菩薩藏佛教學會
20
背景
翻譯

CMR053_0041.桑日燃焰七兄弟的祈供祭祀g2.0f

================== 第 1 段 ================== 【原始藏文】 ཟངས་རི་འབར་བ་མཆེད་བདུན་གྱི་གསོལ་ཁ་མཆོད་འབུལ། ཟངས་རི་འབར་བ་མཆེད་བདུན་གྱི་གསོལ་ཁ་མཆོད་འབུལ། ཟངས་རི་འབར་བ་མཆེད་བདུན་གྱི་གསོལ་ཁ་མཆོད་འབུལ་བཞུགས་སོ།། རང་ཉིད་དབྱིངས་ཕྱུག་མཁའ་འགྲོར་གསལ་བའི་མདུན། །བྷྲཱུཾ་ལས་བཙན་མཁར་ཟུར་བཞི་ལོགས་བརྒྱད་པ། །ཕྱི་རོལ་དུར་ཁྲོད་ཁྲག་མཚོ་མེ་རླུང་འཚུབ། །དུར་ཕག་ཁྱི་སྤྱང་གཅན་གཟན་ངར་སྐད་འདོན། །ཤན་པ་ལས་བྱེད་མཚོན་ཐོགས་རྔམ་ཞིང་རྒྱུག །དུར་བྱ་ཤ་ཟན་མཁའ་ལ་ལྡིང་ཞིང་རྔམས། །དེ་དབུས་ཕོ་བྲང་འབར་བའི་ནང་ཤེད་ན། །པད་ཉི་རུ་ཏྲ་དགྲ་བགེགས་བསྣོལ་བའི་སྟེང་། །ཆོས་སྐྱོང་རྒྱལ་པོ་ཟངས་རི་འབར་བ་ནི། །དྲག་པོ་བཙན་གྱི་རྒྱལ་པོ་མདུང་དམར་ཅན། །སྐུ་མདོག་དམར་པོ་ཁྲག་ལྟར་དམར་བའི་འོད། །ཞལ་གདངས་ལྗགས་འདྲིལ་སྤྱན་བགྲད་མཆེ་བ་གཙིགས། །དབུ་སྐྲ་དམར་སེར་གྱེན་བརྫེས་སྦྲུལ་གྱིས་བཅིངས། །གཡས་གཡོན་བཙན་མདུང་ཞགས་པ་མདའ་གཞུ་འགེངས། །གསེར་ཁྲབ་རྨོག་ཞུ་སྟག་རལ་གཟིག་ཤུབས་དང་། །འཁོར་གསུམ་བརྗིད་ལྡན་དར་དམར་བེར་ཆེན་གསོལ། །བཙན་རྟ་དམར་པོ་རླུང་གཤོག་རྒྱན་ལྡན་ལ། །མི་ལྕགས་སྟག་ལྤགས་བསེ་སྒྲ་གཡུ་མཐུར་དང་། །གསེར་སྲབ་སྦྲུལ་ནག་གློ་འཁྱུད་གོང་སྨད་བྱས། །རྩིས་བྱང་ ཁྲམ་ཤིང་མགོ་སྙིང་ནང་ཁྲོལ་རྒྱན། །འཁོར་ཚོགས་སྡེ་བརྒྱད་དྲེགས་པ་འབུམ་གྱིས་བསྐོར། །དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་ཕོ་བྲང་ཟངས་ལྟརིའི་གནས་མཆོག་ནས། །འབར་བ་སྤུན་བདུན་སྡེ་བརྒྱད་དྲེགས་པའི་ཚོགས། །སྤྱན་དྲངས་དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར། །ཨ་ཡ་མ་དུ་རུ་ཙ་ཤ་ནི་ས་མ་ཡ་ཛཿཛཿ སྤྱན་འདྲེན་པ་ནི། །བྷྱོཿ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །རི་གཉན་ཟངས་རི་འཁྱིལ་པ་ནས། །བཙན་རྒོད་འབར་བ་སྤུན་བདུན་ནི། །རྗེ་བཙུན་ལབ་སྒྲོན་བཀའ་ཉན་པོ། །ཆོས་སྐྱོང་རྒྱལ་པོ་མདུང་དམར་ཅན། །ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས། །སངས་རྒྱས་བསྟན་པ་བསྲུང་བ་དང་། །རྣལ་འབྱོར་ཕྲིན་ལས་བཅོལ་བའི་ཕྱིར། །མ་ལུས་འདིར་གཤེགས་སྤྱནའདྲེན་ནོ། །མ་ཐོགས་མྱུར་དུ་སྤྱན་འདྲེན་ནོ། །ཨ་ཡ་མ་དུ་རུ་ཙ་ཤ་ན་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿ བཞུགས་སུ་གསོལ་བ་ནི། བྷྱོཿ ཟངས་རི་བཙན་རྒོད་མདུང་དམར་ཅན། །དམག་དཔོན་ཆེན་པོ་སྐུ་མཆེད་བདུན། །སངས་རྒྱས་བསྟན་པ་བསྲུང་ཕྱིར་དང་། །རྣལ་འབྱོར་ཕྲིན་ལས་བཅོལ་བའི་ཕྱིར། །ལྷ་སྲིན་སྡེ་བརྒྱད་དཔུང་དང་ བཅས། །དུར་ཁྲོད་བཙན་མཁར་ཕོ་བྲང་འདིར། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས།

