DNJ008_0039.其他身體方便攝集智慧精髓g2.0f
================== 第 1 段 ================== 【原始藏文】 གཞན་ལུས་ཐབས་ལྡན་བསྡུས་པ་ཡེ་ཤེས་སྙིང་པོ གཞན་ལུས་ཐབས་ལྡན་བསྡུས་པ་ཡེ་ཤེས་སྙིང་པོ གཞན་ལུས་ཐབས་ལྡན་བསྡུས་པ་ཡེ་ཤེས་སྙིང་པོ་བཞུགས་སོ༔ ན་མོ་གུ་པདྨ་ཀཱ་ར་ཡེ༔ འདི་ལ་གསུམ་སྟེ༔ ཐ་མལ་གྱི་ཉེས་པས་མི་གོས་ཤིང་འཆིང་བ་མཐའ་དག་ལས་གྲོལ་བར་བསྟན༔ བརྟེན་པ་ཉིད་བསྒྲུབ་པའི་སྙིང་པོའི་བཤད༔ བརྟེན་ཚུལ་གྱི་ཉམས་ལེན་བསྡུས་པ་དང་༔ དེའི་ཡོན་ཏན་གྱི་བསྔགས་པ་བརྗོད་པའོ༔ དང་པོ་ནི༔ མི་ཚངས་སྤྱོད་པའི་ཉེས་པ་བྱུང་བ་ལ༔ གཞི་བསམ་སྦྱོར་བ་མཐར་ཐུག་རྣམས་ཚང་དགོས་པ་ལས། དང་པོ་གཞི་མིའི་བུད་མེད་ལས་ལྡོག་ཏེ༔ ཡབ་ཡུམ་ལྷར་བསྒོམ་པའི་འདུ་ཤེས་ཀྱིས་དེའི་ཡན་ལག་མ་ཚང༔ བསམ་པ་འཁྲིགས་བདེ་ཉམས་སུ་མྱོང་འདོད་ལ༔ འདིར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལྷན་སྐྱེས་ཀྱི་བདེ་བ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའི་འདུ་ཤེས་དང་ལྡན་པས་བསམ་པའི་ཡན་ལག་མ་ཚང་༔ སྦྱོར་བ་ཐབས་ལ་མི་མཁས་པའི་དབང་པོ་གཉིས་སྦྱོར་ཐ་མལ་ལས་ལྡོག་ཏེ༔ མཁའ་གསང་རྡོ་རྗེ་དང་པདྨའི་འདུ་ཤེས་དང་༔ སྦྱོང་བའི་སྒྱུ་རྩལ་དྲུག་ཅུ་སོགས་ལ་མཁས་པ་དང་༔ མཐར་ཐུག་ཁམས་འཕོ་བ་དང་འགྱུར་བའི་སྡུག་བསྔལ་ལས་འཕགས་ནས་འཕོ་མེད་དུ་བཟུང་ལྡོག་དགྲམ་པས་ཐིག་ལེ་གོང་འཕེལ་དུ་སྤེལ་བའི་ཁྱད་པར་རྨད་བྱུང་གི་གནད་ཀྱིས་ཚངས་སྤྱོད་མཆོག་ཏུ་གྱུར་པ་ཡིན་ཏེ༔ འཁོར་ལོ་བཅུ་པའི་མདོ་ལས༔ ཁྱིམ་ན་གནས་ཤིང་ཁ་སྤུ་མ་བྲེགས༔ ཆོས་གོས་མ་གྱོན་ཀྱང་༔ ཚུལ་ཁྲིམས་ཀྱང་མ་མནོས་ཀྱང་༔ འཕགས་པའི་ཆོས་ཉིད་དང་ལྡན་པ་དེ་ཉིད་དོན་དམ་པའི་དགེ་སློང་ཞེས་བྱ་བའོ༔ ཞེས་གསུངས་སོ༔ དེས་ན་ས་ར་ཧས༔ ཚངས་པར་སྤྱོད་པའི་དགེ་སློང་སྟེ༔ ཧེ་རུ་ཀ་དཔལ་དགེ་སློང་མཆོག༔ ཞེས་དང༔ གསང་འདུས་ལས༔ ཕ་རོལ་བུད་མེད་བསྟེན་པར་བྱ༔ ཞེས་སོ༔ དེར་མ་ཟད་འདིའི་སྟོང་བཞིའི་རིམ་པར་ཁམས་གསུམ་གྱི་སེམས་སེམས་བྱུང་ཐམས་ཅད་བཙན་ཐབས་སུ་འགགས་ཤིང༔ དེ་ལ་བརྟེན་པའི་ལས་དང་བག་ཆགས་ཀྱི་འཆིངས་བ་མཐའ་དག་ལས་གྲོལ་བའང་༔བདེ་མཆོག་ལས༔ ཁྱད་པར་དུ་ནི་བསྒྲུབ་པ་པོའི་མ་དང་བུ་མོ་ལ་སོགས་པར༔ རྣམ་པ་འདི་ལྟའི་ཆོ་ག་ཡིས༔ འཆིང་བ་ལས་ནི་རབ་གྲོལ་ནས༔ ཞེས་སོ༔ གཉིས་པ་ནི༔ ཚངས་སྤྱོད་གཞན་གྱིས་ཁམས་བསྲུང་བར་བྱེད་ཀྱང་སྤེལ་བར་ནི་མ་ནུས་པ་ལ༔ འདིར་འདོད་པའི་རྒྱུ་རྩལ་གྱིས་ཁམས་རྒྱས་པར་བྱས་ནས་ཕྱག་རྒྱ་བརྟེན་ཏེ་འཛག་མེད་དུ་བཅིངས་ཤིང་དེར་མ་ཟད་རྒྱ་མཚོ་ལས༔ ཨཱ་ལི་ཀཱ་ལིའི་བདེ་བ་ཉིད༔ ཕན་ཚུན་མ་འདྲེས་གཅིག་པར་ཤེ
【漢語翻譯】 其他身體方便攝集智慧精髓 其他身體方便攝集智慧精髓 其他身體方便攝集智慧精髓 敬禮!那摩 咕 貝瑪 嘎Ra耶! 此有三:顯示不為庸常之過所染,且從一切繫縛中解脫; 依止之自性修持之精髓釋; 依止之行持攝集,及其功德之讚頌宣說。 第一:若生起非梵行之過患,則地、意、行、究竟四者皆需圓滿,然: 第一,地,從人女中脫離,以觀想父母為天尊之覺知,彼之支分不圓滿; 意樂,欲受交合樂,然,此處具為利一切有情,現前俱生樂大印勝悉地之覺知,故意樂之支分不圓滿; 行,從不善巧方便之二根交合庸常中脫離,具空密金剛與蓮花之覺知,且善巧調伏之六十技藝等,究竟,超勝精液遷移與變異之痛苦,于無遷變中執持、還滅、散佈,以明點增上增長之稀有要訣,成為殊勝梵行。如《十輪經》云: 居家而住不剃鬚發, 不著法衣者, 雖未受持戒律, 然具聖者之法性, 彼即是真實之比丘。 如是說。 故薩ra哈云: 梵行之比丘,嘿汝嘎 具德比丘勝。 且《密集》云: 當依止異性。 不僅如此,於此空四之次第中,三界之心與心所皆被強力止息,且從中解脫依彼之業與習氣之一切繫縛。如《勝樂》云: 特別是修行者之母與女等, 以如此之儀軌, 從繫縛中得解脫。 第二:其他梵行能守護精液,然不能增上,此處以欲之因緣技巧,使精液增長后,依印而繫縛于不漏,且於海中: 阿哩嘎哩之樂, 互不混雜為一知。
【英語翻譯】 Other Body Methodically Gathered Wisdom Essence Other Body Methodically Gathered Wisdom Essence Other Body Methodically Gathered Wisdom Essence Homage! Namo Gu Padmakaraye! There are three here: Showing that one is not tainted by ordinary faults and is liberated from all bonds; The essence explanation of the very nature of reliance; The gathering of the practice of reliance, and the praise of its virtues. First: If the fault of non-celibacy arises, then the ground, intention, action, and ultimate must all be complete, but: First, the ground, departing from human women, with the awareness of contemplating father and mother as deities, its limbs are incomplete; Intention, desiring to experience the pleasure of union, but here, possessing the awareness of manifesting the supreme siddhi of innate bliss, the Great Seal, for the sake of all sentient beings, therefore the limb of intention is incomplete; Action, departing from the ordinary union of two roots unskilled in means, possessing the awareness of space-secret vajra and lotus, and being skilled in the sixty arts of taming, etc., Ultimately, surpassing