菩薩藏佛教學會
20
背景
翻譯
下載 ▾

LT35_0004.六支瑜伽單座引導略攝心髓g2.0f

================== 第 1 段 ================== 【原始藏文】 སྦྱོར་དྲུག་སྟན་ཐོག་གཅིག་མའི་དམིགས་ཁྲིད་མདོར་བསྡུས་སྙིང་གི་ཐིག་ལེ། སྦྱོར་དྲུག་སྟན་ཐོག་གཅིག་མའི་དམིགས་ཁྲིད་མདོར་བསྡུས་སྙིང་གི་ཐིག་ལེ། སྦྱོར་དྲུག་སྟན་ཐོག་གཅིག་མའི་དམིགས་ཁྲིད་མདོར་བསྡུས་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།། །། འགྱུར་མེད་བདེ་བའི་ཐིག་ལེ་ནི། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །དངོས་པོ་ཀུན་གྱི་སྲོག་ཏུ་འགྲོ། །མངོན་སུམ་ཉིད་དུ་མཐོང་བས་འདུད། དེ་ལ་འདིར་རྫོགས་རིམ་ཐམས་ཅད་ཀྱི་མཐར་ཐུག་པ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་རིམ་པ་མདོར་བསྡུས་པ་བརྗོད་པར་བྱ་སྟེ། དེའང་ཇོ་ནང་ཀུན་སྤངས་ཆེན་པོ་ལ་སྦྱོར་དྲུག་བཀའ་སྲོལ་མི་འདྲ་བ་བཅུ་བདུན་གྱི་རྒྱུན་བཞུགས་ཤིང་ཐམས་ཅད་ཐུགས་ཉམས་སུ་བཞེས་པ་ལས་ཁྱད་པར་དུ་འཕགས་པ་འབྲོ་ལུགས་ཀྱི་མན་ངག་ལ། རི་ཁྲོད་ཞབས་ཀྱི་བཀའ་གསར་པ་བསྣན་པས་གདམས་ངག་གི་ཟབ་ཁྱད་དང་བྱིན་རླབས་ཀྱི་དྲོད་ཚད་ཁྱད་པར་དུ་འཕགས་པ་ རྗེ་བཙུན་སྒྲོལ་བའི་མགོན་པོའི་ཁྲིད་གཞུང་མ་བུ་རྣམས་སུ་གསལ་བར་གསུངས་པ་ཉིད་མྱོང་ཁྲིད་དུ་རྫོགས་པ་ཞིག་གི་དབང་དུ་བྱས་ཏེ། ཐུན་གཅིག་གི་ཁོང་ངམ། ཉིན་ཞག་གཅིག་ལ་རྫོགས་པར་ཉམས་སུ་ལེན་པར་སྤྲོ་བ་དག་གིས། ཐོག་མར་སྐྱབས་འགྲོ། སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར། །ལྷན་སྐྱེས་ཀྱི་བདག་བསྐྱེད་བཅས་ཡུན་རིང་ཐུང་ལོང་ཁྱབ་དང་བསྟུན་ནས་རྫོགས་པར་བཏང་། གལ་ཏེ་སྔོན་འགྲོ་ཚང་མ་མ་འགྲུབ་ཚེ་སྐྱབས་སེམས། །བླ་མའི་རྣལ་འབྱོར་བཅས་ངེས་པར་མེད་དུ་མི་རུང་བས་མོས་གུས་ཀྱིས་རྒྱུད་འཁུལ་ངེས་བྱ། །དེ་ནས་ལུས་གནད་ལྟ་སྟངས་སོར་སྡུད་དངོས་གཞི་དང་མཚུངས་པར་བྱས་ ནས། ལུས་བྱེད་རྩོལ། ངག་སྨྲ་བ། སེམས་དུས་གསུམ་སྤྲོས་པ། འཕོ་བའི་བག་ཆགས་འཛག་པ་དེའི་ཆགས་རྟོག་ལ་མི་ལྟོས་པའི་ལྟོས་མེད་བཞི་ལ་བརྟེན་ནས་ལུས་བྱ་བྱེད། ངག་སྨྲ་བརྗོད། སེམས་རྣམ་རྟོག་གི་སྤྲོས་པས་དབེན་པའི་དབེན་གསུམ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ན་ཆོས་སྤྱི་སྐད་དུ་ཞི་ལྷག་ཟུང་འབྲེལ་དང་། འདི་ཉིད་ཀྱི་ཐུན་མོང་མིན་པའི་རང་སྐད་དུ་སོར་བསམ་གྱི་གཞི་ཐེང་པ་ཡིན་པས་ཐོག་མར་གོམས་ཤུགས་ཆུང་པའི་སྐབས་ཐུན་གྱི་ཕྱེད་ཆ་ཙམ་དབེན་གསུམ་ཁོ་ན་ལ་བསྒྲིལ་པ་གནད་དུ་ཆེ་ཞིང་། དེ་ལྟར་ན་སོར་སྡུད་ཀྱི་ཉམས་མྱོང་རང་ཤུགས་སུ་འཚང་བར་འགྱུར། དངོས་གཞི་སོར་སྡུད་ལ། མཚན་མོའི་རྣལ་འབྱོར་ནི་འབྱོར་ན་མུན་ཁང་དང་མ་འབྱོར་ན

