CMR033_0025.四事業火供極簡略g2.0f
================== 第 1 段 ================== 【原始藏文】 ལས་བཞིའི་སྦྱིན་སྲེག་ཤིན་ཏུ་བསྡུས་པ། ལས་བཞིའི་སྦྱིན་སྲེག་ཤིན་ཏུ་བསྡུས་པ། ལས་བཞིའི་སྦྱིན་སྲེག་ཤིན་ཏུ་བསྡུས་པ་བཞུགས་སོ། ། ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི་ཧཱུཾ། ལས་བཞིའི་སྦྱིན་སྲེག་ཤིན་ཏུ་བསྡུས་པ་ནི། །ས་སྟེགས་བཅག་སྟེང་དཀར་གཏོར་གཅིག་བཤམས་བྲན། །ཧཱུྃ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། །དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར། །ས་ཡི་ལྷ་མོ་བརྟན་མ་ལ་སོགས་པའི། །ས་བོདག་ཡུལ་བདག་གྲོང་བདག་གནས་བདག་རྣམས། །ས་རིན་བདུད་རྩིའི་གཏོར་མ་འདི་བཞེས་ལ། །བཞིན་བཟང་འདི་རུ་མ་འདུག་གཞན་དུ་གཟུར། །བདག་གིས་བསྲེག་བླུགས་ཆོ་ག་བྱེད་པ་ལ། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར། །བདག་གི་དཔུང་གཉེན་སྟོང་གྲོགས་མཛད་དུ་གསོལ། ། ཨོཾ་པྲི་ཐི་དེ་ཝི་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། སྔགས་ལན་གསུམ་དང་། བཛྲ་མུ༔ ཞེས་ཕུལ། ཐིག་ཚོན་བྱིན་རླབས་ནི། ཨ། སྟོང་པའི་ངང་ལས་ཐིག་དང་ཚོན་རྣམས་ནི། །རིགས་ལྔའི་རང་བཞིན་ཁ་དོག་ལྔ་ལྡན་གྱུར། །ཨོཾ་ཨཱཿ ཧཱུྃ་སྭཱ་ཧཱ། དེ་ནས་ཡེ་ཤེས་པའི་ཐིག་ནམ་མཁར་གདབ། དེ་ནས་ཐིག་ཆེན་བརྒྱད་གདབ། དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད་བྲི། །དེ་དབུས་ཞི་བ་ལ་རྡོ་རྗེ་དཀར་པོ། རྒྱས་པ་ལ་ནོར་བུ་སེར་པོ། དབང་ལ་པདྨ་དམར་པོ། དྲག་པོ་ལ་རྡོ་རྗེ་སྔོན་པོ་ཁ་གདེངས་བ་བྲི། དེ་རྒྱབ་ཐབ་ཀྱི་རྒྱ་ནི། ཞི་བར་ཁྲུ་གང་ཟླུམ་པོ་དཀར། །རྒྱས་པར་གྲུ་བཞི་ཁྲུ་དོ་སེར། །དབང་ནི་ཟླ་གམ་དམར་པོ་སྟེ། །དྲག་པོར་གྲུ་གསུམ་ནག་པོ་ ཡིན། །དེ་གཉིས་ཁྲུ་རེ་རྙིང་མའི་ལུགས། །དཔེའུ་རིས་ལྟར་བྲིས་པའི་སྟེང་། །ལས་མཐུན་ཤིང་ཡང་དེ་ལྟར་བརྩེགས། །དེ་སྟེང་ལས་མཐུན་མདའ་དར་བཙུགས། །ཞི་རྒྱས་དབང་གསུམ་མཚུངས་པ་སྟེ། །བསྲེག་རྫས་གཡས་ལ་མཆོད་རྫས་གཡོན། །དྲག་པོར་དེ་ལས་གོ་ལྡོག་བྱ། །མཆོད་གཞི་གོས་ལྡན་ཐོད་པ་སོགས། །ལས་ཀྱི་ཁ་དོག་འཛོམས་ན་ལེགས། །ཡི་དམ་མེ་ལྷའི་གཏོར་མ་གཉིས། །དབྱིབས་དང་རྒྱན་ཡང་ལས་དང་བསྟུན། །ཡམ་ཤིང་ཐབ་ཀྱི་ཕྱེད་དེ་ཡིན། །ཡམ་ཤིང་མར་ཁུ་མེད་ཐབས་མེད། །ལས་ནི་གང་སྒྲུབ་བསྲེག་རྫས་རྣམས། །ཅི་མང་འབུལ་ཞིང་བསྲེག་རྫས་གཞན། །ཅི་འཛོམ་འབུལ་ཞིང་མེད་ཀྱང་རུང་། །སྡིག་སྒྲིབ་ཞི་ཕྱིར་ཏིལ་ཉིད་དེ། །བགེགས་ཞི་བ་ལ་ཡུངས་དཀར་ཉིད། །ནད་ཞི་བ་ལ་གྲོ་ཡིན་ནོ། །ཚེ་རྒྱས་པ་ལ་དཱརྦ་སྟེ། །བསོད་ནམས་རྒྱས་པར་འདོད་ན་འབྲས། །ནོར་འབྲུ་རྒྱས་པར་སོ་བ་ཡིན། །བདེ་སྐྱིད་དབང་འདུས་ཟས་མཆོག་སྟེ། །ད
【漢語翻譯】 四事業火供極簡略。 四事業火供極簡略。 四事業火供極簡略完畢。 那摩 गुरु दे व डाकिनी हूँ (藏文,गुरुदेवडाकिनी हूँ,gurudevaḍākinī hūṃ, गुरुदेवडाकिनी हूँ 皈依上師本尊空行母 吽)。四事業火供極簡略者:土地平整之上,陳設白色食子一個,佈置妥當。 吽 (藏文, हूँ,hūṃ, 吽) 字化為珍寶器皿,其中食子是,三白三甜化為甘露之海。土地神女堅牢地母等,土地之主,地域之主,村落之主,居處之主等,享用此土地珍貴甘露食子,面容和善留在此處,前往他處。我作燒施火供儀軌之時,請勿嫉妒作梗,成為我的臂膀,助我成辦事業。 嗡 貝 地 德 威 薩 巴 熱 哇 Ra 額 達 瑪 巴 林 達 卡 卡 卡 嘿 (藏文,嗡 पृथिवी दे वी सपरिवार इदं बलिं ता खा खा खा हि,oṃ pṛthivī devī saparivāra idaṃ baliṃ tā kha kha khā hi,嗡 大地 女神 眷屬 此 食子 享 享 享 飲)。 咒語三遍, Vajra mu (藏文,བཛྲ་མུ༔,vajramuḥ,金剛 哞) 供獻。 涂彩加持是, ཨ (藏文,ཨ,a,阿)。 空性之中,塗料和顏色等,化為五部之自性,具足五種顏色。 嗡 阿 吽 梭哈 (藏文,ཨོཾ་ཨཱཿ ཧཱུྃ་སྭཱ་ཧཱ།,oṃ āḥ hūṃ svāhā,嗡 阿 吽 梭哈)。 之後,將智慧之線置於空中。 之後,安置八大線。 中央繪製各種蓮花八瓣。 其中心,寂靜壇城上畫白色金剛杵。 增益壇城上畫黃色寶珠。 懷愛壇城上畫紅色蓮花。 降伏壇城上畫藍色金剛杵,張著口。 其後是火爐之法度:寂靜火爐一肘圓形白色。 增益火爐四方二肘黃色。 懷愛火爐是半月形紅色。 降伏火爐是三角形黑色。 此二者一肘,是寧瑪派之規矩。 按照圖樣繪製之上,與事業相應之木柴也同樣堆砌。 其上豎立與事業相應之箭和幡。 息增懷三者相同,燒施物在右,供品在左。 猛厲事業則與此相反。 供品基物,綢緞頭蓋骨等,具備事業之顏色則好。 本尊和火神之食子二者,形狀和裝飾也與事業相應。 橛木是火爐的一半。 橛木和酥油不可或缺。 事業是任何所修,燒施物等,儘可能多地供養,其他燒施物,儘可能多地供養,沒有也可以。 爲了息滅罪障,用芝麻。 爲了息滅魔障,用白芥子。 爲了息滅疾病,用小麥。 爲了增長壽命,用吉祥草。 如果想增長福德,用稻米。 爲了增長財物穀物,用青稞。 爲了增
【英語翻譯】 A Highly Condensed Version of the Four Activities Fire Puja. A Highly Condensed Version of the Four Activities Fire Puja. A Highly Condensed Version of the Four Activities Fire Puja is Complete. Namo Guru Deva Dakini Hum (藏文,गुरुदेवडाकिनी हूँ,gurudevaḍākinī hūṃ, Homage to the Guru, Deva, Dakini, Hum). A Highly Condensed Version of the Four Activities Fire Puja: On a leveled ground, arrange a single white torma, well-prepared. From Hum (藏文, हूँ,hūṃ, Hum) arises a precious vessel, and within it, the torma is transformed into a sea of three white and three sweet substances, becoming nectar. To the earth goddess, Tenma, and all the lords