CMR056_0029.依靠綢緞天女身像等.ས༽. 有關工作所需的薈供簡略彙集g2.0f
================== 第 1 段 ================== 【原始藏文】 དར་རས་ལྷ་མོའི་སྐུ་ལ་བསྟེན་པ་སོགས། ས༽ །ལས་ཚོགས་ཉེར་མཁོའི་སྐོར་ཚོགས་ཉུང་བསྡུས་ཡོད། ། དར་རས་ལྷ་མོའི་སྐུ་ལ་བསྟེན་པ་སོགས། ས༽ །ལས་ཚོགས་ཉེར་མཁོའི་སྐོར་ཚོགས་ཉུང་བསྡུས་ཡོད། ། རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། ཌཱཀྐི་སུརླའི་མདོག་ཅན་གྱི་ལས་ཚོགས་ཉེར་མཁོའི་བསྐོར་ཉུང་ངུ་བསྡུས་པ་བཞུགས་སོ། །ན་མོ་ཨཱརྨ་ཏཱ་རེ་ཡེ། བསྙེན་པ་བྱེད་དུས་མེ་ལོང་སྟེང་བྱུག་པའི། །སིན་དྷུ་ར་དང་བྱང་སེམས་དམར་པོ་དང་། །མ་རྙེད་བྲག་ཞུན་གྱིས་ཚབ་རུང་བ་ཡིན། །རས་སམ་དར་ལ་ལྷ་མོའི་སྐུ་གཅིག་བྲིས། །སྐུད་དམར་དཀྲིས་ལ་སྲིན་ལག་གཡོན་པར་བཅིངས། །རང་ཉིད་ལྷ་མོའི་ང་རྒྱལ་དང་བཅས་པའི། །དབང་དུ་བསྡུ་བྱའི་སྙིང་གར་ཧཱིདམར་བསམ། །ཨོ་ཀུ་རུ་ཀུལླེ་ཧི༔ ཧཱུྃ་ཧཱུྃ་བྷད་ཏྲི་ཨུ་ཙ་ཏ་ཡ་ ཧཱུྃཿཕཊ་ཕཊ། ཅེས་བཟླས་སྐབས་སུ་རས་བྲིས་སྐུ་དེ་ལ། །མེ་ཏོག་དམར་པོ་དང་ནི་ཚོགས་འཁོར་མཆོད། །འཕྲལ་དུ་དབང་སྡུད་སྔགས་བཟླས་སྐུད་བཅིངས་བསམ། །མི་དགོས་སྐབས་སུ་སྣོད་དུ་སྦས་པས་ཆོག །ཀུ་རུ་ཀུལླེ་གཞོན་ནུའི་བསྒྲུབ་པ་ཟེར། །དེ་ནི་ཞོར་ལ་བསྒྲུབ་པས་ཆོག་པར་གསུངས། །ཨྠ྄ྀི། སྔོན་དུས་བསྙེན་པ་ལེགས་པར་ཐོན་པའི་མིས། །དྲི་ཞིམ་སྔགས་ཏེ་རང་གི་ལུས་བྱུག་ན། །སྐྱེ་བོ་ཐམས་ཅད་བྱམས་ཤིང་དགའ་བར་འགྱུར། །དེ་ཉིད་དཔའ་བོ་གཅིག་བསྒྲུབ་རྒྱུད་ནས་གསུངས། ཕར་ལ་གཏད་རྒྱུའི་ཟས་སྐོམ་ལ་སོགས་པར། །ཆས་ཀ་གང་རུང་སྔགས་བཏབ་བྱིན་གྱུར་ན། །བྱིན་པ་དེ་ཉིད་དབང་དུ་འདུ་བར་གསུངས། །དེ་ཡང་རྒྱུད་ལ་གསལ་ཞིང་གབ་བསྐུང་མེད། །ཨྠ྄ྀི། དབང་གི་སྦྱིན་སྲེག་སྤྱི་ལྟར་བྱས་པའི་ཚེ། །བསྲེག་རྫས་གཙོ་བོ་མེ་ཏོག་དམར་པོ་ལ། །རྩ་སྔགས་ཆེ་གེ་ཝ་ཤཾ་ཀུ་རུ་ཧོ། །སྦྱར་ནས་བརྒྱ་སྟོང་ཅི་མང་བསྲེགས་བྱས་པས། །མྱུར་དུ་དབང་དུ་འདུས་པར་རྒྱུད་ནས་གསུངས། །སྟབས་བདེ་བླ་མའི་མན་ངག་ཟབ་མོ་རྒྱ། །ཨྠ྄ྀི། རང་ངམ་ནད་པའི་སྤྱི་བོར་པད་ཟླའི་སྟེང་། ། ཧཱི༔ཡིག་དཀར་པོ་སྔགས་ཕྲེང་དཀར་པོས་བསྐོར། །དེ་ལས་བདུད་རྩིའི་རྒྱུན་ནི་དཀར་པོ་བབ། །ཚངས་བུག་ནས་ཞུགས་ནད་ཀུན་དག་པར་བསྒོམ། །ཨོཾ་ཀུ་རུ་ཀུལླེ་ཧཱི༔ བྷི་ཤ་ཤཱནྟི་ཀུ་རུ་སྭཱ་ཧཱ། སྒོམ་དང་བཟླས་པས་དུག་ནད་སེལ་བར་བྱེད། །རྒྱུད་དང་རྒྱ་གཞུང་མན་ངག་གསལ་བྱས་ཡོད། །ཨྠ྄ྀི། རང་ཉིད་ལྷ་མོ་གསལ་བའི་ལྕེ་ཡི་རྩེར། །དྷཱི༔ཡིག་དམར་པོ་མེ་ལྟར་འབར་བ་ཡི། །དེ་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་དང། །པཎྜི་ཏ་ཡི་ཤེས་རབ་ཐམས་ཅད
【漢語翻譯】 依靠綢緞天女身像等。 ས༽。 有關工作所需的薈供簡略彙集。
【英語翻譯】 Relying on the image of the Goddess of Silk and Cloth, etc. ས༽. A concise collection of essential practices related to work.
