菩薩藏佛教學會
20
背景
翻譯

CMR048_0019.鄔金仁波切祈請文.上師遙呼加持降雨g2.0f

================== 第 1 段 ================== 【原始藏文】 ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བླ་མ་རྒྱང་འབོད་བྱིན་རླབས་ཆར་འབེབས། ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བླ་མ་རྒྱང་འབོད་བྱིན་རླབས་ཆར་འབེབས། ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བླ་མ་རྒྱང་འབོད་བྱིན་རླབས་ཆར་འབེབས་བཞུགས་སོ། ། ན་མོ་གུ་རུ་དྷེ་ཝ་ཌཱཀི་ནཱི་ཡེ། མི་བདག་གི་སྤྱི་བོའི་གཙུག་རོལ་ན། །གདན་པདྨ་ཉི་ཟླ་སུམ་བརྩེགས་སྟེང་། །ཕ་དྲིན་ཆེན་རྩ་བའི་བླ་མ་དང་། །དོན་དབྱེར་མེད་གུ་རུ་པདྨ་འབྱུང་། །སྐུ་དཀར་དམར་མདངས་ལྡན་མཚན་དཔེ་རྫོགས། །ཞལ་ཞི་འཛུམ་སྤྱན་གསུམ་ཞི་མ་ཁྲོ། །དབུ་པད་ཞྭ་རྒོད་ལྡེམ་ཉི་ཟླས་སྤྲས། །ཕྱག་རྡོ་རྗེ་བྷནྡྷ་ཚེ་བུམ་འཛིན། །སྐུ་ཟབ་བེར་ཆོས་གོས་རྣམ་གསུམ་གསོལ། །ཡུམ་ཌཱཀི་སྦས་ཚུལ་ཁ་ཊཾ་འཆང་། །ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །རྗེ་རྒྱལ་བའི་ཞིང་ཁམས་མ་ལུས་པ། །དེ་ཐམས་ཅད་པད་འབྱུང་སྐུ་ཡིས་ཁྱབ། ། ལྷ་རྒྱུད་སྡེའི་དཀྱིལ་འཁོར་མ་ལུས་པ། །དེ་ཐམས་ཅད་པད་འབྱུང་སྐུ་ལ་རྫོགས། །རྗེ་དེ་ཡི་དཔྲལ་མགྲིན་ཐུགས་ཀ་རུ། །རྗེ་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །དོན་ཨོཾ་དཀར་ཨཱཿཿདམར་ཧཱུྃ་མཐིང་གསལ། །ཐུགས་ཧཱུྃ་ཡིག་སྣ་ཚོགས་ཕྱོགས་བཅུར་འཕྲོས། །གནས་ཆོས་དབྱིངས་རབ་འབྱམས་ཞིང་ཁམས་ནས། །རྗེ་བླ་མ་རིག་འཛིན་གྲུབ་ཐོབ་ཚོགས། །སྐྱབས་སངས་རྒྱས་བྱང་སེམས་ཡི་དམ་ལྷ། །ལྷ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །དཔེ་ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །དེ་ཐམས་ཅད་པད་འབྱུང་འཁོར་གྱི་ཚུལ། །ཞིང་ནམ་མཁའ་བར་སྣང་ ཁྱབ་པར་བཞུགས། །གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །སྐྱབས་ཤཱཀ་ཐུབ་བྱང་སེམས་ཉེ་སྲས་བརྒྱད། །དཔལ་གནས་བརྟན་བཅུ་དྲུག་དགྲ་བཅོམ་ཚོགས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ལུས་ཚུལ་ཁྲིམས་ལྡན་པར་བྱིན་གྱིས་རློབས། །རྗེ་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་བཞི། །དཔལ་པད་འབྱུང་རྗེ་འབངས་ཉི་ཤུ་ལྔ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བདག་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །དཔལ་ཆོས་རྒྱལ་མེས་དབོན་ལོ་པཎ་ཚོགས། །རྗེ་ས་སྐྱའི་འཇམ་དབྱངས་བདུན་བརྒྱུད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དོན་བསྐྱེད་རྫོགས་འབྱོངས་བར་བྱིན་གྱིས་རློབས། །རྗེ་ཇོ་འབྲོམ་ཁུ་རྔོག་རྒྱལ་སྲས་གསུམ། །ཆོས་བཀའ་གདམས་བརྒྱུད་པའི་བླ་མ་ལ། །བདག་གས