【漢語翻譯】 桑日燃焰七兄弟的祈供祭祀。 桑日燃焰七兄弟的祈供祭祀。 桑日燃焰七兄弟的祈供祭祀安住於此。自身明觀為空行母,于其前方,從(藏文:བྷྲཱུཾ,梵文天城體:भ्रूम्,梵文羅馬擬音:bhrūṃ,漢語字面意思:種子字)生出四方八角的堅固城堡,外圍尸林血海,火焰旋風猛烈,尸豬犬狼猛獸發出怒吼聲,劊子手揮舞兵器兇猛奔跑,尸鳥食肉在空中盤旋,氣勢洶洶。其中心是燃燒的宮殿,其內墊著蓮花、太陽和魯扎,上面交錯著仇敵和邪魔。護法神桑日燃焰王,是勇猛的贊神之王,手持紅矛。身色赤紅,如血般鮮紅的光芒。張口捲舌,怒目圓睜,齜牙咧嘴。紅黃色的頭髮向上豎起,用蛇纏繞。左右手分別拿著贊神的矛、繩索、弓和箭。身穿金甲、頭盔,虎皮裙、豹皮箭筒,以及具有三種威嚴的紅綢大氅。騎著一匹紅色贊神馬,具有風的翅膀作為裝飾,配有人的鐵甲、虎皮護甲、犀牛皮鞍、綠松石馬鞍,以及金色的韁繩,黑蛇纏繞在胸前和下身。算命用的 木板上裝飾著頭、心、內臟。周圍環繞著八部眾和十萬傲慢神。如是明觀,從三處的三字中,發出光芒,從桑拉日(桑日地方)的殊勝宮殿中,迎請燃焰七兄弟和八部傲慢眾,使其與誓言智慧無二無別。 ཨ་ཡ་མ་དུ་རུ་ཙ་ཤ་ནི་ས་མ་ཡ་ཛཿཛཿ (藏文,梵文天城體,梵文羅馬擬音,漢語字面意思)迎請: བྷྱོཿ 無論何方,從彼處,從神山桑日盤旋之處,贊神勇士燃焰七兄弟,是至尊拉珍的聽命者,護法神紅矛王,與天龍八部眷屬一同,爲了守護佛教和委以瑜伽事業,無餘降臨於此,迎請!迅速無礙地迎請! ཨ་ཡ་མ་དུ་རུ་ཙ་ཤ་ན་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿ(藏文,梵文天城體,梵文羅馬擬音,漢語字面意思)安住: བྷྱོཿ 桑日贊神勇士紅矛王,偉大的將軍七兄弟,爲了守護佛教和委以瑜伽事業,與天龍八部眷屬一同,在此尸林贊神城堡宮殿中,歡喜安住,穩固不動。

