DNJ008_0021.智慧顯現殊勝道g2.0f
================== 第 1 段 ================== 【原始藏文】 ཡེ་ཤེས་སྣང་བྱེད་ལམ་མཆོག ཡེ་ཤེས་སྣང་བྱེད་ལམ་མཆོག ཡེ་ཤེས་སྒྱུ་འཕྲུལ་རོལ་བ་ལས༔ ཡེ་ཤེས་སྣང་བྱེད་ལམ་མཆོག་བཞུགས་སོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀུན༔ འདུས་པའི་བདག་ཉིད་པདྨ་འབྱུང་༔ མགོ་བོ་རལ་བའི་ཅོད་པཎ་དུ༔ བརྟེན་ཏེ་མན་ངག་གནད་བསྡུས་པ༔ རྣམ་པ་བཅུ་ཡི་རང་བཞིན་གསུམ༔ སྐལ་ལྡན་སློབ་མ་ཐམས་ཅད་ལ༔ ཕན་སླད་བསམ་པ་བཟང་པོ་ཡི༔ འབད་དེ་བྲི་ཞིང་ལྡོག་མི་བགྱིད༔ སངས་རྒྱས་ཀུན་གྱི་བདེ་གསང་ཉིད༔ གཞི་རྒྱུད་བཅིང་གྲོལ་མེད་པ་ནི༔ སྤྲོས་བྲལ་རི་པའི་ཐིག་ལེ་འདིས༔ སྟོང་སྣང་གཉིས་ཀྱི་ལྡོག་ཆ་ཡི༔ དབྱེ་བས་ཚོད་འཛིན་ལམ་ལ་ཐོབ༔ རེ་རེའང་གནད་རྣམས་བཅུ་རེའོ༔ ཞེས་པས་མདུན་བསུས་ནས་ཐོག་མར་ཁྲེགས་ཆོད་ཀྱི་གཞི་ངོ་སྤྲད་པ་ལས། སྣང་བ་ལས་ངོ་སྤྲད་ན་སྣང་ལ་འཛིན་ཞེན་མེད་པའི་ནོར་ས་བྲལ་བ་དང་གཅིག༔ སྟོང་བ་ལས་ངོ་སྤྲད་ན་སྟོང་ལ་ཆད་པར་གྱུར་བ་མེད་པས་རང་མདངས་ཤར་གྲོལ་དང་གཉིས༔ ཟུང་འཇུག་ལས་ངོ་སྤྲད་ན་འདི་ཡིན་གྱི་ཡིན་སྙམ་ཡིད་དཔྱོད་ཀྱི་སྒྲོ་ལ་རེག་མ་ལུས་པར་ཟང་ཐལ་རང་རིག་ཆེན་པོའི་བདེ་ཀློང་འཁྱིལ་བ་དང་གསུམ༔ ཡང་བདེ་བ་ལས་ངོ་སྤྲད་པས་བདེ་འཛིན་ཉམས་སམ་རྣམ་རྟོག་སྤངས་བས་ཕ་རོལ་དུ་སོང་བས་རང་རིག་རང་གསལ་ཆེན་པོ་གཉིས་སྣང་མཐའ་དག་བྲལ་བའི་ཡེ་ནས་ཤེས་པ་དང་གཅིག༔ གསལ་བ་ལས་ངོ་སྤྲད་པས་སལ་སལ་ཀུན་གཞིའི་རྣམ་ཤེས་ལས་འདས་པའི་འཛིན་པ་སྤྱི་ལ་དམིགས་པ་ཡང་མེད༔ མི་རྟོག་པ་ལས་ཕྱེ་བས་ཧད་ཧད་པོ་ལས་འདས་པ་རིག་སྟོང་སྒྲོ་འདོག་ཆོད་པས་དམིགས་རྣམ་རྟེན་ཆོས་ཡུལ་དང་བཅས་པའི་སྟོང་བས་མིང་མེད་ཆེན་པོ་དང་གསུམ༔ ཡང་ཤེས་པ་འཕྲོ་དུས་ཡུལ་གྱི་སྤྱི་འཛིན་པས་ཀུན་གཞིའི་རྣམ་ཤེས་དང་༔ བྱེ་བྲག་འཛིན་པས་ཡིད་ཀྱི་རྣམ་རྟོག་ལས་ཝལ་ལེར་འཕྱོ་ཞིང་འཐོར་རླུང་ལྟར་ཡལ་བ་ལས་འདས་ནས། འཕྲོ་གཞིའི་ཡེ་ཤེས་རང་གསལ་མལ་ལས་མ་གཡོས་པ་དང་གཅིག༔ གནས་པའི་ཉམས་ཀྱི་དཔྱིས་ན་གནས་མི་གནས་ལས་འདས་པས་རིག་པ་རྩལ་ཕྱོགས་མེད་དུ་ཤར་ལ་ངོ་བོ་འགྱུར་བ་མེད་པ་མདངས་བདེ་ཆེན་གྱི་རྒྱས་པ་ཆེན་པོ་སྟེ༔ གནས་པ་ཉམས་ལ་རིག་ཆ་ཆོས་སྐུ་ལགས་སོ༔ ཡང་སེམས་ཀྱི་ཆོས་རྣམ་པར་རྟོག་པ་ཡལ་བ་ན༔ ཡལ་བ་དང་ཡལ་གཞི་ཐ་དད་པས་འཆིང་བར་བཅས་པའི་སེམས་ཀྱི་ཆ་འགག་པ་ལས་ཡེ་ཤེས་སྐྱེ་ནས་འགག་པ་གསར་དུ་བྱུང་བ་མ་ཡིན་པས་ཡེ་གྲོལ་རང་ལ་ཡོད་པ་ངོ་བཟུང་ནའང་བཟུང་རྒྱུ་ཡོད་པ་འདྲ་ཡང་མཐར་གཏུགས་ན་ཅི་ཡང་བཟུང་མི་བཟུང་ལས་འདས་པ་ཡི་རྗེན་ཁྲེས་སེ་བ་དེ་ནི་གྲོལ་མི་གྲོལ་
【漢語翻譯】 智慧顯現殊勝道。 智慧顯現殊勝道。 智慧幻化嬉戲中,智慧顯現殊勝道安住於此。三世諸佛悉皆聚,蓮花生之自性。 頭頂髮髻為莊嚴,依此竅訣攝要義,十種相之自性三,為利一切具緣徒,以利他之賢善心,勤奮書寫不退轉,諸佛之樂秘密性。 基續縛解本無別,離戲山居之明點,空顯二者之還滅分,以差別得量持于道。一一亦有十要點。如是迎接后,首先介紹切瓊之基。 從顯現介紹,則于顯現無執著,遠離錯謬之地為一;從空性介紹,則于空性無斷滅,自光頓現解脫為二;從雙運介紹,則此是之想,意念分別之執著,無餘觸及,通徹廣大自明之安樂虛空迴旋為三;又從安樂介紹,則安樂執著衰損或念頭斷絕,已達彼岸,自明自顯廣大,遠離一切二取之本初智慧為一;從明亮介紹,則明明白白超越阿賴耶識之執著,亦無于總相而緣;從無念分別,則從愣愣超越,覺性空性斷除增益,以所緣境、能緣念頭、所依之法及處所等空性,為無名大者為三;又智慧生起時,以境之總相執持,為阿賴耶識;以差別執持,從意之分別念中,瓦拉拉飄動如散風般消逝而超越后,生起之智慧自明於本位未動搖為一;于安住之體驗深處,超越住與不住,覺性之力無偏袒顯現,而本體無有改變,光彩大樂之廣大,安住體驗為覺性分,乃法身也;又心之法分別念消失時,消失與消失之基各異,以束縛之心分滅盡,智慧生起,並非新產生滅,本有之自解脫,雖可執持,似有可執持之物,然終歸於無所執持與不執持之超越,赤裸裸之赤裸,即是解脫與不解脫。
