菩薩藏佛教學會
20
背景
翻譯
下載 ▾

DNJ011_0050.甚深斷法要義彙集六傳承合一g2.0f

================== 第 1 段 ================== 【原始藏文】 ཟབ་དོན་གཅོད་ཀྱི་གནད་བསྡུས་བརྒྱུད་དྲུག་གཅིག་འདུས། ཟབ་དོན་གཅོད་ཀྱི་གནད་བསྡུས་བརྒྱུད་དྲུག་གཅིག་འདུས། ༈ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལསཿ ཟབ་དོན་གཅོད་ཀྱི་གནད་བསྡུས་བརྒྱུད་དྲུག་གཅིག་འདུས་བཞུགས་སོཿ ན་མོ་གུ་རུ་པདྨ་ཀཱ་རཱ་ཡེཿ བདུད་གཅོད་ཟབ་མོ་ཉམས་ལེན་པསཿ རྒྱུན་གྱི་རྣལ་འབྱོར་སྤྲོས་པ་མེདཿ བརྒྱུད་ཚུལ་ཀུན་གྱི་ལྡེའུ་མིག་དུཿ མན་ངག་སྒོ་བརྒྱ་འབྱེད་འདི་ལོངསཿ ས་མ་ཡཱཿ དེ་ལ་ཐོག་མར་བདག་དང་ཡུལ་གྱི་འཆིང་བ་ཐད་ཀར་དུ་གཅོད་པའི་ཕྱིར་བྱུང་གནས་འགྲོ་གསུམ་གཟུགས་དབྱིབས་ཁ་དོག་སོགས་ཀྱིས་གང་ཟག་གི་བདག་གམ་སེམས་ལ་དཔྱད་པསཿ བདག་སྟོང་ཉིད་དུ་གོཿ གཅིག་དང་དུ་མ་དངཿ སྒྱུ་མའི་དཔེ་བཅུ་སོགས་ཀྱིས་དཔྱད་པསཿ ཡུལ་སྟོང་ཉིད་དུ་གོ་ཡངཿ སྟོང་པ་ཕན་མེད་གནོད་མེད་དུ་གྱུར་ནསཿ སྙེམས་ཐག་མ་ཆོད་པའི་གང་ཟག་གིཿ གཉན་སར་སོང་ནས་རྐྱེན་དང་བསྲེས་པས་བདུད་བཞི་གཅིག་ཆར་དུ་གཅོད་པའི་ཐབས་མཁས་ཡིན་པསཿ དེ་ལ་སྔ་ནོནཿ བར་ནོནཿ ཕྱི་ནོན་གསུམ་གསུམ་གྱིས་བསྡུས་པའི་ཐོག་མར་སྔ་ནོན་ནིཿ རིམ་པ་གསུམ་དངཿ ཡང་ན་ཐམས་ཅད་ལ་ཁྱབ་པའི་གཅིག་གིས་ཀྱང་ཆོགཿ དང་པོ་རང་གི་གནས་ཁང་ནས་སྔ་ནོན་འཕེན་པ་ནིཿ རང་ཉིད་ཁྲོས་མ་ནག་མོ་ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག་འཛིན་པ་ཞབས་གཉིས་གར་སྟབས་ཀྱིས་པད་ཉི་རོའི་གདན་གྱི་སྟེང་དུ་བརྫིས་པཿ རྣ་ལྟག་གཡས་སུ་ཕག་ཞལ་ངུར་བཿ ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀ་ནས་མཁའ་འགྲོ་སྡེ་ལྔ་དཀར་སེར་དམར་ལྗང་མཐིང་ནག་གཡས་པས་མི་ལྤགས་ཀྱི་གཡང་གཞི་སྡེབ་པས་ཁམས་གསུམ་དབང་དུ་སྡུད་པཿ གཡོན་མི་རྐང་གི་གླང་བུ་འབུད་པས་སྲིད་གསུམ་ཟིལ་གྱིས་གནོན་པཿ ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་སྟེང་འོག་ཏུ་འཕྲོས་པསཿ ཉོན་མོངས་ལྔའི་བསྐྱེད་པའི་ལྷ་འདྲེ་ཐམས་ཅད་དབང་དུ་བསྡུས་ཤིང་བཀུག་ནས་གཉན་ས་དེར་མི་ནག་པོ་གཅིག་ཏུ་བསྒྱུར་ནས་སྲུང་བའི་འཁོར་ལོ་རིམ་པ་དྲུག་གི་ནང་དུ་ཚུད་པར་བསམཿ གཉན་མིག་རིག་ས་དེ་ནས་ཡང་དེ་ལྟར་ཟིལ་ནོན་འཕེན་པ་ནི་སྔ་ནོན་བར་བཿ གཉན་སར་སླེབ་ནས་ཡང་དེ་ལྟར་ཟིལ་ནོན་འཕེན་པ་ནི་སྔ་ནོན་ཕྱི་མའོཿ ཡང་ན་སྔ་ནོན་གསུམ་པོ་ལ་རང་ཁྲོས་མའི་ཐུགས་ཀ་ནས་འོད་ཟེར་སྣང་སྲིད་ཐམས་ཅད་ཁྱབ་པར་འཕྲོས་པསཿ འོད་ཇེ་ཆུང་དུ་འདུས་པའི་ནང་དུ་ལྷ་འདྲེ་ཐམས་ཅད་བསྡུས་ནས་གཉན་ས་དེར་གནས་པའི་མཐར་སྲུང་འཁོར་བསྒོམ་པ་སྤྱིའི་ཟིལ་ནོན་གྱིས་འཐུསཿ བར་ནོན་དང་པོ་ནིཿ བྲོ་ར་ཕུར་ཁྱེར་དམིགས་པ་འདོན་ཆ་བཞིནཿ བར་ན

