菩薩藏佛教學會
20
背景
翻譯
下載 ▾

DNJ011_0072.智慧顯現殊勝道g2.0f

================== 第 1 段 ================== 【原始藏文】 ཡེ་ཤེས་སྣང་བྱེད་ལམ་མཆོག ཡེ་ཤེས་སྣང་བྱེད་ལམ་མཆོག ༈ ཡེ་ཤེས་སྒྱུ་འཕྲུལ་རོལ་བ་ལསཿ ཡེ་ཤེས་སྣང་བྱེད་ལམ་མཆོག་བཞུགས་སོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀུནཿ འདུས་པའི་བདག་ཉིད་པདྨ་འབྱུངཿ མགོ་བོ་རལ་བའི་ཅོད་པཎ་དུཿ བརྟེན་ཏེ་མན་ངག་གནད་བསྡུས་པཿ རྣམ་པ་བཅུ་ཡི་རང་བཞིན་གསུམཿ སྐལ་ལྡན་སློབ་མ་ཐམས་ཅད་ལཿ ཕན་སླད་བསམ་པ་བཟང་པོ་ཡིཿ འབད་དེ་བྲི་ཞིང་ལྡོག་མི་བགྱིདཿ སངས་རྒྱས་ཀུན་གྱི་བདེ་གསང་ཉིདཿ གཞི་རྒྱུད་བཅིང་གྲོལ་མེད་པ་ནིཿ སྤྲོས་བྲལ་རིག་པའི་ཐིག་ལེ་འདིསཿ སྟོང་སྣང་གཉིས་ཀྱི་ལྡོག་ཆ་ཡིཿ དབྱེ་བས་ཚོད་འཛིན་ལམ་ལ་ཐོབཿ རེ་རེའང་གནད་རྣམས་བཅུ་རེའོཿ ཞེས་པས་མདུན་བསུས་ནས་ཐོག་མར་ཁྲེགས་ཆོད་ཀྱི་གཞི་ངོ་སྤྲད་པ་ལས། ༈ སྣང་བ་ལས་ངོ་སྤྲད་ན་སྣང་ལ་འཛིན་ཞེན་མེད་པའི་ནོར་ས་བྲལ་བ་དང་གཅིགཿ སྟོང་བ་ལས་ངོ་སྤྲད་ན་སྟོང་ལ་ཆད་པར་གྱུར་བ་མེད་པས་རང་མདངས་ཤར་གྲོལ་དང་གཉིསཿ ཟུང་འཇུག་ལས་ངོ་སྤྲད་ན་འདི་ཡིན་གྱི་ཡིན་སྙམ་ཡིད་དཔྱོད་ཀྱི་སྒྲོ་ལ་རེག་མ་ལུས་པར་ཟང་ཐལ་རང་རིག་ཆེན་པོའི་བདེ་ཀློང་འཁྱིལ་བ་དང་གསུམཿ ༈ ཡང་བདེ་བ་ལས་ངོ་སྤྲད་པས་བདེ་འཛིན་ཉམས་སམ་རྣམ་རྟོག་སྤངས་བས་ཕ་རོལ་དུ་སོང་བས་རང་རིག་རང་གསལ་ཆེན་པོ་གཉིས་སྣང་མཐའ་དག་བྲལ་བའི་ཡེ་ནས་ཤེས་པ་དང་གཅིགཿ གསལ་བ་ལས་ངོ་སྤྲད་པས་སལ་སལ་ཀུན་གཞིའི་རྣམ་ཤེས་ལས་འདས་པའི་འཛིན་པ་སྤྱི་ལ་དམིགས་པ་ཡང་མེདཿ མི་རྟོག་པ་ལས་ཕྱེ་བས་ཧད་ཧད་པོ་ལས་འདས་པ་རིག་སྟོང་སྒྲོ་འདོག་ཆོད་པས་དམིགས་རྣམ་རྟེན་ཆོས་ཡུལ་དང་བཅས་པའི་སྟོང་བས་མིང་མེད་ཆེན་པོ་དང་གསུམཿ ༈ ཡང་ཤེས་པ་འཕྲོ་དུས་ཡུལ་ཀྱི་སྤྱི་འཛིན་པས་ཀུན་གཞིའི་རྣམ་ཤེས་དངཿ བྱེད་བྲག་འཛིན་པས་ཡིད་ཀྱི་རྣམ་རྟོག་ལས་ཝལ་ལེར་འཕྱོ་ཞིང་འཐོར་རླུང་ལྟར་ཡལ་བ་ལས་འདས་ནས། འཕྲོ་གཞིའི་ཡེ་ཤེས་རང་གསལ་མལ་ལས་མ་གཡོས་པ་དང་གཅིགཿ གནས་པའི་ཉམས་ཀྱི་དཔྱིས་ན་གནས་མི་གནས་ལས་འདས་པས་རིག་པ་རྩལ་ཕྱོགས་མེད་དུ་ཤར་ལ་ངོ་བོ་འགྱུར་བ་མེད་པ་མདངས་བདེ་ཆེན་གྱི་རྒྱས་པ་ཆེན་པོ་སྟེཿ གནས་པ་ཉམས་ལ་རིག་ཆ་ཆོས་སྐུ་ལགས་སོཿ ཡང་སེམས་ཀྱི་ཆོས་རྣམ་པར་རྟོག་པ་ཡལ་བ་ནཿ ཡལ་བ་དང་ཡལ་གཞི་ཐ་དད་པས་འཆིང་བར་བཅས་པའི་སེམས་ཀྱི་ཆ་འགག་པ་ལས་ཡེ་ཤེས་སྐྱེ་ནས་འགག་པ་གསར་དུ་བྱུང་བ་མ་ཡིན་པས་ཡེ་གྲོལ་རང་ལ་ཡོད་པ་ངོ་བཟུང་ནའང་བཟུང་རྒྱུ་ཡོད་པ་འདྲ་ཡང་མཐར་གཏུགས་ན་ཅི་ཡང་བཟུང་མི་བཟུང་ལས་འདས་པ་ཡི་རྗེན་ཁྲེས་སེ་བ་དེ་ནི་གྲོལ་

