deity of the Tibetan people. Although there are many elaborate and concise generation stage practices, this one is easy to practice and easy to understand. Therefore, visualize your own body as the form of the Great Compassionate One, white with one face and four arms as described in the scriptures. In the center of the heart, on a white lotus with six petals, in the center is HRIH (seed syllable, Tibetan: ཧྲཱིཿ, Devanagari: ह्रीः, Romanized Sanskrit: hrīḥ, literal Chinese meaning: 啥), and six syllables on the six petals. All of them standing upright, visualize them as dazzling and radiant. The syllable HRIH (seed syllable, Tibetan: ཧྲཱིཿ, Devanagari: ह्रीः, Romanized Sanskrit: hrīḥ, literal Chinese meaning: 啥) does not move, and the six syllables rotate to the right. From them, rays of light emanate, shining in the ten directions, making offerings to all the Buddhas and Bodhisattvas of the ten directions. Everything transforms into the form of the Great Compassionate One, descending like rain and dissolving into oneself. Again, rays of light emanate from the six syllables, purifying all the sins and obscurations of the six types of sentient beings. Everything transforms into the Great Compassionate One.

============================================================

================== 第 9 段 ================== 【原始藏文】 ེན་པོའི་སྐུར་གྱུར་ནས། །ཀུན་གྱིས་ཡི་གེ་དྲུག་པ་འུར་དིར་དིར། །སྣོད་ཀྱི་འཇིག་རྟེན་བདེ་ཆེན་ཞིང་དུ་བསྒྱུར། །རེས་འགའ་ཧྲཱིཿལ་དམིགས་པ་རྩེ་གཅིག་བཟུང་། །གཞན་དུ་མི་འཕྲོ་ཡུན་རིང་སེམས་གནས་ན། །དམིགས་བཅས་ཞི་གནས་བསྐྱེད་རིམ་ཟུང་འཇུག་གོ །དེ་ནས་དེ་ལྟར་སྒོམ་མཁན་སེམས་དེ་ལ། །ཧྲིག་གེ་བལྟས་པས་བསྒོམ་ཚད་སྟོང་པར་ཡལ། །སེམས་ལ་གཟུགས་དང་ཁ་དོག་དངོས་པོ་མེད། །ལུས་ཀྱི་ཕྱི་དང་ནང་དང་བར་ནའང་མེད། །ཕྱོགས་བཅུ་ཀུན་ཏུ་བཙལ་ཡང་དངོས་པོ་མེད། །གང་ནས་སྐྱེས་དང་གར་གནས་གར་འགྲོ་མེད། །མེད་པའང་མ་ཡིན་རང་སེམས་གསལ་ཧྲིག་གེ །གཅིག་པུ་མ་ཡིན་སྣ་ཚོགས་ཅི་ ཡང་འཆར། །ཐ་དད་མ་ཡིན་ཐམས་ཅད་ངོ་བོ་གཅིག །ཁོ་ཡི་ངོ་བོ་སུས་ཀྱང་བརྗོད་མི་ཤེས། །ཕྱོགས་མཐུན་བརྗོད་ན་བརྗོད་རྒྱུ་ཟད་པ་མེད། །མིང་ནི་སེམས་ཉིད་བདག་དང་ཀུན་གཞི་སོགས། །ཐ་སྙད་རྣམ་གྲངས་མང་པོ་བཏགས་མོད་ཀྱང་། །དོན་ལ་ད་ལྟའི་ཤེས་པ་འདི་ཀ་རང་། །འཁོར་འདས་ཀུན་གྱི་རྩ་བ་འདི་རང་ཡིན། །སངས་རྒྱས་ཐོབ་དང་ངན་སོང་ལྟུང་བ་དང་། །བར་དོར་འཁྱམས་དང་སྐྱེ་བ་བཟང་ངན་དང་། །ཞེ་སྡང་ཁོང་ཁྲོ་ཆགས་སེམས་ཞེན་ཆགས་དང་། །དད་པ་དག་སྣང་བྱམས་དང་སྙིང་རྗེ་དང་། །ཉམས་རྟོགས་ཡོན་ཏན་ས་ལམ་ཐོབ་པ་སོགས། །ཐམས་ཅད་བྱེད་མཁན་སེམས་ཉིད་འདི་ཉིད་རང་། །ཀུན་གྱི་འཆིང་རྩ་ཕུང་རྩ་འདི་ཡིན་པས། །སྲོག་རྩ་བཅད་ན་དབང་པོ་ཀུན་འགགས་ལྟར། །འདི་དོན་རྟོགས་ཤིང་ཉམས་སུ་སུས་བླངས་པ། །ཆོས་རྣམས་ཐམས་ཅད་དེ་རུ་མ་འདུས་མེད། །འདི་ལ་བསྒོམ་རྒྱུ་སྤུ་ཙམ་མེད་པ་སྟེ། །མ་ཡེངས་ཁོ་རང་ངོ་བོ་བལྟས་པས་ཆོག །ལེགས་སུ་རེ་དང་མ་ཉེན་དོགས་པ་དང་། །ཡིན་ནམ་མིན་ནམ་གང་ཡང་མི་སེམས་པར། །གནས་སམ་འགྱུའམ་གསལ་ལམ་མི་གསལ་ རུང་། །གང་ཤར་དེ་ཡི་ངོ་བོར་ཧྲིག་གེར་བལྟ། །དངོས་གཞི་དེ་ལྟར་བསྒོམ་པའི་དུས་དེ་རུ། །མི་འཕྲོ་ཀྱི་ལེར་གནས་པ་གནས་པ་སྟེ། །མི་སྡོད་ཕྱོགས་བཅུར་རྒྱུག་པ་འགྱུ་བ་ཡིན། །གནས་འགྱུ་གང་ཤར་རིག་པས་རིག་པ་སྟེ། །སོ་སོར་འཆར་ཡང་ངོ་བོ་གཅིག་ཉིད་ཡིན། །གནས་པ་ཆོས་སྐུ་འགྱུ་བ་སྤྲུལ་པའི་སྐུ། །རིག་པ་ལོངས་སྐུ་དབྱེར་མེད་ངོ་བོ་ཉིད། །སྐུ་གསུམ་འགྲུབ་པའི་རྒྱུའམ་ས་བོན་ཡིན། །དེ་ལྟར་གནས་འགྱུ་གཉིས་ལ་བཟང་ངན་མེད། །དེ་ཕྱིར་གདམས་ཀ་མ་བྱེད་གང་ཤར་སྐྱོང་། །དང་པོ་ཡུན་ཐུང་གྲངས་མང་ཡང་ཡང་བལྟ། །དེ་ནས་རིམ་པར་ཡུན་ནི་ཇེ་རིང་བལྟ། །ལས་དང་པོ་པས་བསྐྱེད་རྫོགས་ལ་བཙན་ཐབས་སུ་བསླབ་པའི་

【漢語翻譯】 成為蓮花生的化身, 眾人嗡嗡地念誦六字真言。 將器世間轉化為大樂凈土。 有時專注地觀想(藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:啥)。 若能不散亂,長久安住於心, 即是具相寂止生起次第雙運。 之後,如此修禪者的心, 以「赫里克」一瞥,所有禪修皆空無。 心無形色事物, 身外、身內、中間亦無。 十方尋覓亦無事物, 無從生、無所住、無所去。 非謂全無,自心澄明「赫里克」。 非獨一,種種顯現, 非各異,一切體性一。 彼之體性,無人能言說。 若以相似言說,則言說無窮盡。 名曰心性、我、阿賴耶識等, 雖立諸多名相, 然實義即是當下之覺知。 輪迴涅槃之根本即是此。 成佛、墮惡趣、 中陰漂泊、善惡轉生、 嗔恨、憤怒、貪慾、執著、 信心、凈相、慈愛、悲憫、 證悟、功德、地道證得等, 一切作者即是此心性。 此乃一切繫縛之根源、聚集之根本, 如斷命根則諸根皆滅。 誰若證悟此義並修持, 一切法皆無不攝於此。 對此,毫無可修之處, 不散亂,觀其自性即可。 莫期望美好,莫疑慮危險, 莫思是與非, 住或動、明或不明, 無論何顯現,皆以「赫里克」之態觀之。 正行如是修持之時, 不散亂而安住即是安住, 不住而奔向十方即是動。 安住或動,無論何顯現,皆以覺性覺知, 雖各別顯現,然體性唯一。 安住是法身,動是化身, 覺性是報身,無別即體性。 是成就三身之因或種子。 如是,安住與動二者無好壞。 故莫作取捨,任運安住于任何顯現。 初時短時多次反覆觀, 之後逐漸延長觀修時間。 初學者于生圓次第強行修習之

