菩薩藏佛教學會
20
背景
翻譯

CMR033_0034.無論進行何種本尊總的超度儀軌.亡者超度或生者超度.凡結緣者皆具意義.乃通往極樂凈土之妙道g2.0f

================== 第 1 段 ================== 【原始藏文】 ཡི་དམ་སྤྱི་ཡི་བྱང་ཆོག་ཤི་ཤོག་གསོན་ཤོག་གང་བྱེད་ཀྱང་འབྲེལ་ཚད་དོན་ལྡན་བདེ་ཆེན་ཞིང་གི་ལམ་བཟང་། ཡི་དམ་སྤྱི་ཡི་བྱང་ཆོག་ཤི་ཤོག་གསོན་ཤོག་གང་བྱེད་ཀྱང་འབྲེལ་ཚད་དོན་ལྡན་བདེ་ཆེན་ཞིང་གི་ལམ་བཟང་། ཡི་དམ་སྤྱི་ཡི་བྱང་ཆོག་ཤི་ཤོག་གསོན་ཤོག་གང་བྱེད་ཀྱང་འབྲེལ་ཚད་དོན་ལྡན་བདེ་ཆེན་ཞིང་གི་ལམ་བཟང་བཞུགས་སོ།། ན་མོ་བུདྡྷ་ཡ། འོད་དཔག་མེད་ཀྱི་ཆོ་ག་རྒྱས་བསྡུས་སམ། །སྨན་བླའི་མདོ་ཆོག་ལ་བརྟེན་ཤི་གསོན་གྱི། །མིང་བྱང་བཞུ་འམ་རོ་ཆོག་བྱ་བའི་ཐབས། །བདག་མདུན་བུམ་གསུམ་སྤྱི་དང་མཚུངས་པ་སྟེ། །ཁྱད་པར་སྨན་བླའི་ཕྱག་རབས་ཚར་བའི་རྗེས། །མདུན་བསྐྱེད་སྐུ་ལས་འོད་ཟེར་འཕྲོས་པ་ཡིས། །བདག་ཉིད་སྨན་བླ་གཙོ་རྐྱང་སྐུར་གྱུར་བསམ། །དེ་ཡང་དམ་ཚིག་ཡེ་ཤེས་དབྱེར་མེད་བསྒོམ། །བུམ་པའི་ནང་དུ་མདུན་བསྐྱེད་འོད་ཟེར་ལས། །གྲུབ་པའི་སྨན་བླ་མཆེད་བརྒྱད་སེམས་དཔའི་ཚོགས། །མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་གསལ། །སྐུ་ལས་བདུད་རྩིའི་རྒྱུན་བབ་བུམ་པ་གང་། །གཟུངས་རིང་གཟུངས་ཐུང་ཅི་ནུས་བཟླས་པའི་མཐར། །འོད་ཞུ་བུམ་ཆུ་ཉིད་དང་དབྱེར་མེད་བསམ། །གནས་ཆོག་ལ་ཡང་དེ་དང་ མཚུངས་པའོ། །གཟུགས་དང་ནི་ཡིག་མིང་བྱང་བཅས་པའམ། །བསྡུ་ན་ས་བོན་ཙམ་གྱིས་ཆོག་པར་བསམ། །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝས་སྦྱང་། །སྟོང་པའི་ངང་ལས་ཚྭ་ཡིག་ལས་མིང་དུ་བྲིས་པའི་དམིགས་ཡུལ་ཕུང་ཁམས་སྐྱེ་མཆེད་ཆ་ལུགས་ཡོངས་སུ་རྫོགས་པ་མངོན་སུམ་ལྟ་བུར་གསལ་བར་གྱུར། རང་གི་ཐུགས་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུར་ཕྱོགས་བཅུར་འཕྲོས་པས་བར་དོའི་རྣམ་ཤེས་ཨ་ཡིག་དམར་པོ་འོད་དང་བཅས་པ་བཀུག་སྟེ་སྤྱི་བོ་ནས་སྙིང་ཁར་ཞུགས་པའམ། ལུས་བླངས་ཚར་བའམ་གསོན་པོ་ཡིན་ན་འོད་དེས་བཀུག་ནས་མིང་བྱང་ལ་དབྱེར་མེད་པར་བསྒོམ་ཞིང་རྡོ་རྗེས་ནང་བསྡོམ་མཛུབ་མོ་གཉིས་ཅུང་ཟད་བཀུག་མཐེའུ་ཆུང་གཉིས་གཤིབ་སྟེ་བརྐྱངས་ནས་ རོའམ་བྱང་བུའི་མགོར་བཞག་སྟེ། ན་མོ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་སྒེའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། གཅིག་ཡིན་ན་ཚེ་འདས་རྨེའི་མིང་ངམ། དམིགས་ཡུལ་མིང་དུ་བྲིས་པ་འད

【漢語翻譯】 無論進行何種本尊總的超度儀軌,亡者超度或生者超度,凡結緣者皆具意義,乃通往極樂凈土之妙道。

【英語翻譯】 Whatever general Yidam purification rite is performed, whether for the deceased or the living, all those connected with it will find it meaningful, a good path to the Sukhavati pure land.

============================================================

================== 第 2 段 ================== 【原始藏文】 ི་རྣམས་སྲིད་པ་གསུམ་རིགས་དྲུག་བར་མ་དོ་གང་དུ་གནས་ཀྱང་སྐད་ཅིག་ཉིད་ལ་འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་ཨངྐུ་ཤ་ཛ༔ ཛཧཱུྃ་བཾ་ཧོ༔ ཁུ་ཚུར་གཉིས་ཀྱི་ཧཱུྃ་གཉིས་བཅིངས་ནས་གྱེན་དུ་འགྲེང་བ་ལྟུང་བ་ལྟུང་བའི་ཕྱག་སོ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་ཨ་པཱ་ཡ་ཨ་པཱ་ཡ་ཧཱུྃ། བསྡོམ་པ་ལས་ཨོཾ་ཏྲཾ་ཨཱཝགསུམ་བརྐྱངས་ཏེ་ཕན་ཚུན་འདུད་པ་སྡིག་པ་འཇོམས་པའི་ཕྱག་རྒྱ། ཨོཾ་སརྦ་བིཏ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཧཱུཾ། རྒྱ་དེ་ལན་གསུམ་བྲལ་ནས། ཨོཾ་སརྦ་བིཏ་ཏཊ། དེ་ནས་ལྕོག་རྡོག་བྲན་ལ། ཨོཾ་ཨ་ཀཱ་རོ་སོགས། གཏོར་མ་སོ་སོའི་ཡིད་དང་མཐུན་པའི་ལོངས་སྤྱོད་རྒྱ་ཆེན་པོ་འདི། གསོན་པོ་རྣམས་ཀྱི་ཚེ་སྲོག་ལ་ གནོད་ཅིང་། འཆི་ཁ་དབུགས་སྡུད་ཅིང་ཕུང་པོ་བདག་ཏུ་བཟུང་བས། ཚེ་འདས་ཀྱི་གཟུགས་སུ་སྤྲུལ་ནས། ཉེ་འབྲེལ་ལ་གནོད་པ། མཛའ་བཤེས་སུ་སྤྲུལ་ནས་འབོད་ཅིང་། ཚེ་འདས་ཐར་པ་ཐོབ་ཏུ་མི་འཇུག་པ། གཤེད་མར་སྤྲུལ་ནས་ངན་སོང་གི་ལམ་སྟོན་ཅིང་གཤིན་རྗེའི་ཡུལ་དུ་འཁྲིད་པར་བྱེད་པའི་བདུད་བགེགས་གནོད་སྦྱིན་ཤ་ཟ་དང་། འབྱུང་པོའི་རིགས་དང་། གཤིན་རྗེའི་ཆད་པ་ཞེས་བྱ་བའི་ཡི་དྭགས་དང་། དྲི་ཟ་འཆི་ཁ་མ་ཡི་སེམས་ལ་ཉེ་བར་འཇུག་པ་དང་། དྲི་ཟ་ཁྱབ་བྱེད་དང་། དྲི་ཟ་བི་ཤ་ཙི་ན་རྣམས་ཀྱི་རིགས་དང་། གནོད་སྦྱིན་ཕྲ་མ་སྨྲ་འདོད་དང་། གནོད་སྦྱིན་ཝ་ར་ཧི་སྟེ་ཀུན་ཏུ་རྟོག་འདོད་ཅེས་བྱ་བའི་རིགས་སུ་གཏོགས་པ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ།ཐུག་པ་མེད་པ། བར་སྣང་ཁམས་ན་གནས་པ་ཐམས་ཅད་ལ་བསྔོའོ། །སྦྱིན་ནོ། །མགུ་ཞིང་ཚིམས་ནས་དམིགས་ཡུལ་མིང་དུ་བྲིས་པ་འདི་རྣམས་ལ་གནོད་ཅིང་འཚེ་བ་སྤོངས་ལ་རང་རང་སོ་སོར་སོངས་ཤིག །ཨོཾ་སརྦ་བིགྷཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས། གཡས་གཡོན་དུ་ལན་གསུམ་བསྐོར་རོ། །ཏིང་ལོ་ཆངས་བུ་ཡང་དེ་བཞིན་དུ་བསྐོར་ཞིང་། ཨོཾ་སུམྦྷ་ནི་སོགས། རང་གི་ ཐུགས་ཀའི་འོད་ཟེར་གྱིས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། ཨོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཛ༔ ཧཱུྃ། བདེན་པའི་བཀའ་ལ་མི་ཉན་པའི། །བགེགས་དང་ལོག་འདྲེན་འབྱུང་པོ་རྣམས། །ཁྲོ་བོ་བརྩོན་འགྲུས་མཐའ་ཡས་ཀྱིས། །རྡོ་རྗེ་ཕུར་པས་དམ་དུ་ཐོབ། །གཙུག་ཏོར་འཁོར་ལོས་སྒྱུར་རྒྱལ་གྱིས། །བགེགས་ཀྱི་རྫུ་འཕྲུལ་མེད་པར་གྱིས། །ཁྲོ་བོ་འདོད་པའི་རྒྱལ་པོ་ཡིས། །དེ་ཡི་བརྩོན་འགྲུས་ཉམས་པར་གྱིས། །དབྱུག་སྔོན་ཅན་གྱིས་དབྱུག་ཐོས་བརྡུང་། །གནོད་མཛེས་ཀྱིས་ནི་རེངས་པར་ག

【漢語翻譯】 無論(眾生)處於三有、六道、中陰的何處,愿他們立即來到這裡!嗡 班雜 薩埵 吽。(藏文:ཨོཾ་བཛྲ་སཏྭ་ཧཱུཾ།,梵文天城體:ओṃ वज्रसत्त्व हुṃ,梵文羅馬擬音:oṃ vajrasattva hūṃ,漢語字面意思:嗡,金剛薩埵,吽)嗡 班雜 昂古夏 扎。(藏文:ཨོཾ་བཛྲ་ཨངྐུ་ཤ་ཛ༔,梵文天城體:ओṃ वज्राङ्कुश जः,梵文羅馬擬音:oṃ vajrāṅkuśa jaḥ,漢語字面意思:嗡,金剛,鉤,生)扎 吽 邦 霍。(藏文:ཛཧཱུྃ་བཾ་ཧོ༔,梵文天城體:जः हुṃ वṃ होः,梵文羅馬擬音:jaḥ hūṃ vaṃ hoḥ,漢語字面意思:扎,吽,邦,霍)