【漢語翻譯】 智慧顯現殊勝道。 智慧顯現殊勝道。 ༈ 從智慧幻化游舞中,智慧顯現殊勝道安住於此。三世諸佛一切眾,總集之自體蓮花生,頭頂髮髻之寶冠中,依止竅訣之精要集,十種相之自性三,為利一切具緣之學子,以善良之心而努力書寫,不作退轉。諸佛之樂秘密,基續無縛脫者,以此離戲智慧之明點,空顯二者之還滅分,以分別而於道上得把握,每一個皆有十個要點。如是迎接后,首先介紹切確之基。 ༈ 從顯現介紹,則于顯現無執著之錯處分離為一;從空性介紹,則于空性無斷滅之轉變,自光顯現解脫為二;從雙運介紹,則認為「是這個」之念,未觸及意識分別之邊,完全通透,大覺性之安樂虛空中迴旋為三。 ༈ 又從樂介紹,則樂執受用或分別念捨棄,已至彼岸,自覺自明大,遠離一切二取之本始智慧為一;從明介紹,則明明白白,超越阿賴耶識之執著,亦無于總相而緣;從無念分開,則超越茫然,覺性空性斷除增益,以具足所緣境、能緣境、所依、法、處之空性,為無名大為三。 ༈ 又,智慧放射之時,以境之總相執持,為阿賴耶識;以能作執持,則從意識分別念如風般飄動消散而超越。放射之智慧自明本位未動搖為一;安住之體驗深處,超越住與不住,覺性之力無偏頗而顯現,本體無轉變,光彩大樂之廣大,安住體驗為覺性分法身也。又,心之法分別念消失時,消失與消失之基各異,以具縛之心之分滅,智慧生起,並非新產生之滅,故本有之自解脫,雖能辨認,似有可執持,然終究超越一切執持與不執持之赤裸裸,即是解脫。