【英語翻譯】 Invocation and Offering to the Seven Brothers of Zangri Barwa. Invocation and Offering to the Seven Brothers of Zangri Barwa. May the Invocation and Offering to the Seven Brothers of Zangri Barwa be present here. In front of oneself, clear as a Dakini rich in space, from (Tibetan: བྷྲཱུཾ,Devanagari: भ्रूम्,IAST: bhrūṃ,Literal Meaning: Seed Syllable) arises a fortress with four corners and eight sides. Outside, a charnel ground, a sea of blood, and a whirlwind of fire. Corpses of pigs, dogs, wolves, and fierce beasts utter terrifying sounds. Butchers wielding weapons run fiercely. Carrion birds and flesh-eaters soar and menace in the sky. In the center is a blazing palace. Inside, upon a lotus, sun, and Rudra, crossed by enemies and obstructors, is the Dharma Protector, King Zangri Barwa, the fierce king of the Tsen, holding a red spear. His body is red, with light as red as blood. His mouth is open, his tongue curled, his eyes wide, and his fangs bared. His red-yellow hair is upright, bound by snakes. In his right and left hands, he holds a Tsen spear, a lasso, a bow, and an arrow. He wears golden armor, a helmet, a tiger skin skirt, a leopard skin quiver, and a magnificent red silk cloak with three layers. He rides a red Tsen horse, adorned with wind wings, with human iron armor, tiger skin armor, rhinoceros hide saddle, turquoise ornaments, and golden reins, with black snakes entwined around his chest and lower body. A divination board is adorned with a head, heart, and entrails. He is surrounded by the Eight Classes and a hundred thousand arrogant beings. Thus visualized, from the three syllables at the three places, light radiates from the supreme palace of Zang Lhari, inviting the seven blazing brothers and the arrogant hosts of the Eight Classes, making them inseparable from the wisdom of the samaya. ཨ་ཡ་མ་དུ་རུ་ཙ་ཤ་ནི་ས་མ་ཡ་ཛཿཛཿ (Tibetan, Devanagari, IAST, Literal Meaning) Invocation: བྷྱོཿ From whatever direction, from that place, from the swirling sacred mountain of Zangri, the Tsen warriors, the seven blazing brothers, are the obedient ones of Jetsun Labdrön, the Dharma Protector, King with the Red Spear, together with the retinue of the Eight Classes of gods and demons, for the sake of protecting the Buddha’s teachings and entrusting the activities of yoga, come here without exception, I invite you! I invite you swiftly and without hindrance! ཨ་ཡ་མ་དུ་རུ་ཙ་ཤ་ན་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿ (Tibetan, Devanagari, IAST, Literal Meaning) Abide: བྷྱོཿ Zangri Tsen warrior, King with the Red Spear, great general, seven brothers, for the sake of protecting the Buddha’s teachings and entrusting the activities of yoga, together with the retinue of the Eight Classes of gods and demons, in this charnel ground, Tsen fortress, and palace, joyfully abide, steadfast and immovable.