雙手握拳,將兩個「吽」字(藏文:ཧཱུྃ,梵文天城體:हुṃ,梵文羅馬擬音:hūṃ,漢語字面意思:吽)捆綁,向上伸直,做出墜落、墜落的手印,修達尼 修達尼 薩瓦 阿巴亞 阿巴亞 吽。(藏文:ཤོ་དྷ་ནི་ཤོ་དྷ་ནི་སརྦ་ཨ་པཱ་ཡ་ཨ་པཱ་ཡ་ཧཱུྃ,梵文天城體:शोधनि शोधनि सर्व अपाय अपाय हुṃ,梵文羅馬擬音:śodhani śodhani sarva apāya apāya hūṃ,漢語字面意思:凈化 凈化 一切 惡趣 惡趣 吽)

總而言之,從「嗡 德讓 阿」三個字(藏文:ཨོཾ་ཏྲཾ་ཨཱ,梵文天城體:ओṃ त्रं आ,梵文羅馬擬音:oṃ traṃ ā,漢語字面意思:嗡,德讓,阿)開始,伸展並相互鞠躬,這是摧毀罪惡的手印。嗡 薩瓦 比達 薩瓦 帕邦 比修達內 吽。(藏文:ཨོཾ་སརྦ་བིཏ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཧཱུྃ,梵文天城體:ओṃ सर्ववित् सर्व पापं विशोधने हुṃ,梵文羅馬擬音:oṃ sarvavit sarva pāpaṃ viśodhane hūṃ,漢語字面意思:嗡,一切知,一切 罪,凈化 吽)

將這個手印解開三次,嗡 薩瓦 比達 塔。(藏文:ཨོཾ་སརྦ་བིཏ་ཏཊ,梵文天城體:ओṃ सर्ववित् तट्,梵文羅馬擬音:oṃ sarvavit taṭ,漢語字面意思:嗡,一切知,塔)

然後,拍打供品,嗡 阿 卡 羅 等。(藏文:ཨོཾ་ཨ་ཀཱ་རོ་སོགས,梵文天城體:ओṃ आकारो,梵文羅馬擬音:oṃ ākāro,漢語字面意思:嗡,阿,卡,羅 等)

這個與每個朵瑪的意願相符的廣大享用,對活著的眾生的生命造成損害,臨終時吸取氣息,將屍體據爲己有,化現為已故者的形象,傷害親屬,化現為朋友而呼喚,不讓已故者獲得解脫,化現為劊子手,指引惡道的道路,將眾生帶到閻羅王的境地,以及作祟的魔、鬼、夜叉食肉鬼,和各種鬼怪,名為閻羅王懲罰的餓鬼,以及進入臨終者心中的尋香,以及尋香遍行,以及尋香毗舍遮等類,以及夜叉挑撥離間者,以及夜叉瓦拉希,即總是想要分別念者等類,無量無邊,不可思議,沒有窮盡,所有居住在虛空界的一切眾生,都供養給你們!佈施給你們!愿你們歡喜滿足,遠離對寫有目標名字的這些眾生的傷害和侵擾,各自回到自己的地方去!嗡 薩瓦 比嘎納 納瑪 薩瓦 塔塔嘎 喋 貝 喲 等。(藏文:ཨོཾ་སརྦ་བིགྷཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས,梵文天城體:ओṃ सर्वविघ्ननमः सर्वतथागतेभ्यो,梵文羅馬擬音:oṃ sarvavighnanamaḥ sarvatathāgatebhyo,漢語字面意思:嗡,一切障礙,頂禮,一切如來)左右各繞三圈。

用小鈴和法螺也同樣地繞,嗡 桑巴尼 等。(藏文:ཨོཾ་སུམྦྷ་ནི་སོགས,梵文天城體:ओṃ सुम्भनि,梵文羅馬擬音:oṃ sumbhani,漢語字面意思:嗡,桑巴尼 等)

從自己的心間發出光芒,迎請無量無邊的忿怒尊眾。嗡 班雜 卓達 薩瑪雅 扎 吽。(藏文:ཨོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཛ༔ ཧཱུྃ,梵文天城體:ओṃ वज्रक्रोध समय जः हुṃ,梵文羅馬擬音:oṃ vajrakrodha samaya jaḥ hūṃ,漢語字面意思:嗡,金剛忿怒,誓言,生,吽)

不聽真理之語的, 魔障和邪引的鬼怪們, 忿怒尊以無邊的精進, 用金剛橛牢牢束縛。 轉輪王頂髻尊, 使魔障的幻術消失。 忿怒欲王尊, 使他的精進衰退。 青杖者用杖擊打, 害美者使之僵硬。

【英語翻譯】 May all beings, wherever they may be in the three realms, the six classes, or the intermediate state, come here in an instant! Om Vajrasattva Hum. (Tibetan: ཨོཾ་བཛྲ་སཏྭ་ཧཱུཾ།, Sanskrit Devanagari: ओṃ वज्रसत्त्व हुṃ, Sanskrit Romanization: oṃ vajrasattva hūṃ, Literal Chinese Meaning: Om, Vajrasattva, Hum) Om Vajra Ankusha Jah. (Tibetan: ཨོཾ་བཛྲ་ཨངྐུ་ཤ་ཛ༔, Sanskrit Devanagari: ओṃ वज्राङ्कुश जः, Sanskrit Romanization: oṃ vajrāṅkuśa jaḥ, Literal Chinese Meaning: Om, Vajra, Hook, Born) Jah Hum Bam Hoh. (Tibetan: ཛཧཱུྃ་བཾ་ཧོ༔, Sanskrit Devanagari: जः हुṃ वṃ होः, Sanskrit Romanization: jaḥ hūṃ vaṃ hoḥ, Literal Chinese Meaning: Jah, Hum, Bam, Hoh)

With both fists clenched, bind the two “Hum” syllables (Tibetan: ཧཱུྃ, Sanskrit Devanagari: हुṃ, Sanskrit Romanization: hūṃ, Literal Chinese Meaning: Hum), extend them upwards, and make the mudra of falling, falling, Shodhani Shodhani Sarva Apaya Apaya Hum. (Tibetan: ཤོ་དྷ་ནི་ཤོ་དྷ་ནི་སརྦ་ཨ་པཱ་ཡ་ཨ་པཱ་ཡ་ཧཱུྃ, Sanskrit Devanagari: शोधनि शोधनि सर्व अपाय अपाय हुṃ, Sanskrit Romanization: śodhani śodhani sarva apāya apāya hūṃ, Literal Chinese Meaning: Purify Purify All Evil Destinies Evil Destinies Hum)

In summary, starting from the three syllables “Om Tram Ah” (Tibetan: ཨོཾ་ཏྲཾ་ཨཱ, Sanskrit Devanagari: ओṃ त्रं आ, Sanskrit Romanization: oṃ traṃ ā, Literal Chinese Meaning: Om, Tram, Ah), extend and bow to each other, this is the mudra of destroying sins. Om Sarva Vit Sarva Papam Vishodhane Hum. (Tibetan: ཨོཾ་སརྦ་བིཏ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཧཱུྃ, Sanskrit Devanagari: ओṃ सर्ववित् सर्व पापं विशोधने हुṃ, Sanskrit Romanization: oṃ sarvavit sarva pāpaṃ viśodhane hūṃ, Literal Chinese Meaning: Om, All-Knowing, All Sins, Purifying Hum)

Release this mudra three times, Om Sarva Vit Tat. (Tibetan: ཨོཾ་སརྦ་བིཏ་ཏཊ, Sanskrit Devanagari: ओṃ सर्ववित् तट्, Sanskrit Romanization: oṃ sarvavit taṭ, Literal Chinese Meaning: Om, All-Knowing, Tat)

Then, sprinkle the offering, Om A Karo etc. (Tibetan: ཨོཾ་ཨ་ཀཱ་རོ་སོགས, Sanskrit Devanagari: ओṃ आकारो, Sanskrit Romanization: oṃ ākāro, Literal Chinese Meaning: Om, A, Ka, Ro etc.)

This vast enjoyment, which is in accordance with the wishes of each torma, harms the lives of living beings, absorbs breath at the time of death, seizes corpses as their own, transforms into the form of the deceased, harms relatives, transforms into friends and calls out, does not allow the deceased to attain liberation, transforms into executioners, guides the path of evil destinies, and leads beings to the realm of Yama, and the demons, obstructors, yaksha flesh-eaters, and various kinds of spirits, pretas called the punishment of Yama, and gandharvas who enter the minds of those near death, and gandharva omnipresent, and the class of gandharva pishachas, and yaksha slanderers, and yaksha Varahi, that is, those who always want to conceptualize, immeasurable, inconceivable, without end, all beings residing in the space realm, I dedicate to you! I give to you! May you be pleased and satisfied, and abandon harming and disturbing these beings whose names are written as the object of focus, and each return to your own place! Om Sarva Vighnana Namah Sarva Tathagatebhyo etc. (Tibetan: ཨོཾ་སརྦ་བིགྷཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས, Sanskrit Devanagari: ओṃ सर्वविघ्ननमः सर्वतथागतेभ्यो, Sanskrit Romanization: oṃ sarvavighnanamaḥ sarvatathāgatebhyo, Literal Chinese Meaning: Om, All Obstacles, Homage, All Tathagatas) Circle three times to the left and right.

Also circle in the same way with the small bell and conch shell, Om Sumbhani etc. (Tibetan: ཨོཾ་སུམྦྷ་ནི་སོགས, Sanskrit Devanagari: ओṃ सुम्भनि, Sanskrit Romanization: oṃ sumbhani, Literal Chinese Meaning: Om, Sumbhani etc.)

Invite the immeasurable assembly of wrathful deities with the rays of light from your own heart. Om Vajrakrodha Samaya Jah Hum. (Tibetan: ཨོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཛ༔ ཧཱུྃ, Sanskrit Devanagari: ओṃ वज्रक्रोध समय जः हुṃ, Sanskrit Romanization: oṃ vajrakrodha samaya jaḥ hūṃ, Literal Chinese Meaning: Om, Vajra Wrath, Samaya, Jah, Hum)

Those who do not listen to the words of truth, The obstructing demons and misleading spirits, The wrathful one, with boundless diligence, Bind them firmly with the vajra kīla. The Crowned Wheel-Turning King, Make the illusions of the obstructors disappear. The Wrathful King of Desire, Make his diligence diminish. The one with the blue staff strikes with the staff, The Harmful Beauty makes them stiff.