【英語翻譯】 Having become the embodiment of Padmasambhava, Everyone hums the six-syllable mantra. Transforming the vessel world into the realm of great bliss. Sometimes, focus single-pointedly on Hrīḥ (藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:啥). If the mind does not wander and remains for a long time, It is the union of the generation and completion stages with characteristics of calm abiding. Then, looking at the mind of such a meditator with a “Hrig,” everything meditated upon vanishes into emptiness. The mind has no form, color, or substance. It is not outside, inside, or in between the body. Even if searched in all ten directions, there is no substance. It has no birth, no place to stay, and nowhere to go. It is not that it does not exist; one’s own mind is clear and bright. It is not just one; all sorts of things arise. It is not different; everything is of one essence. No one knows how to describe its essence. If described in similar terms, there is no end to the descriptions. Its names are mind-essence, self, and the basis of all, etc. Although many terms and names have been given, In essence, it is just this present awareness. The root of all samsara and nirvana is this itself. Attaining Buddhahood, falling into the lower realms, Wandering in the bardo, good and bad rebirths, Hatred, anger, desire, attachment, Faith, pure perception, love, and compassion, Experiences, realizations, qualities, and attainment of bhumis and paths, etc. All these are done by this very mind-essence. This is the root of all bondage and the basis of accumulation, Like cutting the life-force, all faculties cease. Whoever realizes this meaning and puts it into practice, There is no dharma that is not included in it. There is nothing to meditate on here, It is enough to look at its own nature without distraction. Without hoping for good or fearing danger, Without thinking whether it is or is not, Whether it stays or moves, whether it is clear or unclear, Whatever arises, look at its essence with a “Hrig.” During the actual time of meditating like that, Staying without distraction is staying, Not staying and running in all ten directions is moving. Whatever arises, staying or moving, recognize it with awareness, Although they appear separately, their essence is one. Staying is the Dharmakaya, moving is the Nirmanakaya, Awareness is the Sambhogakaya, inseparable is the essence itself. It is the cause or seed for accomplishing the three kayas. Thus, there is no good or bad in staying and moving. Therefore, do not make choices; rest in whatever arises. At first, look repeatedly for short periods of time, Then gradually look for longer periods of time. For beginners, forcefully training in the generation and completion stages

============================================================

================== 第 10 段 ================== 【原始藏文】 གླུ་སྟེ་ལྔ་པའོ།། །།ཨེ་མ་ཧོ། དེང་སང་ཁྲིད་ཆུང་སྟོན་མཁན་མང་བའི་མཐུས། །ཕྱོགས་མགོ་རེ་ཙམ་ཤེས་པ་མང་ལགས་ཀྱང་། །ཚེ་འདིའི་སྣང་བ་བསླུ་མཁས་ཉམས་དགའ་ཞིང་། །མི་རྟག་འཆི་བ་སྙིང་ལ་མ་གཟེར་བས། །ཤེས་ཙམ་དེ་ལ་ལུས་པ་ཤིན་ཏུ་མང་། །ཁྲིད་མང་ཞུས་ཀྱང་གོ་དྲེད་སླར་ལ་འཁྲེབ། །སྡིག་ལ་མི་འཛེམ་སྤྱོད་པ་ཕལ་ལས་ལོད། །ཁྲིད་ཞུས་པ་ལ་གཞན་གྱིས་ མཚང་འབྲུ་བྱེད། །ཞེན་ལོག་སྒོམ་གྱི་རྐང་པ་མེད་པས་ལེན། །ལམ་སྣེ་ཤེས་ཀྱང་འགྲོ་བར་མ་བྱས་ན། །ཇོ་བོ་ལ་སོགས་མཇལ་ཐབས་མེད་དང་འདྲ། །དེ་ལ་དབང་པོ་རབ་འབྲིང་ཐ་མ་གསུམ། །རབ་ལ་འཇིག་རྟེན་བྱ་བ་སྤང་མི་དགོས། །འཇིག་རྟེན་བྱ་བ་ཉམས་ལེན་བསྲེ་ཞིང་བསྒོམ། །འདོད་ཡོན་མ་སྤངས་ལམ་དུ་ཁྱེར་བ་སྟེ། །རྒྱལ་པོ་ཨིནྡྲ་བོ་དྷི་ལྟ་བུ་ཡིན། །འབྲིང་ལ་འཇིག་རྟེན་བྱ་བ་ཕལ་ཆེར་སྤངས། །རབ་བྱུང་ངང་ཚུགས་བཟུང་ལ་ཉམས་སུ་ལེན། །བཟའ་བཏུང་ཟས་གོས་འབྱོར་པར་བྱ་བ་སྟེ། །རྒྱ་བོད་པཎ་གྲུབ་བླ་མ་ཕལ་ཆེར་ཡིན། །ཐ་མས་བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ། །ཆོས་དང་འཇིག་རྟེན་བྱ་བ་གཉིས་མི་ལྕོགས། །ཚེ་འདི་བློས་གཏང་ལྟོ་གོས་རྒྱབ་བསྐྱུར་བསྒོམ། །མི་ལ་རྒོད་ཚང་ལ་སོགས་རྣམ་ཐར་ཡིན། །དེ་གསུམ་གང་ལྟར་བྱེད་ཀྱང་གཉུག་བསྲིང་ན། །མི་བསྐྱུར་ཉམས་སུ་བླང་བས་ཉམས་རྟོགས་འཆར། །དེ་ཡང་གང་ཟག་ཁམས་དང་དབང་པོ་ཡིས། །གཅིག་ལ་འཆར་བ་ཀུན་ལ་མི་འཆར་ཏེ། །ལ་ལ་དད་ནས་ཉམས་རྟོགས་མཐོན་པོར་འཆར། །ལ་ལ་རེས་འཆར་རེས་ནི་ཐབས་རྡུགས་འབྱུང་། ། ལ་ལ་རིམ་པར་ཇེ་དྲག་ཇེ་དྲག་འཆར། །འོན་ཀྱང་ཤར་ལུགས་རིམ་གྱིས་བཤད་པར་བྱ། །དང་པོ་སེམས་ནི་སྐད་ཅིག་སྡོད་མི་ཉན། །གར་ཡང་རྒྱུག་ཅིང་མི་དྲན་དགུ་ཡང་དྲན། དེ་ཚེ་ལུས་གནད་བསྲང་ལ་ལྷོད་དེ་ཀློད། །གར་འགྲོ་བལྟས་ལ་རྒྱང་སོ་བཙུགས་པས་ནི། །ཚུར་ལ་འཁོར་ནས་ཅུང་ཟད་གནས་པ་འོང་། །གནས་དང་འགྱུ་བ་གཉིས་ཀ་ཞི་གནས་ཏེ། །ངོ་བོ་སྟོང་པར་རྟོགས་པ་ལྷག་མཐོང་ཡིན། །གནས་སམ་འགྱུ་འམ་སྟོང་པ་དེ་ཉིད་ནི། །དབྱེར་མེད་གཅིག་ཏུ་རྟོགས་ན་ཟུང་འཇུག་གོ །དེ་ལྟར་རྟོགས་ནས་ཉམས་སུ་ལེན་པའི་ཚེ། །རེས་འགའ་མེ་རེ་ཀྱི་ལེར་གནས་པའི་ཚེ། །འདི་ཉིད་རང་སེམས་རེད་སྙམ་དགའ་བ་སྐྱེ། །རེས་འགའ་མི་གནས་རླུང་ལྟར་འཚུབས་ཤིང་རྒོད། །བལྟས་ཀྱང་བལྟ་རྒྱུ་མི་རྙེད་བན་བུན་ཚུབས། །མ་རེད་འདི་ཡིན་མེད་སྙམ་ཞེ་མི་དགའ། །དེ་དུས་རྣམ་རྟོག་གང་ཤར་གཅིག་ངོས་བཟུང་། །དེ་ཉིད་གང་ནས་བྱུང་དང་གར་འགྲོ་དང་། །གར་གནས་བལ

【漢語翻譯】 歌之五。 唉瑪伙!如今小竅訣的宣講者甚多之故,略知一二者雖眾,然精於欺騙此生之顯現,耽於逸樂,不執無常死亡於心,故耽於略知一二者甚多。訣竅雖多,然仍羞於複習,不畏罪惡,行止劣於常人,聽聞訣竅反遭他人揭短,因無出離心禪修之根基故,雖知路口,不行則如不得覲見覺沃(指阿底峽尊者)等。彼有上中下三等根器,上等者無需捨棄世間俗務,將世間俗務融入修持而修,不捨欲樂而轉為道用,如國王因陀羅菩提等。中等者則多舍世間俗務,持出家之儀而修,衣食受用之事,多為印度和藏地的班智達上師。下等者,二心不能成事,無法兼顧佛法與世間俗務,捨棄此生,背棄衣食而修,如米拉日巴、郭倉巴等之傳記。彼三者無論如何行持,若能守護本性,不捨棄而修持,則能生起證悟。然彼亦依各人根器與能力而異,於一人顯現者,不一定於眾人皆顯現,有人因具信心而生起高深證悟,有人時而顯現時而方法拙劣,有人則次第漸增。然當次第講述顯現之方式,首先心念剎那不停留,四處遊蕩,不該想的想,該想的反而不想。此時身姿端正放鬆而坐,注視其去向,如設崗哨,則會返回而稍作停留。停留與遊動二者皆為寂止,證悟其本體為空性則為勝觀。停留或遊動或空性彼即是,若能證悟無別為一則為雙運。如是證悟后,于修持之時,有時如火星般閃爍,于停留之時,生起此即是自心之喜悅,有時不住如風般躁動,觀看亦無所見,一片混亂,生起非此非彼之不悅。彼時抓住任何生起之分別念,觀察彼從何處來,往何處去,於何處停留。