【漢語翻譯】 甚深斷法要義彙集六傳承合一。 甚深斷法要義彙集六傳承合一。 ༈ 從智慧幻化網中:甚深斷法要義彙集六傳承合一。頂禮上師蓮花生!以甚深斷魔之法精進修持者,無需恒常瑜伽之繁瑣。於一切傳承方式之鎖鑰中,享用開啟百種口訣之此竅訣。薩瑪雅!於此,首先爲了直接斷除我與境之束縛,以生處、住處、去處三者之形狀、顏色等,觀察有情之我或心,了悟我為空性。以一與多,幻化之十喻等觀察,雖了悟境為空性,然若空性轉為無益無害,對於未下定決心之人,前往兇險之地與外緣相合,乃為同時斷除四魔之善巧方便。因此,分為前鎮伏、中鎮伏、后鎮伏三者,首先前鎮伏為:三個次第,或者以遍及一切之一亦可。首先從自己之住所發出前鎮伏為:自身觀為黑怒母,右持彎刀,左持顱血,雙足以舞姿踩踏于蓮花、日輪、人尸之座墊上,右耳後有豬面發出哼哼之聲,于顯現一面二臂之心中,發出五部空行母,白黃紅綠藍黑,右持人皮之招財物,以此攝集三界,左吹人腿之骨號,以此威壓三有。向東、南、西、北、四隅、上、下放射,將由五毒所生之天魔鬼怪全部攝集並勾招,轉變為一個黑人,觀想其處於六重次第之守護輪中。從兇險之眼識處,再次如是發出威鎮,是為前鎮伏之中鎮伏。到達兇險之地后,再次如是發出威鎮,是為前鎮伏之後鎮伏。或者對於前鎮伏三者,從自身怒母之心間,放射光芒遍及一切顯有,光芒逐漸縮小,將一切天魔鬼怪攝集於其中,觀想其安住于兇險之地,最後以守護輪守護,以共同之威鎮即可。中鎮伏之初為:如跳神、持橛、觀想、唸誦四者一般。中鎮