【英語翻譯】 The Supreme Path of Wisdom’s Manifestation. The Supreme Path of Wisdom’s Manifestation. ༈ From the play of wisdom’s illusion, the Supreme Path of Wisdom’s Manifestation abides. All Buddhas of the three times, the embodiment of the entirety, Padmasambhava, upon the crown of matted hair, relying on the condensed essence of the oral instructions, the three natures of the ten aspects, for the benefit of all fortunate students, with a good intention, strive to write and do not turn back. The bliss secret of all Buddhas, the ground lineage without bondage or liberation, with this bindu of non-elaboration wisdom, the reversal aspect of emptiness and appearance, through differentiation, attain control on the path, each one has ten key points. Thus, having welcomed, first introduce the basis of Trekchö. ༈ If introduced from appearance, then the error of not clinging to appearance is separated as one; if introduced from emptiness, then there is no transformation into annihilation in emptiness, self-radiance arises and liberates as two; if introduced from union, then the thought of “it is this,” without touching the edge of mental discrimination, is completely transparent, swirling in the blissful expanse of great self-awareness as three. ༈ Again, if introduced from bliss, then the clinging to bliss is diminished or conceptual thoughts are abandoned, having gone to the other shore, great self-awareness, the original wisdom that is free from all dualistic appearances, is one; if introduced from clarity, then clearly, surpassing the Alaya consciousness, there is also no focus on the general object of clinging; if separated from non-thought, then surpassing bewilderment, the emptiness of awareness cuts through superimposition, with the emptiness of object, subject, support, dharma, and place, it is the great nameless as three. ༈ Again, when wisdom radiates, holding the general object of the environment, it is the Alaya consciousness; holding the agent, then from the conceptual thoughts of the mind, it floats and scatters like the wind and transcends. The self-luminous wisdom of the radiating ground does not move from its place as one; in the depths of the experience of abiding, surpassing abiding and non-abiding, the power of awareness arises impartially, the essence does not change, the vastness of great bliss radiance, the abiding experience is the Dharmakaya aspect of awareness. Again, when the phenomena of mind, conceptual thoughts, disappear, the disappearance and the ground of disappearance are different, with the cessation of the bound aspect of mind, wisdom arises, it is not a newly produced cessation, therefore the self-liberation that is inherent, although it can be recognized, it seems that there is something to grasp, but ultimately it transcends all grasping and non-grasping, that nakedness is liberation.