【英語翻譯】 Song Five. Emaho! Nowadays, due to the abundance of small instruction teachers, although many know a little bit, they are skilled at deceiving the appearances of this life, indulging in pleasure, and not holding impermanence and death in their hearts. Therefore, many are attached to just knowing a little bit. Although they receive many instructions, they are still ashamed to review them. They are not afraid of sin, and their behavior is worse than ordinary people. Receiving instructions is instead used by others to expose their shortcomings. Because they lack the foundation of renunciation meditation, although they know the crossroads, if they do not walk, it is like not being able to meet Jowo (referring to Atisha). There are three types of beings: superior, middling, and inferior. Superior beings do not need to abandon worldly affairs. They mix worldly affairs with practice and meditate. They do not abandon sensual pleasures but transform them into the path, like King Indrabodhi. Middling beings mostly abandon worldly affairs, maintain the conduct of a renunciate, and practice. The affairs of food, clothing, and possessions are mostly for Indian and Tibetan panditas and lamas. Inferior beings cannot accomplish anything with two minds. They cannot manage both Dharma and worldly affairs. They abandon this life, turn their backs on food and clothing, and meditate, like the biographies of Milarepa and Gotsangpa. No matter how these three act, if they can protect their nature, without abandoning it and practicing, then realization will arise. However, this also depends on each person’s disposition and abilities. What appears to one person may not appear to everyone. Some people develop deep realization due to faith, some sometimes appear and sometimes have clumsy methods, and some gradually improve. However, I will now explain the way of appearance step by step. First, the mind never stops for a moment. It wanders everywhere, thinking about what it shouldn’t think about, and not thinking about what it should think about. At this time, sit with your body straight and relaxed, watching where it goes, like setting up a sentry post, it will return and stay for a while. Both staying and moving are quiescence. Realizing its essence as emptiness is vipashyana. Staying, moving, or emptiness itself, if you realize that they are inseparable and one, then it is union. After realizing this, when practicing, sometimes it flickers like a spark. When it stays, joy arises, thinking that this is one’s own mind. Sometimes it does not stay, but is turbulent and wild like the wind. Even when looking, nothing can be seen, a chaotic mess, giving rise to displeasure, thinking that it is not this or that. At that time, grasp any arising thought, observe where it comes from, where it goes, and where it stays.

============================================================

================== 第 11 段 ================== 【原始藏文】 ྟས་པས་མི་རྙེད་སྟོང་པ་ཉིད། །དཔེར་ན་སྨྱུག་གཅིག་བཅད་ནས་བལྟས་པ་ན། །སྨྱུག་མ་ཐམས་ཅད་ནང་གི་སྟོང་པར་ཤེས། །དེ་བཞིན་རྣམ་རྟོག་གཅིག་ནི་སྟོང་། པར་རྟོགས། །རྣམ་རྟོག་ཐམས་ཅད་དེ་དང་འདྲ་བའི་ཕྱིར། །གནས་ན་དགའ་དང་འགྱུ་ན་མི་དགའ་མེད། །ཆུ་དང་ཆུ་རླབས་གཉིས་ལ་ཁྱད་མེད་ལྟར། །གནས་འགྱུ་ཁྱད་མེད་གང་ཤར་ངོ་བོ་བལྟ། །དེ་ཡང་རྒོད་ཅིང་འཚུབ་ན་ལུས་སེམས་ཀློད། །བྱིང་ཞིང་མི་གསལ་རྨུགས་ན་བསྒྲིམ་ལ་བལྟ། །དེ་ནས་སྐབས་ཤིག་འགྱུ་བ་ཉུང་དུ་འགྲོ། །མེ་རེ་ཀྱི་ལེ་གནས་ཞིང་རེས་འགའ་འཕྲོ། །འཕྲོས་ཀྱང་མྱུར་དུ་གནས་པའི་སྟེང་དུ་སླེབས། །དེ་ལ་གནས་པ་ཆགས་ཞེས་མིང་དུ་བཏགས། །དེ་ནས་ཉམས་ལེན་དེ་ཉིད་སྐྱོང་བའི་ཚེ། །ས་ལེ་སེང་ངེ་ཧྲིག་གེ་ཡེ་རེ་བ། །དཔེར་ན་མཚོ་ལ་རླབས་ཀྱིས་མི་གནོད་ལྟར། །འགྱུ་བ་ཅུང་ཟད་ཤར་ཡང་མི་གནོད་པ། །དེ་འདྲ་རེས་འབྱུང་རེས་ནི་མི་འབྱུང་ལ། །རེས་འགའ་བསྒོམ་ཞིང་ལུས་གནད་བཅས་ཀྱང་དཀའ། །རེས་འགའ་མ་སྒོམ་ན་ཡང་དེ་ལྟར་འཆར། །དེ་ནས་ལུས་བདེ་སེམས་བདེ་ཀྱི་ལེར་གནས། །འགྲོ་འདུག་སྤྱོད་ལམ་ཕལ་གྱིས་དེ་མི་གནོད། །སྒོམ་པར་འདོད་པའི་བྲོད་པ་དེ་ནས་རྙེད། །རེས་འགའ་རྨི་ལམ་དུ་ཡང་ཟིན་པར་འབྱུང་། །ང་ཡི་ཉམས་རྟོགས་བཟང་པོ་ཡིན་སྙམ་ན། །དེ་ ལ་ཆགས་ཞེན་འཛིན་པ་དམ་པོར་སྐྱེ། །དེ་ལ་ཆགས་ཞེན་མི་བྱ་ངོ་བོར་བལྟ། །རྣམ་པ་བདེ་དང་ངོ་བོ་སྟོང་པ་གཉིས། །དབྱེར་མེད་བདེ་སྟོང་ཕྱག་རྒྱ་ཆེན་པོ་འཆར། །ཆགས་ཤིང་ཞེན་ན་འདོད་ལྷར་སྐྱེ་བའི་རྒྱུ། །ལ་ལ་རྣམ་རྟོག་དགྲ་རུ་བལྟས་ནས་ནི། །ཅི་ཡང་མི་དྲན་པ་དེ་སྒོམ་ཡིན་སྙམ། །དེ་ནི་རྒྱ་ནག་ཧྭ་ཤང་ལྟ་བ་ཟེར། །ཅི་ཡང་མི་དྲན་ཐོམ་མེ་ལུས་པ་ནི། །འགོག་པ་ཆ་མཐུན་དུད་འགྲོར་སྐྱེ་བའི་རྒྱུ། །དྲན་རྒྱུ་ཡོད་ཀྱང་དྲན་ནི་མི་བཅུག་པར། །རྣམ་ཤེས་སྙིང་ཁར་བསྡུས་ནས་གནས་པ་ནི། །འགོག་པ་ཞེས་བྱ་ཉན་ཐོས་ལམ་ཡིན་ནོ། །དེ་ཕྱིར་འགྱུ་བ་ཆེད་དུ་མི་དགག་ཅིང་། །ཆེད་དུ་མི་སྤྲོ་གང་ཤར་ངོ་བོར་བལྟ། །བལྟས་པས་དངོས་པོ་ཅི་ཡང་མ་མཐོང་བ། །དེ་ཚེ་སྟོང་ཉིད་དོན་དམ་མཐོང་བ་ནི་ཡིན། །མ་མཐོང་ངང་ལ་མཐོང་རྒྱུ་མེད་པར་བལྟ། །རེས་འགའ་བལྟས་ཀྱང་མི་གསལ་བུན་ནེ་བ། །འགྱུ་བ་བན་བུན་འཚུབས་ཤིང་སྙིང་མི་དགའ། །སྒོམ་ལུགས་འདི་ཡང་རྐྱལ་གཏད་མེད་པ་འདྲ། །བསམ་པའི་ཐེ་ཚོམ་རྟོག་པ་འགའ་རེ་འོང་། །དེ་ཉིད་རྩུབ་ཉམས་ཡིན་པས་ངན་རྒྱུ་མེད། །ལུས་སེམས་ཀློད་ལ་ལྟ་སྟངས་ནམ་མཁར་གཏད། །ནམ་ མཁའ་སྔོ་སང་ར

【漢語翻譯】 以尋伺不得,是為空性。譬如砍斷一根竹子來觀察,得知所有竹子內部皆空。同樣,一個分別念被認知為空性,所有分別念都與此相同。安住不喜亦不憂,猶如水與波浪無差別。安住流動無差別,觀視任何顯現之自性。若心散亂,則放鬆身心;若昏沉不明,則應專注。之後,流動逐漸減少。有時如火星般閃現,有時會中斷。即使閃現,也會迅速回到安住的狀態。這被稱為安住的執著。之後,在修持此禪修時,會感到輕鬆自在、清明澄澈。例如,海浪不會傷害海洋,即使出現輕微的流動也不會造成損害。這種情況時而發生,時而不發生。有時即使禪修並保持身體姿勢也很困難,有時即使不禪修也會如此顯現。之後,身心舒適地安住。日常行為通常不會對此造成干擾。從那時起,會找到想要禪修的渴望。有時甚至會在夢中體驗到。如果認為「我的體驗和證悟是好的」,那麼就會產生強烈的執著和迷戀。不要執著於此,而要觀視其自性。現象是快樂,自性是空性,二者無別,顯現樂空大印。執著和迷戀是轉生為欲界天神的因。有些人視分別念為敵人,認為什麼都不想就是禪修。這被稱為中國和尚的見地。什麼都不想,呆滯地停留,是與阻斷相似,是轉生為畜生的因。明明可以憶念,卻不讓憶念生起,將意識收攝於心中而安住,這被稱為阻斷,是聲聞乘的道。因此,不要特意阻止流動,也不要特意鼓勵流動,觀視任何顯現之自性。通過觀視,如果什麼事物都未曾見到,那時就是見到空性勝義諦。在未見的狀態中,觀視沒有可見之物。有時即使觀視也不清晰,模模糊糊。流動昏沉散亂,內心不悅。這種禪修方式也像是沒有槳的劃水。會產生一些想法的懷疑和念頭。這本身就是粗糙的體驗,沒有壞處。放鬆身心,將目光投向天空。天空蔚藍而清澈。