============================================================
================== 第 2 段 ================== 【原始藏文】 ་བསྡུས། །རང་གི་ཁོང་དུ་ཐེམ་པར་བསྒོམ་བྱ་ཞིང་། །ཨོ་ཀུ་རུ་ཀུལླེ་ཧྲི༔ པྲཛྙཱ་པ་ཤཾ་པུཊྚི་ཀུ་རུ་སྭཱ་ཧཱ། ཞེས་བཟླས་ཤེས་རབ་འཕེལ་ཞིང་འཆད་བཟང་ངོ་། །ཨྠ྄ྀི། དེ་དག་རྣམས་ནི་ལྷ་མོ་རིག་བྱེད་བསྐོར། །ཕལ་ཆེར་བྲིས་སྐུ་ཆ་ཚང་་ལ་སོགས་པར། །རྫས་མི་རྙེད་པ་ཉམས་སུ་ལེན་དཀའ་བ། །མང་པོ་བྲི་བ་ཚག་ཆེ་དགོས་པ་གཏོར། །སྔོན་ཚེ་དཔལ་ལྡན་འབྲུག་པ་པད་དཀར་གྱིས། །དབང་བསྡུད་སྣང་བ་དགུ་འགྱུར་རྫ་ས་བསྒྲུབས་ནས། །འཇའ་ཚུགས་རིལ་བུའི་རུ་རྩི་ལ་བསྲེས་པས། །འབྲུག་པར་མི་ཀུན་དད་པ་ཡིན་ནོ་ཞེས། །འཇའ་ཚུགས་རིལ་བུར་ཕལ་ཆེར་རྣམ་རྟོག་བྱེད། ། འོན་ཀྱང་སྣང་བ་ཆོས་ལ་འགྱུར་བའི་ཕྱིར། །ཡིན་པས་ལོག་ལྟ་བྱ་བར་མི་རུང་ངོ་། །འདི་ནི་ལྷ་མོ་འདིའི་ལས་ཚོགས་ལའང་། །རྫས་སྦྱོར་དབང་སྡུད་བྱས་ཀྱང་རྙེད་དཀའ་ཞིང་། །རྫས་དེ་མི་གཙང་རྫས་སུ་འདུག་པའི་ཕྱིར། །བྱ་བར་མི་རུང་ཡིད་ལ་དྲན་བྱ་མིན། །དེ་མིན་བདེ་ཞིང་ལེགས་དང་རྫས་སླ་བའི། །ལས་སྦྱོར་སྒྲུབ་སྐོར་མ་ཚང་མེད་པ་འདི། །བླ་མ་བཱིརླ་ས་ག་རས་བསྐུལ་ནས། །རཱ་ག་ཨ་སྱས་རྒྱུད་དང་རྒྱ་གཞུང་སོགས། །མན་ངག་རྒྱ་མཚོའི་བཅུད་བསྡུས་གབ་འཁྲུགས་བསལ།། །གབ་སྦས་མེད་པར་ཉམས་སུ་བླང་བདེར་བཀོད། །འདི་བྲིས་སྦ་འོས་གསལ་བཀོད་ཉེས་པའི་ཚོགས། །ཆོས་བདག་ཌཱཀྐི་ཆོས་སྐྱོང་རྣམས་ལ་བཤགས། །ངེས་པར་བརྒྱུད་པ་འཛིན་ངེས་རེ་རེ་ལས། །མང་དུ་སྤེལ་ན་ཌཱཀྐིས་ཆད་པ་ཆོད། །དགེ་བས་འགྲོ་ཀུན་བྱང་ཆུབ་ལམ་འགོད་ཤོག །མངྒ་ལཾ། ། དར་རས་ལྷ་མོའི་སྐུ་ལ་བསྟེན་པ་སོགས། ས༽ །ལས་ཚོགས་ཉེར་མཁོའི་སྐོར་ཚོགས་ཉུང་བསྡུས་ཡོད། །
【漢語翻譯】 總集。 應觀想自身內部為壇城。 唸誦:嗡 咕汝 咕嚕格列 舍(藏文,梵文天城體:ओ कुरुकुल्ले ह्रीः,梵文羅馬擬音:o kurukulle hrih,漢語字面意思:嗡 咕汝 咕嚕格列 舍) 般若 巴香 布提 咕汝 梭哈(藏文,梵文天城體:प्रज्ञा पाशं पुष्टि कुरु स्वाहा,梵文羅馬擬音:prajñā pāśaṁ puṣṭi kuru svāhā,漢語字面意思:般若 索 增益 咕汝 梭哈)。如此唸誦,能增長智慧,善於講說。 阿底。 這些都是關於明妃本尊的。 大多數儀軌需要完整的畫像等等。 因為難以找到所需材料,所以很難修持。 大量抄寫既繁瑣又耗時,故舍棄。 昔日,尊貴的竹巴白瑪嘎布(‘brug pa pad dkar,意為白蓮)曾修持增權九倍光明的土。 將其與彩虹丸的藥汁混合。 因此,不丹人都對此深信不疑。 大多數人對彩虹丸持有各種想法。 然而,光明是爲了轉化為佛法。 因此,不應持有邪見。 即使是此本尊的事業法中, 即使做了材料配製和增權,也很難找到材料。 因為那些材料是不凈之物。 所以不應做,也不應去想。 除此之外,這個既安樂又殊勝,且材料易得的, 事業儀軌和修法圓滿無缺的法本, 由上師維拉薩嘎勸請, 拉嘎阿亞從續部和漢文典籍等, 精華彙集的口訣之海中提取並消除了隱晦之處。 毫無保留地編寫成易於修持的法本。 抄寫此法本,將應隱藏之處公開乃是罪過。 向護法空行母和護法神懺悔。 務必從傳承持有者處一一獲取。 如果大量傳播,空行母會降下懲罰。 愿以此功德,引導一切眾生趨向菩提。 吉祥! 依靠綢緞繪製的本尊像等等。薩。 此乃事業所需儀軌的簡略總集。