【漢語翻譯】 鄔金仁波切祈請文,上師遙呼加持降雨。 鄔金仁波切祈請文,上師遙呼加持降雨。 鄔金仁波切祈請文,上師遙呼加持降雨 祈禱文完畢。 那摩 guru deva ḍākinī ye(藏文,梵文天城體,梵文羅馬擬音,漢語字面意思)。我等眾生的頭頂上,蓮花日月三重座墊上,與恩重如山的根本上師,無二無別的蓮花生,身白色帶紅色光彩,具足妙相,面容寂靜帶微笑,三眼不寂靜也不憤怒,頭戴蓮花帽,以日月裝飾,手持金剛杵、班雜瓶、長壽寶瓶,身穿秘密法衣和三種法衣,明妃空行母以隱秘的方式手持卡杖嘎,雙足金剛跏趺坐。至尊所有勝者的剎土,全部都由蓮花生身所遍佈。 所有天眾部的壇城,全部都圓滿於蓮花生身。至尊他的額喉心間,至尊所有勝者的身語意,為白色嗡(藏文:ཨོཾ,梵文天城體:ॐ,梵文羅馬擬音:oṃ,漢語字面意思:嗡),紅色阿(藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,漢語字面意思:阿),藍色吽(藏文:ཧཱུྃ,梵文天城體:हुँ,梵文羅馬擬音:hūṃ,漢語字面意思:吽)清楚明亮。心間吽字發出各種光芒照耀十方。從法界無邊剎土中,至尊上師持明成就者眾,皈依佛陀菩薩本尊天眾,空行護法護衛眾,如雪花暴風般降臨,他們全部都是蓮花生眷屬的形象,剎土天空虛空中遍佈安住。從密嚴法界剎土中,普賢金剛持,我祈禱請您以慈悲攝受,加持我證悟法身。皈依釋迦牟尼佛菩薩八大近子,十六尊者阿羅漢眾,我祈禱請您以慈悲攝受,加持我身具戒律。至尊印度八十四大成就者,蓮花生君臣二十五尊,我祈禱請您以慈悲攝受,加持我證悟大手印。至尊法王父子譯師眾,至尊薩迦派的七世文殊,我祈禱請您以慈悲攝受,加持我精通生圓次第。至尊覺阿、仲敦巴、庫、俄、王儲三位,噶當派法脈傳承的上師,我祈

【英語翻譯】 Supplication to Orgyen Rinpoche, Lama Calling from Afar, Rain of Blessings. Supplication to Orgyen Rinpoche, Lama Calling from Afar, Rain of Blessings. Supplication to Orgyen Rinpoche, Lama Calling from Afar, Rain of Blessings Concluded. Namo guru deva ḍākinī ye. On the crown of the heads of beings, on the lotus, sun, and moon triple seat, with the kind root guru, inseparable from Guru Padmasambhava, body white with red radiance, complete with marks and signs, face peaceful with a smile, three eyes neither peaceful nor wrathful, head adorned with a lotus hat, sun and moon, hands holding vajra, bhumpa, and vase of longevity, body wearing secret robes and three kinds of dharma robes, consort dakini holding khatvanga in a hidden manner, feet sitting in vajra posture. All the realms of the Victorious Ones, all of them are pervaded by the body of Padmasambhava. All the mandalas of the deity lineage, all of them are complete in the body of Padmasambhava. At his forehead, throat, and heart, the body, speech, and mind of all the Victorious Ones, are clear white Om (藏文:ཨོཾ,梵文天城體:ॐ,梵文羅馬擬音:oṃ,漢語字面意思:Om), red Ah (藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,漢語字面意思:Ah), and blue Hung (藏文:ཧཱུྃ,梵文天城體:हुँ,梵文羅馬擬音:hūṃ,漢語字面意思:Hung). From the Hung syllable at the heart, various rays of light emanate in the ten directions. From the realm of Dharmadhatu, the assembly of lamas, vidyadharas, and siddhas, refuge Buddhas, Bodhisattvas, yidam deities, deities, dakinis, dharma protectors, and guardians, come like a blizzard, all of them are in the form of Padmasambhava’s retinue, residing pervading the realms of sky and space. From the realm of Akanishta Dharmadhatu, Samantabhadra Vajradhara, I pray, please hold me with compassion, bless me to realize the Dharmakaya. Refuge Shakyamuni Buddha, Bodhisattvas, the eight close sons, the sixteen arhats, I pray, please hold me with compassion, bless my body to be endowed with discipline. The eighty-four great siddhas of India, Padmasambhava and his twenty-five disciples, I pray, please hold me with compassion, bless me to realize Mahamudra. The Dharma Kings, father and sons, and translators, the seven lineages of Manjushri of the Sakya school, I pray, please hold me with compassion, bless me to master the generation and completion stages. The three lords Jo, Drom, Khu, Ngok, and the royal son, the lamas of the Kadampa lineage, I pray.