【英語翻譯】 Emptiness is not found by searching. For example, when you cut a bamboo and look at it, you realize that all bamboos are empty inside. Likewise, one conceptual thought is realized as empty, all conceptual thoughts are the same as that. There is no joy in abiding, no displeasure in moving. Just as there is no difference between water and waves, there is no difference between abiding and moving, look at the nature of whatever arises. If it is wild and turbulent, relax the body and mind. If it is dull and unclear, look with focus. Then, the movement gradually decreases. Sometimes it flashes like a spark, sometimes it stops. Even if it flashes, it quickly returns to the state of abiding. This is called attachment to abiding. Then, when cultivating that practice, it is very easy and clear. For example, just as the ocean is not harmed by waves, it is not harmed even if a slight movement arises. Such things sometimes happen and sometimes do not. Sometimes it is difficult even to meditate and maintain the body posture, sometimes it appears like that even without meditating. Then, the body is comfortable and the mind is comfortable. Ordinary activities do not usually interfere with it. From then on, the desire to meditate is found. Sometimes it even happens in dreams. If you think, “My experience and realization are good,” then strong attachment and clinging arise. Do not be attached to that, but look at its nature. Appearance is bliss, and nature is emptiness, the two are inseparable, the great seal of bliss and emptiness arises. Attachment and clinging are the cause of being born as a desire realm god. Some people see conceptual thoughts as enemies and think that not thinking anything is meditation. That is called the view of the Chinese Heshang. Not thinking anything, staying dull, is similar to cessation, it is the cause of being born as an animal. Even though there is something to remember, not allowing the memory to arise, gathering the consciousness in the heart and abiding, that is called cessation, it is the path of the Hearers. Therefore, do not deliberately stop the movement, and do not deliberately encourage the movement, look at the nature of whatever arises. By looking, if nothing is seen, then that is seeing the ultimate truth of emptiness. In the state of not seeing, look at the absence of anything to see. Sometimes even when looking, it is not clear, it is vague. The movement is dull and turbulent, and the heart is not happy. This way of meditation is also like rowing without oars. Some doubts and thoughts arise in the mind. That itself is a rough experience, there is no harm. Relax the body and mind, and direct the gaze to the sky. The sky is blue and clear.

============================================================

================== 第 12 段 ================== 【原始藏文】 ང་སེམས་བསྲེས་ལ་བལྟ། །སེམས་ཀྱི་དྭངས་སྙིགས་ཕྱེད་དེ་གསལ་སྟོང་འཆར། །རེས་འགའ་གསལ་རིག་སྟོང་གསུམ་རྗེན་ལྷང་ངེ་། །རྟོགས་པ་མཐོན་པོ་ཡིན་སྙམ་ང་རྒྱལ་སྐྱེ། །སུས་ཀྱང་བློ་མི་འགྱུར་བའི་ངེས་ཤེས་སྐྱེ། །དེ་དུས་ངེས་ཤེས་ང་རྒྱལ་དབང་སོང་ན། །གཟུགས་ཁམས་ལྷ་ཡི་གནས་སུ་སྐྱེ་བའི་རྒྱུ། །གསལ་བའི་ངོ་བོ་བལྟས་པས་སྟོང་པ་ཉིད། །གསལ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོར་འཆར། །རེས་འགའ་ལུས་སེམས་ཐམས་ཅད་སྟོང་པ་ཉིད། །ཐམས་ཅད་སྟོང་པར་མཐོང་ནས་ཆོས་གཏམ་མཐོ། །ནམ་མཁའ་སྟོང་པར་ཅིས་ཀྱང་མི་གོས་ལྟར། །དགེ་སྡིག་ཕན་གནོད་ཡོད་དོ་མི་འདུག་སྙམ། །སྤྱོད་པ་རྩིང་ཞིང་དགེ་བ་མི་སྒྲུབ་ན། །སྟོང་ལྟ་ཧད་པོ་ངན་སོང་འགྲོ་བའི་རྒྱུ། །སྟོང་པ་ཉིད་ལ་ལྟ་ཉེས་དེ་ལ་ཟེར། །དེ་ལྟར་ཐམས་ཅད་སྟོང་པར་མཐོང་ན་ཡང་། །ངོ་བོ་སྐྱོང་ཞིང་རྒྱུ་འབྲས་བླང་དོར་འབད། །དེ་ལྟར་ཉམས་ཀྱི་རིམ་པ་དེ་དག་ཀྱང་། །ཡུན་རིང་གནས་དང་ཐུང་ངུར་ཡལ་བ་སོགས། །གཅིག་ཏུ་མི་སྡོད་ནམ་མཁའ་འགྱུར་ལྡོག་འདྲ། །དེ་ནས་རྣམ་རྟོག་ཉུང་དུ་མ་སོང་ཡང་། །རྣམ་རྟོག་མང་ ཡང་སྒོམ་ལ་མི་གནོད་པ། །མཚོ་ལ་ཆར་པ་བབ་བཞིན་སྒོམ་དུ་འཆར། །དེ་ནས་བསྐྱེད་རྫོགས་རེས་འཇོག་མི་དགོས་ཏེ། །ཉམས་ལེན་སྟོང་པའི་རྩི་དང་མ་བྲལ་བར། །རང་ལུས་ཡི་དམ་ཐུགས་རྗེ་ཆེན་པོའི་སྐུ། །ནམ་མཁའ་ལ་ནི་འཇའ་ཚོན་ཤར་ལྟར་བསྒོམ། །ཡི་གེ་དྲུག་པོ་གོང་བས་ཐོས་ཙམ་བཟླ། །གསུམ་ཀ་མི་ཤོལ་ཉམས་ལེན་བདེ་བ་ཡིན། །སྒོམ་པའི་དུས་ཀྱང་དཀའ་ཚེགས་མེད་པ་རུ། །དྲན་པ་ཙམ་ནས་ཉམས་ལེན་སྟེང་དུ་སླེབས། །དེ་ལ་ཉམས་ལེན་སྐྱོང་བདེ་ཞེས་བྱའོ། །དེ་ན་ས་རྡོ་རི་བྲག་ལ་སོགས་པ། །བལྟས་པས་ཐམས་ཅད་ན་བུན་ཇི་བཞིན་དུ། །སོ་སོར་གསལ་ཡང་ངོ་བོ་སྟོང་པར་མཐོང་། །སེམས་དང་ནམ་མཁའ་དབྱེར་མེད་གཅིག་འདྲེས་ནས། །ནམ་མཁས་གར་ཁྱབ་སེམས་ཀྱིས་ཁྱབ་སྙམ་བྱེད། །ཐམས་ཅད་སེམས་ཡིན་སེམས་ལ་ངོ་བོ་མེད། །ཅི་ཡང་མེད་པའི་སྟོང་ཉིད་ཡིན་སྙམ་བྱེད། །ཡོད་པ་མ་ཡིན་དངོས་པོ་རྡུལ་ཙམ་མེད། །མེད་པ་མ་ཡིན་སྣ་ཚོགས་ཅིར་ཡང་འཆར། །ཡོད་མིན་མེད་མིན་གཅིག་ནི་ཡིན་སྙམ་བྱེད། །དེ་དག་འཛིན་པ་དམ་པོས་བཅིངས་ན་ནི། །གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ་བ་ སྟེ། །གང་ལའང་འཛིན་པའི་ངེས་ཤེས་མི་བྱ་བར། །འཛིན་མེད་གང་ཤར་ངོ་བོར་ལྷུག་གེར་བལྟ། །དེ་ནས་བལྟ་རྒྱུ་ལྟ་མཁན་གཅིག་ཏུ་འདྲེས། །འདི་བལྟ་དེ་ལྟ་འདི་སྒོམ་དེ་བསྒོམ་མེད། །འདི་ཡིན་དེ་ཡིན་མེད་པའི་ཐ་མལ་