【英語翻譯】 The Supreme Path of Wisdom’s Manifestation. The Supreme Path of Wisdom’s Manifestation. Within the play of wisdom’s illusion, the Supreme Path of Wisdom’s Manifestation abides. All Buddhas of the three times, the essence of their union, Padmasambhava. Upon the crown of matted hair on the head, relying on the condensed essence of the instructions. The three natures of the ten aspects, for all fortunate students, with the good intention of benefiting them, I strive to write and not turn back. The bliss-secret of all Buddhas, the ground-continuum without bondage or liberation, with this bindu of the solitary hermit, the reversal aspect of emptiness and appearance, through differentiation, attainment of measurement on the path. Each one also has ten key points. Thus, having welcomed them, first introducing the ground of Trekchö. If introduced from appearance, then without clinging to appearance, separating from the ground of error is one; if introduced from emptiness, then without being severed into emptiness, self-radiance dawning and liberation is two; if introduced from union, then without the thought of “this is it,” without touching the imputations of mental judgment, the blissful space of great self-awareness swirling through is three; again, if introduced from bliss, then with the decline of clinging to bliss or the abandonment of thoughts, having gone to the other shore, great self-awareness, self-illumination, the primordial wisdom free from all dualistic extremes is one; if introduced from clarity, then clearly, clearly, transcending the Alaya-consciousness, there is also no focusing on general grasping; if separated from non-thought, then transcending the state of being stunned, with the severance of the imputation of awareness-emptiness, the emptiness of objects, the object-clinging mind, the basis of phenomena, and places, is the great nameless one is three; again, when wisdom arises, grasping the general