============================================================

================== 第 2 段 ================== 【原始藏文】 ོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བྱམས་སྙིང་རྗེ་འབྱོངས་བར་བྱིན་གྱིས་རློབས། །རྗེ་མར་མི་དྭགས་པོ་དུས་གསུམ་མཁྱེན། །དཔལ་འབྲི་སྟག་ཚལ་ འབྲུག་བརྒྱུད་པ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དོན་རང་ངོ་ཤེས་པར་བྱིན་གྱིས་རློབས། །ཉང་ཆོས་དབང་གཏེར་སྟོན་བརྒྱ་རྩ་བརྒྱད། །ཆོས་རྫོགས་ཆེན་བརྒྱུད་པའི་བླ་མ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དོན་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །རྗེ་དམ་པ་མ་གཅིག་ལབ་ཀྱི་སྒྲོན། །གཅོད་བཀའ་བབ་བུ་ཆེན་བཅུ་དྲུག་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བདུད་བཞི་རང་སར་ཞི་བར་བྱིན་གྱིས་རློབས། །ལྷ་བདེ་གསང་འཇིགས་གསུམ་དུས་འཁོར་ལོ། །སྔགས་གསར་མའི་དཀྱིལ་འཁོར་ལྷ་ཚོགས་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །ལྷ་བཀའ་དགོངས་ཕུར་གསུམ་ཞི་ཁྲོ་སོགས། །སྔགས་རྙིང་མའི་ལྷ་ཚོགས་ཐམས་ཅད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བསྐྱེད་རྫོགས་བརྟན་པ་ཐོབ་པར་བྱིན་གྱིས་རློབས། །ཡུམ་ཕག་ཁྲོས་སེང་གསུམ་སྒྲོལ་མ་གཉིས། །གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ ཟུངས། །འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཕྱག་བཞི་དྲུག་གུར་མགོན་བེར་ནག་ཅན། །ཡུམ་དུད་སོལ་རང་བྱུང་རེ་མ་ཏི། །དཔལ་ཡེ་ཤེས་ཆོས་སྐྱོང་སྲུང་མ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །རྐྱེན་ངན་བར་ཆད་མེད་པར་བྱིན་གྱིས་རློབས། །དཔལ་འཛམ་ལྷ་རིགས་ལྔ་ནོར་རྒྱུན་མ། །མགོན་ཡེ་ཤེས་ནོར་ལྷ་གཏེར་བདག་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཚེ་བསོད་ནམས་རྒྱས་པར་བྱིན་གྱིས་རློབས། །རྗེ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །སྐྱབས་བསླུ་མེད་ཨོ་རྒྱན་རིན་པོ་ཆེ། །མི་བདག་ལ་རེ་ས་གཞན་ན་མེད། །ལུས་ཐོབ་དཀའི་དལ་འབྱོར་རིན་ཆེན་འདི། །ཚེ་ཡང་ཡེངས་ངང་ལ་མི་ཟད་པར། །ལུས་སྙིང་པོ་ལོན་པར་བྱིན་གྱིས་རློབས། །ཚེ་མི་རྟག་རླུང་གསེབ་མར་མེ་འདྲ། །ཆོས་བྱེད་བསམ་ངང་ལ་མི་བཞག་པར། །བདག་དགེ་སྦྱོར་ནུས་པར་བྱིན་གྱིས་རློབས། །ལས་དགེ་སྡིག་ལུས་དང་གྲིབ་མ་བཞིན། །ཁོང་བཙན་པོ་གཤིན་རྗེའི་ཁྲིམས་ར་ན། །རང་ངོ་གནོང་མེད་པར་བྱིན་གྱིས་རློབས། །བདག་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག །ཐར་དཀའ་བའི་འཁོར་ བའི་རྒྱ་མཚོ་ལས། །བདག་སྐྱོ་བ་སྐྱེ་བར་བྱིན་གྱིས་རློབས། །སྐྱོབ་ངེས་པའི་བླ་མ་དཀོན

【漢語翻譯】 祈請您垂念,懇請賜予慈悲心。祈請加持,使我生起慈愛與悲憫。至尊瑪爾巴、米拉日巴、達波,三世知。尊貴的直貢、達隆、蔡巴、竹巴傳承。我祈請您垂念,懇請加持,使我認識自心本性。娘·喬旺、伏藏師百零八位。大圓滿傳承的諸位上師。我祈請您垂念,懇請加持,使我證悟實相。至尊丹巴、瑪吉拉準。希解法統的十六位大弟子。我祈請您垂念,懇請加持,使四魔于自性中寂滅。樂空怖三尊時輪金剛。新密咒的壇城諸尊。我祈請您垂念,懇請加持,使我一生證得佛果。諸佛口傳、意伏藏、橛法三根本,寂靜忿怒等。舊密咒的壇城諸尊。我祈請您垂念,懇請加持,使我獲得生圓次第的穩固。空行母金剛亥母、忿怒母、獅面空行母、二度母。三處勇士空行。我祈請您垂念,懇請加持,使我成就虹身、空行境界。四臂、六臂怙主、黑袍金剛。明妃煙色母、冉降熱瑪迪。具光彩的智慧護法、護法神。我祈請您垂念,懇請加持,使我沒有違緣障礙。具光彩的五姓財神、財續母。怙主智慧財神、伏藏主。我祈請您垂念,懇請加持,使我壽命福德增長。至尊上師、本尊、空行眾。無可欺騙的怙主鄔金仁波切。我等凡夫沒有其他的希望。這難以獲得的暇滿人身。不要在無意義的事情中浪費生命。懇請加持,使我獲得人身之精華。生命無常如風中殘燭。不要把修行放在一邊。懇請加持,使我有能力行善。業力善惡如影隨形。在那威嚴的閻羅法庭上。懇請加持,使我無愧於心。無論我轉生於六道中的哪一道都很痛苦。從這難以解脫的輪迴大海中。懇請加持,使我生起厭離心。救護者,確定的上師三寶。