the suffering of semen migration and transformation, holding, reversing, and scattering in immutability, with the extraordinary key of increasing and expanding bindus, it becomes supreme celibacy. As the “Ten Wheels Sutra” says: Dwelling at home, not shaving beard and hair, Even not wearing Dharma robes, Even not taking vows, Yet possessing the Dharma nature of the noble ones, That itself is a truly virtuous monk. Thus it is said. Therefore, Saraha says: The celibate monk, Heruka, the glorious, supreme monk. And the “Guhyasamaja” says: One should rely on the opposite sex. Moreover, in the order of these four voids, all the minds and mental factors of the three realms are forcibly stopped, and one is also liberated from all the bonds of karma and habitual tendencies based on that. As the “Chakrasamvara” says: Especially for the mother and daughter, etc., of the practitioner, With such rituals, One is completely liberated from bonds. Second: Other celibacy can protect semen, but cannot increase it, here, with the skillful means of desire, semen is increased, then relying on the mudra, it is bound without leakage, and moreover, in the ocean: The bliss of Ali Kali, Without mixing with each other, is known as one.
============================================================
================== 第 2 段 ================== 【原始藏文】 ས༔ བཅུ་དྲུག་ངོས་མཉམ་མཚན་དང་ལྡན༔ ཕྱོགས་གཅིག་ཡེ་ཤེས་ལྔ་ལྡན་པ༔ བརྒྱད་བཅུ་བཟོད་སོགས་རྒྱུ་ལས་འཕགས༔ ཞེས་པ་ལྟར༔ མཚན་དང་དཔེ་བྱེད་ཀྱི་ངོ་བོ་སྤེལ་ནས༔ འཛག་བདེ་འགྱུར་བཅས་དེ་ཡང་ཐབས་ལམ་གྱི་སེམས་ལྔ་མཐར་ཆགས་སུ་སྐྱེས་ནས་མི་འགྱུར་བའི་བདེ་ཆེན་སྟོང་ཉིད་ཉི་ཤུའི་རང་བཞིན་ཅན་དང་༔ རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་འབྲས་ཆོས་མཐའ་དག་ལྷུན་གྲུབ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཐུགས་ཀྱི་ཡེ་ཤེས་ལྔའི་བསྐོར་བར་བསྐྱེད་པ་ལ༔ ཐབས་ཀྱི་རྣམ་པའི་ཆ་ནས་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མ་འདྲེས་ཡོངས་སུ་རྫོགས་པ་དང་༔ རྒྱུ་མཚན་དེས་ན་གནས་སྐབས་ཀྱི་འབྲས་བུ་ས་བཅུ་ལམ་ལྔའི་སྤང་རྟོགས་ཀྱི་ཆོས་ཀྱང་བདེ་སྟོང་ལྷུན་གྱིས་གྲུབ་པའོ༔ དེ་ལྟ་བུའི་ཉེ་ལམ་རྨད་དུ་བྱུང་བ་འདི་ལ༔རིག་མ་འདུ་བྱ་བ་ལ་སོགས་པའི་བསྙེན་པ་དང་༔ དབང་བསྐུར་ཆོས་བཤད་བྱིན་གྱིས་བརླབས་ནས་མཁའ་གསང་མཉམ་པར་སྦྱོར་བས་ཉེ་བསྙེན༔ སྐད་ཅིག་བཞིའི་སྔ་མ་རྣམ་པར་དགའ་བ་བཞི་སྐྱེས་པ་ནི་བསྒྲུབ་པ༔ མཆོག་ཏུ་མི་འགྱུར་བ་དགའ་བྲལ་རྒྱུད་ལ་སྐྱེས་པ་ནི་བསྒྲུབས་པ་ཆེན་པོ་སྟེ༔ གསང་འདུས་ལས༔ བསྒྲུབ་བྱའི་བསྒྲུབ་པར་ཡང་དག་སྦྱོར༔ གང་ཡིན་དེ་ནི་བསྙེན་པར་བཤད༔ རྡོ་རྗེ་པདྨ་མཉམ་སྦྱོར་བ༔ ཉེ་བར་བསྙེན་པ་ཞེས་བྱ་བའོ༔ ཞེས་སོ༔ དེ་ཡང་ཡི་གེ་ཧཱུྃ་དང་ཕཊ་ལྡན་པས༔ བསྐྱེད་པ་བསྒྲུབ་པ་ཞེས་བྱའོ༔ ངོ་བོ་ཉིད་བདེ་ཞི་བདེ་བ༔ བསྒྲུབ་པ་ཆེན་པོ་ཞེས་བྱའོ༔ ཞེས་སོ༔ དེ་ཡང་ཡབ་ཡུམ་གྱི་ཕུང་ཁམས་སྐྱེ་མཆེད་ཡེ་ནས་ལྷར་གནས་པ་སྐུ་ཕྱག་རྒྱ༔ ངག་ཡེ་གེའི་འཁོར་ལོར་གནས་པ་གསུང་ཆོས་རྒྱ༔ སེམས་ཡེ་ཤེས་ལྔའི་ངོ་བོར་གྲོལ་བ་ཐུགས་དམ་རྒྱ༔ སྙོམས་པར་འཇུག་པའི་ལས་ཀྱི་སྐྱེ་བ་སྤྲུལ་སྐུ་བསྐྲུན་ནས་དེའི་ཀྱང་ཞི་རྒྱས་དང་དབང་དྲག་གི་ལས་བྱེད་པ་ཕྲིན་ལས་རྒྱ་སྟེ་ཕྱག་རྒྱ་བཞི་དང་༔ ཡང་སྟོང་པ་དང༔ རིག་པ༔ ཟུང་འཇུག༔ ལྷ་ཡབ༔ ཡུམ༔ ཟུང་འཇུག༔ ཤེས་རབ་༔ ཐབས༔ དབྱེར་མེད་རྣམས་ཀྱི་ངོ་བོ་གཟུངས་སྔགས་རིག་སྔགས༔ གསང་སྔགས་ཀྱི་དེ་ཁོ་ན་ཉིད༔ ཆོས་ཉིད༔ ཆོས་ཅན༔ ནུས་མཐུ༔ བྱིན་གྱིས་རླབས་ཀྱིས་གྲུབ་པ་བཞི་ལྡན་དུ་ཡོད་པས་ན༔ དྲན་ཉམས་༔ མ་རྟོགས་ལོག་རྟོགས་ཐ་མལ་གྱི་མཚན་འཛིན་ལས་ཡེ་ཤེས་བདེ་མྱུར་དུ་སྐྱོབས་ཤིང༔ འདིར་ཐབས་ཀྱི་རྣམ་པ་ཡབ་ཡུམ་ལྷར་གསལ་བའི་ཟུང་འཇུག་དང་༔ དེའི་སྙིང་པོ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་དབྱེར་མེད་ལ་ཡར་ལྡན་དུ་རྫོགས་པས་ན༔ རྣམ་ས
【漢語翻譯】 薩!十六面相具足,一面具足五種智慧,八十忍等超越因,如是說。從名相和表相的體性出發,伴隨易漏和變化,這也是五種道次第的心生起,具有不變化的二十空性大樂的自性,以及具足一切殊勝的空性,一切果法任運大成就,與俱生智,生起為心之五智的輪轉。從方便的方面來說,菩提分法三十七支無雜圓滿,因此,暫時的果位十地五道的斷證之法也是樂空任運成就。對於如此殊勝的近道,進行迎請明妃等的修持,灌頂、說法、加持后,與空密平等結合而近修。四剎那之前生起四種極喜是修,無上不變的離喜在相續中生起是修成,即大成就。密集金剛經中說:當如實行於所修之修,彼即名為修持,金剛蓮花和合,即名為近修。如是說。又因為具有吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)字和啪(藏文:ཕཊ,梵文天城體:फट,梵文羅馬擬音:phaṭ,漢語字面意思:啪)字,所以稱為生起修持。自性是樂寂樂,稱為大成就。如是說。又是父母的蘊、界、處本來安住于本尊之身印,語安住于字輪是語法印,心解脫為五智的體性是意三昧耶印,從等入的業所生的化身,也造作息增懷誅的事業是事業印,即四印。又是空性,明性,雙運,父尊,母尊,雙運,智慧,方便,無別等體性的總持咒,明咒,秘密咒的真如,法性,法相,能力,加持所成就的四種功德,因此,從散亂,迷亂,邪見,庸常的執著中迅速救護智慧安樂,此處方便的方面是父母本尊明觀的雙運,以及其精華樂空無二的智慧無別圓滿,所以