【處理錯誤】 [ { “original_tibetan”: “སྦྱོར་དྲུག་སྟན་ཐོག་གཅིག་མའི་དམིགས་ཁྲིད་མདོར་བསྡུས་སྙིང་གི་ཐིག་ལེ།”, “chinese_translation”: “六支瑜伽單座引導略攝心髓。”, “english_translation”: “A Concise Guide to the Six Yogas in One Session: The Essence of the Heart.” }, { “original_tibetan”: “སྦྱོར་དྲུག་སྟན་ཐོག་གཅིག་མའི་དམིགས་ཁྲིད་མདོར་བསྡུས་སྙིང་གི་ཐིག་ལེ།”, “chinese_translation”: “六支瑜伽單座引導略攝心髓。”, “english_translation”: “A Concise Guide to the Six Yogas in One Session: The Essence of the Heart.” }, { “original_tibetan”: “སྦྱོར་དྲུག་སྟན་ཐོག་གཅིག་མའི་དམིགས་ཁྲིད་མདོར་བསྡུས་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།། །།”, “chinese_translation”: “名為六支瑜伽單座引導略攝心髓之論著。”, “english_translation”: “Herein lies the treatise entitled: A Concise Guide to the Six Yogas in One Session: The Essence of the Heart.” }, { “original_tibetan”: “འགྱུར་མེད་བདེ་བའི་ཐིག་ལེ་ནི། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །དངོས་པོ་ཀུན་གྱི་སྲོག་ཏུ་འགྲོ། །མངོན་སུམ་ཉིད་དུ་མཐོང་བས་འདུད།”, “chinese_translation”: “不變安樂之明點,\n種種影像光明現,\n行於萬物之命脈,\n現量親見故敬禮。”, “english_translation”: “The bindu of unchanging bliss,\nManifesting various luminous images,\nMoving as the life force of all things,\nI bow, seeing it directly.” }, { “original_tibetan”: “དེ་ལ་འདིར་རྫོགས་རིམ་ཐམས་ཅད་ཀྱི་མཐར་ཐུག་པ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་རིམ་པ་མདོར་བསྡུས་པ་བརྗོད་པར་བྱ་སྟེ།”, “chinese_translation”: “因此,此處將講述所有圓滿次第之究竟,即以一座修持金剛瑜伽六支之次第的簡要。”, “english_translation”: “Therefore, here I shall explain a concise sequence for practicing the ultimate of all completion stages, the six-branched Vajra Yoga, in a single session.” }, { “original_tibetan”: “དེའང་ཇོ་ནང་ཀུན་སྤངས་ཆེན་པོ་ལ་སྦྱོར་དྲུག་བཀའ་སྲོལ་མི་འདྲ་བ་བཅུ་བདུན་གྱི་རྒྱུན་བཞུགས་ཤིང་ཐམས་ཅད་ཐུགས་ཉམས་སུ་བཞེས་པ་ལས་ཁྱད་པར་དུ་འཕགས་པ་འབྲོ་ལུགས་ཀྱི་མན་ངག་ལ།”, “chinese_translation”: “其中,覺囊大遍智具有十七種不同的六支瑜伽傳承,並且全部都已融入實修,而在此之上尤為殊勝的是卓氏的口訣。”, “english_translation”: “Among these, the great Jonang Kunkhyen possessed seventeen different lineages of the Six Yogas, and he practiced them all. Particularly outstanding among these is the oral instruction of the Dro tradition.” }, { “original_tibetan”: “རི་ཁྲོད་ཞབས་ཀྱི་བཀའ་གསར་པ་བསྣན་པས་གདམས་ངག་གི་ཟབ་ཁྱད་དང་བྱིན་རླབས་ཀྱི་དྲོད་ཚད་ཁྱད་པར་དུ་འཕགས་པ་”, “chinese_translation”: “加上閉關足的新的教言,使口訣的甚深特點和加持的溫度尤為殊勝。”