============================================================

================== 第 2 段 ================== 【原始藏文】 མི་གྲོལ་ལས་འདས་པས་ཆོས་སྐུཿ ༈ ཡང་གང་གི་དུས་སུ་ཡང་ཡུལ་ལ་མ་འབྲེལ་བས་གཏིང་གསལ་རང་རིག་བློ་ལས་འདས་པ་ཡེངས་མེད་འཛིན་མེད་རྟོག་མེད་གཉིས་སྣང་མེད་བཞིན་དུ་ཡེ་མཁྱེན་ནི་ཁྱད་ཆོས་ཀུན་ལས་ཁྱད་པར་འཕགས་པ་ཞིག་དང་བཅུའོཿ ༈ ཡང་གདམས་ངག་གི་གནད་བཅུ་ཚན་གཉིས་པ་ནིཿ ད་ནི་ལམ་ཉམས་སུ་ལེན་པའི་དུས་སུ་སེམས་རིག་དྭངས་སྙིགས་ཕྱེད་པའི་བཞག་ཐབས་ནིཿ ནམ་མཁའི་རྣལ་༡འབྱོརཿ རྒྱ་མཚོའི་རྣལ་༢འབྱོརཿ ཉི་ཟླའི་རྣལ་༣འབྱོརཿ ཆུ་བོའི་རྣལ་༤འབྱོརཿ འཇའ་ཚོན་གྱི་རྣལ་༥འབྱོར་སྟེ་ལམ་གྱི་སྒོའི་རྣལ་འབྱོར་ལྔཿ གཡོ་བའི་རྣལ་འབྱོར་ལ་རྩལ་སྦྱོང་བཿ རང་བཞིན་རྣལ་འབྱོར་ལ་རྩལ་སྦྱོང་པཿ ནང་འཕྲད་ཀྱི་རྣལ་འབྱོར་ལ་སྦྱང་བཿ རྐྱེན་ངན་གྱི་རྣལ་འབྱོར་ལ་རྩལ་སྦྱངས་བ་སྟེ་རྩལ་སྦྱོང་ཐབས་ཀྱི་རྣལ་འབྱོར་བཞིཿ བརྟན་པས་གཡོ་བ་མེད་པས་རི་བོ་མཐར་ཕྱིན་གྱི་རྣལ་འབྱོར་ཏེ་བཅུའོཿ དང་པོ་ནིཿ ནམ་མཁའི་མཐོངས་སུ་རིག་པ་འཕངས་པས་སྤྲོས་བྲལ་རྩེ་གཅིག་ཏུ་ཉམས་སུ་མྱོང་ངོཿ གཉིས་པ་ནི་སེམས་གྱི་གསལ་ཆ་ལ་སྦྱངས་བས་ངང་ལས་རྣམ་རྟོག་གི་རླབས་ཀྱིས་མ་བསྐྱོདཿ བསྐྱོད་ཀྱང་རང་ཞིར་བཏང་བའོཿ གསུམ་པ་ནིཿ ཉི་མ་སྟེ་རྣམ་རྟོག་འཆར་བ་དངཿ ཟླ་བ་སྟེ་འཆར་གཞིའི་ཆ་གཉིས་ཀྱི་འབྲེལ་མཚམས་ལ་དཔྱད་བ་དང་ཆད་ནས་ཞི་ལྷག་ཟུང་འཇུག་གི་ངང་ལ་བཞག་པཿ བཞི་བ་ནིཿ ཆུ་བོའི་གཞུང་ལ་རིག་པ་འཕངས་པའི་སྒོ་ནས་བྱིང་བ་བསང་ནས་རིག་པས་ཡུལ་མཐོང་ལ་འཛིན་པ་མ་ཞུགས་པ་དེ་ངོས་རང་ཟིན་ལ་ཡོད་པ་ལས་མི་གཡོ་བ་ལགས་སོཿ ལྔ་བ་ནིཿ འོད་གསལ་གྱི་མཐོང་པ་ལ་མ་ཡེངས་པའོཿ དྲུག་པ་ནིཿ གཡོ་བ་ལ་ཁ་ནང་དུ་འཁོར་ནས་བལྟས་པས་མ་གཡོས་གཡོ་གཞི་མེད་པར་ཤེས་པའི་གཡོ་བ་ཡས་མ་ཡལ་གྱི་བར་གྱི་དངས་བཙལཿ བདུན་པ་ནིཿ རང་བཞག་པས་གནས་ཆ་དེ་ཉམས་ལཿ རིག་ཆ་ཅིར་ཡང་མ་བཟུང་བ་གང་དུ་ཡང་མ་གྲུབ་ཤར་བ་ལས་མ་ཡེངས་བའོཿ བརྒྱད་པ་ནིཿ སེམས་ངལ་ཆད་དུས་སེམས་རིག་པ་ལ་འཕྲད་དེ་དབྱིངས་སུ་འཁྱིལ་བ་དངཿ ཕྱིར་འཕྲོས་དུས་ཀྱང་རང་རིག་པ་དེ་རིག་པ་སེམས་ལ་འཕྲད་པས་ངང་དངས་བཟུང་ནས་འབྱམས་ཀླས་པར་བྱའོཿ དགུ་བ་ནིཿ རྐྱེན་ངན་སེམས་ལ་ཤར་དུས་རིག་པ་ལ་གྲུབ་པ་དང་གོས་མ་མྱོང་བས་བདེ་བ་ཆེན་པོར་རང་ཤར་བ་ངོས་བཟུང་ལ་དེ་ལས་མ་ཡེངས་བར་བྱས་པས་གཞི་གྲོལ་མཉམ་ཉིད་དུ་འཆར་རོཿ བཅུ་བ་ནིཿ མཐར་མི་རྟོག་པ་རི་བོ་ལྟ་བུར་ཤར་ན་ངང་དངས་འབྱིན་ལཿ བདེ་ཆགས་གསལ་ཆག་གི་ངང་རི་བོ་ཙམ་ལ་བསྒོམ་བཤིགས་ཞེན་པ་ཕཊ་ཀྱིས་གཏོརཿ སྤྲོས་བྲལ