aspect of objects, it is the Alaya-consciousness; grasping the particular aspect, from the conceptual thoughts of the mind, fluttering and scattering like dissipating wind, having transcended that, the wisdom of the arising ground, self-illuminated, unmoved from its place is one; in the depths of the experience of abiding, transcending abiding and non-abiding, the power of awareness dawns impartially, and the essence does not change, the great expansion of radiant bliss is great; the abiding experience is the awareness aspect, it is the Dharmakaya; again, when the phenomena of the mind, conceptual thoughts, vanish, since the vanishing and the ground of vanishing are different, with the cessation of the mind aspect bound by bondage, wisdom arises, not newly arising and ceasing, the self-liberation that is inherently present, although it can be grasped, it seems there is something to grasp, but ultimately, it is the transcendence of what can be grasped and not grasped, the naked, bare state is liberation and non-liberation.
============================================================
================== 第 2 段 ================== 【原始藏文】 ལས་འདས་པས་ཆོས་སྐུ༔ ཡང་གང་གི་དུས་སུ་ཡང་ཡུལ་ལ་མ་འབྲེལ་བས་གཏིང་གསལ་རང་རིག་བློ་ལས་འདས་པ་ཡེངས་མེད་འཛིན་མེད་རྟོག་མེད་གཉིས་སྣང་མེད་བཞིན་དུ་ཡེ་མཁྱེན་ནི་ཁྱད་ཆོས་ཀུན་ལས་ཁྱད་པར་འཕགས་པ་ཞིག་དང་བཅུའོ༔ ཡང་གདམས་ངག་གི་གནད་བཅུ་ཚན་གཉིས་པ་ནི༔ ད་ནི་ལམ་ཉམས་སུ་ལེན་པའི་དུས་སུ་སེམས་རིག་དྭངས་སྙིགས་ཕྱེད་པའི་བཞག་ཐབས་ནི༔ ནམ་མཁའི་རྣལ་༡འབྱོར༔ རྒྱ་མཚོའི་རྣལ་༢འབྱོར༔ ཉི་ཟླའི་རྣལ་༣འབྱོར༔ ཆུ་བོའི་རྣལ་༤འབྱོར༔ འཇའ་ཚོན་གྱི་རྣལ་༥འབྱོར་སྟེ་ལམ་གྱི་སྒོའི་རྣལ་འབྱོར་ལྔ༔ གཡོ་བའི་རྣལ་འབྱོར་ལ་རྩལ་སྦྱོང་བ༔ རང་བཞིན་རྣལ་འབྱོར་ལ་རྩལ་སྦྱོང་པ༔ ནང་འཕྲད་ཀྱི་རྣལ་འབྱོར་ལ་སྦྱང་བ༔ སྐྱོད་ངན་གྱི་རྣལ་འབྱོར་ལ་རྩལ་སྦྱངས་བ་སྟེ་རྩལ་སྦྱོང་ཐབས་ཀྱི་རྣལ་འབྱོར་བཞི༔ བརྟན་པས་གཡོ་བ་མེད་པས་རི་བོ་མཐར་ཕྱིན་གྱི་རྣལ་འབྱོར་ཏེ་བཅུའོ༔ དང་པོ་ནི༔ ནམ་མཁའི་མཐོངས་སུ་རིག་པ་འཕངས་པས་སྤྲོས་བྲལ་རྩེ་གཅིག་ཏུ་ཉམས་སུ་མྱོང་ངོ་༔ གཉིས་པ་ནི་སེམས་གྱི་གསལ་ཆ་ལ་སྦྱངས་བས་ངང་ལས་རྣམ་རྟོག་གི་རླབས་ཀྱིས་མ་བསྐྱོད༔ བསྐྱོད་ཀྱང་རང་ཞིར་བཏང་བའོ༔ གསུམ་པ་ནི༔ ཉི་མ་སྟེ་རྣམ་རྟོག་འཆར་བ་དང་༔ ཟླ་བ་སྟེ་འཆར་གཞིའི་ཆ་གཉིས་ཀྱི་འབྲེལ་མཚམས་ལ་དཔྱད་པ་དང་ཆད་ནས་ཞི་ལྷག་ཟུང་འཇུག་གི་ངང་ལ་བཞག་པ༔ བཞི་བ་ནི༔ ཆུ་བོའི་གཞུང་ལ་རིག་པ་འཕངས་པའི་སྒོ་ནས་བྱིང་བ་བསང་ནས་རིག་པས་ཡུལ་མཐོང་ལ་འཛིན་པ་མ་ཞུགས་པ་དེ་ངོས་རང་ཟིན་ལ་ཡོད་པ་ལས་མི་གཡོ་བ་ལགས་སོ༔ ལྔ་བ་ནི༔ འོད་གསལ་གྱི་མཐོང་པ་ལ་མ་ཡེངས་པའོ༔ དྲུག་པ་ནི༔ གཡོ་བ་ལ་ཁ་ནང་དུ་འཁོར་ནས་བལྟས་པས་མ་གཡོས་གཡོ་གཞི་མེད་པར་ཤེས་པའི་གཡོ་བ་ཡས་མ་ཡལ་གྱི་བར་གྱི་དྭངས་བཙལ༔ བདུན་པ་ནི༔ རང་བཞག་པས་གནས་ཆ་དེ་ཉམས་ལ༔ རིག་ཆ་ཅིར་ཡང་མ་བཟུང་བ་གང་དུ་ཡང་མ་གྲུབ་ཤར་བ་ལས་མ་ཡེངས་བའོ༔ བརྒྱད་པ་ནི༔ སེམས་ངལ་ཆད་དུས་སེམས་རིག་པ་ལ་འཕྲད་དེ་དབྱིངས་སུ་འཁྱིལ་བ་དང་༔ ཕྱིར་འཕྲོས་དུས་ཀྱང་རང་རིག་པ་དེ་རིག་པ་སེམས་ལ་འཕྲད་པས་ངང་དྭངས་བཟུང་ནས་འབྱམས་ཀླས་པར་བྱའོ༔ དགུ་བ་ནི༔ རྐྱེན་ངན་སེམས་ལ་ཤར་དུས་རིག་པ་ལ་གྲུབ་པ་དང་གོས་མ་མྱོང་བས་བདེ་བ་ཆེན་པོར་རང་ཤར་བ་ངོས་བཟུང་ལ་དེ་ལས་མ་ཡེངས་བར་བྱས་པས་གཞི་གྲོལ་མཉམ་ཉིད་དུ་འཆར་རོ༔ བཅུ་བ་ནི༔ མཐར་མི་རྟོག་པ་རི་བོ་ལྟ་བུར་ཤར་ན་ངང་དྭངས་འབྱིན་ལ༔ བདེ་ཆགས་གསལ་ཆག་གི་ངང་རི་བོ་ཙམ་ལ་བསྒོམ་བཤིགས་ཞེན་པ་ཕཊ་ཀྱིས་གཏོར༔ སྤྲོས་བྲལ་དུ་འཛ
【漢語翻譯】 超越了行為的是法身。並且,無論在何時,由於不與對境相關聯,所以深邃明澈的自性覺智超越了心識,無有散亂,無有執持,無有分別,無有二取顯現,如是本來智慧是超越一切特性的殊勝之物,此為一。 此外,訣竅的十要點之二為:現在是修持道之時刻,區分心識的清凈與污濁之安住方法是:虛空之瑜伽1,大海之瑜伽2,日月之瑜伽3,河流之瑜伽4,彩虹之瑜伽5,此為道之門五種瑜伽。 訓練動搖之瑜伽,訓練自性之瑜伽,訓練內合之瑜伽,訓練惡劣行持之瑜伽,此為訓練之四種瑜伽。 以穩固而不動搖,如山王般究竟之瑜伽,此為十。 第一是:于虛空之廣闊中投射覺性,從而在離戲的唯一狀態中體驗。 第二是:訓練心的明澈部分,從而不被自性中生起的分別念之波浪所動搖;即使動搖,也將其放任自解。 第三是:太陽,即分別念生起之時;月亮,即生起之基礎二者之間的關聯之處進行觀察,斷絕後安住于止觀雙運的狀態中。 第四是:通過在河流的主流中投射覺性的方式,清除沉沒,覺性見到對境卻不生起執著,那個當下自己把握住而不動搖。 第五是:不散亂于光明之顯現。 第六是:對於動搖,將面轉向內而觀察,從而知曉無有動搖,無有動搖之基礎,在動搖未消失之間的清凈狀態中尋覓。 第七是:安住于自性,體驗到安住之處消失,覺性不執著任何事物,不成立任何事物,不散亂于生起之時。 第八是:當心疲憊時,心與覺性相遇,融入於法界;當向外散逸時,也以自性覺性與心相遇,保持清凈狀態,使其廣大無邊。 第九是:當惡劣之緣在心中生起時,覺性不被成立和沾染,從而自然生起大樂,認識到這一點並不散亂,從而顯現為基解脫和平等性。 第十是:最終,當無分別如山王般顯現時,從中提取清凈之狀態;對於樂著和明滅的狀態,對於如山王般的禪修、破立和執著,以「呸 (藏文:ཕཊ།,梵文天城體:फट्,梵文羅馬擬音:phaṭ,漢語字面意思:呸)」字摧毀,安住于離戲之中。
【英語翻譯】 The Dharmakaya is beyond actions. Furthermore, at any time, because it is not related to objects, the profound and clear self-awareness transcends consciousness, without distraction, without grasping, without conceptualization, without dualistic appearances. Thus, primordial wisdom is something that surpasses all qualities, this is one. Furthermore, the second set of ten essential points of the instructions is: Now is the time to practice the path, the method of settling the mind, distinguishing between its clarity and turbidity, is: Yoga of the sky 1, Yoga of the ocean 2, Yoga of the sun and moon 3, Yoga of the river 4, Yoga of the rainbow 5, these are the five yogas of the gate of the path. Training in the yoga of