, “english_translation”: “Adding the new instructions of Retreat Foot, the profound qualities of the instructions and the warmth of the blessings are particularly outstanding.” }, { “original_tibetan”: “རྗེ་བཙུན་སྒྲོལ་བའི་མགོན་པོའི་ཁྲིད་གཞུང་མ་བུ་རྣམས་སུ་གསལ་བར་གསུངས་པ་ཉིད་མྱོང་ཁྲིད་དུ་རྫོགས་པ་ཞིག་གི་དབང་དུ་བྱས་ཏེ།”, “chinese_translation”: “即以至尊救度怙主之引導母論中所明示,且圓滿為實修引導者而作。”, “english_translation”: “Taking as authoritative what is clearly stated in the mother text of the instructions of the venerable Dolpopa, and completing it as an experiential guide.” }, { “original_tibetan”: “ཐུན་གཅིག་གི་ཁོང་ངམ། ཉིན་ཞག་གཅིག་ལ་རྫོགས་པར་ཉམས་སུ་ལེན་པར་སྤྲོ་བ་དག་གིས། ཐོག་མར་སྐྱབས་འགྲོ། སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར། །ལྷན་སྐྱེས་ཀྱི་བདག་བསྐྱེད་བཅས་ཡུན་རིང་ཐུང་ལོང་ཁྱབ་དང་བསྟུན་ནས་རྫོགས་པར་བཏང་།”, “chinese_translation”: “樂於在一座或一日內圓滿修持者,首先應將皈依、發心、金剛薩埵觀修唸誦、曼扎、上師瑜伽、俱生本尊生起等,依時間長短而圓滿。”, “english_translation”: “Those who are inclined to practice it completely in one session or one day should first complete the refuge, bodhicitta, Vajrasattva meditation and recitation, mandala offering, guru yoga, and self-generation of the co-emergent deity, according to the length of time available.” }, { “original_tibetan”: “གལ་ཏེ་སྔོན་འགྲོ་ཚང་མ་མ་འགྲུབ་ཚེ་སྐྱབས་སེམས། །བླ་མའི་རྣལ་འབྱོར་བཅས་ངེས་པར་མེད་དུ་མི་རུང་བས་མོས་གུས་ཀྱིས་རྒྱུད་འཁུལ་ངེས་བྱ། །དེ་ནས་ལུས་གནད་ལྟ་སྟངས་སོར་སྡུད་དངོས་གཞི་དང་མཚུངས་པར་བྱས་”, “chinese_translation”: “如果未能完成所有前行,則皈依、發心、上師瑜伽等是必不可少的,故應以虔誠之心令自相續調柔。然後,身體姿勢、觀視等應與收攝次第正行相同。”, “english_translation”: “If all the preliminaries are not completed, then refuge, bodhicitta, and guru yoga are indispensable, so one should definitely tame one’s mind stream with devotion. Then, the posture and gaze should be the same as in the actual practice of retraction.” }, { “original_tibetan”: “ནས། ལུས་བྱེད་རྩོལ། ངག་སྨྲ་བ། སེམས་དུས་གསུམ་སྤྲོས་པ། འཕོ་བའི་བག་ཆགས་འཛག་པ་དེའི་ཆགས་རྟོག་ལ་མི་ལྟོས་པའི་ལྟོས་མེད་བཞི་ལ་བརྟེན་ནས་ལུས་བྱ་བྱེད། ངག་སྨྲ་བརྗོད། སེམས་རྣམ་རྟོག་གི་སྤྲོས་པས་དབེན་པའི་དབེན་གསུམ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ན་ཆོས་སྤྱི་སྐད་དུ་ཞི་ལྷག་ཟུང་འབྲེལ་དང་།”, “chinese_translation”: “然後,依靠不依賴於身體的造作、語言的言說、以及心的三時戲論、遷識的習氣滴漏之執著的四種無依賴,使身體的作為、語言的言說、以及心的分別念戲論皆寂滅的三種寂滅之殊勝,于自相續中生起。