of the land, lords of the region, lords of the villages, and lords of the places, accept this precious nectar torma of the earth. With a pleasant demeanor, remain here and depart to other places. As I perform the ritual of burning and offering, without jealousy or obstruction, please be my support and assist me in accomplishing my activities. Om Prithivi Devi Sa Pariwara Idam Balim Ta Kha Kha Khahi (藏文,嗡 पृथिवी दे वी सपरिवार इदं बलिं ता खा खा खा हि,oṃ pṛthivī devī saparivāra idaṃ baliṃ tā kha kha khā hi,Om Earth Goddess, together with your retinue, accept this offering, kha kha kha hi). Recite the mantra three times, and offer with Vajra Mu (藏文,བཛྲ་མུ༔,vajramuḥ,Vajra Mu). The blessing of the colored threads is: A (藏文,ཨ,a,A). From the state of emptiness, the threads and colors transform into the nature of the five families, possessing five colors. Om Ah Hum Swaha (藏文,ཨོཾ་ཨཱཿ ཧཱུྃ་སྭཱ་ཧཱ།,oṃ āḥ hūṃ svāhā,Om Ah Hum Swaha). Then, place the wisdom thread in the sky. Then, place the eight great threads. In the center, draw a lotus with various eight petals. In the center of that, on the peaceful mandala, draw a white vajra. On the increasing mandala, draw a yellow jewel. On the subjugating mandala, draw a red lotus. On the wrathful mandala, draw a blue vajra with an open mouth. Behind that is the measure of the fire pit: For the peaceful fire pit, one cubit round and white. For the increasing fire pit, a square of two cubits and yellow. The subjugating fire pit is a crescent, red. The wrathful fire pit is a triangle, black. These two are one cubit each, according to the Nyingma tradition. On top of the drawing according to the diagram, stack wood that corresponds to the activity. On top of that, erect arrows and banners that correspond to the activity. The peaceful, increasing, and subjugating are the same, with the burnt offerings on the right and the offerings on the left. For the wrathful, reverse this arrangement. The base of the offerings, silk cloths, skull cups, etc., are good if they possess the colors of the activity. The tormas for the yidam and the fire god, their shapes and decorations also correspond to the activity. The peg wood is half the size of the fire pit. The peg wood and butter are indispensable. The activity is whatever is being accomplished, the burnt offerings, etc., offer as much as possible, and other burnt offerings, offer as much as possible, but it is also fine if they are not available. To pacify sins and obscurations, use sesame seeds. To pacify obstacles, use white mustard seeds. To pacify diseases, use wheat. To increase life, use durva grass. If you want to increase merit, use rice. To increase wealth and grains, use barley. To increase
============================================================
================== 第 2 段 ================== 【原始藏文】 ྲག་པོར་ཤ་དུམ་ལིང་ག་ཡིན། །ལིང་གར་བཀུག་གཞུག་བསྒྲལ་ལས་བྱ། །བདུད་རྩིས་བྲན་ཞིང་བྱིན་བརླབས་ནས། །ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ལས་དང་མཐུན་པའི་སྣོད་དུ། བསྲེག་རྫས་འདོད་ཡོན་ཕུན་སུམ་ཚོགས་པར་གྱུར། །ཨོཾ་ཨཱཿ ཧཱུྃ། ཨོཾ་ཋ་ཋ་ཋ་ཋ་ཋ། རྡོ་རྗེ་དང་དྲིལ་བུ་བཅས་པས་དགང་བླུགས་ཁ་སྦྱར་ཞིང་བསྲེག་རྫས་ཐམས་ཅད་ལ་རེག་ཅིང་། ཨོཾ་ཨཱཿ ཧཱུྃ་སྭཱ་ཧཱ། ཡམ་ཤིང་ལ་རེག་ཅིང་། ཨོཾ་ཤྲཱིཾ་སྭཱ་ཧཱ། མར་ ཁུ་ལ་རེག་ཅིང་། ཨོཾ་ཨ་སྭཱ་ཧཱ། འབྲུ་ཐམས་ཅད་ལ་རེག་ཅིང་། ཨོ་ཛཾ་སྭཱ་ཧཱ། རྫས་ཐམས་ཅད་རེག་ཅིང་། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཀུ་ཤ་ཐབ་ཀྱི་ཁ་ཁྱེར་གཡས་སུ་བསྐོར། །དྲག་པོ་ལ་གཡོན། །དུ་བསྐོར་ཞིང་བཀོད་ཅིང་། །ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གིས་བགེགས་རྣམས་ཐམས་ཅད་ནི། །ཞི་ཞིང་བདེ་ལེགས་མཛད་དུ་གསོལ། །ཨོཾ་བཛྲ་ས་ཏཱ་ཨཱཿ ཞེས་ཀུ་ཤ་ཆུན་པོ་གཉིས་རྒྱ་གྲམ་དུ་བྱས་ལ། རྩེ་མོ་ལས་གང་བྱེད་ཕྱོགས་སུ་བསྟན་ལ་ཐབ་སྟེང་བཞག །དེ་ནས་མེ་ཐབ་བྲན་ལ། ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ལས་དང་མཐུན་པའི་ཐབ་བྲིས་པ་ལྟ་བུའི་ཐབ་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་དང་ར་སྐྱེས་ཀྱི་གདན་ལ། རཾ་ལས་མེ་ལྷ་ལས་དང་མཐུན་པའི་ཁ་དོག་ཅན། ཞལ་གཅིག་ཕྱག་བཞི་སྤྱན་གསུམ་རལ་པའི་ཐོར་ཚུགས་ཅན། གཡས་གཉིས་ཚངས་དབྱུག་དང་མི་འཇིགས་པའི་ཕྱག་རྒྱ། གཡོན་གཉིས་ཕྲེང་བ་དང་རིལ་བ་འཛིན་པ། མེ་ལྕེ་སྟོང་གིས་དཀྲིས་ཤིང་འོད་འབར་བར་བསམ། དེའི་དཔྲལ་བར་ཨོཾ། མགྲིན་ པར་ཨཱཿ ཐུགས་ཀར་ཧཱུྃ་དང་རཾ་གྱིས་མཚན་པར་གྱུར། མེ་རུ་ཐོགས་ལ། ཧཱུྃ། ཕྱོགས་བཞི་ཀུན་ནས་མེ་ལེན་མ། །རིགས་བཞི་མཁའ་འགྲོ་ལས་ཀྱི་མདོག །དྲི་ཟ་གཤིན་རྗེ་གྲུལ་བུམ་དང་། །གནོད་སྦྱིན་ལག་ནས་མེ་ལོངས་ལ། །ལས་འདི་འགྲུབ་པའི་མེ་སྦོར་ཅིག །ཨོཾ་ཛཱ་ལ་ཛཱ་ལ་ཧཱུཾ། ཐབ་ཀྱི་ཤར་ལྷོ་ནས་མེ་སྦར་རོ། །དེ་ནས་བུད་ཤིང་ཞིག་ཐོགས་ལ། །ཧཱུྃ༔ མཚམས་བཞི་ཀུན་ནས་ཤིང་ཐུ་མ། །ཤུགས་འགྲོ་བཞི་པོ་ལས་ཀྱི་མདོག །མེ་ལྷ་བདེན་བྲལ་རླུང་ལྷ་དང་། །དབང་ལྡན་ཡུལ་ནས་ཤིང་ཐུས་ལ། །ལས་འགྲུབ་མེ་ནི་འབར་བར་མཛོད། །རླུང་གཡབ་མ་ཡིས་རླུང་གཡོབ་ཅིག །ཨོཾ་ཨཱཿ ཧཱུཾ། དེ་ནས་མདའ་དར་ཐོགས་ལ། ཧཱུྃ། ཡེ་ཤེས་ལྔ་ཡི་མེ་དཔུང་འབར་བ་འདི། །དུར་ཁྲོད་མེ་ཡི་མཆོད་པ་མ་རྫོགས་པར
【漢語翻譯】 對於猛烈的,是肉塊林伽。在林伽上進行勾、拉、殺等事業。用甘露灑掃並加持后。嗡 梭巴瓦 等。從空性中,在與業相符的器皿中,變成圓滿具備的焚燒物和欲妙。嗡 阿 吽。嗡 塔 塔 塔 塔 塔。以金剛杵和鈴鐺一起灌注,使其口相合,接觸所有焚燒物。嗡 阿 吽 梭哈。接觸楊樹。嗡 施讓 梭哈。接觸酥油。嗡 阿 梭哈。接觸所有穀物。嗡 贊 梭哈。接觸所有物質。嗡 咕嚕 咕嚕 梭哈。庫夏草火爐的開口向右旋轉。對於猛烈的,向左。旋轉並佈置。嗡。此庫夏草清凈且吉祥。是梵天諸神清凈之物。是令三寶歡喜之物。是從地上生出的蓮花之心。我祈請使所有障礙都,寂靜安樂吉祥。嗡 班雜 薩埵 阿。這樣將兩束庫夏草做成十字形。將頂端指向所做事業的方向,放在火爐上。然後灑掃火爐。嗡 班雜 阿彌利特 吽 啪。嗡 梭巴瓦 等。從空性中,在與業相符的火爐,如描繪的火爐般,在具足所有特徵的中央,在蓮花和羊皮的座墊上。從讓字生出與業相符顏色的火神。一面四臂三眼,髮髻。右邊兩手持梵天杖和無畏印。左邊兩手持念珠和甘露丸。觀想被千道火焰纏繞,光芒四射。在其額頭上是嗡。喉嚨里是阿。心間以吽和讓字作為標誌。拿著火。吽。從四面八方取火的母。四種姓空行母的事業顏色。乾闥婆、閻羅、陶罐和。夜叉手中的鏡子。爲了成就此事業,點燃火焰。嗡 扎拉 扎拉 吽。從火爐的東南方點燃火焰。然後拿起一根木柴。吽。從四面八方來的木柴。四種快速行走的事業顏色。火神、真諦、風神和。從有權勢的地方用木柴。爲了成就事業,使火焰燃燒。用扇子扇風。嗡 阿 吽。然後拿起箭和旗幟。吽。這燃燒的五種智慧之火焰。在尸陀林火的供養未圓滿之前
【英語翻譯】 For the wrathful, it is a lingam of flesh. On the lingam, perform actions of hooking, pulling, and killing. Having sprinkled and blessed with nectar. Om Svabhava, etc. From emptiness, in a vessel suitable for the action, it becomes a complete offering of burnt substances and desirable qualities. Om Ah Hum. Om Tha Tha Tha Tha Tha. With vajra and bell together, fill and combine the mouths, touching all the burnt substances. Om Ah Hum Svaha. Touching the elm wood. Om Shrim Svaha. Touching the butter. Om A Svaha. Touching all grains. Om Jam Svaha. Touching all substances. Om Kuru Kuru Svaha. Rotate the opening of the kusha grass stove to the right. For the wrathful, to the left. Rotate and arrange. Om. This kusha grass is pure and virtuous. It is the purifier of Brahma and the gods. It is that which pleases the Three Jewels. It is the heart of the lotus born from the earth. I pray that all obstacles may be pacified, peaceful, and auspicious. Om Vajrasattva Ah. Thus, make two bundles of kusha grass into a cross. Point the tip towards the direction of the action being performed and place it on the stove. Then sweep the stove. Om Vajra Amrita Hum Phet. Om Svabhava, etc. From emptiness, in the center of the stove suitable for the action, like a drawn stove, complete with all characteristics, on a lotus and goatskin seat. From Ram arises the fire god with a color suitable for the action. One face, four arms, three eyes, with a topknot of matted hair. The two right hands hold a Brahma staff and the gesture of fearlessness. The two left hands hold a rosary and a pill. Visualize being surrounded by a thousand flames, blazing with light. On his forehead is Om. In his throat is Ah. In his heart is marked with Hum and Ram. Holding the fire. Hum. From all four directions, the fire-receiving mothers. The action color of the four classes of dakinis. Gandharvas, Yamaraja, pot, and. Yakshas with mirrors in their hands. To accomplish this action, ignite the fire. Om Jala Jala Hum. Ignite the fire from the southeast of the stove. Then take a piece of firewood. Hum. Firewood from all four directions. The action color of the four swift-goers. Fire god, truth, wind god, and. From the place of power, with firewood. To accomplish the action, make the fire blaze. Fan with a fan. Om Ah Hum. Then take the arrow and banner. Hum. This blazing fire of the five wisdoms. Until the offering of the charnel ground fire is complete