movement, training in the yoga of self-nature, training in the yoga of inner encounter, training in the yoga of bad conduct, these are the four yogas of training methods. With stability and immovability, like the king of mountains, the ultimate yoga, this is ten. The first is: By projecting awareness into the expanse of the sky, experience the state of non-elaboration in a single-pointed manner. The second is: By training in the clarity of the mind, one is not moved by the waves of conceptual thoughts arising from its nature; even if moved, let them dissolve on their own. The third is: The sun, which is when conceptual thoughts arise; the moon, which is the basis of arising, observe the connection between the two, sever it, and settle in the state of union of calm and insight. The fourth is: By projecting awareness into the mainstream of the river, clear away sinking, awareness sees the object but does not engage in grasping, that moment, grasp yourself and remain immovable. The fifth is: Do not be distracted by the appearance of clear light. The sixth is: For movement, turn the face inward and look, thereby knowing there is no movement, no basis for movement, seek clarity in the state between the arising and non-disappearance of movement. The seventh is: By settling in self-nature, the state of settling is experienced, awareness does not grasp anything, nothing is established, do not be distracted when it arises. The eighth is: When the mind is tired, the mind and awareness meet, merging into the expanse; when scattering outward, also with self-awareness meeting the mind, maintain a clear state and make it vast and boundless. The ninth is: When bad circumstances arise in the mind, awareness is not established or tainted, thereby naturally arising great bliss, recognize this and do not be distracted, thereby appearing as the ground of liberation and equality. The tenth is: Finally, when non-conceptuality appears like a mountain king, extract the state of clarity from it; for the state of attachment and clarity, for meditation, construction, destruction, and clinging to the mountain king, destroy it with the syllable “PHAṬ (藏文:ཕཊ།,梵文天城體:फट्,梵文羅馬擬音:phaṭ,漢語字面意思:呸)”, and settle in non-elaboration.