============================================================

================== 第 3 段 ================== 【原始藏文】 ྱིས། །མི་གཡོ་མགོན་པོས་དམ་དུ་ཆིངས། །ཡེ་ཤེས་མེ་ཡི་འོད་ཀྱིས་བསྲེགས། །ཨོཾ་སུམྦྷ་ནི་སོགས། ཡུངས་ཀར་རམ་མེད་ན་ནས་ཐུན་གྱིས་བྲབ། གཡས་སུ་མར་མེའམ་མེ་གཡོན་དུ་ཆུ་སྣོད་དབུས་སུ་ཏིལ་བཞག །སྟོང་པའི་ངང་ལས་ཞི་བའི་ཐབ་ཁུང་ནི། །མཚན་ཉིད་ཡོངས་རྫོགས་མེ་དཔུང་འབར་བའི་ནང་། །པད་ཉིར་འཇིགས་དུས་གདན་ལ་ཧཱུྃ་ཡིག་ལས། །ཟ་བྱེད་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་། །ཞལ་གཅིག་སྤྱན་གསུམ་མཆེ་གཙིགས་གར་དགུའི་ཉམས། །ཕྱག་རྒྱ་དྲུག་ལྡན་རྡོར་དྲིལ་ཐུགས་ཀར་བསྣོལ། །ཞལ་གདངས་ཞབས་གཉིས་གཡས་བརྐྱངས་སྟབས་ ཀྱིས་འགྱིངས། །གནས་གསུམ་འབྲུ་གསུམ་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་བསྟིམ་ཞིང་དབང་ལྷས་དབང་བསྐུར་གྱུར། །དབང་རྟགས་མི་བསྐྱོད་པ་ཡིས་རྒྱུདབུ་བརྒྱན་གྱུར། །ཨགྷཾ་སོགས། དམིགས་ཡུལ་རྣམས་ཀྱི་སྙིང་ཁར་པོ་ནག་པོ། །དེ་ལ་ལུས་ངག་ཡིད་གསུམ་སྡིག་སྒྲིབ་ཐིམ། །རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་འཕྲོས་པས། །ལྟེ་བར་གཏུམ་མོ་ཡེ་ཤེས་མེ་འབར་བས། །པཾ་ཡིག་དེ་རྣམས་སྣ་བུག་གནས་པ་ནས། །སྡིག་པ་རྭ་ཅན་གཟུགས་སུ་ཏིལ་ལ་ཐིམ། །རྡོ་རྗེ་མཁའ་འགྲོའི་ཞལ་དུ་ཕུལ་བར་བསམ། །ལག་པ་གཡས་གཡོན་གྱིས་ཏིལ་བླངས་ལ་ལན་དགུ་བསྐོར་ཞིང་འབུལ། ཨོཾ་བཛྲ་ཌཱ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་སྭཱ་ཧཱ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ཀྱི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །དམིགས་ཡུལ་རྣམས་ཀྱི་སྡིག་སྒྲིབ་དང་། །ཉམས་ཆག་ནད་གདོན་བར་ཆད་ཀུན། །ཞི་ཞིང་བྱང་བར་མཛད་དུ་གསོལ། །རྡོ་རྗེ་མཁའ་འགྲོ་དབྱིངས་སུ་གཤེགས། །བཛྲ་མུ༔ བྱེ་མ་ལ་ལྷ་གང་ཡིན་གྱི་གཟུངས་དང་། སྤྱན་རས་གཟིགས་སོགས་ལྷ་གཞན་ལ་ སོ་སོའི་སྙིང་པོ་དང་ཡིག་བརྒྱས་བྲབ། སྔགས་གཙོ་བོ་ནི། ཨོཾ་པདྨོ་ཨུཏྟཱི་ཥ་བི་མ་ལེ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧཱ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིར་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། དེ་ནས་ལྷ་ཁྲུས་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོང

【漢語翻譯】 以。 不動怙主立誓束縛, 以智慧火之光焚燒。 嗡 桑巴尼 等。 若無芥子粉,則以青稞粒擊打。 右邊放酥油燈或火,左邊放水器,中間放芝麻。 從空性中,寂靜的灶中, 圓滿具足的火焰燃燒之內, 蓮花日輪怖畏之時,座上吽字中, 吞噬者金剛空行母,身色藍, 一面三眼,齜牙咧嘴,具九種舞姿, 六印具足,金剛鈴於心中交錯, 張口雙足,右伸展之姿態, 三處三字,以光成智慧者, 迎請融入,權神賜予灌頂, 灌頂之印,以不動尊嚴飾頭, 阿甘 等。 所緣者等之心間,黑色頗字, 彼上身語意三門罪障融入, 雙足心處,由揚字風散發, 臍間拙火智慧火燃燒, 蓬字彼等從鼻孔安住處, 罪業化為有角之形融入芝麻, 觀想獻于金剛空行母口中。 左右手取芝麻,繞九次而獻。 嗡 班雜 達吉 卡卡 卡嘿 卡嘿 薩瓦 巴巴 達哈那 巴美 咕嚕 梭哈。 不動金剛智慧大, 金剛界之大空性, 金剛三殊勝,三壇城, 金剛空行母,我頂禮讚嘆。 所緣者等之罪障, 以及衰損病魔諸障礙, 祈請息滅清凈, 金剛空行母,請降臨於法界。 班雜 穆。 于沙堆上,書寫任何本尊之陀羅尼, 及觀世音等其他本尊, 各自之心咒及百字明。 主要之明咒為: 嗡 貝瑪 烏提卡 貝瑪雷 吽 呸。 嗡 達哈 達哈 薩瓦 納拉嘎 嘎喋 嘿 敦 吽 呸。 嗡 巴雜 巴雜 薩瓦 扎達嘎 嘎喋 嘿 敦 吽 呸。 嗡 瑪塔 瑪塔 薩瓦 迪爾嘎 嘎喋 嘿 敦 吽 呸。 此後為本尊沐浴: 如同誕生之時, 諸天神沐浴一般, 以天神之清凈水, 如是吾亦沐浴之。 此乃殊勝沐浴具光彩, 慈悲之水無與倫比, 加持智慧之水是, 祈請賜予如意成就。 諸佛之身語意煩惱

【英語翻譯】 With. The immovable protector made a vow to bind. Burned by the light of the fire of wisdom. Om Sumbhani, etc. If there is no mustard powder, strike with barley grains. Place a butter lamp or fire on the right, a water vessel on the left, and sesame seeds in the middle. From the emptiness, in the peaceful hearth, Within the fully complete blazing fire, When the lotus sun is frightened, from the Hum syllable on the seat, The vajra dakini who devours, body color blue, One face, three eyes, bared fangs, with nine dance postures, Six seals complete, vajra bell crossed at the heart, Mouth open, two feet, right leg extended in a pose, Three syllables at the three places, wisdom from light, Inviting and absorbing, the power deity bestows empowerment, The empowerment symbol, adorned with the immovable one at the crown of the head, Argham, etc. At the heart of all those aimed at, a black Po syllable, Upon it, the sins and obscurations of body, speech, and mind dissolve, At the soles of both feet, wind emanates from Yam, At the navel, fierce fire, the fire of wisdom blazes, Those Pam syllables from the nostrils reside, Sins transform into horned forms and dissolve into sesame seeds, Visualize offering them into the mouth of the vajra dakini. Take sesame seeds with the left and right hands, circle them nine times and offer. Om Vajra Dakini Kha Kha Khahi Khahi Sarva Papam Dahana Bhasmin Kuru Svaha. Immovable vajra, great wisdom, Great space of the vajra realm, Three supreme vajras, three mandalas, Vajra dakini, I prostrate and praise. The sins and obscurations of all those aimed at, And all impairments, illnesses, evil spirits, and obstacles, Please pacify and purify them, Vajra dakini, please depart into the realm of reality. Vajra Mu. On the sand, write the dharani of whichever deity, And for other deities such as Avalokiteshvara, Write their respective heart mantras and the hundred-syllable mantra. The main mantra is: Om Padmo Uttishta Vimala Hum Phat. Om Daha Daha Sarva Naraka Gate Hetun Hum Phat. Om Pacha Pacha Sarva Pratika Gate Hetun Hum Phat. Om Matha Matha Sarva Tirka Gate Hetun Hum Phat. Then the deity bath: Just as at the time of birth, The gods bathe, With the pure water of the gods, Likewise, I also bathe. This is the supreme bath, endowed with glory, The water of compassion is unsurpassed, It is the water of blessing and wisdom, Please grant the desired attainments. The afflictions of the body, speech, and mind of the Buddhas

============================================================

================== 第 4 段 ================== 【原始藏文】 ས་མི་མངའ་ཡང་། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ཨོཾ་ན་མསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ག་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། གཙང་ལ་དྲི་བྲལ་ལྡན་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། ། རྒྱུན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ཨོཾ་བཛྲ་ཝསྡུ་ཨཱཧཱུཾ། དེ་ནས་ཁྲུས་ཆུ་བུམ་པ་གཞན་དུ་བླུགས་ལ། འདི་ནི་ཕ་རོལ་ཕྱིན་དྲུག་ཆུ། །དྲི་མ་རྣམ་དྲུག་སྦྱོང་མཛད་པ། །ཕར་ཕྱིན་དྲུག་ལ་ལེགས་འགོད་ཆུ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་བའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །དྲི་ཆུ་དྲུག་གིས་ཁྲུས་བྱས་ནས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང་། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །གཙུག་དགུའི་རྒྱུད་བརྟག་པ་ཕྱོགས་གཅིག་ལས། སྔགས་ཀྱི་ཆུ་མཆོག་གིས་ཀྱང་བཀྲུ་བར་བྱ། ཞེས་གསུངས་པས་འོད་དཔག་མེད་དང་། སྨན་བླ་གང་ཡིན་གྱི་གཟུངས་སམ་སྙིང་པོའི་མཚན་སྔགས་ཏེ། ཨོ་བྷི་ཥ་ཕྱི། ཨོཾ་ཨ་མི་ཏེའི་མཇུག་ཏུ། དམིགས་ཡུལ་གྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤིནཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཤོ་ལོ་ཀ་རེའི་མཚམས་སུ་སྦྱར་ཞིང་མཇུག་ཏུ། དམིགས་ཡུལ་གྱི་སྡིག་པ་དང་སྒྲིབ་པ་ཐམས་ ཅད་དང་ཕར་ཕྱིན་དྲུག་གི་མི་མཐུན་པའི་ཕྱོགས་ཐམས་ཅད་དག་ནས་ཕྱིན་དྲུག་ཡོངས་སུ་རྫོགས་པར་གྱུར་ཅིག །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །དཀོན་མཆོག་བདེན་པས་དུག་བཅོམ་མོ། །གཟུངས་སམ་སྔགས་དང་། དམིགས་ཡུལ་གྱི་དུག་ལྔ་དུག་གསུམ་གྱི་སྒྲིབ་པ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། །ས་ཆུ་མེ་རླུང་འབྱུང་བ་བཞི། །འབྱུང་བཞི་དུག་གི་ཕ་ཡིན་ཏེ། །འབྱུང་བཞི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །རྒྱུསེམས་ཅན་དུག་ནི་དུག་མེད་ཤོག །གཟུངས་སམ་སྔགས་དང་། དམིགས་ཡུལ་གྱི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་ཤཱནྟཾ་ཀུ་

【漢語翻譯】 即使沒有土地,爲了凈化眾生身語意的障礙,以此浴水供養諸佛的身語意,愿眾生身語意的障礙得以清凈。嗡 納瑪薩瓦 達塔嘎達 阿毗謝嘎德 薩瑪雅 希利耶 吽。(藏文:ཨོཾ་ན་མསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ག་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུཾ།,梵文天城體:ॐ नमः सर्व तथागत अभिषे gate समय श्री ये हूँ,梵文羅馬擬音:oṃ namaḥ sarva tathāgata abhiṣhe gate samaya śrī ye hūṃ,漢語字面意思:嗡,頂禮一切如來,灌頂,誓言,吉祥,耶,吽。)