============================================================
================== 第 3 段 ================== 【原始藏文】 ། །མེ་ལྕེ་ཕྱོགས་བཞི་དབུས་ལྔར་མ་འཕྲོ་ཞིག །མེ་ལྕེ་ཕྱོགས་བཞི་དབུས་ལྔར་འཕྲོས་གྱུར་ན། །གང་བརྩམ་ཕྲིན་ལས་འགྲུབ་པར་མི་འགྱུར་བས། །དེ་ཕྱིར་མེ་ལྕེ་གཞན་དུ་མ་འཕྲོ་ཞིག །ཅེས་བརྗོད་མེ་དར་གཡབ་བོ། །ཐབ་ཏུ་གནས་པའི་མེ་ལྷ་དམ་ཚིག་སེམས་དཔའི་ཐུགས་ཀའི་འོད་ཟེར་གྱིས། འཇིག་རྟེན་ཤར་ལྷོ་ནས་མེ་ལྷ་དྲང་སྲོང་སྤྱན་ དྲངས། བཛྲ་ས་མཱ་ཛ༔ ཕྱག་གཡས་རྡོ་རྗེ་དང་བཅས་མཐེ་བོང་སྲིན་ལག་གི་རྩར་མནན་ཞིང་རྣ་བ་གཡོན་ངོས་སུ་ཁྱེར་ལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨོཾ་ཨག་ཡེ་སརྦ་ཛཱ་ལ་ཡ། ཟླཛཧཱུྃ་བཾ་ཧོ༔ མེ་ལྷ་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་གྱུར་པ་ལས། དབང་ལྷ་སྤྱན་དྲངས་དབང་བསྐུར་རིགས་བདག་གིས་དབུ་བརྒྱན་པར་གྱུར། དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། །བསྲེག་རྫས་དམ་རྫས་ཉེར་སྤྱོད་རྣམས། །མེ་ལྷ་དྲང་སྲོང་ཁྱེད་ལ་འབུལ། །བཞེས་ནས་ལས་བཞི་འགྲུབ་པར་མཛོད། །ཨོཾ་ཨག་ཡེ། ཨགྷཾ་པཱདྱེ་པུབྦེ་དྷ་པེ་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝི་དུ་ཤརྡ་ཨཱཧཱུྃ། དགང་བླུགས་ཀྱི་ཁར་ཡི་དམ་གྱི་ས་བོན་དང་། མེ་ལྷ་ཞལ་ཅུང་ཟད་གདངས་བའི་ལྗགས་ལ་རཾ་ཡིག་གིས་མཚན་པས་བསྲེག་རྗེས་བདུད་རྩི་བཞེས་པར་གྱུར་པར་བསམས་ལ་རྡོར་དྲིལ་དང་མ་བྲལ་བར་དགང་བླུག་ཏུ་མར་ཁུ་གསུམ་བླུགས་ལ། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། དེ་ནས་ཁ་སྦྱར་ལ་ཐབ་ཀྱི་གཡས་ནས་གཡོན་དུ་བསྐོར་ཞིང་། ཨོཾ་ཨགྣེ་ཡེ་ཧ་ བྱ་ཀ་བྱ་ཝ་ཧ་ན་ཡ་ཨ་དི་བྱ་སྭཱ་ཧཱ། ཞེས་ཐབ་ཏུ་འབུ།་དེ་འདྲ་གསུམ་བྱ་བ་མེ་སྤྲུག་བརྟག་པའོ། །ཨོ་ཨཀྵེ་ཡེ་དྷེ་ཝ་ཏ་ཡེ་སྭཱ་ཧཱ། ཞེས་མེ་ལྷའི་སྔགས་འདི་ལ་བསྲེག་རྫས་གང་ཡོད་རྣམས་གསུམ་མམ་བདུན་ནམ་ཉེར་གཅིག་གང་འབྱོར་སོ་སོར་སྔགས་ཀྱི་ཤམ་བུ་དང་བཅས་ཕུལ་ལ། ཨོཾ་བྷྱོ་དྷི་བྷིཀཱ་ཡེ་སྭཱ་ཧཱ། ཡམ་ཤིང་སྔགས་སོ། །ཞི་བ་ཡིན་ན། བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། རྒྱས་པ་ལ། །གཟི་བརྗིད་ཕུན་སུམ་ཚོགས་པ་པུཏྟིཾ་ཀུ་རུ་ཨོ། དབང་ལ། ཕུན་སུམ་ཚོགས་པ་ཝ་ཤཾ་ཀུ་རུ་ཧོ༔ དྲག་པོ་ལ། བར་དུ་གཅོད་པའི་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། དེ་ལྟར་ཀུན་ལ་འགྲེའོ། །མར་ཁུ་ལ། ཨོཾ་ཨཀྵེ་ཡེ་སྭཱ་ཧཱ། འབྱོར་བ་ཕུན་སུམ་ཚོགས། ཏིལ་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཡུངས་དཀར་ལ། ཨོཾ་
【漢語翻譯】 火焰不要向四方和中央五處蔓延!如果火焰向四方和中央五處蔓延,那麼所做的事業就不會成功。因此,火焰不要向其他地方蔓延!這樣說著,揮舞著火幡。灶中居住的火神誓言尊的心間放射出光芒,從世界的東南方迎請來火神仙人。班雜薩瑪扎!右手拿著金剛杵,用拇指按住無名指的根部,舉到左耳邊。吽!以信心和誓言,請來請來大天神!火神之王,仙人至尊!爲了享用焚燒供品和食物,請降臨到這裡!嗡 阿格耶 薩瓦 匝拉雅 匝匝 吽 瓦 霍!火神智慧尊和誓言尊融為一體,迎請灌頂神,由種姓主尊加冕。真實的供品和意念化現的焚燒物、誓言物和受用物,供養給火神仙人您!請享用併成辦四種事業!嗡 阿格耶。阿甘 巴德 貝 布貝 達貝 阿洛給 根德 涅維杜 夏達 阿吽!在傾倒供品的口上,有本尊的種子字,以及火神稍微張開的嘴裡有讓字,觀想焚燒后享用甘露,不要離開金剛鈴,向傾倒供品處傾倒三次酥油。嗡 阿格涅耶 梭哈!然後合上,從灶的右邊向左邊旋轉。嗡 阿格涅耶 哈 匝 匝 瓦哈納雅 阿迪匝 梭哈!這樣向灶中投入。像這樣進行三次,就是火星占卜。嗡 阿克謝耶 德瓦達耶 梭哈!這樣對火神的咒語,將所有焚燒物,無論是三份、七份還是二十一份,都分別加上咒語的尾音來供養。嗡 貝 迪 比卡耶 梭哈!這是楊樹的咒語。如果是息災,那麼所有障礙都 桑定 咕嚕耶 梭哈!如果是增益,那麼光輝圓滿 布定 咕嚕 嗡。如果是懷愛,那麼圓滿 瓦香 咕嚕 霍!如果是降伏,那麼阻礙的怨敵 瑪拉雅 吽 啪!就這樣對所有情況進行解釋。對酥油,嗡 阿克謝耶 梭哈!財富圓滿。對芝麻,嗡 薩瓦 巴巴 達哈納 班雜耶 梭哈!所有罪業和障礙 桑定 咕嚕耶 梭哈!對白芥子,嗡
【英語翻譯】 May the flames not spread to the four directions and the five centers! If the flames spread to the four directions and the five centers, then whatever undertaking is started will not be accomplished. Therefore, may the flames not spread elsewhere! Saying this, wave the fire banner. From the heart of the fire deity, the samaya being residing in the hearth, rays of light emanate. From the southeast of the world, invite the fire deity, the sage. Vajra Samaja! Holding the vajra in the right hand, press the thumb on the root of the ring finger and hold it to the left ear. Hum! With faith and samaya, come here, come here, great deity! King of the fire deities, supreme sage! In order to partake of the burnt offerings and food, please come to this very place! Om Agnaye Sarva