【英語翻譯】 Sa! Sixteen faces are complete with signs, one side is complete with five wisdoms, eighty forbearance and so on are superior to causes, as it is said. Starting from the nature of names and symbols, accompanied by easy leakage and change, this is also the arising of the five minds of the path, possessing the unchanging nature of twenty emptinesses of great bliss, and the emptiness that is complete with all kinds of excellence, all the accomplished fruits are spontaneously achieved, and the co-emergent wisdom arises as the rotation of the five wisdoms of the mind. From the aspect of means, the thirty-seven branches of the Bodhipakṣa dharmas are completely complete without mixture, and therefore, the temporary fruit of the ten bhūmis and five paths, the dharma of abandonment and realization, is also spontaneously accomplished as bliss and emptiness. For such a wonderful near path, practice inviting consorts and so on, after empowerment, teaching the Dharma, and blessing, closely practice by combining equally with the secret space. The arising of the four joys before the four moments is practice, and the arising of the supreme and unchanging joylessness in the continuum is accomplishment, that is, great accomplishment. In the Guhyasamāja Tantra it is said: When one truly practices the practice to be practiced, that is called practice, the union of Vajra and Padma, that is called near practice. So it is said. Also, because it has the syllable Hūṃ (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) and Phaṭ (藏文:ཕཊ,梵文天城體:फट,梵文羅馬擬音:phaṭ,漢語字面意思:啪), it is called generation practice. The nature is bliss, peace, and bliss, it is called great accomplishment. So it is said. Also, the aggregates, elements, and sources of the father and mother originally abide as the deity’s body mudrā, speech abides in the wheel of letters is speech dharma mudrā, the mind is liberated into the nature of the five wisdoms is mind samaya mudrā, the emanation body born from the karma of equanimity, also performing the activities of pacifying, increasing, subduing, and wrathful is activity mudrā, that is, the four mudrās. Also, emptiness, clarity, union, father deity, mother deity, union, wisdom, means, the nature of inseparability, the suchness of the dhāraṇī mantra, vidyā mantra, secret mantra, the dharmatā, dharmatva, power, and the four qualities accomplished by blessings, therefore, quickly protect wisdom and bliss from distraction, confusion, wrong views, and ordinary clinging, here the aspect of means is the union of the father and mother deities clearly visualized, and its essence, the non-dual wisdom of bliss and emptiness, is completely fulfilled in the upward direction, so
============================================================
================== 第 3 段 ================== 【原始藏文】 ྣང་མངོན་བྱང་ལས༔ སྤྲོས་པ་མེད་པའི་དོན་གསང་སྔགས་ཀྱི་དངོས་པོ་དེ་ཉིད་ཅེས་དང་༔ གཉིས་མེད་ཡེ་ཤེས་འདི་ཉིད་ནི༔ ཐུབ་པས་སྔགས་སུ་གསུངས་པ་ཡིན༔ ཞེས་པས༔ དེ་ལྟར་སྔགས་གསུམ་དང་ཕྱག་རྒྱ་བཞི་ལྡན་པའི་ཆོ་གའི་བསྙེན་བསྒྲུབ་ཡན་ལག་བཞིའི་སྒོ་ནས་བསྒྲུབ་པ་ཡིན་པས་ན༔ གསང་འདུས་རྒྱུད་ཕྱི་མ་ལས༔ སྒྲུབ་བྱའི་སྒྲུབ་པར་ཡང་དག་སྦྱོར༔ ཞེས་དང་༔ བདེ་མཆོག་ལས༔ ཕྱག་རྒྱ་ཆེན་པོའི་ཡན་ལག་བསྒོམ༔ འགྱུར་མེད་བདེ་ཆེན་བསྒྲུབ་ནས་ནི༔ ཚེ་འདི་ཉིད་ལ་སངས་རྒྱས་འགྱུར༔ ཞེས་སོ༔ དེས་ན་མདོ་སྔགས་གང་གིས་ཀྱང་བསྒྲུབ་བྱའི་སྙིང་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་པས་འདིར་དེ་ཉིད་ཐབས་ཀྱི་སྒོ་ནས་སྐད་ཅིག་བཞིའི་རིམ་པར་རྒྱུད་ལ་འདྲེན་པའི་ལམ་རྨད་དུ་བྱུང་བ་བསྒྲུབ་བྱ་དང་བསྒྲུབ་པའི་སྙིང་བོར་གྱུར་བའོ༔ གསུམ་པ་ལ༔ སྦྱོར་བ་དངོས་གཞི་རྗེས་ཀྱི་རིམ་པ་ལས༔ དང་པོ་ནི༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ༔ དེའི་ཆེད་དུ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་སྙམ་དུ་བྱང་ཆུབ་བླ་ན་མེད་པའི་སེམས་བསྐྱེད་དོ༔ གཉིས་པ་ལ༔ ཡབ་ཡུམ་ལྷར་བསྐྱེད་པ༔ མཁའ་གསང་བྱིན་གྱིས་བརླབས་པ༔ཐིག་ལེ་དབབ་པ༔ བསྐྱིལ་བ༔འདྲེན་པ༔ དགྲམ་པ༔ ཡེ་ཤེས་ཆེན་པོར་ལ་བཟླ་བའོ༔ དང་པོ་ནི༔ རང་ཉིད་སྐད་ཅིག་གིས་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ཀ་གཅེར་བུ་མཉམ་བཞག་གི་ཕྱག་རྒྱ་ཅན༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ་ལ༔ ཡུམ་ཀུན་ཏུ་བཟང་མོ་མཐིང་སྐྱ་པདྨའི་མཉམ་བཞག་དང་སྐྱིལ་ཀྲུང་གིས་མཁྱུད་པ༔ ཡབ་ཡུམ་གཉིས་ཀ་དགྱེས་ཆགས་ཞི་བདེའི་ཉམས་ཀྱིས་རོལ་བར་སྣང་སྟོང་ཆུ་ཟླར་ལྟར་བསྐྱེད་ལ༔ བཛྲ་ས་མ་ཡ་ཛ༔ ཡེ་ཤེས་པ་སྤྱན་དྲངས་ས་མ་ཡ་ཏིཥྛ་ལྷན་གྱིས་གཉིས་སུ་མེད་པར་བསྟིམ༔ སྤྱི་བོར་བླ་མ་ཡབ་ཡུམ་སྙོམས་པར་འཇུག་པར་བསྒོམ་མོ༔ གཉིས་པ་མཁའ་གསང་བསྐྱེད་པ་ནི༔དེ་ནས་ཡབ་ཀྱི་གསང་བ་རྡོ་རྗེ་སྔོན་པོ་རྩེ་ལྔ་བའི་ཁང་སེང་གི་བུམ་པ་ན་ཧཱུྃ་འོད་འབར་བས་བུག་པ་བཀགས་པར་བསམ༔ ཡུམ་མཁའ་པདྨ་དམར་པོ་འདབས་བཞིའི་དབུས་ནས་ཕཊ་སྔོན་པོའི་བུག་པ་བཀག་པར་བསམ་མོ༔ གསུམ་པ་ཐིག་ལེ་དབབ་པ་ནི༔ ཡབ་ཡུམ་ལྷ་སྐུ་སྙོམས་པར་ཞུགས་ལ༔ དལ་བུར་བསྐྱོད་ནས་སྤྱི་བོར་ཐིག་ལེ་ཞུ་བའི་བདེ་བ་འོག་གཡོ་བ་ལ་སེམས་ཅུང་ཟད་མཉམ་པར་བཞག༔ དེ་ནས་བསྐྱོད་པས་ཐིག་ལེ་མགྲིན་པར་སླེབས་པས་ཡུལ་རང་སར་རྟོག་པ་འགག་པ་ནི་དགའ་བའི་ཡེ་ཤེས་ཏེ་དེའི་ངང་ལ་བཞག་
【漢語翻譯】 《現觀莊嚴論》中說:「無戲論之義即是密咒之體性」,又說:「此無二智慧,佛陀說為密咒」。因此,憑藉具備三密咒和四手印的儀軌,通過四支的修習來成就。如《密集金剛後後續》所說:「應于所修之修持,如實勤精進」。《勝樂金剛》中說:「修習大手印之支分,成就無變大樂之後,即於此生證得佛果」。因此,無論是顯宗還是密宗,所修之精髓皆為俱生智,即勝義菩提心。在此,以方便之門,于剎那四相之次第中,將此殊勝之道引入自相續,此即成為所修與修持之精髓。第三,分為加行、正行、後行之次第。首先,爲了一切有情眾生之利益,我將證得佛果。為此,我將現證樂空俱生之智慧,如是發起無上菩提心。其次,分為生起本尊父母、加持空樂、降註明點、收攝、引導、散佈、轉為大智慧。首先,自己剎那間化為普賢王如來,身色藍色,赤裸,具足等持之手印,雙足跏趺坐。明妃普賢王母,藍色,以蓮花等持和跏趺坐擁抱。觀想父母雙方以喜悅、貪戀、寂靜之姿態嬉戲,如幻如水月。唸誦:班雜薩瑪雅匝(藏文:བཛྲ་ས་མ་ཡ་ཛ,梵文天城體:वज्र समय ज,梵文羅馬擬音:vajra samaya ja,金剛誓言 匝),迎請智慧尊,薩瑪雅底叉(藏文:ས་མ་ཡ་ཏིཥྛ,梵文天城體:समय तिष्ठ,梵文羅馬擬音:samaya tiṣṭha,誓言安住),融入無二。觀想頂上上師父母雙運。其次,生起空樂:然後觀想父尊之密處,藍色五股金剛之房中,以吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,種子字)字光芒燃燒堵塞其孔。母尊空行母之蓮花,紅色四瓣之中,以啪特(藏文:ཕཊ,梵文天城體:फट,梵文羅馬擬音:phaṭ,種子字)字藍色堵塞其孔。第三,降註明點:觀想父母本尊雙運,緩慢執行,于頂上明點融化之樂,向下流動時,心稍作安住。然後,隨著執行,明點到達喉間,對境之分別念于自性中止息,此乃喜之智慧,安住於此境界。
【英語翻譯】 In the ‘Ornament of Clear Realization,’ it says, ‘The essence of non-elaboration is the very substance of secret mantra,’ and ‘This non-dual wisdom is what the Buddha spoke of as mantra.’ Therefore, one accomplishes through the four limbs of approach and accomplishment of the ritual possessing the three mantras and four mudras. As it says in the ‘Tantra Subsequent to the Guhyasamaja Tantra,’ ‘One should diligently apply oneself to the accomplishment of what is to be accomplished.’ And in the ‘Chakrasamvara,’ it says, ‘Meditate on the limb of the great mudra; having accomplished the immutable great bliss, one becomes a Buddha in this very life.’ Therefore, whether through Sutra or Tantra, the essence of what is to be accomplished is the co-emergent wisdom, the ultimate Bodhicitta. Here, the extraordinary path of introducing this into one’s being in the sequence of the four moments through the door of skillful means becomes the essence of what is to be accomplished and the accomplishment itself. Thirdly, there is the sequence of preliminary practices, the main practice, and subsequent practices. First, for the sake of all sentient beings, may I attain Buddhahood. For that purpose, may I realize the co-emergent wisdom of bliss and emptiness. With that in mind, generate the supreme Bodhicitta. Secondly, there is the generation of the father and mother deities, the blessing of space and secrecy, the descent of bindus, the gathering, the