那些佛身無與倫比的衣服,以清凈無垢的衣物擦拭佛身。之後,向其獻上顏色鮮艷、氣味芬芳的聖潔法衣。以及各種柔軟輕薄的上好衣物,常供奉成百上千的供品。嗡 班扎瓦斯度 阿吽。(藏文:ཨོཾ་བཛྲ་ཝསྡུ་ཨཱཧཱུཾ།,梵文天城體:ॐ वज्र वस्दु आ हूँ,梵文羅馬擬音:oṃ vajra vasdu ā hūṃ,漢語字面意思:嗡,金剛,安置,啊,吽。)然後將浴水倒入另一個瓶中。這是六度之水,能凈化六種垢染,是善於安住於六度的水,向善于沐浴者頂禮。以六條河流沐浴,凈化六種習氣之後,向沒有任何過失的善於沐浴者頂禮。以六種香水沐浴之後,能凈化六種垢染,具有廣大的六種功德,善於沐浴者沒有任何過失。以清凈的六種垢染,具足一切功德,爲了供養一切諸佛,我以虔誠之心沐浴。

《頂髻續》的《觀察品》中說:也應用殊勝的咒語之水沐浴。因此,唸誦無量光佛和藥師佛的陀羅尼或心咒的名號咒語:哦 比卡 恰。(藏文:ཨོ་བྷི་ཥ་ཕྱི།,梵文天城體:,梵文羅馬擬音:o bhi ṣa phyi,漢語字面意思:)在嗡 阿彌爹的結尾,在每個偈頌的間隙加入:愿目標的罪業和障礙全部寂靜 咕嚕 耶 梭哈。(藏文:ཤིནཾ་ཀུ་རུ་ཡེ་སྭཱ་ཧཱ།,梵文天城體:,梵文羅馬擬音:śi naṃ kuru ye svāhā,漢語字面意思:),並在結尾處說:愿目標的罪業和障礙全部,以及六度的所有違品全部清凈,愿六度圓滿。

貪慾、嗔恨、愚癡這三種,這些是世間的三毒。三寶沒有毒,以三寶的真諦戰勝毒。持誦陀羅尼或咒語,愿目標的五毒和三毒的障礙全部 寂靜 咕嚕 耶 梭哈。(藏文:ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ།,梵文天城體:,梵文羅馬擬音:śāntaṃ kuru ye svāhā,漢語字面意思:)

地、水、火、風是四大,四大是毒的父親,四大也是毒的母親。以此真實的諦實語,愿眾生的毒成為無毒。持誦陀羅尼或咒語,愿目標的四大和由四大所生的所有毒 寂靜 咕嚕

【英語翻譯】 Even without land, in order to purify the obscurations of sentient beings’ body, speech, and mind, by offering this bathwater to the body, speech, and mind of the Buddhas, may the obscurations of sentient beings’ body, speech, and mind be purified. Om Nama Sarva Tathagata Abhisheka Te Samaya Shriye Hum. (Tibetan: ཨོཾ་ན་མསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ག་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུཾ།, Sanskrit Devanagari: ॐ नमः सर्व तथागत अभिषे gate समय श्री ये हूँ, Sanskrit Romanization: oṃ namaḥ sarva tathāgata abhiṣhe gate samaya śrī ye hūṃ, Literal Chinese meaning: Om, Homage to all Tathagatas, Empowerment, Vow, Auspicious, Ye, Hum.)

Those incomparable garments for the Buddha’s body, cleanse the Buddha’s body with pure and stainless clothes. Then, offer to it the sacred robes of well-transformed colors and exceedingly fragrant. And various kinds of fine, soft, and thin clothes, constantly offer hundreds and thousands of those offerings. Om Vajra Vasudha Ah Hum. (Tibetan: ཨོཾ་བཛྲ་ཝསྡུ་ཨཱཧཱུཾ།, Sanskrit Devanagari: ॐ वज्र वस्दु आ हूँ, Sanskrit Romanization: oṃ vajra vasdu ā hūṃ, Literal Chinese meaning: Om, Vajra, Placement, Ah, Hum.) Then pour the bathwater into another vase. This is the water of the Six Perfections, which purifies the six stains, is the water that is well-established in the Six Perfections, I prostrate to the one who performs the bath well. Having bathed with the six rivers, after purifying the six habitual tendencies, I prostrate to the one who performs the bath well, who has no faults. Having bathed with the six scented waters, purifying the six stains, possessing the vast six qualities, the one who performs the bath well has no faults. With the purified six stains, possessing all qualities, for the purpose of offering to all the Buddhas, I bathe with faith.

In the “Examination Chapter” of the Root Tantra, it says: Also, one should bathe with the supreme water of mantras. Therefore, recite the dharani or essence mantra of Amitabha and Medicine Buddha: O Bhisha Pye. (Tibetan: ཨོ་བྷི་ཥ་ཕྱི།, Sanskrit Devanagari:, Sanskrit Romanization: o bhi ṣa phyi, Literal Chinese meaning:). At the end of Om Amite, add in between each verse: May all the sins and obscurations of the object of focus be pacified, Kuru Ye Svaha. (Tibetan: ཤིནཾ་ཀུ་རུ་ཡེ་སྭཱ་ཧཱ།, Sanskrit Devanagari:, Sanskrit Romanization: śi naṃ kuru ye svāhā, Literal Chinese meaning:), and at the end say: May all the sins and obscurations of the object of focus, and all the opposing factors of the Six Perfections be purified, and may the Six Perfections be completely perfected.

Attachment, hatred, and ignorance, these three are the three poisons of the world. The Three Jewels have no poison, by the truth of the Three Jewels, the poison is overcome. Recite the dharani or mantra, may all the obscurations of the five poisons and three poisons of the object of focus be pacified, Kuru Ye Svaha. (Tibetan: ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ།, Sanskrit Devanagari:, Sanskrit Romanization: śāntaṃ kuru ye svāhā, Literal Chinese meaning:)

Earth, water, fire, and wind are the four elements, the four elements are the father of poison, the four elements are also the mother of poison. By these true words of truth, may the poison of sentient beings become non-poisonous. Recite the dharani or mantra, may all the poisons of the object of focus and those born from the four elements be pacified, Kuru

============================================================

================== 第 5 段 ================== 【原始藏文】 རུ་ཡེ་སྭཱ་ཧཱ། སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱིས་བསམས་པ་ཡིས། །ཁྱོད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག ། རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་རྣམས་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག །ཁྱོད་ལ་སྡིག་པར་མ་གྱུར་ཅིག །དམིགས་ཡུལ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག །དེ་ཉིད་བསྡུས་པའི་རྒྱུད་ལས་གསུངས་པ་འདི་ཁོང་རྣམས་ཀྱིས་ཟེར་བར་དམིགས་ཤིང་། བཅོམ་ལྡན་འདས་བདག་ཅག་སྡུག་བསྔལ་གྱིས་གཟིར་བ་འདི་དག་ལ་བསྐྱབ་ཏུ་གསོལ། །བདག་ཅག་རྣམས་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཁྱེད་རྣམས་ལ་ཡང་སྐྱབས་སུ་མཆིའོ། །བསྡུས་པ་དེས་ཆོག་གསུངས། སྤྲོ་ན་གཙོ་རྒྱལ་མི་བྱའོ།། ༈ མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོག་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཅག་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །གསུམ་མམ་གཅིག །འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེར་བཅས་པ་ཡིས། །བརྩོན་པས་སེམས་ཅན་དོན་དུ།བདག་སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ཨོཾ་ཨ་མྲྀ་ཏ་སོགས། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་དམིགས་ཡུལ་ རྣམས། བཅོམ་ལྡན་སྒེའི་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། འོད་དང་འོད་ཟེར་འཕྲོ་བ། དེའི་གནས་གསུམ་དུ་ཨོཾ་ཨཱཿ ཧཱུྃ་གསུམ། ཐུགས་ཀའི་སྟོད་དུ་ས་བོན་དེ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ནས། ཆེ་གེའི་སྐུ་གྲངས་མེད་པ་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་བྱོན་ནས་ཁྱེད་རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། ཨོཾ་བཛྲ་པྲ་ཝེ་ཤ་ཡ་ཨ་ཨཱ༔ རོལ་མོ་དང་རྡོ་རྗེ་སྤྱི་བོར་བཞག་པར་བསམས་ལ། ཏིཥྛ་བཛྲ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་ལྷ་རིགས་ལྔ་སྤྱན་དྲངས་བཛྲ་ས་མ་ཡ་ཛ༔ འདི་རྣམས་ལ་དབང་བསྐུར་བར་མཛད་དུ་གསོལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། བུམ་པའི་ཆུས་ལ

【漢語翻譯】 རུ་ཡེ་ སྭཱ་ཧཱ། 佛陀福德威力以及,眾神全體之意念,您之所願為何事,此事今日願成就。 雙足您等願安樂,四足您等願安樂,您等旅途願安樂,返回者等亦安樂。 白天安樂夜晚安樂,正午時分亦安樂,日夜恆常願安樂,願您莫造諸罪業,願勝所有目標相違之方。 彼即攝略續中所說,此乃針對彼等所言,祈請薄伽梵救護我等受苦逼迫之眾。 我等皈依佛法僧,亦皈依您等。 攝略如是說即可,若欲廣說則莫勝過主尊。 ༈ 獻曼達。 如同菩提金剛佛,如何賜予最殊勝,為救護我等之義,虛空金剛今賜我。 三或一。 以欲度化有情之意,於佛法僧,恆常我乃皈依處,以智慧與慈悲具足,勤奮為利有情故,我於佛前安住已,發起圓滿菩提心。 嗡 阿彌利達等。 嗡 梭巴瓦等。 從空性中,所緣境等,薄伽梵自生之身,具足三十二相,八十隨好莊嚴,光芒與光輝照耀,彼之三處有嗡(藏文:ཨོཾ,梵文天城體:ओ,梵文羅馬擬音:oṃ,漢語字面意思:嗡)、阿(藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,漢語字面意思:阿)、吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)三字。 心間上方種子字放光,從十方一切剎土中,無數智噶之身如陽光微塵般聚集而來,融入您身,成為無二無別。 嗡 班雜 扎 貝 霞 亞 阿 阿(藏文:ཨོཾ་བཛྲ་པྲ་ཝེ་ཤ་ཡ་ཨ་ཨཱ,梵文天城體:ओ,梵文羅馬擬音:oṃ vajra praveśaya ā ā,漢語字面意思:嗡,金剛,進入,啊,啊)! 思維樂器與金剛置於頂上,帝叉 班雜。 從自心放光,迎請五部灌頂本尊,班雜 薩瑪雅 扎(藏文:བཛྲ་ས་མ་ཡ་ཛ,梵文天城體:वज्र,梵文羅馬擬音:vajra samaya ja,漢語字面意思:金剛,誓言,生)! 祈請為此等灌頂。 灌頂大金剛,三界者所敬禮,諸佛之身語意密,從彼處生者賜予之。 嗡 薩瓦 達他 嘎達 阿比 謝嘎 爹 薩瑪雅 希利耶 吽(藏文:ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ,梵文天城體:ओ,梵文羅馬擬音:oṃ sarva tathāgata abhiṣeka te samaya śrīye hūṃ,漢語字面意思:嗡,一切,如來,灌頂,彼,誓言,吉祥,吽)! 以瓶之水