Jalaya Dza Hum Vam Hoh! From the inseparable union of the wisdom fire deity and the samaya fire deity, invite the empowerment deity, and may the lineage lord crown the head. Actual offerings and mentally emanated burnt substances, samaya substances, and objects of enjoyment, I offer to you, the fire deity sage! Having accepted them, accomplish the four actions! Om Agnaye. Argham Padye Pube Dhupe Aloke Gandhe Nevidu Sharda Ah Hum! On the mouth of the pouring vessel, there is the seed syllable of the yidam, and in the slightly opened mouth of the fire deity, there is the letter Ram. Visualize that after burning, nectar is consumed, and without separating from the vajra bell, pour three times ghee into the pouring vessel. Om Agnaye Svaha! Then close it and rotate it from the right to the left of the hearth. Om Agnaye Ha Bya Ka Bya Vahanaya Adi Bya Svaha! Thus, offer it into the hearth. Doing this three times is the fire divination. Om Aksheye Devataye Svaha! Thus, for this mantra of the fire deity, offer all the burnt substances, whether three, seven, or twenty-one, each with the tail of the mantra. Om Bhyo Dhi Bhikaye Svaha! This is the mantra for the ashvattha wood. If it is pacifying, then all obstacles Shanting Kuruye Svaha! If it is increasing, then splendor and abundance Putting Kuru Om. If it is magnetizing, then abundance Vasham Kuru Hoh! If it is wrathful, then obstructing enemies Maraya Hum Phat! Thus, explain it for all situations. For ghee, Om Aksheye Svaha! Abundance of wealth. For sesame seeds, Om Sarva Papam Dahana Vajraye Svaha! All sins and obscurations Shanting Kuruye Svaha! For white mustard seeds, Om
============================================================
================== 第 4 段 ================== 【原始藏文】 སརྦ་ཨརྦ་སིདྡྷི་ཡེ་སྭཱ་ཧཱ། བགེགས་ཐམས་ཅད་༴ ཟས་མཆོག་ལ། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་དུཏྤ་ལ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་ཕུན་སུམ་ཚོགས་པ༴ ནས་ལ། ཨོཾ་མ་ཧཱ་བྷེ་ག་ཡེ་སྭ་ཧཱ། ཤུགས་ཕུན་སུམ་ཚོགས་པ༴ གྲོ་ལ། ཨོཾ་བཛྲ་གྷསྨཱ་རི་སྭཱ་ཧཱ། ནད་ཐམས་ཅད་སོ་བ་ལ། ཨོཾ་བཛྲ་བཱི་ཛ་ཡེ་སྭ་ཧཱ། ། ནོར་དང་འབྲུ་ཕུན་སུམ་ཚོགས་པ༴ སྲན་མ་ལ། ༀ་བཛྲ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་འབྲས་ལ། ཨོཾ་བཛྲ་པུཥྛ་ཡེ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ཤིང་ཐོག་ལ། ཨོཾ་བཛྲ་ཤི་བ་ཡེ་སྭཱ་ཧཱ། རིགས་རྒྱུད་ཕུན་སུམ་ཚོགས་པ་༔ མེ་ཏོག་ལ། ཨོ་པུབྦེ་སྭཱ་ཧཱ། ཁ་དོག་དང་གཟི་བརྗིད་ཕུན་སུམ་ཚོགས་པ༔ ཇ་ཕུད་ལ། ཨོཾ་ཏཾ་བུ་ལ་ཡེ་སྭཱ་ཧཱ། བཀྲ་ཤིས་ཕུན་སུམ་ཚོགས་པ་རས་ལ། ཨོཾ་བཛྲ་ཝསྣ་ཡེ་སྭཱ་ཧཱ། རྒྱན་གོས་ཕུན་སུམ་ཚོགས་པ། ཀུ་ཤ་ལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། །བསྲུང་བ་ཕུན་སུམ་ཚོགས་པ༔ དྲག་པོར་ལིང་ག་ལ། གནོད་བྱེད་དགྲ་བགེགས་སརྦ་ཤ་ཏྲོ་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི། ཞེས་ཕུལ་ལོ། །དེ་ནས་བསྟོད་པ་ནི། ཧཱུཾ། གཟི་བརྗིད་ལྡན་པ་མེ་ཡི་ལྷ། །འབར་བཅས་སྐུ་ཡི་རྒྱན་གྱིས་བརྒྱན། །རྔམས་པའི་བྱིན་ཆེན་ལས་ལ་བརྩོན། །བསྲེག་བླུགས་འབུལ་ལོ་ལས་ཀུན་སྒྲུབས། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །ཞི་ལ་སོགས་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་དོན་བསྒྲུབ་པ། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད། །དེ་ནས་ཞི་རྒྱས་དབང་གསུམ་ལ། མེ་ལྷའི་ལྟོ་བར༔ དྲག་པོར་མར་ཁུ་ གསུམ་ཕུལ། མེ་ལྷ་འོད་དུ་ཞུ་མེ་དཔུང་གི་དབུས་སུ། ལྷ་གང་ཡིན་གྱི་མངོན་རྟོགས་སྤྱན་འདྲེན་བཞུགས་གསོལ་མཆོད་པ་རྣམས་ལས་བྱང་ལྟར་ལས། གཏོར་མའི་མཆོད་པ་སྐྱུར། རྒྱས་པར་ན་ཕྱི་མཆོད་དང་སྨན་རཀ་རྣམས་ཅུང་ཟད་རེ་ལྷའབུལ། ལྷ་གང་ཡིན་གྱི་སྔགས་མཐར་བསྲེག་རྫས་སོ་སོའི་ཤམ་བུ་དང་བཅས་སྦྱར་ལ་འབུལ། ཡམ་ཤིང་དང་མར་ཁུ་གཉིས་མེད་ཐབས་མེད། དེ་ནས་བསྲེག་རྫས་གཙོ་བོ་གང་ཡིན་བརྒྱ་རྩ་དང་། གཞན་ཅི་འབྱོར་འབུལ།་མེད་ཀྱང་རུང་། ལྷ་གང་ཡིན་གྱི་ལས་བྱང་ཚིགས་བཅད་ཀྱིས་གཏོར་མ་འབུལ། སོ་སོའི་བསྟོད་པས་བསྟོད། མེ་ཞགས་འཕེན་དགོས་བྱུང་ན་སྐབས་འདིར་འཕེན་ཏེ། མཚམས་གཅོད་ཀྱི་ཚིག་དང་། སུམྦྷ་ནི་སོགས་དང་། ལྷ་གང་ཡིན་གྱི་དྲག་སྔགས་བརྗོད་ཅིང་བརྒྱབ། ཞི་རྒྱས་དབང་གསུམ་ལ་མེ་ཞགས་གསོལ་མེད། འདོད་གསོལ་གང་འདོད་བརྗོད་དོ། །ཚོགས་བྱ། དེ་ནས་རྗེས་ཆོག་ནི། གུ་རུ་དྷེ་