【英語翻譯】 Profound Meaning of Cutting: Key Points, Six Lineages, United as One. Profound Meaning of Cutting: Key Points, Six Lineages, United as One. ༈ From the Wisdom Illusion Net: Profound Meaning of Cutting: Key Points, Six Lineages, United as One. Homage to Guru Padmakara! By practicing the profound demon-cutting, there is no need for the complexity of constant yoga. Among the keys to all transmission methods, enjoy this instruction that opens a hundred doors of secret instructions. Samaya! Here, first, in order to directly cut the bonds of self and object, examine the self or mind of sentient beings through the form, color, etc., of the three places of origin, dwelling, and going, and realize the self as emptiness. By examining with one and many, the ten similes of illusion, etc., although realizing the object as emptiness, if emptiness turns into something useless and harmless, for those who have not made a firm decision, going to a dangerous place and combining with external conditions is a skillful means of cutting the four demons simultaneously. Therefore, it is divided into three: prior subduing, intermediate subduing, and subsequent subduing. First, the prior subduing is: three stages, or it can be done with one that pervades everything. First, emitting the prior subduing from one’s own dwelling is: visualizing oneself as the black wrathful mother, holding a curved knife in the right hand and a skull cup filled with blood in the left, with both feet dancing on a lotus, sun disc, and corpse cushion, with a pig face grunting on the right ear, from the heart of the one-faced, two-armed form, emanate the five classes of dakinis, white, yellow, red, green, blue-black, holding a human skin wealth hook in the right hand, thereby gathering the three realms, blowing a human leg bone trumpet in the left hand, thereby overpowering the three existences. Radiating to the east, south, west, north, intermediate directions, above, and below, gather and summon all the gods and demons born from the five poisons, transform them into a single black person, and visualize them as being within the six-layered protective wheel. From that dangerous eye-consciousness place, again emit such overpowering, which is the intermediate subduing of the prior subduing. After arriving at the dangerous place, again emit such overpowering, which is the subsequent subduing of the prior subduing. Or, for the three prior subduings, from the heart of one’s own wrathful mother, radiate light pervading all phenomena, the light gradually shrinking, gather all the gods and demons within it, visualize them as abiding in the dangerous place, and finally protect them with a protective wheel, which is sufficient with the common overpowering. The beginning of the intermediate subduing is: like the four aspects of sacred dance, holding a stake, visualization, and recitation. Intermediate

============================================================

================== 第 2 段 ================== 【原始藏文】 ོན་བར་བ་ནིཿ བདག་ཟིལ་གྱིས་ནོན་ཕྱིར་བདག་འཛིན་གྱི་སྙེམས་ཐག་བཅད་དེཿ བདག་མེད་དང་ཁྲོས་མར་བསྒོམཿ གནས་ཟིལ་གྱིས་ནོན་ཕྱིར་ལུས་པོ་ལུང་པ་གང་བར་བསམ་པའི་འོག་ཏུ་གནས་དེའི་ལྷ་འདྲེ་མི་ནག་ཏུ་གསལ་བ་དེ་མནན་ནས་སྐད་ངན་ཙི་རི་རི་འདོན་པར་བསམཿ ལྷ་འདྲེ་ཟིལ་གྱིས་ནོན་ཕྱིར་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་འོད་ཟེར་སྔར་ལྟར་སྤྲོས་ནས་གདན་འོག་གི་མི་ནག་ལ་ཡང་ཡང་ཐིམ་པར་བསམཿ བར་ནོན་ཐ་མ་ནིཿ བར་བར་དུ་ལུས་སྦྱིན་བྱས་ནས་མགྲོན་གྱི་ལྷ་འདྲེ་ཐམས་ཅད་སྔར་ལྟར་བསྟིམས་པ་དངཿ ཅི་ནས་ཀྱང་སློང་མ་ཐུབ་ན་རི་བོ་ཁམ་ཆོད་ལ་སོགས་པ་མཐར་གཏད་ཀྱི་དམིགས་པ་བྱ་བའོཿ ཕྱི་ནོན་དང་པོ་ནིཿ ཤ་ཁྲག་མགྲོན་དུ་འགྱེད་ནས་གནས་དེའི་ལྷ་འདྲེ་དྲེགས་ཤོས་རྣམས་ལ་ངའི་གནས་འདིར་སྔར་མེད་ཀྱི་ལྷ་འདྲེ་ནང་དུ་མ་བཏངཿ འདིར་གནས་ཀྱི་ལྷ་འདྲེ་ཕྱིར་མ་བཏངཿ ཁྱེད་རྣམས་ཀྱིས་ཕྱག་མཆོད་ཀྱི་རྟེན་འདིའི་གྱིས་ཤིགཿ ཅེས་ཨོཾ་ཨཱཿཧཱུྃ་བྲིས་ལ་རབ་གནས་བྱས་ཏེ་བཞག་པའོཿ ཕྱི་ནོན་བར་བ་ནིཿ ཁྲོཾ་གཅིག་བྲིས་པ་བྱ་ཁྱུང་མེ་འབར་བར་བསྒོམ་ལ་ཤ་ཁྲག་གི་ཕོག་གཏད་ནས་ངའི་རྗེས་སུ་ལྷ་འདྲེ་མ་མངག་ཞེས་ཕྲིན་ལས་བཅོལ་ལ་ཕྱི་བལྟས་མི་བྱེད་པར་འགྲོའོཿ ཕྱི་ནོན་ཐ་མ་ནིཿ རང་གི་རྣམ་ཤེས་ཕཊ་ཀྱིས་དབྱིངས་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་བསྲེས་ཏེ་དབྱིངས་ལས་འོད་ཟེར་ཁ་དོག་ལྔ་ལྡན་ཤིན་ཏུ་ཕྲ་བའི་ནང་དུ་རིག་པ་འོད་ཀྱི་ཐིག་ལེ་འདྲིལ་ནས་རང་ཁྱིམ་དུ་སོང་བར་བསམ་པའམཿ གཉན་ས་གཞན་དུ་འགྲོ་ན་དེ་ནས་སྔ་ནོན་འཕེནཿ ལར་གཉན་སར་འགྲོ་དུས་སྦྲུལ་ནག་འཁྱིལ་འགྲོས་ཀྱིས་ལྷ་འདྲེ་ཐམས་ཅད་དེད་དེ་འགྲོ་བར་བསམ་པ་དངཿ མཁའ་འགྲོའི་གར་འགྲོས་གྱིས་ལྷ་འདྲེ་རང་ལུས་ལ་བསྟིམས་ཏེ་འགྲོ་བར་བསམ་པ་དངཿ ལྟ་བའི་གདེང་འགྲོས་ཀྱིས་འཁོར་འདས་རང་སྣང་དུ་ཤེས་པའི་ངང་ནས་འགྲོ་བར་བསམ་པ་སོགས་འགྲོ་ལུགས་ལྔ་སོགས་གང་རུང་གིས་འགྲོཿ དེའི་སློང་ཚད་ལ་དགའ་སྡུག་རེ་དོགས་སྐྲག་དངངས་སོགས་འབྱུངཿ ཚར་ཚད་ལ་དབང་དུ་འདུས་པཿ ཟིལ་གྱིས་གནོན་པཿ བྲན་དུ་ཁོལ་བའི་རྟགས་སོགས་ཡོད་ཀྱང་ཀུན་ལ་དགའ་སྡུག་རེ་དོགས་མི་བྱ་བརཿ ལྟ་བ་སྟོང་ཉིད་ཀྱི་ངང་མདངས་དང་མ་བྲལ་བར་བྱའོཿ ཐུན་བཞིར་ཞི་གཅོད་དཀར་འགྱེད་དང་ཁྲ་འགྱེདཿ དྲག་གཅོད་དམར་འགྱེད་དང་ནག་འགྱེད་སོགས་བྱའོཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཅེས་པ་འདི་ཡང་གནད་དོན་གོ་སླ་བར་དྲིལ་དེ་ག་གཱ་བས་སོ། ། ཟབ་དོན་གཅོད་ཀྱི་གནད་བསྡུས་བརྒྱུད་དྲུག་གཅིག་འདུས།