【英語翻譯】 Ruye Svaha! By the power of the Buddha’s merit and, By the thoughts of all the gods, Whatever your wish may be, May that wish be fulfilled today. May you two-legged beings have well-being! May you four-legged beings have well-being! May you have a good journey! May those who return also have well-being! May the day be auspicious, may the night be auspicious! May the midday sun Also be auspicious! May day and night always be auspicious! May you not commit sins! May you be victorious over all opposing forces! This is said in the condensed tantra, and it is meant for them to say. Bhagavan, please protect us who are afflicted by suffering. We take refuge in the Buddha, Dharma, and Sangha, and also in you. It is said that the condensed version is sufficient. If you want to elaborate, do not surpass the main deity. ༈ Offer Mandala. Just as the Bodhi Vajra Buddha, How the supreme is bestowed, For the sake of protecting us, The Vajra of space, grant me today. Three or one. With the intention to liberate beings, In the Buddha, Dharma, and Sangha, I always take refuge. With wisdom and compassion, Diligently for the benefit of sentient beings, I will stay in front of the Buddha, And generate the perfect Bodhicitta. Om Amrita etc. Om Swabhava etc. From the state of emptiness, the objects of focus, The self-arisen body of the Bhagavan, adorned with the thirty-two major marks and eighty minor marks, radiating light and rays. At its three places are Om (藏文:ཨོཾ,梵文天城體:ओ,梵文羅馬擬音:oṃ,漢語字面意思:Om), Ah (藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,漢語字面意思:Ah), and Hum (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:Hum). From the seed syllable at the upper part of the heart, rays of light emanate. From all the realms of the ten directions, countless forms of Che Ge come like a gathering of dust particles of sunlight, dissolving into you, becoming inseparable. Om Vajra Praveshaya A Ah (藏文:ཨོཾ་བཛྲ་པྲ་ཝེ་ཤ་ཡ་ཨ་ཨཱ,梵文天城體:ओ,梵文羅馬擬音:oṃ vajra praveśaya ā ā,漢語字面意思:Om, Vajra, Enter, Ah, Ah)! Thinking of placing musical instruments and a vajra on the crown of the head, Tishta Vajra. From the heart, rays of light emanate, inviting the five families of empowerment deities, Vajra Samaya Ja (藏文:བཛྲ་ས་མ་ཡ་ཛ,梵文天城體:वज्र,梵文羅馬擬音:vajra samaya ja,漢語字面意思:Vajra, Samaya, Ja)! Please grant empowerment to these. The great empowerment vajra, Revered by the three realms, The secret of body, speech, and mind of all Buddhas, Bestow what arises from that place. Om Sarva Tathagata Abhisheka Te Samaya Shriye Hum (藏文:ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ,梵文天城體:ओ,梵文羅馬擬音:oṃ sarva tathāgata abhiṣeka te samaya śrīye hūṃ,漢語字面意思:Om, All, Tathagata, Empowerment, To You, Samaya, Glorious, Hum)! With the water of the vase

============================================================

================== 第 6 段 ================== 【原始藏文】 ུས་ཀྱི་གནས་བཞི་གང་། །སྒྲིབ་བཞི་དག། དབང་བཞི་ཐོབ། ཆུ་ཡི་ལྷག་མ་གྱེན་དུ་ལུད་པ་ལས། རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། སོགས། ཨོ་ལས་ལྷ་རྫས་འདོད་ ཡོན་ནམ་མཁའ་གང་བར་གྱུར། ཨོཾ་སམ་བྷ་ར་སོགས། ཧཱུྃ། སྣང་སྲིད་འགྲོ་བ་རིགས་དྲུག་དང་། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །རང་གི་ཚེ་རབས་ཡུན་གྱི་རྒྱགས། །ལོངས་སྤྱོད་ཚེ་ཡི་རྒྱགས་འདི་ལོངས། །ཟས་ཀྱི་ཐ་མ་འདི་ཡིན་ཏེ། །དེ་ཕྱིར་ཁྱོད་ཀྱིས་ཟས་འདི་ལོངས། །ཟས་ཀྱི་ཐ་མ་འདི་ཡིན་པས། །སྐྱེ་བ་གཏན་གྱི་ལོངས་སྤྱོད་ཟས། །མི་ཟད་ནམ་མཁའི་མཛོད་ལ་སོགས། །སྦྱིན་པའི་ཕར་ཕྱིན་ཡོངས་རྫོགས་པའི། །ཟས་གཏད་འདི་ནི་དགའ་བས་ལོངས། །གསོན་ཡང་གཤིན་ལ་མི་ཕྲེང་ངོ། །གཤིན་ཡང་གསོན་ལ་མ་ཆགས་པར། །བདེ་ཆེན་དག་པའི་ཞིང་དུ་གཤེགས། །འཁོར་བ་འདི་ནི་སྡུག་བསྔལ་ཆེ། །བྱས་པས་མི་ཟིན་ལས་ཡོད་པས། །འཁོར་བ་འདི་རུ་མ་གནས་པར། །རང་གི་ཆོས་ཉིད་འདི་རིག་ལ། །བདེ་བ་ཅན་གྱི་ཞིང་ཁམས་ན། །སྟོང་པ་ཆེན་པོ་ཡུན་རེ་རིང་། །འཁོར་བ་རིགས་དྲུག་གཅོང་རོང་ཆེ། །པདྨ་བཀོད་པའི་ཞིང་ཁམས་སུ། །ཆོས་ཉིད་འོད་གསལ་ལྷུན་རེ་འཐུག །སེམས་དཔའ་སེམས་མ་གྲོགས་རེ་བཟང་། །དེ་བས་ཚེ་འདས་ཆེ་གེ་ཁྱོད། །ཟས་འདི་ལོངས་ལ་བདེ་བར་གཤེགས། ། འདོད་ཡོན་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པ་དང་། །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་དག་ཅིང་འབྱོར་པ་འདི་དག་ཐམས་ཅད། ཡུན་གྱི་ཟས་སྐལ་དང་། མི་ཟད་པའི་ལོངས་སྤྱོད་དང་། དགེ་བའི་རྩ་བར་བསྔོ་བའི། ཟས་གཏད་འདི་ལོངས་ལ། འཁོར་བ་འདིར་མ་ཞེན་པར། སེམས་སྟོང་པ་སྐྱེ་འཆི་མེད་པར་དོན་ལྟོས་ལ། བདེ་ཆེན་དག་པའི་ཞིང་དུ་བཞུད་ཅིག །ཨོཾ་ཨཱཿ ཧཱུྃ་སྭཱ་ཧཱ། ལམ་བྷ་ཏ། བྷ་ཏུ་ཡ་ཡ། ཨ་ལི། ཨུ་ལི། ཏ་ལི་པ་ཏ་ཨརྒྷཾ་པྲ་ཏཱི་ཛ་ཧོཿ གསོན་ཤོག་རྐྱང་པ་ལ་ཟས་བསྔོ་ལམ་བསྟན་གཉིས་མི་བྱའོ། །གཞན་ཁྱད་པར་མེད་དོ། །མེ་སྦྱར་འདི་ཐུན་མོང་གི་ཡིན་ཁྱད་པར་མེད། ཟླ་བའི་དཀྱིལ་འཁོར་སྟེང་དུ་ནི།བསྒྲུབ་བྱ་ལྷ་ཡི་སྐུར་གནས་པའི། །ལྟེ་འོག་ཨ་ཐུང་ཡེ་ཤེས་མེ། །འབར་བས་སྡིག་སྒྲིབ་སྡུག་བསྔལ་དག །རྣམ་སྨིན་ལུས་དང་ཡིད་ལུས་ཀྱི། །སྒྲིབ་པའི་བར་ཆད་ཐམས་ཅད་བསྲེགས། །དག་པ་བཅོམ་ལྡན་ཆེ་གེ་ཡི། །སྐུ་རུ་མངོན་སུམ་ཉིད་དུ་གྱུར། །འོད་ཕུང་འཁྲིགས་པའི་དབུས་ན་བཞུགས། །བདག་གི་ཐུགས་ཀའི་འོད་ཟེར་གྱ

【漢語翻譯】 何為四時之位?四障清凈。四權獲得。從水之殘餘向上涌出,由種姓之主以頭頂莊嚴。主尊如何降旨?等。從嗡(藏文:ཨོཾ,梵文天城體:ओ,梵文羅馬擬音:oṃ,漢語字面意思:嗡)中,天物慾樂充滿虛空。嗡(藏文:ཨོཾ,梵文天城體:ओ,梵文羅馬擬音:oṃ,漢語字面意思:嗡)桑巴拉等。 吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)。 顯有世間六道眾,已逝種姓之子汝亦然, 自身生世長久資糧,受用此命之資糧。 食物之終即為此,是故汝應享此食, 食物之終即為此,生生世世受用食。 無盡虛空之藏等,佈施度之圓滿故, 此食供喜悅而享用,生者亦不念亡者。 亡者亦不執生者,往生大樂清凈剎。 輪迴此乃痛苦大,雖作亦不盡業力故, 莫住於此輪迴中,了知自身之法性。 極樂世界之剎土,大空長久而安住。 輪迴六道深淵大,蓮花莊嚴之剎土, 法性光明甚稠密,菩薩眷屬極賢善。 是故已逝某某汝,享用此食安樂逝。 如欲樂虛空之藏,受用無盡且無爭, 無有損害而自在,愿能如意而受用。 五種欲妙等清凈,此等豐饒諸一切,長久之食糧與,無盡之受用及,迴向善根之,食供此享用,莫貪此輪迴,心空無生滅,意專注而視,往生大樂清凈剎。嗡(藏文:ཨོཾ,梵文天城體:ओ,梵文羅馬擬音:oṃ,漢語字面意思:嗡)阿(藏文:ཨཱཿ,梵文天城體:आ,梵文羅馬擬音:āḥ,漢語字面意思:阿)吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)梭哈(藏文:སྭཱ་ཧཱ།,梵文天城體:स्वाहा,梵文羅馬擬音:svāhā,漢語字面意思:梭哈)。 藍布達,巴度亞亞,阿利,烏利,達利巴達,阿兒甘,札帝札 霍(藏文:ཧོཿ,梵文天城體:होः,梵文羅馬擬音:hoḥ,漢語字面意思:吼)。給單獨的生者不作食物迴向和指路。其他沒有差別。火供這個是共同的沒有差別。于月亮壇城之上,觀想所修本尊身,臍下短阿智慧火,燃燒罪障痛苦凈,異熟身及意生身,遮障障礙皆焚燬,清凈世尊某某之,身相現前即成辦,光明熾盛之中住,自心光芒所照射。