【英語翻譯】 Please hold me with your compassion. Please bless me to develop love and compassion. Lord Marpa, Mila Repa, Gampopa, knowers of the three times. Glorious Drikung, Taglung, Tsalpa, Drukpa lineages. I pray, please hold me with your compassion. Please bless me to recognize my own nature. Nyang Chöwang, treasure revealer, one hundred and eight. Lamas of the Dzogchen lineage. I pray, please hold me with your compassion. Please bless me to realize the true nature of reality. Lord Dampa, Machig Labdrön. Sixteen great sons of the Chö lineage. I pray, please hold me with your compassion. Please bless me to pacify the four maras in their own place. De-sang-jig-sum (Bliss-Secret-Terror Three) Kalachakra. Mandala deities of the New Tantras. I pray, please hold me with your compassion. Please bless me to achieve Buddhahood in one lifetime. Deities of the Kama, Gongter, Phurba three roots, peaceful and wrathful, etc. All the deities of the Old Tantras. I pray, please hold me with your compassion. Please bless me to gain stability in generation and completion stages. Yums Vajravarahi, Krodhakali, Simhamukha, two Taras. Heroes and heroines of the three places. I pray, please hold me with your compassion. Please bless me to achieve rainbow body and khechara. Four-armed, six-armed Gur Gon, Black Cloaked One. Consort Dudsol, Rangjung Remati. Glorious Yeshe Chökyong, protectors. I pray, please hold me with your compassion. Please bless me to be free from adverse conditions and obstacles. Glorious five Jambhala families, Vasudhara. Gon Yeshe Norlha, treasure owners. I pray, please hold me with your compassion. Please bless me to increase life and merit. Lord Lamas, Yidams, hosts of Khechara. Infallible refuge, Orgyen Rinpoche. I, a human being, have no other hope. This precious human body with leisure and opportunity, difficult to obtain. Without wasting life in meaningless things. Please bless me to obtain the essence of this body. Life is impermanent, like a butter lamp in the wind. Without leaving Dharma practice aside. Please bless me to be able to do virtuous deeds. Karma, good and bad, is like a shadow following the body. In that powerful court of Yama. Please bless me to be without regret. Wherever I am born in the six realms, it is suffering. From this ocean of samsara, difficult to liberate from. Please bless me to generate renunciation. Protectors, certain Lamas, Three Jewels.

============================================================

================== 第 3 段 ================== 【原始藏文】 ་མཆོག་གསུམ། །དེ་གཅིག་བསྡུས་པདྨ་འབྱུང་གནས་ལ། །བདག་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས། །མ་འགྲོ་དྲུག་བདེ་ལ་འགོད་པའི་ཕྱིར། །བདག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལས་མི་དགེའི་སྡིག་ལྟུང་ཅི་བགྱིས་པ། །མགོན་ཁྱེད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །ལུས་ལོངས་སྤྱོ་དགེ་རྩ་ཅི་མཆིས་པ། །དེ་ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར། །རྗེ་ཁྱེད་རྣམས་ཀུན་ལ་གུས་པས་འབུལ། །བདག་རྩེ་གཅིག་གུས་པས་གསོལ་བཏབ་ན། །འཁོར་ནམ་མཁའ་བར་སྣང་གང་བ་ཀུན། །དེ་ཐམས་ཅད་པད་འབྱུང་སྐུ་ལ་ཐིམ། །རྗེ་པད་འབྱུང་དཔྲལ་མགྲིན་ཐུགས་ལྟེ་ནས། །འོད་རྒྱུ། དཀར་དམར་མཐིང་དང་ལྗང་གུ་འཕྲོས། །མི་བདག་གི་དཔྲལ་མགྲིན་སྙིང་ལྟར་ཐིམ། །བདག་སྒྲིབ་བཞི་དག་ནས་དབང་བཞི་ཐོབ། །ཅེས་བསྒོམ་ཞིང་། ཨོཾ་ཨཱཿཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། རྗེ་པད་འབྱུང་འོད་ཞུ་བདག་ལ་ཐིམ། །དེ་ཐིམ་པས་བདག་ལུས་གདོས་བཅས་འདི། །འོད་འཇའ་ལུས་ཐུགས་རྗེ་ཆེན་པོའི་སྐུ། །སྐུ་དཀར་གསལ་སྟོན་ཀའི་ཟླ་རྒྱས་ བཞིན། །ཞལ་མཛེས་འཛུམ་སྤྱན་གཉིས་འགྲོ་ལ་གཟིགས། །ཕྱག་དང་པོས་ཐུགས་ཀར་ཐལ་མོ་སྦྱར། །ཕྱག་འོག་གཉིས་བསྒྲང་ཕྲེང་པད་དཀར་འཛིན། །དབུ་ཐོར་ཚུགས་དབུ་རྒྱན་འོད་དཔག་མེད། །སྐུ་མཚན་དཔེ་དར་དང་རིན་ཆེན་བརྒྱན། །ཞབས་སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས། །ཐུགས་ཟླ་སྟེང་ཧྲིལ་ཡིག་དྲུག་བསྐོར། །འོད་ཕྱོགས་བཅུའི་འཇིག་རྟེན་ཁྱབ་པར་འཕྲོས། །ཞིང་ཕྱོགས་བཅུར་བཞུགས་པའི་རྒྱལ་བ་རྣམས། །དེ་ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར། །ཆར་ན་བུན་བཞིན་བྱོན་བདག་ལ་ཐིམ། །མ་འགྲོ་དྲུག་སེམས་ཅན་མ་ལུས་པ། །དེ་ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར། །གསུང་ཡིག་དྲུག་ཆོས་སྒྲས་སྟོང་གསུམ་གང་། །དུས་སྐད་ཅིག་དུང་ཕྱུར་གྲངས་མེད་འགྲུབ། །ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ཅི་ནུས་བཟླས་མཐར། ཕྱི་སྣོད་བཅུད་འོད་ཞུ་བདག་ལ་ཐིམ། །བདག་འོད་ཞུ་ཐུགས་ཀའི་ཧྲིལ་ཐིམ། །མི་དམིགས་སྟོང་ཉིད་དབྱིངས་སུ་ཡལ། །ད་ཚུར་ལྟོས་རང་གི་སེམས་ལ་ལྟོས། །སེམས་ཡོད་པ་མ་ཡིན་དངོས་པོ་མེད། །ཆོས་སྟོང་པ་ཉིད་ཅེས་དེ་ལ་ཟེར། །སེམས་མེད་པ་མ་ཡིན་ཅི་ཡང་འཕྲོ། །ཆོས་ཡེ་ཤེས་ཟང་ཐལ་དེ་ལ་ ཟེར། །སེམས་ཡོད་མེད་གཉིས་ཀ་མ་ཡིན་པར། །ཆོས་དབུ་མ་ཆེན་པོ་དེ་ལ་ཟེར། །ཆོས་ཐམས་ཅད་དེ་ལས་མི་འདའ་བས། །བཀའ་ཕྱག་རྒྱ་ཆེན་པོ་དེ་ལ་ཟེར། །དེ་ཤེས་ན་ཤེས་བྱ་ཀུན་གྱི་རབ། །བཀའ་ཤེས་རབ་ཕར་ཕྱིན་དེ་ལ་ཟེར། །སེམས་འདི་ལ་མ་རྫོགས་ཆོས་གཅིག་མེད།