guiding, the spreading, and the transforming into great wisdom. First, in an instant, transform yourself into Samantabhadra, body color blue, naked, possessing the mudra of equipoise, seated in the vajra posture. The consort Samantabhadri, blue-green, embraces with the lotus equipoise and posture. Visualize both father and mother enjoying themselves in a state of joy, attachment, peace, like an illusion, like a reflection in water. Recite: Vajra samaya ja (藏文:བཛྲ་ས་མ་ཡ་ཛ,梵文天城體:वज्र समय ज,梵文羅馬擬音:vajra samaya ja,金剛誓言 匝), invite the wisdom being, samaya tiṣṭha (藏文:ས་མ་ཡ་ཏིཥྛ,梵文天城體:समय तिष्ठ,梵文羅馬擬音:samaya tiṣṭha,誓言安住), merge inseparably. Visualize the lama father and mother in union on the crown of your head. Secondly, generating space and secrecy: Then, visualize in the secret place of the father, in the vase of the blue five-pronged vajra’s chamber, the syllable Hūṃ (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,種子字) blazing with light blocking the opening. In the lotus of the mother’s space, in the center of the four petals, visualize the syllable Phaṭ (藏文:ཕཊ,梵文天城體:फट,梵文羅馬擬音:phaṭ,種子字) in blue blocking the opening. Thirdly, descending the bindus: Visualize the father and mother deities in union, moving slowly, and as the bliss of the melting bindu descends on the crown of the head, rest the mind slightly. Then, as it moves, when the bindu reaches the throat, the conceptual thoughts of objects cease in their own place, this is the wisdom of joy, rest in that state.
============================================================
================== 第 4 段 ================== 【原始藏文】 གོ༔ ཡང་སྙིང་ཀར་སླེབས་པར་བསྒོམ་ལ་ཞིབ་པར་དཔྱོད་པའང་འགག་པའི་མཆོག་ཏུ་དགའ་བ་ལའང་ཉམས་སུ་བླང་ངོ་༔ ཡང་ལྟེ་བར་ཡབ་ཡུམ་དུ་འཛིན་པའི་རྟོག་པ་རགས་པའང་འགག་ནས་བདེ་བའི་ངོ་བོར་ཞིབ་པར་དཔྱོད་པ་དང་༔ སྐྱེས་པ་ནི་ཁྱད་པར་གྱི་དགའ་བ་སྟེ༔ དེའི་ངང་ལ་མཉམ་པར་བཞག༔ དེ་ནས་གསང་བར་བབས་པས་བདེ་བའི་འཛིན་པ་ཙམ་ཡང་རྣམ་པར་དག་ཀྱང་༔སྣང་བ་མ་འགགས་ལ༔ རང་བཞིན་སྟོང་གསལ་སྤྲོས་པ་དང་བྲལ་བར་ཉམས་སུ་མྱོང་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་བྱ་སྟེ༔ དེ་ཉིད་ཀྱི་རང་ཚུགས་མ་ཤོར་བར་ངོ་བོ་ཉིད་ལ་བལྟ་བཞིན་པའི་ངང་ནས་ཉམས་སྐྱོང་པ་ནི་སྙིང་པོ་བླ་ན་མེད་པ་སྟེ༔ དེ་ལྟར་དབབ་པའི་གནད་དུ་རྡོ་རྗེ་བདེ་བའི་རྩལ་གཏད་དེ༔ སྟེང་རླུང་མནན༔འོག་རླུང་འཐེན༔རྐང་ལག་སོར་མོ་བསྐུམ་ཏེ༔ དལ་བུར་བསྐྱོད་དོ༔ བཞི་པ་བསྐྱིལ་བ་ནི༔གོམ་པ་ཡང་རབ་ཀྱིས་ཡུམ་མཁར་དཀར་དམར་ཞལ་འདྲེས་པར་བསྐྱིལ་བ་དང་༔ རབ་ཀྱིས་རྡོ་རྗེའི་རྩེ་མོ༔ འབྲིང་གིས་བུམ་པར༔ ཐ་མས་རྩ་བར་སླེབས་པ་ན༔ སྟེང་རླུང་ཅུང་ཟད་མནན༔ རྒྱུ་མ་རྒལ་བ་ལ་བཅར༔ མིག་བར་སྣང་ལ་ཟློག༔ རྡོ་རྗེའི་རྩེ་མོའི་ཧཱུཾ་དང་༔ སྤྱི་བོའི་བླ་མ་ཡབ་ཡུམ་གྱི་བདེ་བ་ལ་སེམས་བཟུང་ངོ་༔ དེ་ཡང་མ་ཟིན་ན༔ གསང་རྩ་མནན༔ ཐུར་སེལ་གྱེན་འཐེན༔ རིག་པ་ཀ་དག་གི་ངང་ལ་མཉམ་པར་བཞག་པས་མི་ཟིན་མི་སྲིད་དོ༔ དེའི་ངང་ནས་ཡུན་བསྐྱང་དེ་ཉམས་སུ་བླང་ངོ་༔ ཡང་ཡང་བདེ་བ་ཡལ་ཡལ་འདྲ་ན་སྔར་ལྟར་ཅུང་བསྐྱོད་དེ་ཡང་བཟུང་ཞིང་ངོ་བོ་ལ་བལྟའོ༔ དེས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་སྟོང་གི་ཏིང་ངེ་འཛིན་མྱུར་དུ་འབྱོང་ཞིང་༔ བརྟན་པ་ཐོབ་ནས་དེ་ཉིད་ཀྱི་ངང་ལ་ཉིན་མཚན་ཁོར་ཡུག་ཏུ་འདའོ༔ལྔ་བ་ཐིག་ལེ་འདྲེན་པ་ནི༔ ཟིན་ཡང་མ་ལྡོག་ན་ཆུ་དང་བསྡོངས་ནས་འཆོར་བས་ན༔ ལུས་གནད་ཡན་ལག་བཞི་བསྡུ། རྒྱུ་མ་སྒལ་བ་ལ་བཅར༔ ལྕེ་ཡ་རྐན་ལ་སྦྱར༔མིག་སྤྱི་བོའི་སྒྲོན་མ་ལ་ཕྱོགས༔ འགོ་བོ་བསྐྱོད༔ འོག་གི་རླུང་འཐེན་ལ༔སེམས་ཀྱི་གནད་དུ་དབུ་མ་ནས་ཧཱུཾ་གི་རྒྱུན་ཚོགས་དཀར་ལ་འཚེར་བ་བལྟར་ལ་བརྒྱུས་པའི་ཚུལ་དུ་འཁོར་ལོ་བཞིར་རིམ་གྱིས་ལྡོག་པས་ལུགས་ལྡོག་གི་དགའ་བཞི་ཉམས་སུ་མྱོང་བར་བསམ་ཞིང་མཉམ་པར་བཞག་གོ༔ངག་གི་གནད་དུ་ཧཾ་གི་སྟོང་འདྲེན་མང་པོ་བྱའོ༔དེའི་འདྲེན་ཐུབ་པ་ཡིན་ནོ༔ དྲུག་པ་དགྲམ་པ་ནི༔ དེ་ལྟར་རླུང་སྟོབས༔ ལུས་གནད་ཀྱིས་ལྡོག་ནུས་ཀྱང་༔ མ་ཁྲེམ་ན་རྩ་གནས་གང་དུ་ཆགས་པ་ནས་ནད་དུ་འགྲོ་བས་ན་དགྲམ་པ་འདི་གལ་ཆེ་སྟེ༔ དེ་ལ་ལུ