============================================================
================== 第 3 段 ================== 【原始藏文】 ིན་པའང་མེད་པའི་རང་བབས་རི་བོ་ལྟར་ཤར་ན་ངོ་ཏི་དེ་ལས་མ་ཡེངས་པར་བཞག་གོ༔ ད་ནི་འོད་གསལ་ཐོད་རྒལ་ཆེན་པོ་ལ་བཞག་པའི་དུས་དུ་མ་ཡེངས་བས་སེམས་ཀྱི་ངོ་བོ་ནི་རིག་གེ་རྗེན་ནེ་ཟང་ཐལ་བ་ཞིག་ཡོད་པ་དེ་རིག་པ་ཡེ་ཤེས་༡ཡིན༔ དེ་ཡང་འོད་སྣང་ལ་ཤེས་བྱེད་ཀྱི་ཡེ་ཤེས་འགག་པ་མེད་པ་དེ་སྣང་བ་ཅེར་འཛིན་གྱི་ཡེ་ཤེས་༢ཡིན༔ དེ་ཡང་འོད་གསལ་ལ་རྩེ་གཅིག་ཏུ་གཏད་དུས་གནས་ཆ་བསམ་གཏན་ཡིན་ལ༔ སྐབས་སྐབས་སུ་སྣང་བ་འགགས་པའི་གཤིས་ན་ཡེ་ཤེས་པ་རང་གསལ་ཡུལ་ལ་མ་འཕྲོས་པ་ཞིག་ཡོད་པ་༣དེ་གོ༔ ཡང་ཁ་སྣའི་རླུང་བསྡམས་དུས་སེམས་གང་དུ་ཡང་མི་འཕྲོ་བར་གནས་དུས་ཀྱི་གནས་པ་དེ་བསམ་གཏན་ལ༔ ངོ་རང་ཤེས་ཙམ་དེ་རིག་༤པའོ་གསུངས༔ ཡང་འོད་རྩ་ལྟེམས་པས་དྲན་པ་འགགས་ལ་ཤེས་པ་གསལ་སྟོང་དུ་ཤར་བ་དེ་ལ་གནས་༥སོ༔ ཡང་མཐོ་ས་ནས་ཕར་ལྟ་ཚུར་ལྟ་བྱས་པ་ན་བུ་ཆུང་གི་གཟུགས་མཐོང་ལྟ་བུ་མིང་བརྗོད་མི་ཤེས་ལྟ་བུ་དེ་ནི་རིག་༦པའོ༔ ཡང་གཅིག་ལ་འཁོར་ལོ་ལྟར་བསྐོར་ནས་རྟོག་མེད་དུ་གནས་སྐབས་ཀྱི་ཤེས་ངོ་གསལ་སང་ངེ་བ་དེ་རིག་༧པ༔ ཡང་འཕྲལ་དུ་སྦྲིད་པ་བྱེད་ཐབས་ཀྱིས་ཡེ་ཤེས་ཀྱི་གཟུགས་ལ་སྦྱངས་བ་༨དང་༔ དབུགས་བཟུང་བས་ཁོག་པར་ཙིར་སྒྲ་གྲགས་པ་ཡེ་ཤེས་ཀྱི་སྒྲ་ལ་སྦྱངས་བ་༩དང་༔ དེ་ནས་ཡེ་ཤེས་ཀྱི་ངོ་བོ་ལ་བཙན་ཐབས་སུ་བལྟ་བ་ནི༔ མུན་པའི་རྣལ་འབྱོར་དྲུག་སྟེ་ཐོད་རྒལ་༡༠ལ་རྣམ་པ་བཅུ་ལས༔ གང་ལ་ཡང་སེམས་ངོ་ཟིན་ཕན་ཆད་མ་ཡེངས་མ་བརྗེད་མི་འཛིན་པར་གནས་པ་ནི་ཆིང་རྨད་དུ་བྱུང་བའོ༔ དེ་ལྟར་ཡེ་ཤེས་རང་བཞིན་རྗེས་བྱེད་པ༔ ཟབ་ཅིང་རྟོགས་སླ་ཁྱད་པར་འབྱོར་བ་འདི༔ གང་ན་ཐོས་མེད་གོམས་སྟོབས་འབའ་ཞིག་ཅན༔ ག་ག་ཨ་བྷྱེས་ང་རྒྱལ་ལན་དགུར་གྲགས༔ ཞེས་ཀྱང་བླ་མ་དམ་པ་ཚུལ་ཁྲིམས་ཀྱི་ངོར་པདྨ་མཁའ་ཀློང་ཡངས་བས་སོ། །དགེའོ། །དགེའོ། །དགེའོ། ། ཡེ་ཤེས་སྣང་བྱེད་ལམ་མཆོག
【漢語翻譯】 就像沒有造作的自然山峰一樣顯現,不要從那個根本上散亂地安住。現在是安住于光明妥噶大的時候,不要散亂,心的體性是明覺、赤裸、通透的,那就是明覺智慧1。還有,對於光明的顯現,沒有了知作用的智慧的止息,那就是顯現專注的智慧2。還有,當一心專注于光明時,安住的狀態就是禪定。有時,在顯現止息的自性中,有一種智慧自明,不向外境散逸,那就是3。還有,當封閉鼻孔的氣息時,心不向任何地方散逸而安住時的安住,那就是禪定。僅僅是自知自明,那就是明覺4,這樣說。還有,光明脈搏跳動,念頭止息,智慧顯現為空明,那就是安住5。還有,從高處向這邊看,又向那邊看時,就像看到小孩的形象一樣,無法說出名字,那就是明覺6。還有,在一個上面像輪子一樣旋轉,無分別地安住時,明瞭清晰的覺知,那就是明覺7。還有,立即用麻醉的方法來修習智慧的形象8,還有,屏住呼吸,腹中發出「呲」的聲音,修習智慧的聲音9,然後,強行觀看智慧的體性,那就是:黑暗瑜伽六種,也就是妥噶10的十種相,無論在哪一種上,只要證悟了心的體性,不散亂、不忘記、不執著地安住,那就是非常奇妙的。像這樣,隨行智慧自性的,甚深且易於理解,具有殊勝的特點,在任何地方都沒有聽聞過,只有串習的力量,嘎嘎阿比亞以九倍的傲慢而聞名。這也是上師丹巴楚臣面前,蓮花虛空廣闊所說的。善哉!善哉!善哉! 智慧顯現之殊勝道。