【漢語翻譯】 其次,中間壓制是:爲了壓制我執,斷除我執的驕慢,修持無我和忿怒尊。爲了壓制處所,觀想身體充滿山谷,壓制處所的鬼神顯現為黑人,併發出難聽的「吱吱」聲。爲了壓制鬼神,觀想所有顯現存在的鬼神如前一樣放出光芒,並反覆融入座下的黑人中。中間壓制的最後是:不斷地佈施身體,如前一樣融入所有賓客鬼神,如果無論如何都無法乞討,則觀想以山峰為食等作為最後的施捨目標。外壓制的第一個是:將血肉作為賓客佈施,對處所中最傲慢的鬼神說:「不要讓以前沒有的鬼神進入我的處所,不要將住在這裡的鬼神趕出去,你們享用這個供養的依處吧!」這樣寫上嗡(藏文:ཨོཾ,梵文天城體:ओम्,梵文羅馬擬音:oṃ,漢語字面意思:嗡)、啊(藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,漢語字面意思:啊)、吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽),進行開光加持後放置。外壓制的中間是:寫一個仲(藏文:ཁྲོཾ,梵文天城體:,梵文羅馬擬音:,漢語字面意思:仲)字,觀想為鵬鳥燃燒火焰,佈施血肉,囑咐說:「不要派遣鬼神跟隨我」,不要回頭看就走。外壓制的最後是:將自己的心識通過啪(藏文:ཕཊ,梵文天城體:फट,梵文羅馬擬音:phaṭ,漢語字面意思:啪)字融入法界普賢佛母的虛空之中,觀想從法界中發出五種顏色的光芒,在極其微細的光芒中,明覺凝聚成光點,回到自己的家中,或者如果去其他兇險之地,就從那裡開始進行先前的壓制。總之,去兇險之地時,觀想以黑蛇盤旋的方式驅趕所有的鬼神,或者以空行母的舞姿將鬼神融入自己的身體中,或者以見解的堅定姿態,在知曉輪涅是自顯的境界中行走等,以五種行走方式中的任何一種行走。對於其乞討的程度,會產生喜歡、厭惡、希望、恐懼、害怕、驚慌等情緒。對於其降伏的程度,有被控制、被壓制、成為奴僕等的徵兆,但是不要對一切產生喜歡、厭惡、希望、恐懼等情緒,不要與見解空性的光輝分離。在四個時段進行息滅法的白色佈施和雜色佈施,以及猛厲法的紅色佈施和黑色佈施等。薩瑪雅(藏文:ས་མ་ཡཱཿ,梵文天城體:समय,梵文羅馬擬音:samaya,漢語字面意思:誓言),嘉嘉嘉(藏文:རྒྱ་རྒྱ་རྒྱཿ,梵文天城體:,梵文羅馬擬音:,漢語字面意思:)。這也是爲了使要點易於理解而總結的,是噶噶瓦所作。甚深斷法要義精髓六傳承合一。