【漢語翻譯】 哦!又,對於到達心間進行禪修並細緻觀察,也應在止息的殊勝喜樂中進行修持。又,將臍輪執著為父母的粗大分別念止息后,應細緻觀察安樂的自性,男子是特殊的歡喜,應安住於此狀態。之後,當下降至隱處時,即使安樂的執著也完全清凈,但顯現並未止息,體驗自性空明、遠離戲論,這被稱為俱生喜,不失去其自性,在觀視自性的狀態中修持,這是無上精華。如是,在下降的關鍵處,交付金剛安樂的威力,壓上氣,提下氣,收縮手腳指,緩慢移動。第四,迴轉,步驟是:以極佳的方式,將明妃的紅白明點融合迴轉,以極佳的方式到達金剛杵頂端,中等到達寶瓶,下等到達根部時,稍稍壓上氣,靠近腸道脊柱,眼睛注視虛空,心專注于金剛杵頂端的(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)和頭頂上師父母的安樂。如果仍然無法控制,則壓住密處脈,下排上提,將覺性安住于原始清凈的狀態,不可能無法控制。在此狀態中延長時日,進行修持。如果安樂時有時無,則如前稍稍移動,再次控制並觀視自性。由此,俱生智、樂空之三摩地迅速生起,獲得穩固后,在此狀態中日夜度過。第五,引導明點,即使控制住,如果不迴轉,則會與水混合而流失,因此,身體要點是收攏四肢,靠近腸道脊柱,舌抵上顎,眼睛注視頭頂梵穴,移動頭部,提下氣,在心的要點中,觀想從中脈中(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)字的相續,如白色的光芒閃耀,如串珠般依次在四輪中迴轉,從而體驗順逆的四喜,並安住於此。在語的要點中,應多次進行(藏文:ཧཾ,梵文天城體:हं,梵文羅馬擬音:haṃ,漢語字面意思:航)字的空性引導,這樣才能引導成功。第六,散放,如是,即使能以風的力量和身體要點進行迴轉,如果不散放,則會從脈絡停滯之處生病,因此散放非常重要,對此,身體
【英語翻譯】 Oh! Also, for meditating on reaching the heart and examining it in detail, one should also practice in the supreme bliss of cessation. Furthermore, after the coarse conceptualization of grasping the navel chakra as the union of father and mother has ceased, one should examine in detail the nature of bliss. The male is a special joy, and one should remain in that state. Then, when descending to the secret place, even the grasping of bliss is completely purified, but the appearance does not cease. Experiencing the nature of emptiness and clarity, free from elaboration, is called coemergent joy. Without losing its own nature, practicing while looking at the essence itself is the supreme essence. Thus, at the key point of descending, entrust the power of vajra bliss, press down the upper air, draw in the lower air, contract the fingers and toes, and move slowly. Fourth, turning back: the steps are: in the best way, turn back the red and white bindus of the consort, blending them together; in the best way, reach the tip of the vajra; in the middle way, reach the vase; when reaching the root in the lowest way, press down the upper air slightly, approach the intestines and spine, turn the eyes to the space, and focus the mind on the bliss of the (Tibetan: ཧཱུྃ, Sanskrit Devanagari: हुं, Sanskrit Romanization: hūṃ, Chinese literal meaning: Hum) at the tip of the vajra and the bliss of the father and mother guru at the crown of the head. If it is still not controlled, then press the secret vein, expel downwards and draw upwards, and by placing awareness in the state of primordial purity, it is impossible not to control it. Extend the time in this state and practice. If the bliss seems to come and go, then move slightly as before, control it again, and look at the essence. By this, the samadhi of coemergent wisdom, bliss and emptiness, will arise quickly, and having gained stability, one will spend day and night in that state. Fifth, guiding the bindu: even if it is controlled, if it is not turned back, it will be lost by mixing with water. Therefore, the key point of the body is to gather the four limbs, approach the intestines and spine, press the tongue against the palate, direct the eyes to the lamp at the crown of the head, move the head, draw in the lower air, and in the key point of the mind, visualize the continuous stream of (Tibetan: ཧཱུྃ, Sanskrit Devanagari: हुं, Sanskrit Romanization: hūṃ, Chinese literal meaning: Hum) from the central channel, like a white radiance shining, like beads strung together, gradually turning back in the four chakras, thus experiencing the four joys of forward and reverse, and remain in that state. In the key point of speech, one should perform many emptiness guidances of (Tibetan: ཧཾ, Sanskrit Devanagari: हं, Sanskrit Romanization: haṃ, Chinese literal meaning: Hang). Only then can the guidance be successful. Sixth, dispersing: Thus, even if one can turn back with the power of the wind and the key points of the body, if one does not disperse, illness will arise from wherever the channels are stagnant. Therefore, dispersing is very important. For this, the body