【英語翻譯】 What are the four positions of time? Four obscurations are purified. Four powers are obtained. From the remaining water, it gushes upwards, and the lord of the lineage is adorned with the head. How did the chief command? Etc. From Om (Tibetan: ཨོཾ, Sanskrit Devanagari: ओ, Sanskrit Romanization: oṃ, Literal meaning: Om), divine substances and desirable qualities fill the sky. Om (Tibetan: ཨོཾ, Sanskrit Devanagari: ओ, Sanskrit Romanization: oṃ, Literal meaning: Om) Sambhara, etc. Hum (Tibetan: ཧཱུྃ, Sanskrit Devanagari: हुं, Sanskrit Romanization: hūṃ, Literal meaning: Hum). Sentient beings of the six realms of existence, and you, the son of the deceased lineage, Take this sustenance for your long lives, enjoy this sustenance for your life. This is the end of food, therefore you should enjoy this food, Since this is the end of food, enjoy food for eternal lifetimes. Like the inexhaustible treasury of the sky, with the perfection of generosity, Enjoy this food offering with joy. The living do not long for the dead, And the dead do not cling to the living, go to the pure realm of great bliss. This samsara is great suffering, because karma is not exhausted by actions, Do not remain in this samsara, but realize this nature of your own, In the realm of Sukhavati, great emptiness abides for a long time. The six realms of samsara are a great abyss, in the realm adorned with lotuses, The luminosity of the dharma is very dense, the bodhisattva companions are very good. Therefore, deceased so-and-so, enjoy this food and go in peace. Like a treasury of desires in the sky, may enjoyment be inexhaustible and without strife, Without harm and freely, may you enjoy as you wish. All these pure and abundant qualities, Such as the five desirable qualities, are dedicated as food for a long time, inexhaustible enjoyment, and roots of virtue. Enjoy this food offering, do not be attached to this samsara, contemplate the meaning of emptiness without birth or death, and proceed to the pure realm of great bliss. Om (Tibetan: ཨོཾ, Sanskrit Devanagari: ओ, Sanskrit Romanization: oṃ, Literal meaning: Om) Ah (Tibetan: ཨཱཿ, Sanskrit Devanagari: आ, Sanskrit Romanization: āḥ, Literal meaning: Ah) Hum (Tibetan: ཧཱུྃ, Sanskrit Devanagari: हुं, Sanskrit Romanization: hūṃ, Literal meaning: Hum) Svaha (Tibetan: སྭཱ་ཧཱ།, Sanskrit Devanagari: स्वाहा, Sanskrit Romanization: svāhā, Literal meaning: Svaha). Lambaṭa, Bhaṭuyāya, Āli, Ūli, Tālipaṭa Arghaṃ Pratīca Hoḥ (Tibetan: ཧོཿ, Sanskrit Devanagari: होः, Sanskrit Romanization: hoḥ, Literal meaning: Hoh). For a single living person, do not make food offerings and guidance. Otherwise, there is no difference. This fire offering is common, there is no difference. On top of the lunar mandala, visualize the deity being practiced, the short A below the navel, the fire of wisdom, burning away sins, obscurations, and suffering, the obscurations and obstacles of the ripened body and the mind-made body are all burned away, the pure Bhagavan so-and-so, becomes manifest in person, dwells in the midst of a dense mass of light, the rays of light from my heart.

============================================================

================== 第 7 段 ================== 【原始藏文】 ིས། ། རྡོར་སེམས་ལ་སོགས་བཅོམ་ལྡན་འདས། །དཀར་པོ་སྤྱན་དྲངས་གྲངས་མེད་བསྟིམ། །སྡིག་སྒྲིབ་ནད་གདོན་ཐམས་ཅད་ཞི། །འཇམ་དབྱངས་ལ་སོགས་སེམས་དཔའི་ཚོགས། །སེར་པོ་དཔག་མེད་སྤྱན་དྲངས་བསྟིམ། །བསོད་ནམས་ཡེ་ཤེས་མཁྱེན་པ་རྒྱས། །ཕག་མོ་ལ་སོགས་ཌཱ་ཀིའི་ཚོགས། །དམར་མོ་གྲངས་མེད་སྤྱན་དྲངས་བསྟིམ། །རླུང་སེམས་རང་དབང་ཐོབ་པར་གྱུར། །ཧེ་རུ་ཀ་སོགས་ཁྲོ་བོའི་ཚོགས། །མཐིང་ནག་དཔག་མེད་སྤྱན་དྲངས་བསྟིམ། །བདུད་བཞི་ཉོན་མོངས་ཟད་པར་བྱ། །དམིགས་ཡུལ་རྒྱུད་ཀྱི་མ་དག་པའི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐུ་ལྔ་ཡེ་ཤེས་ལྔ་ཡི་མེས། །བསྲེགས་པས་བྱང་ཞིང་དག་པར་གྱུར། །བླ་མའི་མཚན་ནས་རྒྱང་འབོད་དང་། །གཟུགས་མེད་སྒྲ་མེད་ནས་ཆོས་མེད་བར་ལྷ་གང་ཡིན་གྱི་གཟུངས་སམ་ཀཾ་ཀ་བརྗོད་ཅིང་བསྲེག །འཕོ་བ་དུས་ལྟར་ཚེ་འདས་རྣམ་ཤེས་སྤྱི་བོ་ནས་ཨ་ཡིག་གི་རྣམ་པར་བཏོན་ཏེ་འཕེན་པར་བཤད་ཀྱང་། རང་ལུགས་ལ་དེ་མི་འདུག་པས་ཚེ་འདས་ཀྱི་རྣམ་ཤེས་དང་། ཡེ་ཤེས་སེམས་དཔའ་དབྱེར་མེད་པར་ཟླ་བའི་དཀྱིལ་འཁོར་ལ་གནས་པ་དེ་ནམ་མཁར་བཏེགས་ཏེ། ཧོཿ ཚེ་ལས་འདས་པ་ཁྱོད་ཉོན་དང་། །འདི་ནས་ནུབ་ ཕྱོགས་བདེ་ཆེན་ན། །མགོན་པོ་སྤྱན་རས་གཟིགས་དབང་དང་། །སངས་རྒྱས་སྣང་བ་མཐའ་ཡས་བཞུགས། །བྱང་ཆུབ་སེམས་དཔའི་འཁོར་དང་བཅས། །སྲིད་པའི་སྡུག་བསྔལ་ཀུན་ལས་གྲོལ། །ཞིང་དེའི་ཡོན་ཏན་བརྗོད་ལས་འདས། །སུ་ཤིག་དེ་ཡི་མཚན་འཛིན་པ། །མོས་ཞིང་གུས་པས་མཆོག་བསྐྱེད་ན། །ཞིང་མཆོག་དེ་རུ་སྐྱེ་བར་གསུངས། །དེ་ཕྱིར་ཁྱོད་ཀྱི་གོམ་ཆེན་སྐྱོད། །ང་ནི་ཆེ་གེ་མོ་སྟེ། ཁྱོད་ཀྱི་ལམ་མཆོག་འདྲེན་པ་ཡིན། །འདི་དང་ཞིང་དེའི་བར་ལམ་དུ། །ཁྱོད་ཀྱི་ཕ་མ་ང་ཡིན་ཟེར། །ཁྱོད་ཀྱི་ཟླ་གྲོགས་ང་ཡིན་ཟེར། །འོ་དོད་ལྷང་ལྷང་འབོད་པ་ལ། །དེ་ལ་སྐད་ལེན་མ་སྦྱིན་ཅིག །དེ་ལ་ཕྱི་མིག་མ་བལྟ་ཞིག །ཉེ་འཁོར་ཡུལ་ལ་མ་ཆགས་ཤིག །སྡུག་བསྔལ་སེམས་ལ་མ་འཕྲེང་ཞིག །བདེ་བ་ཅན་གྱི་ཞིང་དུ་བཞུད། །ཀྱེ། ཚེ་འདས་ཆེ་གེ་ཁྱོད་ཉོན་ཅིག །འདི་ནས་ངེས་པར་ནུབ་ཕྱོགས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བ་ན། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ཚོགས་དང་། འཕགས་པའི་དགེ་འདུན་དཔག་ཏུ་མེད་པས་བསྐོར་ནས་རྟག་ཏུ་ཆོས་ཀྱི་འཁོར་ལོ་ བསྐོར་བ་དེར་རིགས་ཀྱི་བུ་ཁྱོད་སེང་གེའི་འགྲོས་སྟངས་ཀྱིས་སོངས་ཤིག །གླང་ཆེན་གྱི་ལྟ་སྟངས་ཀྱིས་ལྟོས་ཤིག །ཞིང་ཁམས་དེ་ཡིད་ལ་དུང་དུང་པའི་ངང

【漢語翻譯】 。 金剛薩埵等薄伽梵,迎請白色無量融入,罪障疾病邪魔悉平息。文殊等菩薩眾,迎請黃色無量融入,福德智慧 ज्ञान (梵文天城體:ज्ञान,梵文羅馬擬音:jñāna,漢語字面意思:智慧) 增長。金剛亥母等空行眾,迎請紅色無量融入,風心獲得自在。嘿汝嘎等忿怒眾,迎請藍黑色無量融入,四魔煩惱盡除滅。所緣續部的非清凈,蘊界處等諸法,以五身五智之火,焚燒清凈成為凈土。從上師之名遙呼喚,從無色無聲至無法之間,唸誦任何本尊之明咒或種子字並焚燒。遷識按時將亡者神識從梵穴中以阿字 रूप (梵文天城體:रूप,梵文羅馬擬音:rūpa,漢語字面意思: रूप ) 形態取出拋射,但自宗沒有這樣做,而是將亡者神識與,智慧薩埵無別安住于月輪上,將其升到空中,唸誦: 霍!已逝之人你諦聽,從這裡向西 方極樂剎,怙主觀世音自在,以及 बुद्ध (梵文天城體:बुद्ध,梵文羅馬擬音:Buddha,漢語字面意思:佛陀) 佛陀無量光安住,與菩提薩埵眷屬一起,從有寂之痛苦中解脫。彼剎功德言語道斷,任何 किसी (梵文天城體:कस्य,梵文羅馬擬音:kasya,漢語字面意思: किसी ) 執持其名者,以虔誠恭敬生起勝解, कहा (梵文天城體:कहा,梵文羅馬擬音:kaha,漢語字面意思: कहा ) 說將 जन्म (梵文天城體:जन्म,梵文羅馬擬音:janma,漢語字面意思: जन्म ) 生於彼勝剎。因此你邁開大步,我乃某某,是引導你走向殊勝 मार्ग (梵文天城體:मार्ग,梵文羅馬擬音:mārga,漢語字面意思: मार्ग ) 之人。在此與彼剎之間的道路上,會說我是你的父母,會說我是你的朋友,對於 ओ (梵文天城體:ओ,梵文羅馬擬音:o,漢語字面意思: ओ ) 哀 ओ (梵文天城體:ओ,梵文羅馬擬音:o,漢語字面意思: ओ ) 嚎大哭者,不要施捨迴應,不要向後看,不要貪戀 आसपास (梵文天城體:आसपास,梵文羅馬擬音:āsapāsa,漢語字面意思: आसपास ) 周圍的家園,不要讓痛苦擾亂你的心,前往極樂世界。 嗟!已逝某某你諦聽,從這裡 निश्चित (梵文天城體:निश्चित,梵文羅馬擬音:niścita,漢語字面意思: निश्चित ) 必定前往西方名為極樂世界之 जगत (梵文天城體:जगत,梵文羅馬擬音:jagata,漢語字面意思: जगत ) 處,薄伽梵無量光與菩提薩埵眾,以及聖者僧團無量圍繞,恒常轉法輪, जाति (梵文天城體:जाति,梵文羅馬擬音:jāti,漢語字面意思: जाति ) 種姓之子你以 सिंह (梵文天城體:सिंह,梵文羅馬擬音:siṁha,漢語字面意思: सिंह ) 獅子之姿前往,以象王之姿觀看,心中念念不忘彼剎