以共同的佛法術語來說,即是止觀雙運。”, “english_translation”: “Then, relying on the four independences that do not depend on the clinging to the actions of the body, the speech, the three times of the mind’s elaboration, and the dripping of the habits of transference, the special three isolations that are devoid of the actions of the body, the speech, and the elaborations of the mind’s conceptual thoughts arise in one’s mind stream. In common Dharma terminology, this is the union of calm abiding and insight.” }, { “original_tibetan”: “འདི་ཉིད་ཀྱི་ཐུན་མོང་མིན་པའི་རང་སྐད་དུ་སོར་བསམ་གྱི་གཞི་ཐེང་པ་ཡིན་པས་ཐོག་མར་གོམས་ཤུགས་ཆུང་པའི་སྐབས་ཐུན་གྱི་ཕྱེད་ཆ་ཙམ་དབེན་གསུམ་ཁོ་ན་ལ་བསྒྲིལ་པ་གནད་དུ་ཆེ་ཞིང་།”, “chinese_translation”: “以其不共的自語來說,是收攝思維的基礎,因此最初在尚未習慣時,將一座的一半時間專注於三種寂滅極為重要。”, “english_translation”: “In its unique terminology, it is the basis for the retraction of thought, so it is crucial to focus about half of the session solely on the three isolations, especially when one is not yet accustomed to it.” }, { “original_tibetan”: “དེ་ལྟར་ན་སོར་སྡུད་ཀྱི་ཉམས་མྱོང་རང་ཤུགས་སུ་འཚང་བར་འགྱུར། དངོས་གཞི་སོར་སྡུད་ལ། མཚན་མོའི་རྣལ་འབྱོར་ནི་འབྱོར་ན་མུན་ཁང་དང་མ་འབྱོར་ན”, “chinese_translation”: “如此一來,收攝次第的體驗便會自然而然地增長。于正行收攝次第中,夜晚瑜伽若能做到,則于暗室,若不能做到,則”, “english_translation”: “In this way, the experience of retraction will naturally increase. In the actual practice of retraction, for the night yoga, if possible, in a dark room, and if not possible, then…” } ]

============================================================

================== 第 2 段 ================== 【原始藏文】 ་ཤིན་ཏུ་གནག་པའི་མུན་པར། རྐང་པ་སྐྱིལ་ཀྲུང་བཅའ། ལག་པ་ཁུ་ཚུར་བརླ་བཞག །སྒལ་བ་མདུན་རྒྱབ་དགྱེ་རྒུ་མེད་པར་དྲང་པོར་བསྲང་། མགྲིན་པས་ཨོལ་མདུད་མནན། ལྕེ་ཡ་རྐན་ལ་སྦྱར། མིག་སྨིན་མཚམས་སོར་བཅུ་དྲུག་གི་ནམ་མཁར་ཧ་ཅང་འབྱེད་པ་དང་བཙུམ་པ་མ་ཡིན་པར་མུན་པར་ནག་ཐི་ངེ་བ་ལ་གྱེན་ཏུ་ཟློག་པའི་ཚུལ་གྱིས་བལྟ། ཡུན་ཐུང་ལའང་དམ་པོ་གྲུབ་ན་ལེགས། །ཐོག་མར་རླུང་རོ་ལན་གསུམ་འཇམ་པར་དབྱུང་། དེ་མཚམས་རང་བབ་རྒྱུ་རུ་གཞུག །སེམས་གནད་གང་ཡང་ཡིད་ལ་མི་བྱེད་པར་རྟོག་མེད་དུ་ཅིག་ནས་བཞག །དབེན་གསུམ་གོམས་ཤུགས་ཆུང་བའི་དབང་ གིས་བསམ་མེད་ཀྱི་རྣལ་འབྱོར་གནད་དུ་མ་སོང་བར་བྱིང་རྒོད་ཀྱི་དབང་དུ་གྱུར་ན་རིག་པ་ཧུར་ཕྱུངས་ཏེ་ལྟ་སྟངས་ཀྱི་ལམ་ནས་ནམ་མཁའི་དབུས་སུ་ཤེས་པ་དྲག་ཏུ་གཏད། ད་ལྟར་བའི་ཤེས་པ་ལ་བཟོ་མ་བཅོས་པ་རྩོལ་མེད་དུ་བཞག །ཤེས་ན་མཉམ་བཞག་གི་སྐྱོན་འབྱུང་བའི་ཡུལ་མེད་པས་བཟོ་མེད་དུ་འཇོག་པ་ལ་རྩ་བར་བྱ། ལུས་གནད་སྐྱེ་དགུ་སོགས་དང་སེམས་གནད་བྱིངས་རྒོད་སོགས་ཀྱི་སྐྱོན་ཐེབས་པ་ལ་ཡུན་རིང་དུ་བསྒོམས་ཀྱང་མྱོང་རྟགས་མི་སྐྱེ་བ་མ་ཟད་གེགས་ལྡང་བ་སང་བས་ཐོག་མ་ནས་ལུས་སེམས་གནད་ལེགས་པར་བཅོས་ཤིང་བཏང་སྙོམས་དབང་དུ་མ་ཤོར་བ་ཤིན་ཏུ་གལ་ཆེ། །གནད་དུ་སོང་ན་རིང་པོར་མི་ཐོགས་པར་རླུང་དབུ་མར་ཞུགས་པས་བདེ་གཤེགས་སྙིང་པོའི་རང་བཞིན་ཕྱོགས་ཙམ་མཐོང་བའི་མཚོན་བྱེད་དུ། དུ་བ། སྨྲིག་རྒྱུ། མཁའ་སྣང་། མར་མེ་བཅས་མཐོང་བར་འགྱུར་ཏེ་མཚན་མོའི་རྣལ་འབྱོར་རོ། །དེ་ཉིད་ཅུང་ཟད་འགྱངས་ནས་སྤྲིན་དང་བསེར་བུ་མེད་པའི་སྐབས་ནམ་མཁའ་དྭངས་ཤིང་རྒྱ་ཆེ་བར་མཐོང་བའི་སར། རང་གི་ལུས་གྲིབ་མར་བསྡད་ནས་ཉི་འོད་མི་ཕོག་པར་བྱས། སྔ་དྲོ་ཁ་ནུབ། དགོངས་མོ་ཤར་དུ་ཕྱོགས་པས་མིག་ལའང་ཉི་འོད་དང་གངས་རི་སོགས་མ་ཕོག་པར་ཤིན་ཏུ་གདངས་ཏེ་འབྲུ་ཚུགས་སུ་ལྟ་བ་ཁྲོ་བོའི་ལྟ་སྟངས་ཀྱིས་སྤྲིན་མེད་ནམ་མཁའ་སྔོ་སང་ངེ་བ་ལ་བལྟས་ཏེ་རང་སེམས་གསལ་ སྟོང་དང་དབྱེར་མེད་དུ་མཉམ་པར་བཞག་པས། འབར་མ། ཟླ་བ། ཉི་མ། རྡོ་རྗེ། མཆོག་གི་ཆ། ཐིག་ལེ་སྟེ་རྟགས་དྲུག་པོ་འཆར། སྔ་ཕྱི་བསྡོམས་པའི་རྟགས་བཅུ་པོ་དེ་ངེས་པའི་རྟགས་ཡིན་ཞིང་། །དབང་པོའི་ཁྱད་པར་གྱིས་མ་ངེས་པའི་རྟགས་སྣང་མཐའ་ཡས་པ་འཆར་ནའང་སོར་སྡུད་ཀྱི་རྟགས་སྣང་སྟོང་གཟུགས་མཐོང་བ་ལམ་རྟགས་ཉིད་ཡིན་གྱི་བཟང་ངན་གང་དུའང་རྟོག་པར་མི་བྱའོ། །འདི་སྐབས་སྟོང་གཟུགས་ཇི་ཙམ་མཐོང་རུང་དེ

【漢語翻譯】 在極其黑暗的夜晚,雙腿跏趺坐,雙手握拳置於大腿上,脊柱不前傾後仰,正直豎立,喉嚨壓住喉結,舌抵上顎,眼睛在眉間上方十六指寬的虛空中,不要過度睜開或閉合,而是以向上凝視的方式注視黑暗,即使時間短暫,如果能穩固下來也很好。首先,輕柔地呼出三次氣息,然後讓其自然流動。心中不要思慮任何事物,保持無念狀態。由於不熟悉三處寂靜,無念瑜伽若未達到要點,而被昏沉和掉舉所控制,則應集中注意力,通過觀視的方式,將意識強烈地投向虛空中央,保持當下覺知的狀態,不加修飾,毫不費力。如果有所知覺,就會出現禪定的過失,因此,無造作地安住是根本。如果身體姿勢(如生殖器等)和心理狀態(如昏沉掉舉等)出現問題,即使長時間修習,也不會產生體驗和徵兆,反而會產生障礙,因此,從一開始就良好地調整身心姿勢,不陷入放任自流的狀態,至關重要。如果掌握了要點,不久之後,氣息進入中脈,作為證悟如來藏自性的象徵,將會看到煙霧、陽焰、虛空景象、燈火等,這就是夜晚的瑜伽。在那之後稍作休息,在沒有云和微風的時候,在能夠看到晴朗廣闊天空的地方,讓自己的身體處於陰影中,避免陽光照射。早上面向西方,傍晚面向東方,眼睛也要避免陽光和雪山的照射,以憤怒的姿態,極度睜大地注視著湛藍的無雲天空,使自心與光明空性無二無別地安住。這樣,將會顯現火花、月亮、太陽、金剛、殊勝之相、明點等六種徵兆。前後加起來的十種徵兆是確定的徵兆。由於根器的差異,即使顯現出無數不確定的徵兆,見到收縮的徵兆、空性之相,也是修道之徵兆,不應執著於好壞。此時,無論見到多少空性之相,