【漢語翻譯】 我觀照內心。 心的清濁得以分辨,顯現光明與空性。 有時光明、覺性和空性三者赤裸顯現。 自以為證悟高深,生起我慢。 生起無人能改變我心之確信。 那時若確信被我慢掌控, 則成為轉生色界天處的因。 觀照光明的自性,即是空性。 光明與空性雙運,顯現大手印。 有時身心一切皆是空性。 見到一切皆空,高談闊論佛法。 如同虛空無法被任何事物沾染一般, 心想善惡、利害有或沒有都一樣。 若行為粗暴,不修善法, 空性之見成了愚昧,是墮入惡道的因。 這就是所謂的對空性之見產生錯誤。 即使如此見到一切皆空, 也要守護自性,努力取捨因果。 像這樣修行的次第, 有時長久,有時短暫消失等等, 不會停留在一個狀態,如同天空變化無常。 之後,即使念頭沒有減少, 念頭再多也不會妨礙禪修。 如同雨水落入大海,禪修自然顯現。 之後,不必交替修習生起次第和圓滿次第, 修持不離空性的精髓。 觀想自身為本尊大悲尊之身, 如同彩虹顯現在空中。 唸誦六字真言,僅憑聽聞也能唸誦。 三者不分離,是安樂的修持。 禪修之時也毫無困難, 僅是憶念就能進入修持。 這被稱為易於修持。 那時,土地、石頭、山巖等等, 看起來都像霧氣一般, 雖然各自清晰,但見到其自性是空性。 心與虛空無別,融為一體, 心想虛空遍佈之處,心也遍佈。 一切皆是心,心無自性。 心想一切皆是無所有的空性。 不是有,沒有絲毫實物。 不是無,卻顯現種種。 心想非有非無,是唯一。 若以執著緊緊抓住這些, 則會迷失在無色界四處。 不要對任何事物產生執著的定解, 對無執著所顯現的一切,自然地觀照。 之後,所觀與能觀融為一體。 沒有這個觀,那個觀,這個修,那個修。 沒有這個是,那個是,處於平凡之中。

【英語翻譯】 I contemplate the mind. The clarity and turbidity of the mind are distinguished, revealing luminosity and emptiness. Sometimes luminosity, awareness, and emptiness appear nakedly. Thinking I have profound realization, pride arises. Certainty arises that no one can change my mind. At that time, if certainty is dominated by pride, It becomes the cause of being born in the realm of form, the abode of the gods. Looking at the essence of luminosity, it is emptiness itself. The union of luminosity and emptiness manifests as the Great Seal. Sometimes the entire body and mind are emptiness. Seeing everything as empty, I speak loftily of Dharma. Just as the empty sky cannot be stained by anything, I think that good and bad, benefit and harm, are the same whether they exist or not. If behavior is coarse and virtuous deeds are not performed, The view of emptiness becomes foolishness, the cause of falling into the lower realms. This is what is called a mistaken view of emptiness. Even seeing everything as empty in this way, One must protect the essence and strive to adopt and abandon cause and effect. Like this, the stages of experience, Sometimes lasting long, sometimes disappearing briefly, etc., Do not stay in one state, like the changing sky. After that, even if thoughts do not decrease, Even if there are many thoughts, it does not hinder meditation. Like rain falling on the ocean, meditation naturally arises. After that, there is no need to alternately practice the generation stage and the completion stage, Practice without separating from the essence of emptiness. Visualize one’s own body as the form of the deity Great Compassionate One, Like a rainbow appearing in the sky. Recite the six-syllable mantra, reciting it just by hearing it. The three do not separate, it is a blissful practice. Even the time of meditation is without difficulty, Just by remembering, one arrives at the practice. This is called easy to practice. At that time, earth, stones, mountains, rocks, etc., When looked at, everything is like mist, Although each is clear, one sees that their essence is emptiness. Mind and sky are inseparable, merging into one, Thinking that where the sky pervades, the mind also pervades. Everything is mind, mind has no essence. Thinking that everything is emptiness without anything. It is not existence, there is not even a particle of substance. It is not non-existence, yet all sorts of things appear. Thinking it is neither existence nor non-existence, it is one. If one clings tightly to these with attachment, One will be lost in the four realms of the formless realm. Without making a definite decision of clinging to anything, Look naturally at the essence of whatever arises without clinging. After that, the object of observation and the observer merge into one. There is no this to observe, that to observe, this to meditate, that to meditate. There is no this is, that is, being in ordinariness.

============================================================

================== 第 13 段 ================== 【原始藏文】 འདྲ། །རེས་འགའ་ཐ་མལ་ཉིད་དུ་བཞག་པ་ལས། །གང་ཡང་བྱ་རྒྱུ་ཟད་པའི་དུས་ཞིག་འབྱུང་། །སྔར་གྱི་བདེ་གསལ་མི་རྟོག་དེ་ཡང་མེད། །ཐོས་པ་ཆུང་བས་ང་ཡི་སྒོམ་བོར་སྙམ། །སྔར་ལྟར་ཨེ་འོང་ཚད་ཀྱང་མི་འབྱུང་སྡུག །ཧམ་པ་ཆེ་ན་སྒོམ་མེད་ཡིན་ནམ་སྙམ། །དེ་ནི་ངོ་བོ་མཐོང་བ་ཞེས་བྱ་སྟེ། །ཐ་མལ་ཤེས་པ་རྗེན་པ་རྟོགས་པ་ཡིན། །ཆོས་ཀུན་རང་གི་སེམས་སུ་ཐག་ཆོད་ཅིང་། །སེམས་ནི་སྟོང་ཉིད་སྨྲ་བསམ་བརྗོད་དང་བྲལ། །མ་བཅོས་རང་གར་བཞག་པ་མ་གཏོགས་པ། །བྱ་རྒྱུ་མེད་ཀྱང་སྐབས་སུ་ཡེངས་བའི་དུས། །རང་ངོ་མི་མཐོང་ཐ་མལ་འཁྲུལ་པར་འཆོར། །ཡེངས་འདུག་སྙམ་དུ་འགྱོད་སེམས་དྲན་པས་ཟིན་། དྲན་པས་མ་ཟིན་བར་དུ་ཐ་མལ་པ། །དྲན་པས་ཟིན་ཙམ་ཉམས་ལེན་ཉིད་དུ་འཆར། །འདི་དུས་དྲན་པས་ཡང་ཡང་གསལ་འདེབས་བྱ། །ལྟ་སྟངས་ཡང་ཡང་བྱས་ པས་གསལ་ཆ་ཆེ། །རེས་འགའ་རྩེ་གཅིག་དབེན་པར་བསྒོམ་པ་དང་། །རེས་འགའ་སྤྱོད་ལམ་ཀུན་ཏུ་བསྲེ་ཞིང་བསྒོམ། །འདི་ནས་མདོ་རྒྱུད་གྲུབ་ཐོབ་གསུངས་རྣམས་ཀུན། ། །དཔེ་ཆ་བལྟས་པས་སེམས་ངོ་འཕྲོད་པ་འོང་། །བརྩོན་འགྲུས་ཆེ་ན་རྨི་ལམ་ཡང་ཡང་ཟིན། །བརྩོན་འགྲུས་ཆུང་ན་ཟིན་གྲངས་ཉུང་དུ་འགྲོ། །དེ་ནས་ཕྱི་རོལ་སྣོད་བཅུད་ཐམས་ཅད་ཀུན། །རྣམ་པ་སོ་སོར་མ་འདྲེས་གསལ་ན་ཡང་། །ངོ་བོ་ཆབ་རོམ་ཆུ་རུ་ཞུ་བ་ལྟར། །ཐམས་ཅད་སྟོང་ཉིད་སེམས་དང་དབྱེར་མེད་འདྲེས། །སྒོམ་པའང་སེམས་ཡིན་མ་བསྒོམས་པ་ཡང་སེམས། །སེམས་ནི་ཡེ་ནས་མ་གྲུབ་སྟོང་པ་ཉིད། །སྒོམ་དང་མ་བསྒོམས་ཡེངས་དང་མ་ཡེངས་སོགས། །ཁྱད་མེད་ཡེ་ནས་སྟོང་ཉིད་གནས་ཤིང་རྟོགས། །སངས་རྒྱས་ཀུན་གྱི་ཐུགས་དང་འགྲོ་དྲུག་སེམས། །ཡེ་ནས་ངོ་བོ་དབྱེར་མེད་སྟོང་པ་ཉིད། །ལྟ་བ་འཁོར་འདས་དབྱེར་མེད་དོན་དེ་ནི། །དཔེ་རྒྱུད་བལྟས་དང་བླ་མས་གསུངས་པ་ཡི། །གོ་བ་སྐམ་པོ་མིན་པ་རང་རྒྱུད་ལ། །ནང་ནས་ཚུར་ལ་འཆར་བ་འགྱུ་བ་ཡིན། །དེ་ཙམ་བྱུང་ན་རྟོགས་ལྡན་མིང་ཐོགས་ཙམ། །དེ་ཙམ་མཐོན་པོ་ཡིན་པར་མི་སེམས་ ཏེ། །རང་ཉམས་ཤར་ཚོད་ཕན་པའི་སེམས་ཀྱིས་བཤད། །གསང་སྒྲོག་གྱུར་ན་ལྷ་དང་བླ་མ་བཤགས། །དེ་ཡན་ཕྱིན་མ་མྱོང་བའི་རྣ་ཐོས་ཀྱི། །ས་རྒྱུས་འདོད་ན་དཔེ་རྒྱུད་རྣམས་ལ་ལྟོས། །དེ་ལྟར་ཟག་བཅས་ཟག་མེད་དགེ་བ་རྣམས། །དཔེར་ན་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟར། །འཁོར་གསུམ་ཡང་དག་བསྔོ་བས་རྒྱས་འདེབས་གཅེས། །འཁོར་གསུམ་ཡོངས་དག་བཤད་ལུགས་མང་ན་ཡང་། །ཉམས་ལེན་དེ་ཡི་ངང་ནས་བསྔོ་བས་མཐུས། །སྐྱེ་བ་སླ་ཞིང་ཕན་ཡོན་ར