【英語翻譯】 . Bhagavans such as Vajrasattva, invite white immeasurable and dissolve, all sins, obscurations, diseases, and evil spirits are pacified. Assemblies of Bodhisattvas such as Manjushri, invite yellow immeasurable and dissolve, merit, wisdom, ज्ञान (Tibetan: ཡེ་ཤེས།,梵文天城體:ज्ञान,梵文羅馬擬音:jñāna,漢語字面意思:wisdom) increase. Assemblies of Dakinis such as Vajravarahi, invite red immeasurable and dissolve, may wind and mind obtain self-mastery. Assemblies of Herukas and other wrathful deities, invite dark blue immeasurable and dissolve, may the four maras and afflictions be exhausted. The impure aggregates of the object’s continuum, elements, and sense bases, with the fire of the five bodies and five wisdoms, by burning, may they be purified and become pure lands. From the name of the lama, call out from afar, and from formlessness and soundlessness to dharma-lessness, recite the dharani or seed syllable of whichever deity and burn. Although it is said that transference at the right time extracts the consciousness of the deceased from the crown of the head in the form of the letter A and throws it, but in our own tradition, it is not done that way, but the consciousness of the deceased and the wisdom being inseparable, residing on the lunar disc, lift it into the sky, and say: Ho! Deceased one, listen, from here to the west, in the great bliss realm, resides the protector Avalokiteshvara, and बुद्ध (Tibetan: སངས་རྒྱས།,梵文天城體:बुद्ध,梵文羅馬擬音:Buddha,漢語字面意思:Buddha) Buddha Amitabha, together with the retinue of Bodhisattvas, liberated from all the sufferings of existence. The qualities of that realm are beyond words, whoever किसी (Tibetan: སུ་ཞིག,梵文天城體:कस्य,梵文羅馬擬音:kasya,漢語字面意思:whoever) holds its name, with devotion and respect generates excellence, it is कहा (Tibetan: གསུངས།,梵文天城體:कहा,梵文羅馬擬音:kaha,漢語字面意思:said) that they will जन्म (Tibetan: སྐྱེ་བ།,梵文天城體:जन्म,梵文羅馬擬音:janma,漢語字面意思:birth) be born in that supreme realm. Therefore, take great strides, I am so-and-so, I am the one who leads you to the supreme मार्ग (Tibetan: ལམ།,梵文天城體:मार्ग,梵文羅馬擬音:mārga,漢語字面意思:path). On the path between here and that realm, they will say, “I am your father and mother,” they will say, “I am your friend,” to those आसपास (Tibetan: ཉེ་འཁོར།,梵文天城體:आसपास,梵文羅馬擬音:āsapāsa,漢語字面意思:around) who cry ओ (Tibetan: འོ་དོད།,梵文天城體:ओ,梵文羅馬擬音:o,漢語字面意思:oh) loudly, do not give a response, do not look back, do not be attached to the nearby homeland, do not let suffering disturb your mind, go to the realm of Sukhavati. Alas! Deceased so-and-so, listen, from here निश्चित (Tibetan: ངེས་པར།,梵文天城體:निश्चित,梵文羅馬擬音:niścita,漢語字面意思:certainly) you must go to the western world called Sukhavati, where Bhagavan Amitabha, surrounded by a multitude of Bodhisattvas, and an immeasurable assembly of noble Sangha, constantly turns the wheel of dharma, son of जाति (Tibetan: རིགས།,梵文天城體:जाति,梵文羅馬擬音:jāti,漢語字面意思:lineage), go with the gait of a सिंह (Tibetan: སེང་གེ,梵文天城體:सिंह,梵文羅馬擬音:siṁha,漢語字面意思:lion), look with the gaze of an elephant king, with that realm constantly in mind.

============================================================

================== 第 8 段 ================== 【原始藏文】 ་ནས། རིག་པ་མ་འཁྲུལ་བར་སྐད་ཅིག་ལ་མདའ་འཕངས་པ་ལྟར་བཞུད་ཅིག །རྩེ་གཅིག་ཏུ་བཞུད་ཅིག །བདེ་ཆེན་གཏན་གྱི་ཞིང་ཁམས་དམ་པ་དེ་ཡིད་ལ་ཟུང་ཞིག །ཨོཾ་པདྨེ་པདྨེ་པདྨ་སམ་བྷ་ཝ་མ་ཧཱ་སུ་ཁ་བ་ཏི་གཙྪན་སྭ་ཧཱུྃ། བདེ་བ་ཅན་གྱི་འོད་དཔག་མེད་གཙོ་འཁོར་གསུམ་ལ་མོས་གུས་དུང་དུང་བྱས་པ་ཙམ་གྱིས་སྐུ་གསུང་ཐུགས་ལས། །ཐུགས་རྗེའི་འོད་ཟེར་འཇའ་སྣམ་གྱི་ཤར་བུ་བརྒྱང་བ་ལྟར་ནར་གྱིས་བྱུང་བའི་སྣ་ལ་ཚེ་འདས་ཀྱིས་འཇུས་པ་དང་། ཡར་ཙེན་གྱིས་བླངས་ནས་མདུན་གྱི་པདྨའི་སྦུབས་སུ་ཐིམ་པས། རྫུས་སྐྱེས་ཀྱི་སྤྲུལ་པའི་སྐུ་ཐོབ་པར་གྱུར་ཅིག །ཕཊ་ཕཊ་ཕཊ། གསོན་ཤོག་རྐྱང་པ་ལ། སྦྱིན་བདག་ལྷར་གསལ་བ། ཁོ་རང་གང་དུ་གནས་པ་དབྱེར་མེད་དུ་གྱུར་པའི། དཔྲལ་བར་ཨོ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ལྟེ་བར་སྭ་སེར་པོ། གསང་བར་ཧཾ་ལྗང་གུ། གཙུག་ཏོར་དུ་ལྟ་དུད་ཁས་མཚན་པས་ལུས་ལ་རྡོ་རྗེའི་གོ་ཁྲབ་ ཞུ་ལུབས་སུ་གྱོན་པར་གྱུར། ཨོཾ་ཧྲི་མཾ་ན་མཿ ཀཱ་ཡ་ཝཱཀ་ཙིཏྟ་རཀྵ་རཀྵ་སྭཱ་ཧཱ། བསོད་ནམས་རི་བོ་༔ ལོ་བརྒྱ་ཐུབ་ཅིང་སོགས། ཞེས་གཉེར་པ་ཆོས་འཕེལ་འཆི་ལ་ཁད་ཀྱི་དོན་ལ་དམིགས་ཏེ། རྣམ་གྲོལ་སྒོ་ཆེན་དང་ཀུན་རིག་ཆེན་མོ་གཉིས། རྗེ་མི་བསྐྱོད་ཞབས་དང་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་མི་འཁྲུགས་རྒྱས་བསྡུས་གཉིས། མཁས་པ་བུ་སྟོན་པས་མཛད་པ་དུས་ཀྱི་འཁོར་ལོའི་གཤིན་པོ་རྗེས་འཛིན་རྒྱས་པ་དང་། ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་གཤིན་དོན་བདུན་ཚིགས་མ་བུ་གསུམ། རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱིས་མཛད་པའི་གསོན་ཤོག་རྣམས་ཀྱི་དོན་བསྡུས་ཏེ། ཡི་དམ་གང་ལ་ཡང་སྦྱར་རུང་བའི་ཤི་བྱང་གསོན་བྱང་། ཁེར་ཞུས་དང་། སྤོམ་ཞུས་གང་བྱེད་ཀྱང་རུང་བར་གསུངས། རཱ་ག་ཨ་སྱས་བསྒྲིགས་ཅིང་། དགེ་སློང་པདྨ་ཐབས་མཁས་ཀྱིས་ཡི་གེར་བཀོད་པ། འགལ་འཁྲུལ་མཆིས་ན་ལྷ་ལ་བཤགས་ཤིང་། དགེ་བས་སེམས་ཅན་དཔག་ཏུ་མེད་པ་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །གཟུགས་མས་མེ་ལོང་འཛིན་པ་འདི། །ཚེ་འདས་སྤྱན་ལ་མཆོད་པ་འབུལ། །སྤྱན་གྱི་མཆོད་པ་བཞེས་སུ་གསོལ། །སྒྲ་མས་པི་ཝཾ་འཛིན་པ་འདི། །ཚེ་འདས་སྙན་ལ་མཆོད་པ་འབུལ། །།སྙན་གྱི་མཆོད་པ་བཞེས་སུ་གསོལ། །དྲི་མས་དུང་ཆོས་འཛིན་པ་འདི། །ཚེ་འདས་ཤངས་ལ་མཆོད་པ་འབུལ། །ཤངས་ཀྱི་མཆོད་པ་བཞེས་ སུ་གསོལ། །རོ་མས་ཞལ་ཟས་འཛིན་པ་འདི། །ཚེ་འདས་ལྗགས་ལ་མཆོད་པ་འབུལ། །ལྗགས་ཀྱི་མཆོད་པ་བཞེས་སུ་གསོལ། །རེག་མས་ན་བཟའ་འཛིན་པ་འདི།

【漢語翻譯】 從現在起,不要迷惑,像射箭一樣瞬間前往!一心一意地前往!將極樂永恒的清凈剎土銘記於心!嗡 貝美 貝美 貝美 桑巴瓦 瑪哈 蘇卡 巴瓦地 嘎恰 梭哈 吽!(藏文:ཨོཾ་པདྨེ་པདྨེ་པདྨ་སམ་བྷ་ཝ་མ་ཧཱ་སུ་ཁ་བ་ཏི་གཙྪན་སྭ་ཧཱུྃ།,梵文天城體:ओṃ पद्मे पद्मे पद्म सम्भव महा सुख वाति गच्छन् स्वाहा हुं,梵文羅馬擬音:oṃ padme padme padma sambhava mahā sukha vāti gacchan svāhā hūṃ,漢語字面意思:嗡 蓮花 蓮花 蓮花生 大 樂 往 梭哈 吽)僅僅是對極樂世界的無量光佛主眷三尊虔誠地敬信,從身語意中,慈悲的光芒如彩虹般展開,已逝者抓住那延伸出來的線,由亞贊接引,融入前方的蓮花花心中,愿獲得化生的化身!啪 啪 啪!在單獨的生紙上,施主顯現為本尊,與他自己所處的任何地方無二無別。額頭上是白色的嗡(藏文:ཨོཾ,梵文天城體:ॐ,梵文羅馬擬音:oṃ,漢語字面意思:嗡),喉嚨是紅色的阿(藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,漢語字面意思:阿),心間是藍色的吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽),肚臍是黃色的梭(藏文:སྭ,梵文天城體:स्व,梵文羅馬擬音:sva,漢語字面意思:梭),秘密處是綠色的哈(藏文:ཧཾ,梵文天城體:हं,梵文羅馬擬音:haṃ,漢語字面意思:哈),頭頂以觀音像為標誌,愿身體穿上金剛鎧甲。 嗡 舍 芒 納瑪 嘎雅 瓦嘎 चित्त 惹恰 惹恰 梭哈!(藏文:ཨོཾ་ཧྲི་མཾ་ན་མཿ ཀཱ་ཡ་ཝཱཀ་ཙིཏྟ་རཀྵ་རཀྵ་སྭཱ་ཧཱ།,梵文天城體:ओṃ ह्रीं मं नमः काय वाक् चित्त रक्ष रक्ष स्वाहा,梵文羅馬擬音:oṃ hrīṃ maṃ namaḥ kāya vāk citta rakṣa rakṣa svāhā,漢語字面意思:嗡 舍 芒 敬禮 身 語 意 保護 保護 梭哈)福德山,長命百歲等等。這是爲了已故的管家秋培而作,針對臨終之際,大解脫門和昆瑞大兩種儀軌,傑米覺瓦和卻吉旺秋所著的不動佛儀軌的詳略兩種版本,大學者布頓巴所著的時輪金剛的亡者追隨儀軌的詳盡版,以及大悲勝海的亡者儀軌七支法母子三篇,嘉擦扎巴秋揚所著的生紙儀軌的意義進行了總結,無論是哪種本尊,都可以使用的死亡儀軌和生者儀軌,無論是單獨唸誦還是集中唸誦都可以。Ra Ga A Sy 編纂,比丘白瑪塔布凱記錄。如有錯誤,向神靈懺悔,愿此善行使無量眾生往生極樂世界!形母手持鏡子,這是獻給亡者的眼睛的供品。祈請享用眼睛的供品!聲母手持琵琶,這是獻給亡者的耳朵的供品。祈請享用耳朵的供品!香母手持海螺,這是獻給亡者的鼻子的供品。祈請享用鼻子的供品!味母手持食物,這是獻給亡者的舌頭的供品。祈請享用舌頭的供品!觸母手持衣服,