【漢語翻譯】 薩瓦 阿瓦 悉地 耶 梭哈。(藏文:སརྦ་ཨརྦ་སིདྡྷི་ཡེ་སྭཱ་ཧཱ།,梵文天城體:सर्व अर्ब सिद्धि ये स्वाहा,梵文羅馬擬音:sarva arba siddhi ye svāhā,漢語字面意思:一切、障礙、成就、圓滿)。 障礙全部……于妙食。 嗡 薩瓦 桑巴達 耶 梭哈。(藏文:ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ།,梵文天城體:ओं सर्व संपदे स्वाहा,梵文羅馬擬音:oṃ sarva saṃpade svāhā,漢語字面意思:嗡,一切,圓滿,梭哈)。 安樂圓滿具足 烏 উৎপala。 嗡 班雜 阿玉 舍 梭哈。(藏文:ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ།,梵文天城體:ओं वज्र आयुषे स्वाहा,梵文羅馬擬音:oṃ vajra āyuṣe svāhā,漢語字面意思:嗡,金剛,壽命,梭哈)。 壽命圓滿具足……于青稞。 嗡 瑪哈 貝嘎 耶 梭哈。(藏文:ཨོཾ་མ་ཧཱ་བྷེ་ག་ཡེ་སྭ་ཧཱ།,梵文天城體:ओं महा भेगये स्वाहा,梵文羅馬擬音:oṃ mahā bhegaye svāhā,漢語字面意思:嗡,大,力量,梭哈)。 力量圓滿具足……于小麥。 嗡 班雜 嘎思瑪熱 梭哈。(藏文:ཨོཾ་བཛྲ་གྷསྨཱ་རི་སྭཱ་ཧཱ།,梵文天城體:ओं वज्र घस्मरि स्वाहा,梵文羅馬擬音:oṃ vajra ghasmari svāhā,漢語字面意思:嗡,金剛,食者,梭哈)。 疾病全部于豌豆。 嗡 班雜 貝雜 耶 梭哈。(藏文:ཨོཾ་བཛྲ་བཱི་ཛ་ཡེ་སྭ་ཧཱ།,梵文天城體:ओं वज्र बीजये स्वाहा,梵文羅馬擬音:oṃ vajra bījaye svāhā,漢語字面意思:嗡,金剛,種子,梭哈)。 財物與穀物圓滿具足……于豆類。 嗡 班雜 瑪哈 巴拉 耶 梭哈。(藏文:ༀ་བཛྲ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ།,梵文天城體:ओं वज्र महा बलये स्वाहा,梵文羅馬擬音:oṃ vajra mahā balaye svāhā,漢語字面意思:嗡,金剛,大,力量,梭哈)。 力量圓滿具足於稻米。 嗡 班雜 布舍 耶 梭哈。(藏文:ཨོཾ་བཛྲ་པུཥྛ་ཡེ་སྭཱ་ཧཱ།,梵文天城體:ओं वज्र पुष्ठ ये स्वाहा,梵文羅馬擬音:oṃ vajra puṣṭha ye svāhā,漢語字面意思:嗡,金剛,增長,梭哈)。 福德圓滿具足於水果。 嗡 班雜 西瓦 耶 梭哈。(藏文:ཨོཾ་བཛྲ་ཤི་བ་ཡེ་སྭཱ་ཧཱ།,梵文天城體:ओं वज्र शिव ये स्वाहा,梵文羅馬擬音:oṃ vajra śiva ye svāhā,漢語字面意思:嗡,金剛,吉祥,梭哈)。 種族圓滿具足於花朵。 哦 布貝 梭哈。(藏文:ཨོ་པུབྦེ་སྭཱ་ཧཱ།,梵文天城體:ओ पुब्बे स्वाहा,梵文羅馬擬音:o pubbe svāhā,漢語字面意思:哦,先前,梭哈)。 顏色與光彩圓滿具足於上等茶。 嗡 丹布拉 耶 梭哈。(藏文:ཨོཾ་ཏཾ་བུ་ལ་ཡེ་སྭཱ་ཧཱ།,梵文天城體:ओं तंबुला ये स्वाहा,梵文羅馬擬音:oṃ taṃbulā ye svāhā,漢語字面意思:嗡,檳榔,梭哈)。 吉祥圓滿具足於絲綢。 嗡 班雜 瓦斯那 耶 梭哈。(藏文:ཨོཾ་བཛྲ་ཝསྣ་ཡེ་སྭཱ་ཧཱ།,梵文天城體:ओं वज्र वस्न ये स्वाहा,梵文羅馬擬音:oṃ vajra vasna ye svāhā,漢語字面意思:嗡,金剛,財富,梭哈)。 裝飾圓滿具足於吉祥草。 嗡 阿扎德哈達 班雜 耶 梭哈。(藏文:ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ།,梵文天城體:ओं अप्रतिहत वज्र ये स्वाहा,梵文羅馬擬音:oṃ apratihata vajra ye svāhā,漢語字面意思:嗡,無障礙,金剛,梭哈)。 守護圓滿具足於猛厲的林伽。 損害者、怨敵、魔障,薩瓦 薩卓 瑪拉 亞 扎拉 然 卡嘿。(藏文:གནོད་བྱེད་དགྲ་བགེགས་སརྦ་ཤ་ཏྲོ་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི།,梵文天城體:,梵文羅馬擬音:,漢語字面意思:)。如此供養。 之後是讚頌: 吽!光彩奪目火焰神, 熾燃身飾莊嚴具, 威猛大能勤事業, 焚燒供養祈成就。 梵天世間怙主子, 寂等諸神具光輝, 如願成就諸義利, 敬禮讚頌光輝王。 之後于息增懷三法,於火神之腹中,猛厲地供養三種酥油。 火神融入光中,於火焰堆之中,觀想何本尊,迎請、安住、供養等如儀軌而行。拋棄朵瑪供品。若為增法,則于外供與藥酒等略微供養諸神。於何本尊之咒語末尾,加上各自焚燒物的名稱后供養。燃料木與酥油二者不可或缺。之後,焚燒物之主要者,供養一百零八份,其他隨力供養,沒有也可以。以何本尊之儀軌偈頌供養朵瑪。以各自之讚頌詞讚頌。若需拋擲火星,則於此時拋擲,唸誦斷除界限之詞,以及松巴尼等,並唸誦何本尊之猛咒而擊打。息增懷三法中,沒有祈請火星。唸誦所欲之祈願。行會供。之後為後行儀軌:古汝 德
【英語翻譯】 Sarva Arba Siddhi Ye Svaha. All obstacles… to excellent food. Om Sarva Sampade Svaha. Complete and perfect bliss Utpala. Om Vajra Ayushe Svaha. Complete and perfect life… to barley. Om Maha Bhega Ye Svaha. Complete and perfect strength… to wheat. Om Vajra Ghasmari Svaha. All diseases to peas. Om Vajra Bije Ye Svaha. Complete and perfect wealth and grain… to beans. Om Vajra Maha Balaye Svaha. Complete and perfect power to rice. Om Vajra Pushte Ye Svaha. Complete and perfect merit to fruit. Om Vajra Shiva Ye Svaha. Complete and perfect lineage to flowers. O Pubbe Svaha. Complete and perfect color and splendor to the finest tea. Om Tambula Ye Svaha. Complete and perfect auspiciousness to silk. Om Vajra Vasna Ye Svaha. Complete and perfect ornaments to kusha grass. Om Apratihata Vajra Ye Svaha. Complete and perfect protection to the fierce lingam. Harmers, enemies, obstacles, Sarva Shatro Maraya Jwala Ram Khahi. Thus offered. Then the praise: Hung! Glorious god of fire, Adorned with blazing body ornaments, Fierce great power diligent in action, Burning offerings, I offer, accomplish all actions. Son of Brahma, protector of the world, God of peace and other splendors, Accomplishing the desired meaning, I prostrate and praise the glorious king. Then for pacifying, increasing, and subjugating, in the belly of the fire god, offer three