CMR017_0025.拍掌g2.0f
================== 第 1 段 ================== 【原始藏文】 ཐལ་རྡེབ། ཐལ་རྡེབ། ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པ་དང་། ཁྱད་པར་དུ་ཡི་དམ་རྡོ་རྗེ་གཞོན་ནུ། ཡུམ་མཆོག་འཁོར་ལོ་རྒྱས་འདེབས། སྲས་མཆོག་རིགས་བཞི། ཁྲོ་བཅུ་ཡབ་ཡུམ། ཟ་གསོད་ཕྲ་མེན། སྲུང་མ་བཅུ་གཉིས། སྒོ་མ་བཞི། ཕྱག་བརྙན་དབང་ཕྱུག་མ་དང་བཅས་པ། ཕུར་པའི་ལྷ་ཚོགས་བདུན་ཅུ་རྩ་གཉིས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་སྟོབས་ཆེན་པོའི་བྱིན་རླབས་ལ་བསྟན་ནས། རྣལ་འབྱོར་པ་བདག་ཅག་ཡོན་མཆོད་མི་ནོར་འཁོར་དང་་བཅས་པ་རྣམས་ལ། སྡང་བྱེད་ཀྱི་དགྲ། གནོད་བྱེད་ཀྱི་བགེགས། བར་གཅོད་ཀྱི་རྐྱེན། ཆག་ཆེན་ཉམ་ང་། གཟུགས་ཅན། གཟུགས་མེད། སྦྱོར་ངན། གདུག་རྩུབ། བྱད་ཟོར། ཕུར་ཁ། གཏད་ཁྲམ་ལ་སོགས་པ་མདོར་ན་མི་མཐུན་པའི་ཕྱོགས་རིས་ངན་པ་ཐམས་ཅད། དགྲ་བོ་གནོད་བྱེད་བྱེད་མ་ཁོ་རང་གི་སྟེང་དུ་ཕྱིར་ཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །དེ་དག་ཐམས་ཅད་ཀྱི་མཐུ་བཅིངས་བར་བགྱིའོ། །སྟོབས་བཅིངས་བར་ བགྱིའོ། གཟི་བརྗིད་བཅིངས་བར་བགྱིའོ། སྦྱོར་བ་ངན་པ་ཐམས་ཅད་རང་ནུས་རིང་ལ་བཟློག་པར་གྱུར་ཅིག །ཨི་ས་བྷྱོ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས། ཐལ་རྡེབ།
【漢語翻譯】 拍掌。 拍掌。 頂禮!三寶和三根本的諦實,特別是本尊金剛童子,聖母輪圓,聖子四族,十忿怒尊父母,食肉鬼神,十二護法,四門神,持物自在母等,普巴金剛七十二尊眷屬的教令諦實,以及大諦實力之加持,祈請爲了瑜伽士我等供養的施主、人、財物眷屬等,憎恨之仇敵,損害之魔障,阻礙之違緣,大衰損之恐懼,有形者,無形者,惡劣之行為,惡毒之粗暴,詛咒,普巴口訣,符咒等等,總而言之,所有不順的惡劣方面,愿仇敵損害者自己返回自身!愿消失!愿寂滅!愿完全寂滅!愿束縛所有這些的力量!愿束縛力量!愿束縛光榮!愿所有惡劣之行為都返回自身的能力!伊薩 貝 札! 遣除八萬魔障等。 拍掌。
【英語翻譯】 Clap hands. Clap hands. Namo! The truth of the Three Jewels and the Three Roots, especially the Yidam Vajrakumara, the Holy Mother Cakrasamvara, the Holy Son Four Families, the Ten Wrathful Ones, male and female, the flesh-eating spirits, the Twelve Guardians, the Four Gatekeepers, including the Hand-Bearing Powerful Mother, the command and truth of the seventy-two deities of Vajrakila with their retinue, and relying on the blessings of the great power of truth, for us yogis, the patrons of offerings, people, wealth, and retinue, may all enemies who hate, demons who harm, obstacles that hinder, great fears of decline, those with form, those without form, evil actions, malicious violence, curses, Kila mantras, spells, etc., in short, all unfavorable and evil aspects, may the enemy and the harmer be turned back upon themselves! May they disappear! May they be pacified! May they be completely pacified! May the power of all these be bound! May the strength be bound! May the glory be bound! May all evil actions be turned back upon their own power! Isa Bhayo Zla! Turn back eighty thousand kinds of obstacles, etc. Clap hands.
============================================================
同部經論
與本文同名或相近的其他版本、科判、譯文與註疏。