【漢語翻譯】 至尊三寶,彼等集於蓮花生,我皈依,以慈悲攝受。為令六道眾生安樂,我發無上菩提心。所作不善業之罪墮,于怙主您前懺悔。身受用之善根,愿皆成賢妙供云。恭敬獻于諸位尊者,我一心恭敬祈請,周遍虛空的一切,皆融入蓮師身。蓮師自額喉心臍,光芒,白紅藍綠放射。融入我之額喉心,我凈除四障獲四灌。如是觀想,嗡(藏文:ཨོཾ,梵文天城體:ओ,梵文羅馬擬音:oṃ,漢語字面意思:嗡),阿(藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,漢語字面意思:阿),吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽),班匝(藏文:བཛྲ,梵文天城體:वज्र,梵文羅馬擬音:vajra,漢語字面意思:金剛),格熱(藏文:གུ་རུ,梵文天城體:गुरु,梵文羅馬擬音:guru,漢語字面意思:上師),貝瑪(藏文:པདྨ,梵文天城體:पद्म,梵文羅馬擬音:padma,漢語字面意思:蓮花),悉地(藏文:སིདྡྷི,梵文天城體:सिद्धि,梵文羅馬擬音:siddhi,漢語字面意思:成就),吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)。蓮師化光融入我,彼融入故我此有質之身,成光虹身大悲身。身白光明如秋滿月,面容姣好,含笑雙眼視眾生。第一手于胸前合掌,下兩手持念珠白蓮。頂髻高聳,頭飾無量光佛。身具妙相等,以綢緞珍寶嚴飾。雙足跏趺坐于蓮月座上。心間月上六字明咒圍繞,光芒遍佈十方世界。十方剎土諸佛,皆成大悲。如雨如霧降臨融入我,六道眾生無餘,皆成大悲。語六字明咒法音充滿三千世界,剎那成就無數億劫。嗡(藏文:ཨོཾ,梵文天城體:ओ,梵文羅馬擬音:oṃ,漢語字面意思:嗡)嘛呢(藏文:མ་ཎི,梵文天城體:मणि,梵文羅馬擬音:maṇi,漢語字面意思:寶),貝美(藏文:པདྨེ,梵文天城體:पद्मे,梵文羅馬擬音:padme,漢語字面意思:蓮花中),吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)。盡力唸誦后,外器情世間化光融入我,我化光融入心間啥字,于不可思議空性中消失。現在回頭看,看自己的心。心非有,無有事物,是名法空性。心非無,放射一切,是名法智慧通徹。心非有非無,是名法大中觀。一切法不離彼,是名大印。知彼乃知一切所知之最,是名般若波羅蜜多。此心無有未圓滿之法。