kinds of ghee fiercely. The fire god dissolves into light, in the center of the fire mass. Visualize whichever deity, invite, seat, and offer, etc., according to the ritual. Discard the torma offering. For increasing, offer a little of the outer offerings and medicine-alcohol to the deity. At the end of the mantra of whichever deity, add the name of each burnt substance and offer. Fuel wood and ghee are indispensable. Then, offer one hundred and eight of whichever is the main burnt substance, and offer whatever else is available, or it is also fine if there is none. Offer the torma with the verses of whichever deity’s ritual. Praise with the respective praises. If it becomes necessary to throw fire sparks, throw them at this time, reciting the words of cutting off boundaries, and Sumbhani etc., and strike while reciting the fierce mantra of whichever deity. There is no offering of fire sparks for pacifying, increasing, and subjugating. Recite whatever wishful prayers are desired. Perform the gathering. Then the subsequent ritual: Guru Dhe.
============================================================
================== 第 5 段 ================== 【原始藏文】 ཝ་ཌཱ་ཀི་ནི་ཨབྷཾ་པཱདྱེ་པུཥྛ་དྷ་པེ་ཨཱ་ལོ་ཀེ་གནེ་ནེ་ཝི་དྱ་ཤབྡ་ཨཱཿ ཧཱུྃ། ཞེས་བསྲེག་རྫས་ལྷག་མ་རྣམས་ལན་གཉིས་གསུམ་ཕུལ། བསྟོད་པར་འོས་པ་ཐམས་ཅད། །སོགས་ཀྱིས་བསྟོད། མ་འབྱོར་པ་དང་ཉམས་པ་དང་། །སོགས་ཡིག་བརྒྱ་བཟླ། ཨོ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །སོགས་ནས་གཤེགས། ཡེ་ཤེས་པ་བཛྲ་མུཿ དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་གྱུར། དེ་ནས། སྐད་ཅིག་ གིས་མེ་ལྷ་མེ་དཔུང་གི་དབུས་ནས་བཞེངས་པར་གྱུར་པར་བསམས་ལ། མེ་ལྷའི་གཏོར་མ་མར་ཁུས་བྲན་ལ། མཆོད་གཡོག་པས་ཐབ་གཡོན་ངོས་སུ་བཟུང་ལ། ཨོཾ་ཨ་ཀཱ་རོ་སོགས། ཨོ་ཨཀྵེ་ཡེ་དྷེ་ཝ་ཏ་ཡེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ལན་གསུམ་བརྗོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པའི་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ ཀུན་འགྲུབ་མཛོད། །ཚིག་མཇུག་ལན་གསུམ་རྗེས་ཟློས་བཅུག །གཏོར་མའི་རྩེ་མོ་མེ་ནང་དུ་འབུལ། འཕྲོ་མ་ཡོན་བདག་གི་ལོངས་སྤྱོད་དུ་བཅུག །ཨོ་ཨགེ་ཡེ་དྷེ་ཝ་ཏ་ཡེ་ས་པཱ་རི་ཝཱ་ར་ཨབྷཾ་སོགས་ནས། ཤབྡ་པྲ་ཏིཙྪ་ཡེ་སྭཱ་ཧཱ། བསྲེག་རྫས་ལྷག་མ་མེ་ནང་དུ་འབུལ། །དྲག་པོ་ཡིན་ན་སྣོད་ཁ་སྦུབ་ལ། ཧཱུྃ། གཟི་བརྗིད་ལྡན་པ་མེ་ཡི་ལྷ། །འབར་བཅས་སྐུ་ཡི་རྒྱན་གྱིས་བརྒྱན། །རྔམས་པའི་བྱིན་ཆེན་ལས་ལ་བརྩོན། །བསྲེག་བླུགས་འབུལ་ལོ་ལས་ཀུན་སྒྲུབས། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །ཞི་ལ་སོགས་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་དོན་བསྒྲུབ་པ། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད། །མ་འབྱོར་པ་དང་ཉམས་པ་དང་། སོགས། དེ་ཀུན་དྲང་སྲོང་བཟོད་པར་གསོལ། །ཡིག་བརྒྱ་བརྗོད། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །དྲང་སྲོང་ཡུལ་དུ་གཤེགས་སུ་གསོལ། །དྲང་སྲོང་ཡུལ་དུ
【漢語翻譯】 瓦達 額邦 巴德 普什達 達貝 阿洛給 涅涅 維迪亞 夏達 阿 吽。這樣將剩餘的焚燒物供奉兩三次。以所有值得讚頌者等來讚頌。唸誦未獲得和已退失等百字明。 噢!您成辦所有眾生的利益。從等等處離開。智慧尊者班雜 穆。誓言尊者融入自己的心間。之後,觀想剎那間火神從火焰堆中升起。用酥油塗抹火神的朵瑪,侍者拿著火爐的左側。 嗡 阿嘎若 等等。 噢 阿克謝耶 德瓦達耶 伊當 巴林達 卡卡 卡嘿 卡嘿。 火,乃焚燒吞噬之神。 仙人國王,魔鬼之主。 東方南方,與火神眷屬一同。 供養讚頌,頂禮膜拜。 唸誦三遍。 請享用此供養朵瑪。 愿瑜伽士我等眷屬。 無病長壽,擁有權勢。 光彩,名聲,吉祥。 獲得廣大受用。 以及息增等事業的。 成就,賜予我。 誓言者,請守護我。 成為一切成就的助伴。 消除非時死亡的疾病。 消除魔鬼和障礙。 消除惡夢和惡兆。 消除邪惡行為。 世界安樂,五穀豐登。 穀物增長,佛法興盛。 愿一切圓滿吉祥。 心中所愿,一切成就。 結尾重複三遍。 將朵瑪的頂端放入火中,剩餘的給施主享用。 噢 阿給耶 德瓦達耶 薩巴熱瓦熱 額邦 等等。 夏達 扎德耶 梭哈。 將剩餘的焚燒物放入火中。 如果是猛烈的,則將器皿倒扣。 吽。 威嚴莊嚴的火神。 以燃燒的身之飾品莊嚴。 威猛的大加持,致力於事業。 焚燒供養,成辦一切事業。 梵天,世間怙主的兒子。 寂靜等神的光輝。 成就如所愿的意義。 向威嚴的國王頂禮讚頌。 未獲得和已退失等。 祈求仙人寬恕一切。 唸誦百字明。 您成辦所有眾生的利益。 祈請仙人返回住所。 仙人返回住所