【英語翻譯】 From now on, without confusion, go swiftly like an arrow! Go with one-pointedness! Keep in mind the pure realm of Great Bliss! Om Padme Padme Padme Sambhava Maha Sukha Vati Gacchan Svaha Hum! (Tibetan: ཨོཾ་པདྨེ་པདྨེ་པདྨ་སམ་བྷ་ཝ་མ་ཧཱ་སུ་ཁ་བ་ཏི་གཙྪན་སྭ་ཧཱུྃ།, Sanskrit Devanagari: ओṃ पद्मे पद्मे पद्म सम्भव महा सुख वाति गच्छन् स्वाहा हुं, Sanskrit Romanization: oṃ padme padme padma sambhava mahā sukha vāti gacchan svāhā hūṃ, Literal Chinese meaning: Om Lotus Lotus Lotus Born Great Bliss Going Svaha Hum) Just by having faith and devotion to the principal and retinue of Amitabha in Sukhavati, from body, speech, and mind, may the rays of compassion extend like a stretched rainbow, and may the deceased grasp the end of it, and may Yarchen take it and dissolve it into the lotus heart in front, may you obtain the emanation body of miraculous birth! Phat Phat Phat! On a single life-paper, the benefactor is clear as the deity, inseparable from wherever he is. On the forehead, white Om (Tibetan: ཨོཾ,Sanskrit Devanagari: ॐ,Sanskrit Romanization: oṃ,Literal Chinese meaning: Om), on the throat, red Ah (Tibetan: ཨཱཿ,Sanskrit Devanagari: आः,Sanskrit Romanization: āḥ,Literal Chinese meaning: Ah), in the heart, blue Hum (Tibetan: ཧཱུྃ,Sanskrit Devanagari: हुं,Sanskrit Romanization: hūṃ,Literal Chinese meaning: Hum), in the navel, yellow Sva (Tibetan: སྭ,Sanskrit Devanagari: स्व,Sanskrit Romanization: sva,Literal Chinese meaning: Sva), in the secret place, green Ham (Tibetan: ཧཾ,Sanskrit Devanagari: हं,Sanskrit Romanization: haṃ,Literal Chinese meaning: Ham), on the crown of the head, marked with an image of Avalokiteshvara, may the body be clad in vajra armor. Om Hrih Mam Namah Kaya Vak Citta Raksha Raksha Svaha! (Tibetan: ཨོཾ་ཧྲི་མཾ་ན་མཿ ཀཱ་ཡ་ཝཱཀ་ཙིཏྟ་རཀྵ་རཀྵ་སྭཱ་ཧཱ།, Sanskrit Devanagari: ओṃ ह्रीं मं नमः काय वाक् चित्त रक्ष रक्ष स्वाहा, Sanskrit Romanization: oṃ hrīṃ maṃ namaḥ kāya vāk citta rakṣa rakṣa svāhā, Literal Chinese meaning: Om Hrih Mam Homage Body Speech Mind Protect Protect Svaha) Mountain of Merit, may you live a hundred years, etc. This is aimed at the dying of the steward Chöpel, focusing on the Great Gate of Liberation and the two great Kunrig rituals, the two versions of Akshobhya practice, detailed and concise, composed by Je Mikyö Zhap and Chökyi Wangchuk, the detailed version of the Wheel of Time’s ritual for following the deceased, composed by the learned Butönpa, and the three mother-child sections of the Seven-Limbed practice of the Great Compassionate One’s Secret Assembly, summarizing the meaning of the life-papers composed by Gyaltsap Drakpa Chögyang, the death and life rituals that can be applied to any yidam, whether recited alone or in a group. Compiled by Ra Ga A Sy, written down by the monk Pema Thabkhe. If there are any errors, I confess to the deities, and may this virtue cause countless sentient beings to be born in Sukhavati! The form-mother holding the mirror, this is an offering to the eyes of the deceased. Please accept the offering of the eyes! The sound-mother holding the lute, this is an offering to the ears of the deceased. Please accept the offering of the ears! The scent-mother holding the conch shell, this is an offering to the nose of the deceased. Please accept the offering of the nose! The taste-mother holding the food, this is an offering to the tongue of the deceased. Please accept the offering of the tongue! The touch-mother holding the clothes,

============================================================

================== 第 9 段 ================== 【原始藏文】 །ཚེ་འདས་སྐུ་ལ་མཆོད་པ་འབུལ། །སྐུ་ཡི་མཆོད་པ་བཞེས་སུ་གསོལ། །ཆོས་མས་ཆོས་འབྱུང་འཛིན་པ་འདི། །ཚེ་འདས་ཐུགས་ལ་མཆོད་པ་འབུལ། །ཐུགས་ཀྱི་མཆོད་པ་བཞེས་སུ་གསོལ། །འཇིག་རྟེན་ཕ་རོལ་སོང་བའི་ཚེ་འདས་ལ། །ཤུལ་དུ་མཆིས་པའི་ཉེ་དྲུང་བརྩེ་བ་ཡིས། །ཁྱོད་ལ་གཏད་པའི་ཟས་སྐོམ་འདི་བསྔོས་པས། །ཟས་ཀྱི་མཆོག་ནི་འབྲས་དཀར་སཱ་ལུ་ཡིན། །སྐོམ་གྱི་མཆོག་ནི་ཤངས་དཀར་རྩེ་མོ་ཡིན། །ཚེ་འདས་ཁྱོད་ལ་མི་ཟད་གཏེར་དུ་བསྔོ། །ཚེ་འདས་མི་ཟད་གཏེར་ལ་ལོངས་སྤྱོད་ཤོག །ཨོཾ་བཛྲ་ས་ཏྭ་ཧཱུཾ། ན་མོ་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་འདི་ཉིད་ཀྱི། མིག་གི་ཡུལ་དུ་གཟུགས་མཛེས་པར་གྱུར་ཅིག །རྣ་བའི་ཡུལ་དུ་སྒྲ་སྙན་པར་གྱུར་ཅིག །སྣ་ཡི་ཡུལ་དུ་དྲི་ཞིམ་པར་གྱུར་ཅིག །ལྕེ་ཡི་ཡུལ་དུ་རོ་མངར་བར་གྱུར་ཅིག །ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པར་གྱུར་ཅིག །ཡིད་ཀྱི་ཡུལ་དུ་བཟའ་བ་དང་བཏུང་བ་ལ་སོགས་ པའི་འདོད་པའི་ཡོན་ཏན་ལྔ་ཕུན་སུམ་ཚོགས་པའི་སྒོ་ནས་རྟེན་དཀོན་མཆོག་གསུམ་མཆོད་པའི་སྐལ་བ་དོམ་པ་ལ་ལོངས་སྤྱོད་པར་གྱུར་ཅིག །བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །མི་འཁྲུགས་པའི་སྙིང་པོ་སོགས་བརྗོད་དོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། ཡི་དམ་སྤྱི་ཡི་བྱང་ཆོག་ཤི་ཤོག་གསོན་ཤོག་གང་བྱེད་ཀྱང་འབྲེལ་ཚད་དོན་ལྡན་བདེ་ཆེན་ཞིང་གི་ལམ་བཟང་།

【漢語翻譯】 向已逝者之身供奉祭品,祈請享用此身之祭品。以法女所持之法源,向已逝者之心供奉祭品,祈請享用此心之祭品。對於前往來世的已逝者,留存於世的親近之人以愛意,將獻給您的食物飲料供養,食物中的上品是白米稻穀,飲料中的上品是白色的鮮奶。將這無盡的寶藏獻給已逝的您,愿已逝者享用這無盡的寶藏。嗡 班匝 薩埵 吽 (藏文:ཨོཾ་བཛྲ་ས་ཏྭ་ཧཱུཾ།,梵文天城體:ओँ वज्र सत्त्व हूँ,梵文羅馬擬音:oṃ vajra sattva hūṃ,漢語字面意思:嗡,金剛,薩埵,吽)。頂禮,愿從此世前往他世的亡者,于眼之所見,顯現美麗之形;于耳之所聞,顯現悅耳之聲;于鼻之所嗅,顯現芬芳之氣;于舌之所嘗,顯現甘甜之味;于身之所觸,顯現柔滑之感;于意之所想,對於食物和飲料等五種圓滿的慾望功德,憑藉供養三寶的福分而享用。頂禮薄伽梵怙主不動佛。 唸誦不動佛心咒等。

此書由康區(康,藏文:ཁམས།)上部囊謙(囊謙,藏文:ནང་ཆེན།)(今青海玉樹囊謙縣)昂岡(昂岡,藏文:འབང་སྒང་།)工藝文化顯密正法洲古籍修復室編輯出版。 無論是本尊總的超度儀軌,還是亡者超度儀軌或生者儀軌,凡結緣者皆具意義,是通往極樂凈土的殊勝之路。

【英語翻譯】 Offerings to the body of the deceased. Please accept the offerings for the body. This Dharma source held by the Dharma woman, offers to the mind of the deceased. Please accept the offerings for the mind. To the deceased who has gone to the next world, the close ones who remain behind, with love, dedicate these foods and drinks entrusted to you. The best of foods is white rice, the best of drinks is white fresh milk. Dedicate this inexhaustible treasure to you, the deceased. May the deceased enjoy this inexhaustible treasure. Oṃ Vajra Sattva Hūṃ (藏文:ཨོཾ་བཛྲ་ས་ཏྭ་ཧཱུཾ།,梵文天城體:ओँ वज्र सत्त्व हूँ,梵文羅馬擬音:oṃ vajra sattva hūṃ,漢語字面意思:嗡,金剛,薩埵,吽). Homage, may the deceased who has passed away from this world to the other, in the realm of the eye, appear beautiful forms; in the realm of the ear, appear pleasant sounds; in the realm of the nose, appear fragrant smells; in the realm of the tongue, appear sweet tastes; in the realm of the body, appear smooth sensations; in the realm of the mind, for food and drink and so on, the five perfect qualities of desire, through the merit of offering to the Three Jewels, may they be enjoyed. Homage to the Bhagavan Protector Akshobhya. Recite the essence of Akshobhya, etc.

This book was compiled and published by the Ancient Book Restoration Room of Ngang Gang Craft Culture Do Ngak Choephel Ling in Nangchen, Upper Kham (present-day Nangqian County, Yushu, Qinghai). Whether it is the general purification ritual for Yidam, or the ritual for the deceased or the living, all those who are connected have meaning, and it is a good path to the Land of Great Bliss.

============================================================