============================================================
================== 第 5 段 ================== 【原始藏文】 ས་གནད་ནི༔ རླུང་ཐུར་དུ་ལན་གསུམ་བརྫང་༔ གྱེན་དུ་ལན་གསུམ་འཕེན༔ ནང་དུ་ལན་གསུམ་དྲངས༔ ལུས་གནད་འགྲེ་ལྡོག་ལན་གསུམ༔ སྤྲུག་སྟངས་གསུམ༔ སུག་བཞི་ས་ལ་བཙུགས་ནས་ཡན་ལག་གང་རུང་རེ་འཕེན་སྡུད་གསུམ་གསུམ་བྱེད༔ སེམས་གནད་སྤྱི་བོའི་ཐིག་ལེའི་གཏམས་པ་ལུས་དང་འཁོར་ལོ་ལྔའི་རྩ་འདབས་ཐམས་ཅད་དུ་ཁྱབ་པར་མཉམ་པར་བཞག་གོ༔ བདུན་པ་ཡེ་ཤེས་ཆེན་པོར་ལ་བཟླ་བ་ནི༔ ལུས་དྲང་པོར་བསྲང་བའམ༔ གན་རྐྱལ་དུ་ཉལ་ལ་འགུལ་བསྐྱོད་མི་བྱེད༔ ངག་གིས་མི་བརྗོད༔ སེམས་མི་བསམ་པར་གློད་དེ༔ ཡིན་ལུགས་སྤྲོས་པ་དང་བྲལ༔ དགག་སྒྲུབ་སྤང་ལེན་མེད་པ༔ ངོ་བོ་ངོས་བཟུང་ལས་འདས་པའི་རང་བྱུང་གི་ཡེ་ཤེས་སྔར་བདེ་བའི་རང་བཞིན་མཐོང་བའི་ངང་དུ་ལ་བཟླ་ཞིང་འཇོག་པ་ནི་སྦྱོར་བའི་འབྲས་བུ་བླ་ན་མེད་པའོ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ དམ་གྲིབ་ཉམས་ཆགས་ལ་འཛེམ༔ ཕ་རོལ་གྱི་གཟུང་མ་བསྟེན་པ་ལ་མི་སྨོད་ཅིང་༔ མ་ཟད་སེམས་ཅན་གྱི་འཁྲིགས་པ་སྤྱོད་པ་ཡན་ཆད་ལ་ཡི་དམ་གྱི་ལྷ་ཡབ་ཡུམ་ཏུ་མོས་ཤིང་༔ སྐྱེ་བ་སྤྲུལ་པའི་སྐུར་བཞེངས་པའི་ཐབས༔ ཡུམ་མཁར་ཉི་ཟླའི་གདན་ལ་ཡི་དམ་གང་ཡིན་གྱི་ས་བོན་གསལ་བཏབ་ནས༔ རིག་པ་བསྲེ་འཕོའི་ཧཱུཾ་ཕྱག་མཚན་དེ་ཉིད་སྐུ་ཡོངས་རྫོགས་དཔའ་བོ་གཅིག་པར་བསྐྱེད་པ་ལ་སོགས་པའི་དམིགས་པ་ཡང་བྱ་ཞིང་༔ དེ་ཙམ་མིན་ཡང་སྐྱབས་སུ་འགྲོ་ཞིང་དབང་ཞུ་བའི་འདུན་པ་ཙམ་བྱས་ཏེ་མིག་སེར་ལོག་ལྟ་སོགས་ཀྱི་བློ་ངན་འདི་མ་བོར་ན་སྲིད་པ་བར་དོ་ཆོད་ཐབས་ཤིག་གཏན་ནས་མེད་པས་ན༔ རང་ཉིད་ཉམས་ཉེས་ཀྱི་གཡང་ས་ལ་འཇུག་གི་དོགས་པས་བག་ཟོན་ཅུང་ཟད་རེ་མཛད་པ་དང་༔ ཐབས་ཆེན་གྱི་སྦྱོར་བ་ལ་དད་པ་དང་༔ བྱང་སེམས་ཉེས་པའི་སྤྱོད་པ་སྤང་བ་དང་༔ རྟག་ཏུ་ཡང་ལམ་ལ་སློབ་པ་དང་༔ དགའ་བ་བཞི་དང་༔ སྟོང་པ་བཞི་དང་༔ མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དགུ༔ ཚད་མེད་བཞི༔ རྣམ་ཐར་སྒོ་གསུམ༔ སྡོམ་པ་གསུམ༔ ཕར་ཕྱིན་བཅུ༔ ས་བཅུ༔ ལམ་ལྔ༔ ཐེག་པ་དགུ༔ དབང་བཞི༔ རིགས་ལྔ༔ སྐུ་ལྔ༔ ཡུམ་ལྔ་ལ་སོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གི་ཡོན་ཏན་ཚད་མེད་པའི་ཉམས་མྱོང་འབྱུང་བའི་ཚུལ་རྒྱས་པར་ཁོ་བོའི་གཞན་དུ་སྨོས་པ་ལ་སོགས་པའི་ངེས་པ་བློ་ལ་བྱང་བ་རེ་མཛད་ནས་ངོས་བཟུང་བ་དང་། གེགས་འབྱུང་གིས་དོགས་པ་ན་རྡོ་རྗེའི་བྲོ་བརྡུང་གིས་བསལ་བར་བྱ་བ་རྣམས་བྱའོ༔ གསུམ་པ་དེའི་ཡོན་ཏན་དང་བསྔགས་པ་བརྗོད་པ་ནི། དེའི་གནས་སྐབས་སུ་སྣང་སྲིད་ཆོས་སྐུར་ཤར༔ སྡུག་བསྔལ་བདེ་ཆེན་དུ་གྲོལ༔ གྲུབ་པ་བ
【漢語翻譯】 地的要點是:向下三次推送氣;向上三次發射氣;向內三次引導氣;身體要點扭轉三次;搖動三次;四肢按在地上,任何一個肢體做三次伸展和收縮;心的要點是,頂輪的明點充滿身體和五輪的脈瓣,平等安住。第七,將大智慧融入于「拉」:身體正直伸展,或者仰臥,不作任何動彈;口不說話;心不作念,放鬆;在實相中,遠離戲論;沒有否定和肯定,沒有捨棄和接受;在本體超越了識別的自生智慧中,在見到原本安樂的自性中融入並安住,這是結合的無上果。第三,後行次第是:避免誓言的玷污和衰損;不誹謗不依止其他宗派;甚至對於眾生的交合行為,也觀想為本尊的父母雙尊;產生化身的方法;在母續的日月座墊上,清晰地觀想任何本尊的種子字,將智慧融合轉移的吽字手印,觀想為圓滿的本尊勇士;即使不是這樣,也要僅僅生起皈依和請求灌頂的意願,如果不捨棄嫉妒邪見等惡念,就絕對沒有斷除輪迴中陰的方法,因此,要稍微謹慎,以防自己陷入墮落的懸崖;信仰偉大的方便結合;捨棄菩薩的過失行為;恒常修學道;四喜;四空;九次第止住;四無量;三解脫門;三律儀;十度;十地;五道;九乘;四灌頂;五部;五身;五母等智慧差別的無量功德生起的道理,詳細地在我的其他論述中說明,在心中明確這些要點,並加以認識。如果擔心出現障礙,則應通過金剛舞來消除。第三,宣說它的功德和讚歎:在那一刻,顯有輪迴顯現為法身;痛苦解脫為大樂;成就。
【英語翻譯】 The key points of the place are: push the air downwards three times; cast the air upwards three times; guide the air inwards three times; twist the body’s key points three times; shake three times; plant the four limbs on the ground, and extend and contract any one limb three times each; the key point of the mind is to fill the bindu of the crown chakra, spreading it evenly throughout the body and the root petals of the five chakras. Seventh, to merge into great wisdom is to repeat ‘la’: straighten the body upright, or lie supine without moving; do not speak with the mouth; release the mind without thinking; in reality, free from elaboration; without negation or affirmation, without abandonment or acceptance; in the self-arising wisdom whose essence transcends identification, merge and rest in the state of seeing the original blissful