【英語翻譯】 Supreme Three Jewels, they are united in Padmasambhava, I take refuge, please hold me with compassion. In order to place the six realms of beings in happiness, I generate the supreme Bodhicitta. Whatever non-virtuous deeds and downfalls I have committed, I confess them before you, Protector. Whatever merit of body and possessions there is, may it all become like a cloud of excellent offerings. I respectfully offer to all of you lords, I pray with one-pointed devotion, all the space that fills the sky, all of that dissolves into the body of Padmasambhava. From the forehead, throat, heart, and navel of Lord Padmasambhava, rays of light, white, red, blue, and green, radiate. They dissolve into my forehead, throat, and heart, I purify the four obscurations and obtain the four empowerments. Thus meditate, Om (Tibetan: ཨོཾ, Sanskrit Devanagari: ओ, Sanskrit Romanization: oṃ, Literal Chinese meaning: Om), Ah (Tibetan: ཨཱཿ, Sanskrit Devanagari: आः, Sanskrit Romanization: āḥ, Literal Chinese meaning: Ah), Hum (Tibetan: ཧཱུྃ, Sanskrit Devanagari: हुं, Sanskrit Romanization: hūṃ, Literal Chinese meaning: Hum), Vajra (Tibetan: བཛྲ, Sanskrit Devanagari: वज्र, Sanskrit Romanization: vajra, Literal Chinese meaning: Diamond), Guru (Tibetan: གུ་རུ, Sanskrit Devanagari: गुरु, Sanskrit Romanization: guru, Literal Chinese meaning: Teacher), Padma (Tibetan: པདྨ, Sanskrit Devanagari: पद्म, Sanskrit Romanization: padma, Literal Chinese meaning: Lotus), Siddhi (Tibetan: སིདྡྷི, Sanskrit Devanagari: सिद्धि, Sanskrit Romanization: siddhi, Literal Chinese meaning: Accomplishment), Hum (Tibetan: ཧཱུྃ, Sanskrit Devanagari: हुं, Sanskrit Romanization: hūṃ, Literal Chinese meaning: Hum). Lord Padmasambhava dissolves into me as light, because of that dissolution, this body of mine with substance, becomes a body of light and rainbow, the body of great compassion. The body is white and clear like the full moon of autumn, the face is beautiful, with a smiling face and two eyes looking at beings. The first hand is joined in prayer at the heart, the lower two hands hold a rosary and a white lotus. The topknot is upright, the crown is adorned with Amitabha. The body is adorned with signs and examples, silk and jewels. The feet are in full lotus posture, seated on a lotus and moon seat. On the moon in the heart, the six-syllable mantra is surrounded, light radiates, pervading the ten directions of the world. All the Buddhas residing in the ten directions of the fields, all of them become great compassion. They come like rain and mist and dissolve into me, all sentient beings of the six realms, all of them become great compassion. The sound of the six-syllable mantra fills the three thousand worlds, in an instant, countless billions of eons are accomplished. Om (Tibetan: ཨོཾ, Sanskrit Devanagari: ओ, Sanskrit Romanization: oṃ, Literal Chinese meaning: Om) Mani (Tibetan: མ་ཎི, Sanskrit Devanagari: मणि, Sanskrit Romanization: maṇi, Literal Chinese meaning: Jewel) Padme (Tibetan: པདྨེ, Sanskrit Devanagari: पद्मे, Sanskrit Romanization: padme, Literal Chinese meaning: In the lotus) Hum (Tibetan: ཧཱུྃ, Sanskrit Devanagari: हुं, Sanskrit Romanization: hūṃ, Literal Chinese meaning: Hum). After reciting as much as possible, the outer container and inner essence dissolve into me as light, I dissolve into the HRIH in the heart as light, disappearing into the realm of unthinkability and emptiness. Now look back, look at your own mind. The mind is not existent, there is no object, that is called the emptiness of phenomena. The mind is not non-existent, it radiates everything, that is called the wisdom of phenomena, clear and unobstructed. The mind is neither existent nor non-existent, that is called the great Madhyamaka of phenomena. Since all phenomena do not go beyond that, that is called the Great Seal. Knowing that is the best of knowing all knowable things, that is called the Prajnaparamita. There is not a single Dharma that is not complete in this mind.