【漢語翻譯】 相似啊! 有時安住于平凡之中, 也會有無事可做的時刻到來, 之前的樂明無念也消失了。 因為聽聞太少,我以為我的禪修退步了, 像以前一樣的情況是否會再來,也無法確定,真糟糕! 我想,是否因為貪心太大,所以沒有禪修了呢? 那被稱為見到自性, 是對赤裸的平凡覺知的證悟。 一切法都在自己的心中得到決斷, 心是空性,離言思表達。 除了不作偽飾,自然安住之外, 雖然無事可做,但有時也會有散亂的時候, 不能見到自性,而迷失於平凡的錯覺中。 以為自己散亂了,而生起後悔之心,被念頭佔據。 在沒有被念頭佔據之前是平凡的, 一旦被念頭佔據,就顯現為修持。 此時要用念頭再三地提醒自己, 再三地觀察,就會更加清晰。 有時專注一境,在寂靜處禪修, 有時在一切行住坐臥中融合禪修。 從這裡,一切經續和成就者所說的一切, 通過看書就能領悟心性。 如果精進,就能常常記住夢境, 如果不精進,記住的次數就會減少。 之後,所有外在的器情世界的一切, 雖然各種顯現各自清楚而不混雜, 但其本體就像冰塊融化成水一樣, 一切都是空性,與心無別地融合。 禪修也是心,不禪修也是心, 心本來就沒有成立,是空性。 禪修和不禪修,散亂和不散亂等等, 沒有差別,本來就安住並證悟空性。 一切佛的意和六道眾生的心, 本來本體無別,是空性。 見解,輪涅無別的那個意義, 不是看了書和上師所說的, 乾燥的理解,而是從自己的相續中, 從內心生起和涌現的。 只要能做到這樣,就只是獲得了「證悟者」的名稱, 不要認為這樣就很了不起, 只是用自己體驗到的少許覺受,以利益他人的心來講述。 如果泄露了秘密,就要向本尊和上師懺悔。 在此之上,如果想要獲得沒有經歷過的耳聞的, 基礎知識,就去看經書吧。 這樣,有漏和無漏的善根, 就像用韁繩調轉馬頭一樣, 珍愛以三輪清凈迴向來增廣。 雖然三輪清凈的說法有很多, 但以修持的自性來回向的力量, 容易獲得轉生,並且利益增

【英語翻譯】 It’s similar! Sometimes, while resting in ordinariness, a time comes when there is nothing to do. The previous bliss, clarity, and non-conceptuality also disappear. Because of little learning, I think my meditation has declined. Whether the previous state will return is also uncertain, which is terrible! I wonder if it’s because I’m too greedy that I don’t have meditation? That is called seeing the nature, it is the realization of naked ordinary awareness. All dharmas are decided in one’s own mind, and the mind is emptiness, beyond words, thoughts, and expression. Apart from resting naturally without artifice, although there is nothing to do, there are times when one becomes distracted. One cannot see one’s own nature and falls into the illusion of ordinariness. Thinking that one is distracted, remorse arises and one is seized by thoughts. Before being seized by thoughts, one is ordinary; once seized by thoughts, it appears as practice. At this time, one should repeatedly remind oneself with mindfulness, and repeatedly observe, which will become clearer. Sometimes one meditates single-pointedly in solitude, and sometimes one integrates meditation into all activities. From here, all the sutras, tantras, and the words of the accomplished ones, one can understand the nature of mind by reading books. If one is diligent, one will often remember dreams; if one is not diligent, the number of times one remembers will decrease. After that, all the external world of containers and contents, although various appearances are clear and unmixed, their essence is like ice melting into water, everything is emptiness, inseparably merged with the mind. Meditation is also mind, non-meditation is also mind, mind is originally unestablished, it is emptiness. Meditation and non-meditation, distraction and non-distraction, etc., are without difference, emptiness abides and is realized from the beginning. The mind of all Buddhas and the minds of the six realms of beings are originally inseparable in essence, they are emptiness. The view, the meaning of samsara and nirvana being inseparable, is not the dry understanding from reading books and the words of the lama, but arises and flows from within one’s own continuum. If one can do just that much, one has only obtained the name of “realizer.” Don’t think that this is so great, just speak with a mind of benefiting others, based on the small amount of experience one has. If one reveals secrets, one must confess to the deity and lama. Beyond that, if you want to obtain the basic knowledge of what you have not experienced through hearing, then look at the scriptures. Thus, all virtuous deeds, with outflows and without outflows, are like turning the horse’s head with reins, cherish increasing them with the pure dedication of the three spheres. Although there are many ways to explain the purity of the three spheres, by the power of dedicating from the nature of that practice, it is easy to obtain rebirth and benefits increas

============================================================

================== 第 14 段 ================== 【原始藏文】 ྒྱ་ཆེ་བ། །བདེ་བ་ཅན་དུ་སྐྱེ་བའི་བསྔོ་སྨོན་མཛོད། །སྐྱེའམ་མི་སྐྱེ་སྙམ་པའི་ཐེ་ཚོམ་སྤངས། །སྐྱེ་བར་ངེས་པ་སངས་རྒྱས་སྨོན་ལམ་ཡིན། །ནམ་ཞིག་བར་དོར་འཁྱམས་པར་ངོ་ཤེས་ཚེ། །ཞིང་ཁམས་དེ་རུ་འགྲོ་བར་ཐག་ཆོད་པའི། །ད་ལྟའི་དུས་ནས་ཡིད་ལ་དུང་ངེ་མཛོད། །བར་དོ་དྲན་མ་ཐག་ནས་སླེབ་པ་ཡིན། །ཉམས་འཆར་ལུགས་གེགས་སེལ་གྱི་གླུ་སྟེ་དྲུག་པའོ།། །།བླ་མ་རང་སེམས་ངོ་བོ་དབྱེར་མེད་ཅིང་། །སྟོང་ཉིད་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཀྱང་། །རིག་རྩལ་མ་འགགས་བླ་མ་འོད་དཔག་མེད། །སྤྱི་བོར་བསྒོམ་ལ་གསོལ་བ་བཏབ་ པས་ན། །བྱིན་རླབས་ཤུགས་ཀྱིས་རྟོགས་པ་བོགས་སྐྱེད་འོང་། །དེ་ཕྱིར་བླ་མའི་རྣལ་འབྱོར་རྒྱུན་དུ་བསྒོམ། །ཡི་དམ་རང་སེམས་སྣང་ཆ་ཡིན་རྟོགས་ཀྱང་། །རང་ལུས་ཡི་དམ་ཐུགས་རྗེ་ཆེན་པོའི་སྐུ། །སྣང་སྟོང་དབྱེར་མེད་བསྒོམ་ལ་ཡིག་དྲུག་བཟླ། །གཟུགས་སྐུའི་ས་བོན་ཐོབ་པའི་རྟེན་འབྲེལ་དང་། །བསྐྱེད་རྫོགས་ཟུང་འཇུག་གསང་སྔགས་བསྟན་པ་ཡིན། །འགྲོ་དྲུག་སེམས་ཅན་རང་བཞིན་མ་གྲུབ་ཀྱང་། །མ་གཏོགས་འཁོར་བར་འཁྱམས་པའི་སེམས་ཅན་ལ། །ཤུགས་འབྱུང་བྱམས་དང་སྙིང་རྗེ་ཆེན་པོ་ཡིས། །འགྲོ་དྲུག་སེམས་ཅན་སྡིག་དང་སྡུག་བསྔལ་ཀུན། །རླུང་གིས་རྔུབས་ལ་ཐམས་ཅད་རང་ལ་བསྟིམ། །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བསྒོམ། །རང་གི་བསོད་ནམས་དགེ་རྩ་ཅི་ཡོད་པ། །དབུགས་ཕྱིར་བཏང་དང་མཉམ་དུ་འགྲོ་ལ་བསྟིམ། །འགྲོ་ཀུན་བདེ་སྐྱིད་ཚད་མེད་ཐོབ་པར་བསྒོམ། །སངས་རྒྱས་ཐོབ་པའི་ཐབས་ལ་མེད་ཀ་མེད། །བཏང་ལེན་དམིགས་པ་ཟབ་ཆོས་སྙིང་པོ་ཡིན། །སྔ་དྲོ་དགོང་མོ་སཱུརྱའི་འོད་ཟེར་ལ། །ཟིམ་བུར་ཙཀྟས་བལྟས་པས་འཇའ་འོད་ཟེར། །ཐིག་ལེ་ཐིག་ཕྲན་ཡིག་འབྲུ་ལྷ་སྐུ་འཆར། །དེ་ དང་ཉམས་ལེན་སེམས་ངོ་བསྲེས་ལ་བལྟ། །གསལ་སྟོང་ཟུང་འཇུག་ལོངས་སྐུའི་ཞིང་ཁམས་མཐོང་། །ལྟ་བ་ཡིད་དཔྱོད་ཙམ་དུ་མ་ལུས་པའི། །མངོན་སུམ་བལྟ་ཆོག་རྫོགས་ཆེན་ཟབ་གནད་ཡིན། །བོགས་འདོན་གྱི་གླུ་སྟེ་བདུན་པའོ།། །།ཨེ་མ་ཧོ། བླ་མ་བསྟེན་ཅིང་དམ་ཆོས་བྱས་པའི་དོན། །འཆི་དུས་འདི་བྱེད་ཁྲིག་གེར་ཡོད་པ་དགོས། །དེ་མིན་དགྲ་བྱུང་བློ་སྟོར་ཅི་ཆ་མེད། །ནམ་འཆི་ཆ་མེད་རྒྱུན་དུ་ཡིད་ལ་བཞག །ཆགས་པ་ཆེ་ཆུང་མེད་པར་ཆགས་ན་འཆིང་། །ལྷན་ཅིག་སྐྱེས་པའི་ཤ་རུས་བསྒྱུར་དགོས་ན། །གཉེན་དང་ནོར་ལ་ཆགས་པ་སེམས་མེད་རང་། །གཉེན་དང་ཉེ་དུ་ནོར་རྫས་རང་ལུས་བཅས། །བླ་མ་དཀོན་མཆོག་གསུམ་ལ་ཡིད་ཀྱིས་ཕུལ། །འབ