【漢語翻譯】 不解脫超越者是法身。 再次,無論何時,由於不與境相連,故深邃明澈的自性覺智超越了心識,如無散亂、無執持、無分別、無二元顯現般,原始智慧是超越一切特性的殊勝之物。 再次,口訣的十要點之二為:現在是修持道之時刻,區分心識清濁之安住方法為:虛空之瑜伽一,海洋之瑜伽二,日月之瑜伽三,河流之瑜伽四,彩虹之瑜伽五,此乃道之門五瑜伽。于動搖之瑜伽勤修,于自性瑜伽勤修,于內遇之瑜伽修習,于惡緣之瑜伽勤修,此乃勤修方法之四瑜伽。以穩固故無動搖,如山王般究竟之瑜伽,此乃十。第一:于虛空之廣闊處放飛覺性,于離戲唯一中體驗。第二:於心之明分修習,故自性中不為分別念之波濤所動。即使動搖,亦放任其自滅。第三:太陽,即分別念生起之時;月亮,即計劃之部分,於二者之關聯處觀察並斷絕,安住于止觀雙運之狀態。第四:以于河流之中央放飛覺性之門,清掃沉沒,覺性見境而不執著,那便是自己把握且不動的。第五:不散亂于光明之顯現。第六:于動搖,將面轉向內而觀察,知曉無動搖、無動搖之基礎,于動搖未消失前尋求清明。第七:于自性安住,體驗那安住之部分,覺性不執著任何事物,不成就於任何處,不散亂于顯現。第八:心疲憊之時,心與覺性相遇,融入法界,向外散發之時,亦是自性覺智與覺性心相遇,保持清明,廣大無邊。第九:惡緣於心中生起之時,覺性不曾被染污,不曾被染著,于大樂中自生,認識到那一點,不從那上面散亂,則基解脫于平等性中顯現。第十:最終,無分別如山王般顯現時,放出清明,於樂、貪、明、滅之狀態,對於如山王般的禪修、破立、執著,以「帕」(藏文:ཕཊ,梵文天城體:फट्,梵文羅馬擬音:phaṭ,漢語字面意思:斷)摧毀。離戲。

【英語翻譯】 The Dharmakaya is beyond liberation. Furthermore, at any time, because it is not connected to objects, the deeply clear self-awareness transcends mind; like being without distraction, without grasping, without conceptualization, without dualistic appearance, primordial wisdom is something that surpasses all qualities. Furthermore, the second set of ten key points of the instructions is: Now is the time to practice the path, the method of settling the mind to distinguish between clarity and turbidity is: Yoga of the sky one, Yoga of the ocean two, Yoga of the sun and moon three, Yoga of the river four, Yoga of the rainbow five, these are the five yogas of the gate of the path. Training in the yoga of movement, Training in the yoga of self-nature, Practicing in the yoga of inner encounter, Training in the yoga of adverse conditions, these are the four yogas of the method of training. Because of stability, there is no movement, the yoga of ultimate completion like a mountain, these are ten. First: By casting awareness into the expanse of the sky, experience it in the non-elaborate, one-pointed state. Second: By training in the clarity of the mind, one is not moved by the waves of conceptual thoughts from within its nature. Even if moved, let it subside on its own. Third: The sun, which is the arising of conceptual thoughts; the moon, which is the part of planning, examine the connection between the two and sever it, and settle in the state of union of calm and insight. Fourth: Through the gate of casting awareness into the course of the river, clear away sinking and, when awareness sees an object, not engaging in grasping, that which is self-grasped and unwavering. Fifth: Not being distracted by the appearance of clear light. Sixth: In movement, turning the face inward and looking, knowing that there is no movement, no basis for movement, seek clarity between the arising and ceasing of movement. Seventh: By settling in self-nature, experience that state of settling, awareness not grasping anything, not accomplishing anything anywhere, not being distracted from appearance. Eighth: When the mind is exhausted, the mind and awareness meet, dissolving into the expanse, and when radiating outward, the self-awareness meets the awareness-mind, holding clarity and making it vast and boundless. Ninth: When adverse conditions arise in the mind, awareness is not stained or tainted, spontaneously arising in great bliss, recognize that point, and by not being distracted from it, the ground liberation manifests in equality. Tenth: Finally, when non-conceptuality appears like a mountain, release clarity, and in the state of bliss, attachment, clarity, and cessation, for the meditation, construction, destruction, and attachment that are like a mountain, destroy them with “Phaṭ” (藏文:ཕཊ,梵文天城體:फट्,梵文羅馬擬音:phaṭ,漢語字面意思:斷). Non-elaboration.