============================================================

================== 第 2 段 ================== 【原始藏文】 །བཛྲ་ས་མ་ཡ་ཏིཥྛ་ལྷན། ཕྱི་ཡི་མཆོད་པ་འབུལ་བ་ནི། ཧཱུྃ། ། ཟངས་རི་བཙན་རྒོད་མདུང་དམར་ཅན། །དམག་དཔོན་ཆེན་པོ་འཁོར་བཅས་ལ། །ཕྱི་ཡི་མཆོད་པ་འབུལ་བ་ནི། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་སྒྲ་སྙན་རོལ་མོ་སོགས། །ཕྱི་ཡི་མཆོད་པ་སྣ་ཚོགས་འབུལ། །ཨོཾ་བཛྲ་པུཥྤེ་ནས་ཤབྡ་ཨཱཿཧཱུྃ། བར་བརྗོད། ནང་མཆོད་ནི། ཧཱུྃ། ཟངས་རི་བཙན་རྒོད་མདུང་དམར་ཅན། །དམག་དཔོན་ཆེན་པོ་འཁོར་བཅས་ལ། །ནང་གི་མཆོད་པ་འབུལ་བ་ནི། །སྨན་རཀ་བདུད་རྩིའི་གཏོར་མ་དང་། །དྲི་ཆེན་དྲི་ཆུ་གསུར་ཆེན་དང་། །རྐང་གླིང་ཐོད་པའི་རྔ་སྒྲ་སོགས། །ནང་གི་མཆོད་པ་སྣ་ཚོགས་འབུལ། །མ་ཧཱ་པཉྩ་པཱུ་ཛ་ཧོ། གསང་མཆོད་འབུལ་བ་ནི། ཧཱུྃ། ཟངས་རི་བཙན་རྒོད་མདུང་དམར་ཅན། །དམག་དཔོན་ཆེན་པོ་འཁོར་བཅས་ལ། །གསང་བའི་མཆོད་པ་འབུལ་བ་ནི། །མི་ཤ་རྟ་ཤ་ཁྱི་ཤ་དང་། །གློ་སྙིང་ནང་གྲོལ་སྲོག་དབུགས་དང་། །བྱང་སེམས་དཀར་དམར་ལ་སོགས་པ། །གསང་བའི་མཆོད་པ་སྣ་ཚོགས་ འབུལ། །བོ་དྷི་ཙིཏྟ་པཱུ་ཛ་ཧོ༔ ཧཱུྃ། སངས་རྒྱས་བསྟན་པ་སྲུང་བ་དང་། །རྣལ་འབྱོར་ཚེ་སྲོག་བསྲིང་ཕྱིར་དང་། །སྒྲུབ་པའི་བར་ཆད་བསལ་བའི་ཕྱིར། །དམ་ཉམས་དགྲ་བོ་འདུལ་བའི་ཕྱིར། །ཕྱི་ནང་གསང་བའི་མཆོད་པ་བཞེས། །སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ནས། །སྔོན་ཚེ་ལབ་སྒྲོན་བཀའ་བཞིན་དུ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཨཱཿཧཱུྃ་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་ཀཾ་ནི་རི་ཏི་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ལྟ་ཧཱ་ཨ་མྲྀ་ཏ་ལ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི། མ་ཧཱ་པཱུ་ཛ་ལ་ཁཱ་ཧི། མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི། དེ་ནས་བསྟོད་པ་ནི། བྷྱོཿ ཟངས་རི་བཙན་རྒོད་མདུང་དམར་ཅན། །དམག་དཔོན་ཆེན་པོ་སྐུ་མཆེད་བདུན། །ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས། །སངས་རྒྱས་བསྟན་པ་སྲུང་བ་དང་། །རྣལ་འབྱོར་སྐུ་ཚེ་བསྲིང་བ་དང་། །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྱིར། །དམག་དཔོན་འཁོར་དང་བཅས་ལ་བསྟོད། །དེ་ནས་གཏོར་མ་འབུལ་བ་ནི་དམར་གཏོར་ཆེ་བ་གཅིག་ལ་ཆུང་བ་དྲུག་གིས་བསྐོར་མཐར་མཐེབ་སྐྱུ་དང་ཤ་སྣ་སྙིང་སྣས་བརྒྱན། བདུད་རྩི་ས་བྲན་ ལ། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གཏོར་མ་སྨན་རཀ །དགྲ་བགེགས་བསྒྲལ་བ་ལ་སོགས་པ་ལས་བྱུང་བའི་གཏི་མུག་ཤའི་རི་བོ། །འདོད་ཆགས་ཁྲག་གི་རྒྱ་མཚོ། ཞེ་སྡང་རུས་པའི་བྲག་རི། འདོད་པའི་ཡོན་ཏན་ལྔ་དང་

【漢語翻譯】 班雜薩瑪雅迪叉藍! 外供養是: 吽! 贊熱贊果,持紅矛者,大將軍及眷屬,外供養是: 花、香、薰香、燈、香水,食物、音樂、樂器等,各種外供養。 嗡 班雜布什貝到夏達阿吽之間唸誦。 內供養是: 吽! 贊熱贊果,持紅矛者,大將軍及眷屬,內供養是: 藥、血、甘露朵瑪,大香、香水、大祭品,腿骨號、顱骨鼓聲等,各種內供養。 瑪哈班雜布雜火! 秘密供養是: 吽! 贊熱贊果,持紅矛者,大將軍及眷屬,秘密供養是: 人肉、馬肉、狗肉,肺、心、內臟、生命氣息,以及紅白菩提心等,各種秘密供養。 菩提吉大布雜火! 吽! 爲了守護佛法,爲了延長瑜伽士的壽命,爲了消除修行的障礙,爲了降伏違背誓言的敵人,請享用內外秘密的供養。 身語意三門歡喜后,如昔日拉布準之教言,成辦所託之事業。 嗡 阿 吽 瑪哈芒薩拉卡嘿!瑪哈RAкта拉卡嘿!瑪哈吉大拉卡嘿!瑪哈岡呢瑞提拉卡嘿!瑪哈郭若扎納拉卡嘿!瑪哈巴蘇達拉卡嘿!瑪拉哈阿姆日塔拉卡嘿!瑪哈巴林達拉卡嘿!瑪哈布雜拉卡嘿!瑪哈嘎納扎扎拉卡嘿! 然後是讚頌: 霍! 贊熱贊果,持紅矛者,大將軍七兄弟,以及天龍八部眷屬,爲了守護佛法,爲了延長瑜伽士的壽命,爲了降伏違背誓言的敵人,讚頌大將軍及其眷屬。 然後是供朵瑪,一個大的紅朵瑪被六個小的圍繞,周圍裝飾著拇指、肉類和心臟。 甘露灑在 上。 從阿字開始,在寬廣的顱骨容器中,放置朵瑪、藥血,以及從降伏敵人等行為中產生的愚癡肉山,貪慾血海,嗔恨骨山,五種慾望的