============================================================

================== 第 4 段 ================== 【原始藏文】 །བཀའ་རྫོགས་པ་ཆེན་པོ་དེ་ལ་ཟེར། །དེ་རྟོགས་ན་འཁོར་བའི་སྡུག་བསྔལ་ཞི། །ཆོས་སྡུག་བསྔལ་ཞི་བྱེད་དེ་ལ་ཟེར། །སེམས་རྩ་བ་ཆོད་ན་ཐམས་ཅད་གཅོད། །ཆོས་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་ཟེར། །མིང་སྙན་པོས་གཅེས་མིང་ཅི་བཏགས་ཀྱང་། །དོན་རང་སེམས་ཧྲིག་ཧྲིག་འདི་ཀ་ཡིན། །འདི་བསྒོམ་དུས་འདི་སྒོམ་གཏད་སོ་མེད། །སེམས་མ་ཡེངས་ཙམ་ལ་ལྷོད་དེ་ཞོག །སེམས་འཚུབ་དུས་ལུས་སེམས་ཀློད་ལ་ལྟོས། །སེམས་འཐིབ་ན་ལུས་སེམས་བསྒྲིམ་ལ་ལྟོས། །སྐབས་སྐབས་སུ་གསོལ་འདེབས་རྒྱང་འབོད་མཛོད། །སྐབས་སྐབས་སུ་ནམ་འཆི་ནམ་འཆི་བསམ། །སྐབས་སྐབས་སུ་གར་སྐྱེ་གར་སྐྱེ་བསམ། །སྐབས་སྐབས་སུ་དགེ་སྡིག་རྩིས་གྲངས་ཐོང་། །སྐབས་སྐབས་སུ་བཟླས་བརྗོད་གཏོར་བསྔོས་མཛོད། །དུས་རྒྱུན་དུ་དྲན་ པའི་རྒྱངས་སོ་ཚུགས། །སྒོམ་ཐ་མས་རྣམ་རྟོག་རྩད་རྗེས་བཅད། །དེ་རྩད་རྗེས་བཅད་པས་སྟོང་ཉིད་འཆར། །སྒོམ་འབྲིང་གིས་ནམ་དྲན་བསྒོམ་དུ་འཆར། །དེ་དྲན་པ་ཙམ་གྱིས་ཐོག་ཏུ་གནས། །སྒོམ་རབ་ཀྱིས་རྣམ་རྟོག་བསྒོམ་དུ་འཆར། །དཔེ་ཆུ་ལ་ཆུ་རླབས་ཐིམ་པ་བཞིན། །ནུབ་གཉིད་དུས་འོད་གསལ་ཨེ་ཟིན་ལྟོས། །དེ་ལན་བདུན་ཟིན་ན་ཐུགས་དམ་ཟིན། །དེ་མ་ཟིན་རྨི་ལམ་ཨེ་ཟིན་ལྟོས། །དེ་ལན་བདུན་ཟིན་ན་བར་དོ་ཟིན། །དེ་བར་དོ་ཟིན་ན་མངོན་སངས་རྒྱས། །དེ་རྒྱུད་སྡེ་རྣམས་ཀྱི་དགོངས་པ་ཡིན། །མི་བདག་གི་དགེ་སྦྱོར་བསྐྱེད་རྫོགས་སོགས། །དུས་གསུམ་དུ་དགེ་བ་ཅི་བསགས་མཐུས། །ཚེ་འདི་ཡང་ཚེ་རིང་ནད་མེད་ཅིང་། །ཉམས་རྟོགས་པ་ཡར་ངོའི་ཟླ་ལྟར་འཕེལ། །དུས་ནམ་ཞིག་མི་གནས་འཕོ་བའི་ཚེ། །མ་གནས་གསུམ་ཌཱཀི་དཔའ་བོའི་ཚོགས། །གདུགས་རྒྱལ་མཚན་རོལ་མོའི་སྒྲ་དང་བཅས། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ།། གདན་མེ་ཏོག་པདྨའི་སྙིང་པོ་ལ། །ལུས་བརྫུས་སྐྱེས་སྤྲུལ་སྐུ་ཐོབ་ནས་ཀྱང་། །ས་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །བདག་བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག །དེ་ཐོབ་ནས་ སྤྱན་རས་གཟིགས་དབང་ལྟར། །དུས་ནམ་ཞིག་ནམ་མཁའ་གནས་ཀྱི་བར། །དོན་འབད་མེད་འགྲོ་དོན་མྱུར་འགྲུབ་ཤོག །གཞི་གདོད་ནས་སྐྱེ་བ་མེད་པ་དང་། །ལམ་རྟེན་འབྲེལ་བསླུ་བ་མེད་པ་དང་། །རྗེ་རྒྱལ་བའི་བྱིན་རླབས་ཚད་མེད་མཐུས། །བདག་སྨོན་ལམ་བཏབ་བཞིན་འགྲུབ་གྱུར་ཅིག །དཔལ་ཙཱ་རི་ཏྲ་ཡི་རྟོགས་ལྡན་གྱིས། །ཆོས་འབྲེལ་པ་གསོལ་འདེབས་དགོས་གསུངས་པས། །འཕྲལ་ཉམས་ལ་གང་ཤར་བྲིས་པ་ཡིན། །དོན་འགལ་བ་མཆིས་ན་བཟོད་པར་གསོལ། །ཐུགས་དགྱེས་པར་གྱུར་ན་རྒྱུན་དུ་

【漢語翻譯】 這就是所謂的「大圓滿」。如果證悟了它,輪迴的痛苦就會平息。平息痛苦的法就叫做「大圓滿」。如果斷了心的根本,就斷了一切。斷法的境界就叫做「大手印」。無論用多麼悅耳的名字來稱呼它,其本質就是這顆赤裸裸的心。修習它的時候,沒有修習的對象。只要心不散亂,就放鬆地安住。心煩躁的時候,放鬆身心觀察。心昏沉的時候,收緊身心觀察。時不時地祈禱遙呼。時不時地想著何時會死。時不時地想著會轉生到哪裡。時不時地計算善惡的賬目。時不時地念誦、供養食子。時常保持正念的警覺。 下等的修行人斷除念頭的根源。斷除念頭的根源,空性就會顯現。中等的修行人,念頭一生起就轉為修行。僅僅是憶念,就安住于當下。上等的修行人,念頭一生起就轉為修行。比如水波融入水中一樣。晚上睡覺的時候,看看能否抓住光明。如果能抓住七次,就抓住了誓言。如果抓不住,就看看能否抓住夢境。如果能抓住七次,就抓住了中陰。如果抓住了中陰,就能現證成佛。這是所有續部的密意。我等凡夫的生起次第和圓滿次第等,憑藉三世所積累的一切善根,愿此生健康長壽,證悟如上弦月般增長。當無常遷變的時刻到來時,三處空行母和勇士眾,帶著傘、幢、樂器的聲音,前往西方極樂世界。在蓮花的中心,獲得化生之身,圓滿地獲得道地的功德,愿我獲得無上菩提。獲得之後,如觀世音菩薩一樣,直到虛空存在之時,毫不費力地迅速成辦利益眾生的事業。根本上,自始無生;道路上,緣起不虛;依靠諸佛無量的加持力,愿我如所發之愿迅速成就。尊貴的匝日扎的證悟者說,需要念誦此法緣祈請文。我便立刻寫下了心中所顯現的內容。如有不符之處,請多多包涵。如果能令您心生歡喜,那就太好了。