============================================================

================== 第 3 段 ================== 【原始藏文】 ་དུ་འཛིན་པའང་མེད་པའི་རང་བབས་རི་བོ་ལྟར་ཤར་ན་ངོ་ཏི་དེ་ལས་མ་ཡེངས་པར་བཞག་གོཿ ༈ ད་ནི་འོད་གསལ་ཐོད་རྒལ་ཆེན་པོ་ལ་བཞག་པའི་དུས་དུ་མ་ཡེངས་བས་སེམས་ཀྱི་ངོ་བོ་ནི་རིག་གེ་རྗེན་ནེ་ཟང་ཐལ་བ་ཞིག་ཡོད་པ་དེ་རིག་པ་ཡེ་ཤེས་༡ཡིནཿ དེ་ཡང་འོད་སྣང་ལ་ཤེས་བྱེད་ཀྱི་ཡེ་ཤེས་འགག་པ་མེད་པ་དེ་སྣང་བ་ཅེར་འཛིན་གྱི་ཡེ་ཤེས་༢ཡིནཿ དེ་ཡང་འོད་གསལ་ལ་རྩེ་གཅིག་ཏུ་གཏད་དུས་གནས་ཆ་བསམ་གཏན་ཡིན་ལཿ སྐབས་སྐབས་སུ་སྣང་བ་འགགས་པའི་གཤིས་ན་ཡེ་ཤེས་པ་རང་གསལ་ཡུལ་ལ་མ་འཕྲོས་པ་ཞིག་ཡོད་པ་༣དེ་གོཿ ཡང་ཁ་སྣའི་རླུང་བསྡམས་དུས་སེམས་གང་དུ་ཡང་མི་འཕྲོ་བར་གནས་དུས་ཀྱི་གནས་པ་དེ་བསམ་གཏན་ལཿ ངོ་རང་ཤེས་ཙམ་དེ་རིག་༤པའོ་གསུངསཿ ཡང་འོད་རྩ་ལྟེམས་པས་དྲན་བ་འགགས་ལ་ཤེས་པ་གསལ་སྟོང་དུ་ཤར་བ་དེ་ལ་གནས་༥སོཿ ཡང་མཐོ་ས་ནས་ཕར་ལྟ་ཚུར་ལྟ་བྱས་པ་ན་བུ་ཆུང་གི་གཟུགས་མཐོང་བ་ལྟ་བུ་མིང་བརྗོད་མི་ཤེས་པ་ལྟ་བུ་དེ་ནི་རིག་༦པའོཿ ཡང་གཅིག་ལ་འཁོར་ལོ་ལྟར་བསྐོར་ནས་རྟོག་མེད་དུ་གནས་སྐབས་ཀྱི་ཤེས་ངོ་གསལ་སང་ངེ་བ་དེ་རིག་༧པཿ ཡང་འཕྲལ་དུ་སྦྲིད་པ་བྱེད་ཐབས་ཀྱིས་ཡེ་ཤེས་ཀྱི་གཟུགས་ལ་སྦྱངས་བ་༨དངཿ དབུགས་བཟུང་བས་ཁོག་པར་ཙིར་སྒྲ་གྲགས་པ་ཡེ་ཤེས་ཀྱི་སྒྲ་ལ་སྦྱངས་བ་༩དངཿ དེ་ནས་ཡེ་ཤེས་ཀྱི་ངོ་བོ་ལ་བཙན་ཐབས་སུ་བལྟའ་བ་ནིཿ མུན་པའི་རྣལ་འབྱོར་དྲུག་སྟེ་ཐོད་རྒལ་༡༠ལ་རྣམ་པ་བཅུ་ལསཿ གང་ལ་ཡང་སེམས་ངོ་ཟིན་ཕན་ཆད་མ་ཡེངས་མ་བརྗེད་མི་འཛིན་པར་གནས་པ་ནི་ཆིང་རྨད་དུ་བྱུང་བའོཿ དེ་ལྟར་ཡེ་ཤེས་རང་བཞིན་རྗེས་བྱེད་པཿ ཟབ་ཅིང་རྟོགས་སླ་ཁྱད་པར་འབྱོར་བ་འདིཿ གང་ན་ཐོས་མེད་གོམས་སྟོབས་འབའ་ཞིག་ཅནཿ ག་ག་ཨ་བྷྱེས་ང་རྒྱལ་ལན་དགུར་གྲགསཿ ཅེས་ཀྱང་བླ་མ་དམ་པ་ཚུལ་ཁྲིམས་ཀྱི་ངོར་པདྨ་མཁའ་ཀློང་ཡངས་བས་སོ། །དགེའོ། །དགེའོ། །དགེའོ། ། ཡེ་ཤེས་སྣང་བྱེད་ལམ་མཆོག