【英語翻譯】 Secondly, the middle suppression is: In order to suppress ego-grasping, cut off the pride of ego-grasping, and practice selflessness and the wrathful deity. In order to suppress the place, visualize the body filling the valley, suppress the ghosts and spirits of the place appearing as black people, and make unpleasant “squeak” sounds. In order to suppress the ghosts and spirits, visualize all the appearing and existing ghosts and spirits emitting light as before, and repeatedly dissolving into the black person under the seat. The last of the middle suppressions is: Continuously giving the body as alms, dissolving all the guest ghosts and spirits as before, and if begging is impossible, visualize offering the mountain as food as the final offering target. The first of the outer suppressions is: Offering flesh and blood as guests, say to the most arrogant ghosts and spirits of the place: “Do not let ghosts and spirits that did not exist before enter my place, do not drive out the ghosts and spirits living here, may you enjoy this object of offering!” Write Om (藏文:ཨོཾ,梵文天城體:ओम्,梵文羅馬擬音:oṃ,漢語字面意思:Om), Ah (藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,漢語字面意思:Ah), Hum (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:Hum), consecrate and bless it, and place it there. The middle of the outer suppressions is: Write a Trhom (藏文:ཁྲོཾ,梵文天城體:,梵文羅馬擬音:,漢語字面意思:Trhom) character, visualize it as a garuda burning with flames, offer flesh and blood, and instruct: “Do not send ghosts and spirits to follow me,” and leave without looking back. The last of the outer suppressions is: Dissolve one’s own consciousness into the space of Dharmadhatu Samantabhadri through the Phat (藏文:ཕཊ,梵文天城體:फट,梵文羅馬擬音:phaṭ,漢語字面意思:Phat) character, visualize the five-colored light emanating from the Dharmadhatu, and in the extremely subtle light, awareness condenses into a light point and returns to one’s own home, or if going to other dangerous places, start the previous suppression from there. In general, when going to dangerous places, visualize driving away all the ghosts and spirits in the manner of a black snake coiling, or dissolving the ghosts and spirits into one’s own body with the dance of the dakinis, or walking with the firm posture of view, knowing that samsara and nirvana are self-appearing, etc., walking in any of the five ways of walking. For the extent of its begging, emotions such as liking, disliking, hoping, fearing, being afraid, and panicking will arise. For the extent of its subjugation, there are signs of being controlled, suppressed, becoming a slave, etc., but do not have emotions such as liking, disliking, hoping, and fearing for everything, and do not separate from the radiance of the view of emptiness. In the four sessions, perform the white offering and variegated offering of the peaceful cutting method, and the red offering and black offering of the wrathful cutting method, etc. Samaya (藏文:ས་མ་ཡཱཿ,梵文天城體:समय,梵文羅馬擬音:samaya,漢語字面意思:Vow), Gya Gya Gya (藏文:རྒྱ་རྒྱ་རྒྱཿ,梵文天城體:,梵文羅馬擬音:,漢語字面意思:). This is also a summary to make the key points easy to understand, and it was made by Gaga Wa. The essence of the profound meaning of Chod, the essence of the six lineages combined into one.

============================================================