【英語翻譯】 Like a naturally arising mountain without contrivance, rest without straying from that fundamental point. Now is the time to rest in the great luminosity Tögal, so do not be distracted. The nature of mind is awareness, naked and transparent, that is awareness-wisdom 1. Furthermore, regarding the appearance of light, the cessation of knowing wisdom is the wisdom of focused appearance 2. Moreover, when focusing one-pointedly on luminosity, the state of abiding is meditation. Sometimes, in the nature of the cessation of appearances, there is a self-luminous wisdom that does not stray to external objects, that is 3. Also, when blocking the breath in the nostrils, the abiding when the mind does not stray anywhere is meditation. Just knowing itself is awareness 4, it is said. Furthermore, when the light channels throb, thoughts cease, and wisdom dawns as clear emptiness, that is abiding 5. Also, when looking back and forth from a high place, like seeing the form of a small child, unable to name it, that is awareness 6. Also, when revolving on one like a wheel, and abiding without conceptualization, the clear and distinct knowing is awareness 7. Also, immediately practicing the form of wisdom with a method of anesthesia 8, and holding the breath, the sound of “tsi” arises in the abdomen, practicing the sound of wisdom 9, and then, forcibly looking at the nature of wisdom, that is: the six yogas of darkness, which are the ten aspects of Tögal 10. In any of these, as long as one has realized the nature of mind, abiding without distraction, without forgetting, and without grasping is exceedingly wonderful. Thus, following the nature of wisdom, profound and easy to understand, possessing excellent qualities, unheard of anywhere, only with the power of habituation, Gaga Abhya is known for ninefold pride. This was also spoken by Padma Khaklong Yangba in the presence of the venerable lama Tsultrim. Good! Good! Good! The supreme path of wisdom’s manifestation.
============================================================
同部經論
與本文同名或相近的其他版本、科判、譯文與註疏。