菩薩藏佛教學會
20
背景
翻譯
下載 ▾

DNJ008_0034.拙火的修習g2.0f

================== 第 1 段 ================== 【原始藏文】 གཏུམ་མོའི་ལག་ལེན། གཏུམ་མོའི་ལག་ལེན། གཏུམ་མོའི་ལག་ལེན་ནི། ཟླ་བ་གཅིག་གི་དབང་དུ་བྱས་ན། ཞག་བཅུ་ལ་སྔོན་འགྲོ་དང་། ཞག་ལྔ་ལ་དབུ་མ་ཆེ་བསྐྱེད་ཆུང་བསྐྱེད། ཞག་ལྔ་ལ་རླུང་དང་ལོག་གནོན་གྱི་འབེབས། ཞག་ལྔ་ལ་གཏུམ་མོའི་མེ་དམིགས་དང་ཞི་བའི་འབེབས། ཞག་ལྔ་ལ་དཔྱིད་ཐིག་དང་ཁྲོ་བོའི་འབེབས་སོ། །ཡིད་ཀྱི་རིག་མ་བསྒོམ་པས་ལམ་སྦྱང་ན་སྔོན་འགྲོ་ཞག་ལྔ་ལས་མི་བྱེད་དོ། ། དེ་དམིགས་པ་ནི། རང་ཉིད་ཀུན་བཟང་ཆེ་མཆོག་གང་རུང་དུ་གསལ་ལ་ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ཞི་ཁྲོ་དམ་པ་རིགས་བརྒྱའི་རང་རྩལ་ཉི་མ་ལ་འོད་བཞིན་རྫོགས་པར་བསམ་ལ། ལུས་དབུས་གཡས་སུ་རོ་མ་དཀར། གཡོན་རྐྱང་མ་དམར། དབུས་དབུ་མ་མཐིང་སྐྱ་གསལ། མདུན་དུ་ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས་འདུས་པ་དང་། འབྱུང་བཞིའི་བཅུད་ཀྱི་རླུང་ཁ་དོག་ལྔ་ལྡན་སྤོས་རིང་གི་དུད་པ་ལྟར་སྣ་ནས་དྲངས་ཏེ་རོ་རྐྱང་བརྒྱུད་ནས་དྭངས་མ་དབུ་མར་བསྟིམ། གཞིལ་བས་དྭངས་སྙིགས་ཕྱེས། སྙིགས་མའི་དྭངས་བཅུད་ལྟེ་འོག་ཏུ་མནན། སྙིགས་མ་ཕྱིར་འཕངས་པ་སྟེ། སྟེང་རླུང་མནན། འོག་རླུང་བསྡམས། བར་རླུང་བསྐྱིལ་བ་མཉམ་བཞག་གི་རླུང་ངོ་། །རྒྱུན་དུ་འཇམ་རླུང་བཟུང་བ་རྗེས་ཐོབ་གྱི་རླུང་ངོ་། །དེ་ནས་དབུ་མའི་ཡར་མར་གྱི་སྣ་ལས་ཨ་ཤད་དམར་པོ་དང་ཧཾ་ཡིག་དཀར་པོ་གསལ་ལ་ལྟེ་འོག་ཏུ་ཡཾ་གསལ་སྣ་ནས་རླུང་དྲངས་འོག་རླུང་བསྐུམ་པས་ཡཾ་ལས་རླུང་གཡོས། ཨ་ལས་མེ་འབར་བས་སྤྱི་བོའི་ཧཾ་ཞུ་ནས་ཐིག་ལེ་ཕྲན་དུ་བབས་པས་མེ་གསོས་བྱས་ཏེ་ཆེར་འབར་འཛག་བྱས་པས་སྙིང་ཀའི་རྩ་འདབ་ན་ཞི་བ་བཞི་བཅུ་རྩ་ལྔ། སྤྱི་བོའི་རྩ་འདབ་ན་ཁྲག་འཐུང་ཁྲོ་བོ་རོལ་བ་ལ་མཆོད་པ་འབུལ་བས་ཐུགས་བདེ་སྟོང་གི་རོས་ཚིམ་ནས་བདག་གི་མ་དག་པའི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག་ནས་འཁོར་ལོ་ལྔ་ལ་བབས་པས་དགའ་བ་མཆོག་དགའ་ཁྱད་དགའ་ལྷན་དགའ་དགའ་བྲལ་རྣམས་ཉམས་སུ་མྱོང་བས་དབང་ལྔ་ཐོབ། ཉོན་མོངས་ལྔ་གནས་སུ་དག །ཡེ་ཤེས་ལྔ་མངོན་དུ་གྱུར་པར་བསམ་པ་དང་། ཐིག་ལེ་ལྡོག་ནས་གཙུག་ཏོར་ནས་འཁོར་ལོ་ལྔ་ལ་དགྲམ་ནས་སྤྲོས་བྲལ་གྱི་ཡེ་ཤེས་ལ་མཉམ་པར་བཞག་གོ ། གཏུམ་མོའི་ལག་ལེན།