【漢語翻譯】 偉大啊!發起往生極樂世界的祈願吧!斷除是否能往生的疑慮,確定能往生是佛陀的願力。當某時在中有漂泊時,下定決心前往那個凈土,從現在開始心中牢記不忘,一旦憶起中有立刻就能到達。這是修行顯現障礙消除之歌第六首。

上師與自心體性無別,空性法界中味一體,覺性力量不滅上師無量光,于頭頂觀想並祈禱,因加持力證悟迅速增長,因此上師瑜伽應當恒常修持。了知本尊是自心的顯現,自身即是本尊大悲尊之身,觀想顯空無別並持誦六字真言,這是獲得色身種子的緣起,是生圓雙運密咒的教法。六道眾生雖然自性不成立,但對於不得不于輪迴中漂泊的眾生,以自然生起的大慈大悲,將六道眾生的罪惡與痛苦,以風吸入並全部融入自身,觀想一切眾生遠離痛苦,將自己所有的福德善根,隨著呼氣一同融入眾生,觀想一切眾生獲得無量安樂,這是獲得佛果不可或缺的方法,施受法是甚深佛法的精髓。早晨傍晚在太陽的光芒中,以微弱的目光注視,便會顯現彩虹光芒,光點光線文字本尊身像顯現,將此與修行的心性融合而觀,便能見到明空雙運報身凈土,這不是僅停留在見解思辨上的,而是能夠親眼目睹的大圓滿甚深要訣。這是增長覺受之歌第七首。

唉瑪吙!依止上師並修持殊勝佛法的意義,在於臨終時能夠坦然面對。否則,若有外敵入侵,心神錯亂,將不知所措。由於不知何時會死去,故應時常謹記於心。無論貪戀之情是大是小,只要有貪戀就會被束縛。如果需要轉化俱生之血肉,那麼對親友和財富的貪戀,就如同無心之人一般。將親友、眷屬、財物以及自己的身體,都以意念供養給上師三寶。

【英語翻譯】 Great! Make aspirations to be born in Sukhavati! Abandon doubts about whether you will be born there or not. Certainty of being born comes from the Buddha’s aspiration. When you recognize that you are wandering in the bardo, resolve to go to that pure land. From now on, keep it vividly in your mind. As soon as you remember the bardo, you will arrive. This is the sixth song of clearing away obstacles in the arising of experiences.

Since the nature of the lama and your own mind are inseparable, and they are of one taste in the emptiness, the realm of Dharma, the unobstructed awareness is Lama Amitabha. By meditating on him at the crown of your head and praying, realization will increase through the power of blessings. Therefore, always meditate on the yoga of the lama. Although you realize that the yidam is a manifestation of your own mind, your own body is the form of the yidam, the Great Compassionate One. Meditate on appearance and emptiness as inseparable and recite the six-syllable mantra. This is the auspicious connection for obtaining the seed of the form body, and it is the teaching of the secret mantra of the union of generation and completion stages. Although the nature of the six types of sentient beings is not established, out of great love and compassion that arises spontaneously for sentient beings who must wander in samsara, inhale the sins and sufferings of the six types of sentient beings with your breath and dissolve them all into yourself. Meditate on all sentient beings being free from suffering. Whatever merit and virtue you have, exhale it along with your breath and dissolve it into beings. Meditate on all beings obtaining immeasurable happiness. This is an indispensable method for attaining Buddhahood. Giving and taking is the essence of the profound Dharma. In the morning and evening, gaze at the rays of the sun with dim eyes, and rainbows of light will appear. Drops, particles, letters, and the forms of deities will appear. Blend this with the practice of recognizing the nature of mind and look. You will see the Sambhogakaya pure land of clarity and emptiness inseparable. This is not just remaining in intellectual speculation, but it is the profound key point of Dzogchen that allows you to see directly. This is the seventh song of increasing experience.

Emaho! The meaning of relying on the lama and practicing the sacred Dharma is that you must be ready to face death. Otherwise, if an enemy appears and your mind is lost, you will be at a loss. Since you do not know when you will die, always keep it in mind. Whether attachment is big or small, if you are attached, you will be bound. If you need to transform your innate flesh and bones, then attachment to relatives and wealth is like being without a mind. Offer your relatives, friends, wealth, possessions, and your own body to the lama and the Three Jewels with your mind.

============================================================

================== 第 15 段 ================== 【原始藏文】 ུལ་བ་ཚར་ནས་བདག་པོ་མེད་པ་ལྟར། །སུས་ཁྱེར་སུས་བདག་ཡིད་ལ་འཕྲེང་དོན་མེད། །རང་ལུས་ཡི་དམ་ཐུགས་རྗེ་ཆེན་པོར་བསྒོམ། །སྤྱི་བོར་བླ་མ་དཀོན་མཆོག་ཀུན་འདུས་པ། །འོད་དཔག་མེད་མགོན་བསྒོམ་ལ་གསོལ་བ་བཏབ། །བུ་ག་བརྒྱུད་པོ་ཧྲཱིཿཡིག་རེ་རེས་བཀག །ལུས་དབུས་དབུ་མ་མདའ་སྨྱུག་འབྲིང་པོ་ཙམ། །སྙིང་དབུས་རང་སེམས་ ཧྲཱིཿཡིག་དཀར་པོ་ཞིག །ཡར་སྤར་འོད་དཔག་མེད་པའི་ཐུགས་ཀར་བསྟིམ། །དེ་འདྲའི་དམིགས་པ་བརྒྱའམ་ཉེར་གཅིག་ཙམ། །དེ་ནས་ཡིད་ལ་ཅི་ཡང་མི་བསམ་པ། །ཉམས་ལེན་སེམས་ངོའི་སྟེང་དུ་ས་ལེར་བཞག །སྣང་མཆེད་ཐོབ་གསུམ་ཐིམ་རིམ་ཅི་ཤར་ཡང་། །སོ་སོར་འདི་ཡིན་ངོས་བཟུང་བྱ་མི་དགོས། །རང་སེམས་མིན་པར་ཅི་ཡང་འཆར་རྒྱུ་མེད། །གང་ཤར་དེ་ཡི་ངོ་བོ་ཉིད་ལ་བལྟ། །ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་ཙམ། །གཞི་ཡི་འོད་གསལ་སྤྲིན་མེད་ནམ་མཁའ་ལྟར། །ཚུར་ལ་འཆར་དུས་དེ་ཡི་ངང་ལ་བཞག །ཡུན་རིང་གནས་ན་ཐུགས་དམ་ཟིན་པ་ཡིན། །རྟགས་ནི་མདོག་ལེགས་མིག་ནི་ཟིམ་བུ་འདྲ། །ཁ་ཡང་འཛུམ་པ་འདྲ་ན་ཟིན་པར་བཤད། །ཙོག་པུ་སྐྱིལ་ཀྲུང་སེང་གེའི་ཉལ་སྟབས་སོགས། །གདུང་གཡོག་པ་ཡིས་གང་བྱུང་མ་གཏོགས་པ། །དོན་ལ་ཉལ་དང་ལངས་ལ་ཁྱད་པར་མེད། །གལ་ཏེ་མ་ཟིན་པའམ་འགྲོག་ན་ཡང་། །འཆི་ཁར་འཕོ་བའི་དམིགས་པ་བྱས་པ་དེས། །རྣམ་ཤེས་ཚངས་བུག་ཐོན་པས་ཕན་ཡོན་ཆེ། །ཆོས་སྐུའི་འཕོ་བ་ཐུགས་དམ་དོན་གཅིག་པས། །གཉིས་མི་འགལ་འདི་གནོད་ཆེ་བརླིང་བ་ ཡིན། །དེ་ནས་བར་དོར་འཁྱམས་པར་གྱུར་ན་ཡང་། །གང་ཤར་དེ་ཡི་ངོ་བོར་བལྟས་པ་ཡིས། །རང་སེམས་འཁྲུལ་པའི་སྟོང་གཟུགས་ཉིད་ལས་གཞན། །ཞི་བ་ཁྲོ་བོ་གཤིན་རྗེ་གཅིག་ཀྱང་མེད། །དེ་ནས་སྐྱེ་བ་ལེན་པའི་གྲབས་བྱུང་ན། །འཁོར་བ་ཐོག་མ་མེད་ནས་ད་ལྟའི་བར། །རིགས་དྲུག་སྐྱེ་བ་རྫི་བོའི་རེས་ལྟར་འཁོར། །སྐྱེ་རྒ་ན་འཆི་འཕྲེང་རྡོག་བཞིན་དུ་བསྒྲངས། །དེས་ན་འཁོར་བར་སུན་དྲག་ཞེ་བཅད་དྲག །ངན་སོང་སྡུག་བསྔལ་དེ་ནི་བསམ་མི་ཚུགས། །ལྷ་དང་མི་ཡང་སྐྱེ་འཆིའི་འཁོར་ལོར་འཁོར། །ད་ནི་སྡུག་བསྔལ་ཀུན་བྲལ་བདེ་བའི་གནས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །འོད་དཔག་མེད་ལ་དམ་ཆོས་ཉན་དུ་འགྲོ། །བསམས་པར་བྱས་ཏེ་མ་ཆགས་ཞེན་སྤངས་ལ་འགྲོ། །ད་ལྟ་བཞིན་དུ་གོམ་པས་འགྲོ་མི་དགོས། །བྱ་བཞིན་གཤོག་པས་འཕུར་ཡང་མི་དགོས་ཏེ། །ཡིད་ཀྱི་ལུས་དེས་དྲན་མ་ཐག་ནས་སླེབ། །དེ་སྐྱེས་གཏན་དུ་བདེ་ཞིང་སྡུག་བསྔལ་མེད། །འགྲོ་བ་སེམས་ཅན་དོན་ཡང་འབྱུང་བ