【英語翻譯】 This is what is called “Dzogchen.” If you realize it, the suffering of samsara will subside. The Dharma that pacifies suffering is called “Dzogchen.” If you cut the root of the mind, you cut everything. The realm of cutting Dharma is called “Mahamudra.” No matter what pleasant name you call it, its essence is this naked mind. When practicing it, there is no object of practice. As long as the mind is not distracted, rest relaxed. When the mind is agitated, relax the body and mind and observe. When the mind is dull, tighten the body and mind and observe. From time to time, pray and call out from afar. From time to time, think about when you will die. From time to time, think about where you will be reborn. From time to time, calculate the accounts of good and evil. From time to time, recite mantras and offer tormas. Always maintain the vigilance of mindfulness. Inferior practitioners cut off the root of thoughts. By cutting off the root of thoughts, emptiness will arise. Intermediate practitioners, as soon as a thought arises, turn it into practice. Just by remembering, abide in the present moment. Superior practitioners, as soon as a thought arises, turn it into practice. Like a wave dissolving into water. When sleeping at night, see if you can grasp the clear light. If you can grasp it seven times, you have grasped the samaya. If you cannot grasp it, see if you can grasp the dream. If you can grasp it seven times, you have grasped the bardo. If you grasp the bardo, you can manifest enlightenment. This is the intent of all the tantras. By the power of all the merits accumulated in the three times by the generation and completion stages of ordinary people like me, may this life be long and healthy, and may realization increase like the waxing moon. When the moment of impermanent change comes, may the dakinis and heroes of the three places, with umbrellas, banners, and the sound of music, go to the Western Pure Land of Sukhavati. In the heart of a lotus flower, having obtained a body born of transformation, and having fully perfected the qualities of the bhumis and paths, may I attain unsurpassed enlightenment. After attaining that, like Avalokiteshvara, for as long as space exists, may I effortlessly and quickly accomplish the benefit of sentient beings. Fundamentally, there is no birth from the beginning; on the path, dependent origination is not deceptive; by the power of the immeasurable blessings of the Buddhas, may my wishes be fulfilled as I have prayed. The realized one of glorious Tsari Tra said that it is necessary to recite this Dharma-related prayer. I immediately wrote down what appeared in my mind. If there are any inconsistencies, please forgive me. If it can bring you joy, that would be great.

============================================================

================== 第 5 段 ================== 【原始藏文】 ཐོན། །མི་དད་ལྡན་བྱུང་ན་སྤེལ་ཡང་རུང་། །དོན་འདོན་སྒོམ་སྦྲགས་ན་རྟོགས་པ་སྐྱེ། །ཚིག་དབྱངས་སུ་གྱེར་ན་རྣ་བ་སྙན། །འདི་རྟོགས་ལྡན་རྣམས་ཀྱི་ཆོས་སྐལ་མཛོད། །ཚིག་དེ་སྐད་རཱ་ག་ཨ་སྱས་སྨྲས། །དོན་དངོས་གྲུབ་བྱིན་རླབས་ཐོབ་པར་ཤོག །འདི་ཉམས་ཀྱི་མགུར་མའི་གསོལ་འདེབས་ཡིན། །འབྲེལ་ཚད་རྣམས་སངས་རྒྱས་སར་འགོད་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བླ་མ་རྒྱང་འབོད་བྱིན་རླབས་ཆར་འབེབས།

【漢語翻譯】 顯現吧!如果遇到有信心的人,傳揚也可以。意義、唸誦、禪修相結合,就能生起證悟。詞句用旋律吟唱,耳朵悅耳。這是證悟者們的法財寶藏。這些話語是拉嘎阿夏所說。愿獲得真實成就的加持!這是體驗之歌的祈請。愿所有結緣者都安置於佛地! 第七世,康區上部囊謙(囊謙縣)昂岡工巧文化顯密正法增上洲古籍修復室編輯出版。 蓮花生大師祈請文:上師遙呼,加持如雨降。

【英語翻譯】 Appear! It is also fine to spread it if you encounter people with faith. If meaning, recitation, and meditation are combined, realization will arise. If the words are chanted in melody, the ears are pleased. This is the treasure of Dharma inheritance for those with realization. These words were spoken by Raga Asya. May the blessings of true accomplishment be obtained! This is a supplication of experiential songs. May all connected ones be placed in the Buddhafield! 7th, Compiled and published by Nangchen (Nangchen County) Ngang Gang Industrial and Cultural Sutra Tantra Dharma Development Ling Ancient Book Restoration Room in Upper Kham. Prayer to Orgyen Rinpoche: Lama Calling from Afar, Blessings Descending Like Rain.

============================================================