【英語翻譯】 Vada Abham Padye Pushta Dhape Aloke Gene Ne Vidya Shabda Ah Hum. Thus, offer the remaining burnt substances two or three times. Praise with “All worthy of praise,” etc. Recite the hundred-syllable mantra, “Without attainment and deterioration,” etc. Oh! May you accomplish all the benefits of sentient beings. Depart from etc. Wisdom being, Vajra Muh. May the Samaya being dissolve into one’s own heart. Then, imagine that in an instant, the fire deity arises from the midst of the fire mass. Sprinkle the fire deity’s offering cake with butter. The offering attendant holds the left side of the hearth. Om Akaroh, etc. O Akshaye Devataye Idam Balimta Kha Kha Khahi Khahi. Fire, the deity who eats the burnt offerings. Sage king, lord of demons. Together with the assembly of fire deities in the east and south. I offer and praise, and also prostrate. Recite three times. Please accept this offering cake. May the yogi, myself and retinue. Be without illness, have long life and power. Glory, fame, and auspiciousness. May we obtain vast enjoyment. And the accomplishment of peaceful, increasing, etc., actions. Grant me the accomplishment. Protector of vows, protect me. Be the companion for all accomplishments. Eliminate untimely death and diseases. Eliminate demons and obstacles. Eliminate bad dreams and bad omens. Eliminate evil deeds. May the world be peaceful and the harvest be good. May the grains increase and the Dharma flourish. May all be complete with auspiciousness and excellence. May all desires in the mind be fulfilled. Repeat the ending three times. Offer the tip of the offering cake into the fire. Allow the remainder to be enjoyed by the patron. O Agaye Devataye Sapariwara Abham, etc. Shabda Pratichaye Svaha. Offer the remaining burnt substances into the fire. If it is wrathful, turn the vessel upside down. Hum. Glorious and majestic fire deity. Adorned with ornaments of a blazing body. Fierce great blessing, diligent in action. Burn and offer, accomplish all actions. Brahma, son of the protector of the world. The splendor of peaceful and other deities. Accomplishing the desired meaning. I prostrate and praise the majestic king. Without attainment and deterioration, etc. I beseech the sage to forgive all that. Recite the hundred-syllable mantra. May you accomplish all the benefits of sentient beings. I request the sage to return to his abode. Sage returns to his abode.
============================================================
================== 第 6 段 ================== 【原始藏文】 ་གཤེགས་ནས་ཀྱང་། །སོགས་བརྗོད་ལ། ཨོཾ་ཨག་ཡེ་དྷེ་ཝ་ཏི་ཡེ་བཛྲ་མུཿ ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པ་ཅན་དུ་གྱུར། སྟེགས་ཀྱི་འགྲམ་དུ་ཚོགས་གཏོར་ལྷག་མ་འབུལ། །བཀྲ་ཤིས་བསྔོ་བ་སྨོན་ལམ་གཞུང་ལྟར་རོ། །ཞེས་སྤོ་ཁྲེ་སྔགས་འཆང་གིས་བསྐུལ་ནས། །རཱ་ག་ ཨ་སྱས་ངག་ནས་སྨྲས་པ་ལྟར། །དགེ་སློང་ཀརྨ་བརྩོན་འགྲུས་ཞེས་བྱས་བྲིས། །ཉེས་འགལ་གང་མཆིས་མཐོལ་བཤགས་ཤིང་། །དགེ་བས་བློ་ཆུང་འགའ་ལ་ཕན་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། ལས་བཞིའི་སྦྱིན་སྲེག་ཤིན་ཏུ་བསྡུས་པ།
【漢語翻譯】 逝去之後也。 等等唸誦。嗡 ཨོཾ་ (藏文) ཨོཾ (梵文天城體) Om (梵文羅馬擬音) 嗡(漢語字面意思) 阿ག ཡེ་དྷེ་ཝ་ཏི་ཡེ་བཛྲ་མུཿ (藏文) आग्येदेवतियेवज्रमुः (梵文天城體) agye devatiye vajra muh (梵文羅馬擬音) 阿給 德瓦提耶 瓦吉拉 穆(漢語字面意思)。智慧尊返回自處。誓言尊化為火焰燃燒之相。于壇城旁供養會供朵瑪殘食。吉祥迴向祈願文如儀軌。如是博赤咒師勸請后,如同惹嘎阿夏口中所說。比丘噶瑪策程書寫。罪過違犯若有皆懺悔。愿此善根利益些許慧小者。薩爾瓦芒嘎拉姆。善哉!康區上部囊謙邦崗工藝文化顯密法增洲古籍修復室編輯出版。四事業火供極簡略。
【英語翻譯】 After passing away as well. Recite “etc.”. Om Agiye Devatiye Vajra Muh. The wisdom being departs to its own place. The samaya being transforms into a form blazing with fire. Offer the tsok tor residue at the edge of the mandala. The auspicious dedication and aspiration prayers are according to the text. Thus, urged by the Pochi mantra holder, as spoken from the mouth of Raga Asya. The bhikshu Karma Tseten wrote this. Whatever faults and transgressions there may be, I confess. May this virtue benefit some of the less intelligent. Sarva Mangalam. Good! The Ancient Book Restoration Room of Nangchen Banggang Craft Culture Sutra Secret Mantra Dharma Increase Isle in Upper Kham edited and published this. A very concise Homa for the Four Activities.
============================================================
同部經論
與本文同名或相近的其他版本、科判、譯文與註疏。