【英語翻譯】 Vajra Samaya Tishta Lhan! Offering the outer offerings: Hum! Zangri Tsengö, holding a red spear, Great General and retinue, The outer offerings are: Flowers, incense, perfume, lamps, fragrances, Food, music, musical instruments, etc., Offering various outer offerings. Om Vajra Puspe to Shabda Ah Hum, recite in between. The inner offerings are: Hum! Zangri Tsengö, holding a red spear, Great General and retinue, The inner offerings are: Medicine, blood, nectar torma, Great fragrance, scented water, great burnt offerings, Thighbone trumpets, skull drum sounds, etc., Offering various inner offerings. Maha Pancha Puja Ho! Offering the secret offerings: Hum! Zangri Tsengö, holding a red spear, Great General and retinue, The secret offerings are: Human flesh, horse flesh, dog flesh, Lungs, heart, entrails, life breath, And white and red bodhicitta, etc., Offering various secret offerings. Bodhicitta Puja Ho! Hum! To protect the Buddha’s teachings, To prolong the life of yogis, To eliminate obstacles to practice, To subdue enemies who break vows, Please accept the outer, inner, and secret offerings. Having pleased the body, speech, and mind, As instructed by Labdrön in the past, Accomplish the entrusted tasks. Om Ah Hum Maha Mamsa Lakha Hi! Maha Rakta Lakha Hi! Maha Citta Lakha Hi! Maha Kam Niri Ti Lakha Hi! Maha Go Rochana Lakha Hi! Maha Basu Ta Lakha Hi! Mala Ha Amrita Lakha Hi! Maha Balim Ta Lakha Hi! Maha Puja Lakha Hi! Maha Gana Chakra Lakha Hi! Then the praise: Bhyoh! Zangri Tsengö, holding a red spear, Great General, seven brothers, And the eight classes of gods and demons with their armies, To protect the Buddha’s teachings, To prolong the life of yogis, To subdue enemies and obstructors who break vows, Praise to the Great General and his retinue. Then the offering of torma: one large red torma surrounded by six small ones, decorated with thumbs, various meats, and hearts. Nectar sprinkled on it. Starting with the letter A, in wide and large skull containers, place the torma, medicine blood, and the mountain of ignorance flesh arising from subduing enemies, the ocean of desire blood, the mountain of hatred bones, the five qualities of desire and