【漢語翻譯】 當不執著,如自然山嶽般顯現時,不要從那個本然(藏文:ངོ་ཏི་)中散亂而安住。現在是安住于光明妥噶大圓滿之時,不要散亂,心的體性是覺性、赤裸、通透的,那就是覺性智慧1。而且,對於光明,能知之智慧不間斷,那就是顯現專注之智慧2。而且,當一心專注于光明時,安住的狀態就是禪定。有時,在顯現止息的體性中,存在著智慧自明,不向外境散逸的狀態3。還有,當封閉鼻孔之氣時,心不向任何地方散逸而安住的狀態就是禪定。僅僅認識本面,那就是覺性4,如是說。還有,由於光明脈搏跳動,念頭止息,而智慧顯現為空明,那就是安住5。還有,從高處向遠處觀看時,如同看到小孩的形體,卻無法說出名字一樣,那就是覺性6。還有,在一個上面像輪子一樣旋轉,無分別念而安住時,明亮清晰的覺知,那就是覺性7。還有,立即用麻醉的方法,修習智慧之形像8,以及,屏住呼吸,腹中發出嗡嗡聲,修習智慧之聲音9,然後,強行觀看智慧之體性,那就是:黑暗瑜伽六種,即妥噶10的十種相中的。無論在哪種情況下,只要證悟了心性,不散亂、不遺忘、不執著而安住,那就是極其稀有。如此,隨行智慧自性者,此甚深且易懂之殊勝成就,在何處未曾聽聞,唯有串習之力者,嘎嘎 阿 貝 耶 傲慢九次響。如是,蓮花虛空廣闊者,應至尊上師持戒者之請而作。善哉!善哉!善哉! 智慧顯現之殊勝道。

【英語翻譯】 When not clinging, and appearing like a natural mountain, rest without distraction from that Rigti. Now is the time to rest in the great luminosity Tögal, so do not be distracted, the nature of mind is awareness, naked, and transparent, that is awareness wisdom 1. Moreover, for luminosity, the knowing wisdom is uninterrupted, that is the wisdom of focused appearance 2. Moreover, when focusing single-pointedly on luminosity, the state of abiding is meditation. Sometimes, in the nature of the cessation of appearances, there is a wisdom that is self-illuminating and does not dissipate into external objects 3. Also, when closing the air of the nostrils, the state of mind not scattering anywhere and abiding is meditation. Just knowing the face itself, that is awareness 4, it is said. Also, because the light pulse throbs, thoughts cease, and wisdom dawns as clear emptiness, that is abiding 5. Also, when looking back and forth from a high place, like seeing the form of a small child, but not knowing how to say the name, that is awareness 6. Also, when rotating on one like a wheel, and abiding without conceptual thought, the clear and bright knowing face, that is awareness 7. Also, immediately practicing the form of wisdom with the method of anesthesia 8, and, holding the breath, the buzzing sound in the abdomen, practicing the sound of wisdom 9, and then, forcibly looking at the nature of wisdom, that is: the six yogas of darkness, that is, Tögal 10 of the ten aspects. In any case, as long as one realizes the nature of mind, abiding without distraction, without forgetting, and without clinging, that is extremely rare. Thus, those who follow the nature of wisdom, this profound and easy-to-understand special accomplishment, where has it not been heard, only those with the power of habituation, Gaga Abhyas, pride resounds nine times. Thus, Padma Khakhyong Yangpa, at the request of the venerable Lama Tsultrim. Good! Good! Good! The supreme path of wisdom’s manifestation.

============================================================