nature, which is the supreme fruit of union. Third, the subsequent sequence is: avoid the defilement and deterioration of vows; do not denigrate the reliance on other systems; moreover, even with the sexual union of sentient beings, regard them as the father and mother deities of the yidam; the method of generating the incarnate body; on the sun and moon cushion of the mother’s mandala, clearly visualize the seed-syllable of whichever yidam, and visualize the wisdom-blending transference Hum mudra as the complete form of a single hero; even if it is not like that, just generate the intention to take refuge and request empowerment, and if you do not abandon evil thoughts such as jealousy and wrong views, there is absolutely no way to cut off samsara and bardo, therefore, be a little cautious lest you fall into the precipice of faults; have faith in the great method of union; abandon the faulty conduct of a bodhisattva; always study the path; the four joys; the four emptinesses; the nine successive abidings; the four immeasurables; the three doors of liberation; the three vows; the ten perfections; the ten bhumis; the five paths; the nine vehicles; the four empowerments; the five families; the five bodies; the five mothers, and so on, the manner in which the immeasurable qualities of the distinctions of wisdom arise are explained in detail in my other treatises, so familiarize yourself with these certainties in your mind and recognize them. If you fear that obstacles may arise, then you should dispel them by performing the vajra dance. Third, to speak of its qualities and praise: At that moment, phenomenal existence dawns as the Dharmakaya; suffering is liberated into great bliss; accomplishment.
============================================================
================== 第 6 段 ================== 【原始藏文】 རྒྱད་ལ་རང་དབང་བསྒྱུར༔ ཕྲིན་ལས་རབ་འབྱམས་འགྲུབ༔ འདུ་བ་གསུམ་འབྱུང་༔ རྫུ་འཕྲུལ་དང་མངོན་ཤེས་འགྲུབ་པ་དང་༔ མཐར་ཐུག་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་ནས་སྐུ་གསུམ་ལྷུན་གྲུབ་པའི་འབྲས་བུ་མངོན་དུ་འགྱུར་པ་ཡིན་ནོ༔ ཟབ་མོའི་དབང་གིས་སྨིན་པ་རྒྱ་མཚོ་ལ༔ རྒྱལ་ཐབས་སྤྱི་བླུགས་ཆུ་འགོ་ལས་འཆེད་དེ༔ དབང་དང་གདམས་པའི་ཐབས་སུ་བབས་པའི་རྒྱུན༔ སྐལ་ལྡན་ལས་འཕྲོ་ཅན་གྱི་གསོས་སུ་ཤར༔ ཞེས་ཀྱང་བླ་མ་དམ་པ་ཚུལ་ཁྲིམས་བཟོ་སྐོམ་སྤྲུལ་བའི་སྐུ་མཆོག་ཐུབ་ལོ་སྔགས་ལ་མོས་པ་ཡེ་ཤེས་སོགས་ཀྱི་དོན་སླད་དུ་ག་གཱ་ཨ་བྷྱེས་མཁའ་འགྲོའི་གསང་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། ། གཞན་ལུས་ཐབས་ལྡན་བསྡུས་པ་ཡེ་ཤེས་སྙིང་པོ
【漢語翻譯】 調伏自續,成就無量事業,三者聚集,成就神通與現量,最終獲得大輪壇城之地,現前三身任運成就之果。甚深灌頂成熟之大海中,如國王普降之水流源頭般涌出,成為灌頂與竅訣之方便之流,如具緣業力者之滋養般升起。如是,為上師丹巴楚臣佐果斯布的化身尊者圖洛,以及為信仰密咒之益西等之義利,由嘎嘎阿貝從空行母之秘密寶藏中翻譯。善哉!善哉!善哉!薩瓦芒嘎拉姆! 奪舍方便具足之智慧精華
【英語翻譯】 Subduing one’s own continuum, accomplishing immeasurable activities, the three gatherings arise, accomplishing siddhis and direct perception, and ultimately, obtaining the ground of the Great Wheel Mandala, the fruit of the spontaneous accomplishment of the three kayas is manifested. In the ocean of maturation through profound empowerment, it flows forth like the source of water universally poured by a king, becoming a stream of means for empowerment and instructions, arising as nourishment for those with fortunate karma. Thus, for the sake of the benefit of the venerable Lama Tsultrim Zokom Tulku, the supreme incarnation Thublo, and for the benefit of Yeshe and others who have faith in mantra, it was translated by Gaga Abhyas from the Secret Treasury of the Dakinis. Good! Good! Good! Sarva Mangalam! The essence of wisdom, possessing the skillful means of transference of consciousness.
============================================================
同部經論
與本文同名或相近的其他版本、科判、譯文與註疏。