============================================================

================== 第 3 段 ================== 【原始藏文】 ལྡན་པ་རབ་ཏུ་གཙང་ཞིང་ཡིད་དུ་འོང་བ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། །མ་གཅིག་ལབ་ཀྱི་སྒྲོལ་མའི་བཀའ་སྲུང་ཆེན་པོ་ཟངས་རི་འབར་བ་དམག་དཔོན་ཆེན་པོ་མཆེད་བདུན། བཙན་འཁོར་སུམ་བརྒྱ་དྲུག་ཅུ། ཡང་འཁོར་ལྷ་མ་སྲིན་སྡེ་བརྒྱད། གཡའ་བཙན། བྲག་བཙན། ཆུ་བཙན། སྤང་བཙན། གངས་བཙན། གཉན་བཙན། ལ་བཙན། ལུང་བཙན་ལ་སོགས་པ་བཙན་གྱི་སྡེ་ཚོགས་མ་ལུས་པའི་ཞལ་དུ་འབུལ་ལོ། །ཕ་རོལ་གྱི་མི་དང་མི་མ་ཡིན་གྱིས་བསམ་ངན་འཆང་བའི་བྱད་མ་དཀོར་ནོར་རྐུ་འཕྲོག་བཅོམ་གསུམ་བྱེད་པའི་དགྲ་བགེགས་ཀྱི་མི་ནོར་རྟ་ཕྱུགས་དང་བཅས་པའི་ཤ་ཁྲག་རུས་གསུམ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿསྭཱ་ཧཱཿ ལན་གསུམ་བརྗོད་ལ་འབུལ་བ་ནི། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་ཀཾ་ནི་རི་ཏི་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་ཨ་མྲྀ་ཏ་ལ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི། མ་ཧཱ་པཱུ་ཛ་ལ་ཁཱ་ཧི། མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི། བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། དམ་པའི་ཆོས་མི་ནུབ་པའི་རྒྱལ་མཚན་ཕྱོར། རྣལ་འབྱོར་བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི་མི་ནོར་རྟ་ཕྱུགས་དང་བཅས་པའི་རྐྱེན་ཕྱི་ནང་གི་ནད་གདོན་བར་ཆད་ཞི་བ་དང་། མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། ཁྱད་པར་དུ་རྔོག་ཆགས་རྟ་རྣམས་འཕེལ་ཞིང་རྒྱས་པ་དང་། དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ཐམས་ཅད་གཅིག་ཏུ་འདུས་པ་གཅོད་ཡུལ་ཕྱག་རྒྱ་ཆེན་པོའི་བསྟན་པ་དར་ཞིང་རྒྱས་པ་དང་། དེ་དག་ལ་བར་དུ་གཅོད་པར་བྱེད་པའི་གཟུགས་ཅན་གཟུགས་མེད་ཀྱི་དགྲ་ཇག་ཆོམ་རྐུན་ཅེ་སྤྱང་ལ་སོགས་ཀྱི་ཉེར་འཚེ་ལོག་འདྲེན་གྱི་གནོད་པ་ཐམས་ཅད་བསྲུང་བ་དང་། ཟློག་པ་དང་། ཚར་གཅོད་པའི་ཕྲིན་ལས་ཐམས་ཅད་ཡིད་བཞིན་དུ་བསྒྲུབ་། ཏུ་གསོལ། ཞེས་ཟངས་རི་མཆེད་བདུན་གྱི་གསོལ་མཆོད་བསྟན་དགྲ་ཚར་གཅོད་འདི། ཨ་རཱ་གས་སྦྱར་བའོ། །བྷ་ཝནྟུ།། །།༈ གཏོར་མ་དམར་གཏོར་ཞིག་ལ་གཙོ་འཁོར་བདུན་གྱིས་བསྐོར་བ་བྱའོ།། ཧཱུྃ། བཙན་རྒོད་འབར་བ་མི་སྲུན་པ། །མི་དམར་རྟ་དམར་དམག་ཆས་ཅན། །བ་དན་མདུང་དམར་མེ་ལྟར་འབར། །བཙན་རྟ་དམར་པོ་རླུང་ལྟར་མགྱོགས། །ཟངས་རི་འབར་བ་སྤུན་བདུན་པོ། །བཙན་འཁོར་སུམ་བ