【漢語翻譯】 如物壞滅無有主,誰取誰有莫思量。自身觀為本尊大悲尊,頂上觀想上師三寶總集身,祈請無量光怙主。孔道以(藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍)字一一遮止。身中脈如箭桿中等粗,心間自心(藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍)字白色。向上移至無量光佛心間融,如是觀想百或二十一。此後心中一概不思量,修法安住於心性上。顯現增盛得三次第任顯現,莫作此為此之分別想。非是自心之外無有他顯現,觀視所顯現之自性。外氣斷絕內氣未斷時,如基光明無雲晴空般,還復顯現安住于彼性。若能久住即是得堅固,相為容色佳眼半閉,口含微笑即說為得驗。跏趺蹲踞獅子臥勢等,除為病所逼迫之外,實則臥與立無有差別。若未得驗或散亂時,臨終作遷識之觀想,以識從梵穴出利益大。法身遷識與修法義一故,二者不相違此乃極堅固。此後縱然漂泊于中陰,以觀視所顯現之自性,除自心迷亂之空相外,寂靜忿怒閻羅一亦無。此後若生準備取生時,輪迴無始至今時,六道輪迴如牧童輪番。生老病死如念珠般數,因此厭離輪迴心決斷。惡趣痛苦實難思,天人亦于生死輪中轉。今往離苦安樂處,西方極樂世界剎土中,往詣無量光前聽聞正法。如是思已莫貪執捨棄而往,不需如常以足行,亦不需如鳥以翼飛,以意生身才一憶念即至。彼生恒常安樂無痛苦,亦能成辦有情利

【英語翻譯】 Like things that are destroyed and have no owner, don’t think about who takes them or who owns them. Contemplate your own body as the deity of great compassion, and on the crown of your head, visualize the guru as the embodiment of all the jewels (Three Jewels). Pray to Amitabha, the protector, while contemplating him. Block each pore with the letter (Tibetan: ཧྲཱིཿ, Sanskrit Devanagari: ह्रीः, Sanskrit Romanization: hrīḥ, Literal Chinese meaning: she). The central channel in the middle of the body is about the size of a medium arrow shaft. In the center of your heart, there is a white (Tibetan: ཧྲཱིཿ, Sanskrit Devanagari: ह्रीः, Sanskrit Romanization: hrīḥ, Literal Chinese meaning: she) letter. Move it upwards and dissolve it into the heart of Amitabha. Do this kind of visualization a hundred or twenty-one times. After that, don’t think about anything in your mind. Leave the practice plainly on the surface of your mind. Whatever arises in terms of appearances, increase, attainment, and the stages of dissolution, don’t identify them separately as this or that. Nothing will arise that is not your own mind. Look at the essence of whatever arises. From the time the outer breath ceases until the inner breath ceases, like the clear light of the ground, like a cloudless sky, when it arises towards you, remain in that state. If you remain for a long time, you will have attained the commitment. The signs are that the complexion is good and the eyes are half-closed. It is said that you have attained it if your mouth is also smiling. Sitting cross-legged, squatting, the lion’s sleeping posture, etc., except for whatever is caused by being afflicted by illness, in reality, there is no difference between lying down and standing up. If you have not attained it or are distracted, then at the time of death, by doing the visualization of transference, there is great benefit from the consciousness exiting through the Brahma’s aperture. Because the transference of the Dharmakaya and the meaning of the commitment are the same, the two are not contradictory, and this is extremely firm. After that, even if you wander in the bardo, by looking at the essence of whatever arises, other than the empty forms of your own mind’s delusion, there is not a single peaceful or wrathful deity, or Yama. After that, if you are about to take birth, from beginningless samsara until now, the six realms of existence revolve like a shepherd’s rotation. Birth, old age, sickness, and death are counted like beads on a rosary. Therefore, be disgusted with samsara and make a firm decision. The suffering of the lower realms is unimaginable. Even gods and humans revolve in the wheel of birth and death. Now, go to a place of happiness free from all suffering, to the pure land of Sukhavati in the west, to listen to the sacred Dharma in the presence of Amitabha. Having thought this, go without attachment or clinging. You don’t need to walk with your feet as you do now, nor do you need to fly with wings like a bird. With that mind-made body, you arrive as soon as you remember. Having been born there, you are permanently happy and without suffering. Also, the benefit of sentient beings will arise.

============================================================

================== 第 16 段 ================== 【原始藏文】 ་སྟེ། །ས་ཐོབ་ནས་ནི་སྤྲུལ་པས་གཞན་དོན་བྱེད། །འཆི་བ་ལམ་ཁྱེར་གྱི་གླུ་སྟེ་བརྒྱད་པའོ།། །། དེ་ལྟར་ཉམས་ལེན་གླུ་ཆུང་ལེའུ་བརྒྱད། །དད་ལྡན་ཚོང་དཔོན་བུ་ལུ་ཞེས་བྱ་བས། །ཤོག་བུ་ཕུལ་བའི་བལྡབ་ལེན་ལ་དམིགས་ནས། །ཞག་གསུམ་ཁྲིད་ཆུང་བཤད་པའི་བརྗེད་ཐོ་ལ། །སྟག་ལོ་ས་ག་ཟླ་བའི་ཚེས་གཉིས་ཉིན། །རྫོགས་པར་བྲིས་འདི་རཱ་ག་ཨ་སྱས་ཡིས། །འཕྲལ་དུ་ཡིད་ལ་གང་ཤར་བྲིས་པ་ལ། །འགལ་བ་མཆིས་ན་མཁས་པ་རྣམས་ལ་་བཤགས། །དགེ་བ་བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཐུགས་རྗེ་ཆེན་པོའི་དམར་ཁྲིད་རྫོགས་སོ།། །།སརྦ་མངྒ་ལཾ། དགེའོ།། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་སྙིང་པོ་བསྡུས་པ།

【漢語翻譯】 。獲得地之後以化身利益他眾。 這是臨終取道之歌,第八品。 如是修持小歌共八品。 名為具信施主布魯者, 爲了獻上紙張的重複誦讀, 在講述三日小引導的筆記中, 虎年薩嘎月(藏曆四月)初二日, 由拉嘎阿亞斯圓滿寫成此。 立刻隨心中所現而寫, 若有錯謬向智者們懺悔。 為能往生極樂世界而回向。 大悲勝法的口訣圓滿。 薩瓦芒嘎拉姆(藏文,梵文天城體:सर्व मङ्गलम्,梵文羅馬擬音:sarva maṅgalaṃ,漢語字面意思:一切吉祥!)。善哉! ༈ 由康區上部囊謙(今青海玉樹囊謙縣)昂岡工巧文化顯密法增洲古籍修復室整理出版。 聖觀世音菩薩勝法,大手印大圓滿雙運的修持心要彙集。

【英語翻譯】 . Having attained the ground, one benefits others through emanations. This is the song of taking death as a path, the eighth chapter. Thus, the small song of practice has eight chapters. By the faithful patron named Bulu, For the repeated recitation of the offered paper, In the notes of explaining the three-day small guidance, On the second day of the Saga month (Tibetan fourth month) of the Tiger year, This was completely written by Raga Asya. Having written immediately whatever appeared in mind, If there are any mistakes, I confess to the wise ones. I dedicate this so that I may be reborn in Sukhavati. The oral instructions of Great Compassion are complete. Sarva Mangalam (Tibetan, Devanagari: सर्व मङ्गलम्, Romanized Sanskrit: sarva maṅgalaṃ, Literal Chinese meaning: All auspiciousness!). Auspicious! ༈ Compiled and published by the Ancient Book Restoration Room of Nangchen (present-day Nangqian County, Yushu, Qinghai) Angang Gongqiao Culture Sutra and Tantra Dharma Increase Continent in Upper Kham. The essence of the practice of the union of Mahamudra and Dzogchen, the oral instructions of the Noble Avalokiteśvara, is compiled.

============================================================