【漢語翻譯】 拙火的修習。 拙火的修習。 拙火的修習是:如果以一個月為單位,十天為前行,五天為大中小增,五天為風和逆壓的降伏,五天為拙火的火觀和寂靜的降伏,五天為精滴和忿怒的降伏。如果以意之明點修習道,則前行只需五天。 其觀想是:自己觀想為普賢王如來或勝樂金剛皆可,思維智慧幻化游舞的寂怒本尊百部自性如日光般圓滿。身體中脈右側為白色羅瑪脈,左側姜瑪脈為紅色,中間中脈為藍灰色。前方觀想十方諸佛的加持彙集,以及四大精華之風,具足五種顏色,如長香的煙霧般從鼻孔吸入,通過羅姜脈融入清凈的中脈。通過擠壓,分離清凈與污垢。將污垢的清凈精華壓于臍下。將污垢向外拋出,即上風壓制,下風收攝,中間風充滿,這是等持之風。經常保持柔和的風,這是后得之風。然後,從中脈上下兩端觀想紅色阿(藏文:ཨ,梵文天城體:अ,梵文羅馬擬音:a,漢語字面意思:阿)字和白色吽(藏文:ཧཱུྃ,梵文天城體:हूँ,梵文羅馬擬音:hūṃ,漢語字面意思:吽)字,在臍下觀想明亮的揚(藏文:ཡཾ,梵文天城體:यं,梵文羅馬擬音:yaṃ,漢語字面意思:揚)字,從鼻孔吸氣,收縮下風,揚(藏文:ཡཾ,梵文天城體:यं,梵文羅馬擬音:yaṃ,漢語字面意思:揚)字令風搖動。阿(藏文:ཨ,梵文天城體:अ,梵文羅馬擬音:a,漢語字面意思:阿)字令火燃燒,融化頂輪的吽(藏文:ཧཱུྃ,梵文天城體:हूँ,梵文羅馬擬音:hūṃ,漢語字面意思:吽)字,降下微細明點,以此助燃火焰,使其猛烈燃燒並滴落,於心間脈瓣處,對四十五尊寂靜尊獻供,于頂輪脈瓣處,對飲血忿怒尊獻供,令其心滿意足於樂空之味,從而使自己的不凈身語意三門的一切罪障習氣全部清凈,降臨於五輪,體驗歡喜、勝喜、殊喜、俱生喜、離喜,獲得五種自在。五毒轉為清凈。五智得以顯現,如此思維。明點回流,從頂輪向五輪擴散,安住于離戲的智慧中。 拙火的修習。

【英語翻譯】 The Practice of Tummo. The Practice of Tummo. The practice of Tummo is: If taking a month as a unit, ten days for preliminaries, five days for increasing the central channel in large and small ways, five days for the subjugation of wind and counter-pressure, five days for the fire visualization of Tummo and the subjugation of peace, five days for the spring drop and the subjugation of wrath. If the path is practiced by meditating on the mind’s awareness, then the preliminary only needs five days. The visualization is: Visualize yourself as Samantabhadra or Hevajra, whichever is clear, and think that the peaceful and wrathful deities of wisdom’s illusory play, the self-nature of the hundred families, are complete like light in the sun. In the center of the body, the white Roma channel is on the right, the red Kyangma channel is on the left, and the central channel in the middle is clear blue-gray. In front, visualize the blessings of the Buddhas of the ten directions gathering, and the wind of the essence of the four elements, possessing five colors, drawn from the nose like the smoke of long incense, passing through the Ro-Kyang channels and dissolving into the pure central channel. By squeezing, separate the pure from the impure. Press the pure essence of the impure down below the navel. Throw the impure outwards, that is, suppress the upper wind, restrain the lower wind, and fill the middle wind, this is the wind of equipoise. Constantly holding the gentle wind is the wind of subsequent attainment. Then, from the upper and lower ends of the central channel, visualize a red A (藏文:ཨ,梵文天城體:अ,梵文羅馬擬音:a,漢語字面意思:阿) syllable and a white Hum (藏文:ཧཱུྃ,梵文天城體:हूँ,梵文羅馬擬音:hūṃ,漢語字面意思:吽) syllable, and below the navel, visualize a clear Yam (藏文:ཡཾ,梵文天城體:यं,梵文羅馬擬音:yaṃ,漢語字面意思:揚) syllable. Draw in air from the nose, and by contracting the lower wind, the Yam (藏文:ཡཾ,梵文天城體:यं,梵文羅馬擬音:yaṃ,漢語字面意思:揚) syllable causes the wind to move. The A (藏文:ཨ,梵文天城體:अ,梵文羅馬擬音:a,漢語字面意思:阿) syllable causes the fire to blaze, melting the Hum (藏文:ཧཱུྃ,梵文天城體:हूँ,梵文羅馬擬音:hūṃ,漢語字面意思:吽) syllable at the crown of the head, causing minute drops to descend, fueling the fire, causing it to blaze intensely and drip down. At the heart’s lotus petals, make offerings to the forty-five peaceful deities. At the crown’s lotus petals, make offerings to the blood-drinking wrathful deities, satisfying them with the taste of bliss and emptiness, thereby purifying all the sins, obscurations, and habitual tendencies of one’s impure body, speech, and mind, descending upon the five chakras, experiencing joy, supreme joy, special joy, innate joy, and joy of separation, obtaining the five powers. The five poisons are purified in their place. The five wisdoms are manifested, thus think. The drops reverse, spreading from the crown to the five chakras, and abide in the wisdom free from elaboration. The Practice of Tummo.

============================================================