【英語翻譯】 Collected. One should meditate that one’s own interior is the mandala. Recite: Om Kuru Kulle Hrih (藏文,梵文天城體:ओ कुरुकुल्ले ह्रीः,梵文羅馬擬音:o kurukulle hrih,漢語字面意思:Om Kuru Kulle Hrih) Prajñā Pāśaṁ Puṣṭi Kuru Svāhā (藏文,梵文天城體:प्रज्ञा पाशं पुष्टि कुरु स्वाहा,梵文羅馬擬音:prajñā pāśaṁ puṣṭi kuru svāhā,漢語字面意思:Prajñā Pāśaṁ Puṣṭi Kuru Svāhā). By reciting this, wisdom increases and one becomes good at speaking. Athi. These are all about the Vidya Goddess. Most rituals require complete paintings, etc. Because it is difficult to find the necessary materials, it is difficult to practice. Copying a lot is both cumbersome and time-consuming, so it is abandoned. In the past, the venerable Drukpa Pema Karpo ( ‘brug pa pad dkar, meaning White Lotus) practiced the empowerment of ninefold luminous earth. Mixing it with the juice of rainbow pills. Therefore, all the people of Bhutan believe in it. Most people have various ideas about rainbow pills. However, luminosity is for transforming into Dharma. Therefore, one should not hold wrong views. Even in the activity practices of this deity, Even if materials are prepared and empowered, it is difficult to find the materials. Because those materials are impure. So it should not be done, nor should it be thought of. Apart from that, this which is both comfortable and excellent, and the materials are easy to obtain, This Dharma text with complete and flawless activity rituals and practices, Urged by Lama Vīra Sāgara, Rāga Asya extracted from the ocean of essential instructions from tantras and Chinese texts, etc., and eliminated obscurities. Written without concealment into a Dharma text that is easy to practice. Copying this Dharma text, revealing what should be hidden is a sin. I confess to the Dharma protectors, Dakinis, and Dharma protectors. Be sure to obtain it one by one from the lineage holders. If propagated in large quantities, the Dakinis will impose punishment. May this merit lead all beings to the path of enlightenment. Mangalam! Depending on the deity image made of silk and cloth, etc. Sa. This is a brief collection of the necessary rituals for activities.
============================================================
同部經論
與本文同名或相近的其他版本、科判、譯文與註疏。