【漢語翻譯】 此清凈悅意之物,乃為供養之處。供養瑪吉拉準空行母之護法大尊贊熱巴瓦大將軍七兄弟,三百六十贊神眷屬,以及眷屬八部鬼神,崖贊、巖贊、水贊、草贊、雪贊、兇贊、山贊、谷贊等所有贊神部眾。獻給那些懷有惡意之人與非人,偷盜搶奪財物的敵對邪魔之人畜牲畜之血肉骨三物。伊當 巴林達 卡卡卡嘿。嗡啊吽 哈哈 舍 斯哇哈。唸誦三遍后供養:阿亞瑪 杜如雜 夏納 薩瑪亞 敵對邪魔的瑪哈芒薩 拉卡嘿(藏文:ཤ་ཆེན་པོ།,梵文天城體:महा मांस,梵文羅馬擬音:mahā māṃsa,漢語字面意思:大肉)。瑪哈RA嘎達 拉卡嘿(藏文:ཁྲག་ཆེན་པོ།,梵文天城體:महा रक्त,梵文羅馬擬音:mahā rakta,漢語字面意思:大血)。瑪哈吉達 拉卡嘿(藏文:སེམས་ཆེན་པོ།,梵文天城體:महा चित्त,梵文羅馬擬音:mahā citta,漢語字面意思:大心)。瑪哈岡尼日地 拉卡嘿(藏文:རྐང་གི་རི་ཏི།,梵文天城體:महा कं निरि ति,梵文羅馬擬音:mahā kaṃ niri ti,漢語字面意思:大腿骨)。瑪哈郭若雜納 拉卡嘿(藏文:གོ་རོ་ཙ་ན།,梵文天城體:महा गोरोचना,梵文羅馬擬音:mahā gorocanā,漢語字面意思:牛黃)。瑪哈巴蘇達 拉卡嘿(藏文:བསུ་ཏ་ཆེན་པོ།,梵文天城體:महा वसुत,梵文羅馬擬音:mahā vasuta,漢語字面意思:大精華)。瑪哈阿彌利達 拉卡嘿(藏文:བདུད་རྩི་ཆེན་པོ།,梵文天城體:महा अमृत,梵文羅馬擬音:mahā amṛta,漢語字面意思:大甘露)。瑪哈巴林達 拉卡嘿(藏文:གཏོར་མ་ཆེན་པོ།,梵文天城體:महा बलिन्त,梵文羅馬擬音:mahā balinta,漢語字面意思:大供品)。瑪哈布雜 拉卡嘿(藏文:མཆོད་པ་ཆེན་པོ།,梵文天城體:महा पूज,梵文羅馬擬音:mahā pūja,漢語字面意思:大供養)。瑪哈嘎納扎扎 拉卡嘿(藏文:ཚོགས་ཀྱི་འཁོར་ལོ་ཆེན་པོ།,梵文天城體:महा गणचक्र,梵文羅馬擬音:mahā gaṇacakra,漢語字面意思:大薈供輪)。請享用,護持佛教,讚頌三寶之威德,守護僧團,豎立不滅之正法幢,平息瑜伽士我等師徒施主之人畜牲畜之外內疾病魔障,增上順緣壽命福德財富一切,特別是使我等之馬匹興旺發達,興盛繁榮,長久住世,以及使彙集一切佛教精髓之斷法大手印教法興盛繁榮,並祈願能如意成辦所有遮止彼等之有形無形之敵盜賊強盜豺狼等之侵害,遣除邪引之損害,以及守護、遣除、誅滅之事業。如是贊熱七兄弟之祈供,乃阿惹嘎所作。愿吉祥! 應以紅色朵瑪為主,周圍環繞七尊眷屬。

【英語翻譯】 This pure and pleasing offering is made to the place of offering. To the great protector of Machig Labdrön, Zangri Barwa, the great general, the seven brothers, the three hundred and sixty Tsen attendants, and the retinue of the eight classes of gods and demons, the Cliff Tsen, Rock Tsen, Water Tsen, Meadow Tsen, Snow Tsen, Fierce Tsen, Mountain Tsen, Valley Tsen, and all the Tsen assemblies. We offer to the mouths of those who harbor evil thoughts, humans and non-humans, and to the enemies and obstructors who steal and plunder wealth, the flesh, blood, and bones of humans and livestock. Idam balimta kha kha khahi. Om ah hum ha ho hrih svaha. Recite three times and offer: Ayamaduru tsa shana samaya, to the enemies and obstructors, Maha Mamsa Lakha hi (Tibetan: ཤ་ཆེན་པོ།, Sanskrit Devanagari: महा मांस, Sanskrit Romanization: mahā māṃsa, Literal Chinese meaning: Great Meat). Maha Rakta Lakha hi (Tibetan: ཁྲག་ཆེན་པོ།, Sanskrit Devanagari: महा रक्त, Sanskrit Romanization: mahā rakta, Literal Chinese meaning: Great Blood). Maha Citta Lakha hi (Tibetan: སེམས་ཆེན་པོ།, Sanskrit Devanagari: महा चित्त, Sanskrit Romanization: mahā citta, Literal Chinese meaning: Great Mind). Maha Kam Niri ti Lakha hi (Tibetan: རྐང་གི་རི་ཏི།, Sanskrit Devanagari: महा कं निरि ति, Sanskrit Romanization: mahā kaṃ niri ti, Literal Chinese meaning: Great Leg Bone). Maha Gorocana Lakha hi (Tibetan: གོ་རོ་ཙ་ན།, Sanskrit Devanagari: महा गोरोचना, Sanskrit Romanization: mahā gorocanā, Literal Chinese meaning: Great Cow Gallstone). Maha Vasuta Lakha hi (Tibetan: བསུ་ཏ་ཆེན་པོ།, Sanskrit Devanagari: महा वसुत, Sanskrit Romanization: mahā vasuta, Literal Chinese meaning: Great Essence). Maha Amrita Lakha hi (Tibetan: བདུད་རྩི་ཆེན་པོ།, Sanskrit Devanagari: महा अमृत, Sanskrit Romanization: mahā amṛta, Literal Chinese meaning: Great Nectar). Maha Balinta Lakha hi (Tibetan: གཏོར་མ་ཆེན་པོ།, Sanskrit Devanagari: महा बलिन्त, Sanskrit Romanization: mahā balinta, Literal Chinese meaning: Great Offering). Maha Puja Lakha hi (Tibetan: མཆོད་པ་ཆེན་པོ།, Sanskrit Devanagari: महा पूज, Sanskrit Romanization: mahā pūja, Literal Chinese meaning: Great Worship). Maha Ganacakra Lakha hi (Tibetan: ཚོགས་ཀྱི་འཁོར་ལོ་ཆེན་པོ།, Sanskrit Devanagari: महा गणचक्र, Sanskrit Romanization: mahā gaṇacakra, Literal Chinese meaning: Great Ganacakra). Please accept and protect the Buddha’s teachings, praise the glory of the Three Jewels, protect the Sangha, raise the banner of the undying Dharma, pacify the outer and inner diseases, demons, and obstacles of us yogis, teachers, disciples, patrons, and their humans and livestock, increase all favorable conditions, life, merit, and wealth, and especially increase and prosper our horses, flourish and remain for a long time, and may the essence of all the Buddha’s teachings, the Chod Yul Great Seal teachings, flourish and prosper, and may all the activities of protecting, repelling, and destroying all the harms of visible and invisible enemies, thieves, robbers, jackals, etc., who obstruct them, and the harm of misleading influences, be accomplished as desired. This prayer and offering to the seven brothers of Zangri, the destruction of the enemies of the teachings, was composed by Araga. May it be auspicious! A red torma should be made, with the main deity surrounded by seven attendants.

============================================================

================== 第 4 段 ================== 【原始藏文】 རྒྱ་དྲུག་ཅུ་བཅས། །འབྲུག་སྒྲ་ལྡིར་ཞིང་གློག་འོད་འཁྱུག །ཐོག་སྒྲ་ཆེམ་ཆེམ་སེར་བ་འབེབས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །མ་གཅིག་ལབ་སྒྲོན་སྤྱན་སྔར་རུ། །ཁས་བླངས་དམ་བཅའ་དྲན་མཛོད་ལ། །གཅོད་ཡུལ་བསྟན་པ་སྲུང་བ་དང་། །གཅོད་མཁན་བདག་གིས་སྡོང་གྲོགས་མཛོད། །ཡིད་ལ་གནག་པའི་དགྲ་བོ་ལ། །མི་སྡུག་རྟགས་དང་ཆོ་འཕྲུལ་སྟོན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་འང་ཨ་རཱ་གས་མཛད་པའོ། །ཤུ་བྷཾ། ། ཟངས་རི་འབར་བ་མཆེད་བདུན་གྱི་གསོལ་ཁ་མཆོད་འབུལ།

【漢語翻譯】 以及六十(眷屬)。雷聲轟鳴,電光閃爍。冰雹噼啪降落。請降臨此處,享用莊嚴的朵瑪。瑪吉拉準(藏文:མ་གཅིག་ལབ་སྒྲོན།)于眼前。請憶念所立誓言。守護斷法之教,助我斷行者。對於心中懷恨的仇敵,示現醜惡之相和神通。請成辦所託之事。此乃阿惹嘎所作。吉祥! 供養贊熱巴瓦七兄弟的祈請文。

【英語翻譯】 And with sixty (retinue). Thunder roars and lightning flashes. Hailstones fall with a crackling sound. Please come here and accept the adorned torma. Māgajī Labdron (藏文:མ་གཅིག་ལབ་སྒྲོན།) before my eyes. Please remember the vows you have made. Protect the teachings of Chöd, and be a companion to me, the Chöd practitioner. To the enemy who harbors hatred in their heart, show unsightly signs and miracles. Please accomplish the entrusted tasks. This was composed by Araga. Shubham! Offering prayer to the seven brothers of Zangri Barwa.

============================================================