【英語翻譯】 In the extremely dark night, sit in the lotus position, place your hands in fists on your thighs. Keep your spine straight without leaning forward or backward. Press the Adam’s apple with your throat, touch your tongue to the upper palate. Gaze at the sky sixteen finger-widths above your eyebrows, without opening or closing your eyes too much, but looking upwards into the pitch-black darkness. It is good if you can stabilize this even for a short time. First, exhale gently three times, then let it flow naturally. Do not think of anything in your mind, remain in a state of non-thought. If, due to lack of familiarity with the three solitudes, the yoga of non-thought does not reach the essential point and you are controlled by dullness and agitation, then focus your awareness and strongly direct your consciousness towards the center of the sky through the method of gazing. Leave the present awareness uncorrected and effortless. If you are aware, there will be faults in meditation, so making non-fabrication the basis is essential. If there are problems with the body posture (such as the genitals) and mental states (such as dullness and agitation), even if you meditate for a long time, you will not generate experiences and signs, but obstacles will arise. Therefore, from the beginning, it is very important to properly adjust the body and mind posture and not fall into a state of indifference. If you grasp the essential point, before long, the breath will enter the central channel, and as a symbol of seeing a glimpse of the nature of the Sugata-garbha, you will see smoke, mirages, sky-like appearances, and lights. This is the yoga of the night. After resting a little, when there are no clouds or breezes, in a place where you can see a clear and vast sky, keep your body in the shade, avoiding sunlight. In the morning, face west, and in the evening, face east, also avoiding sunlight and snow mountains from hitting your eyes. With an extremely wide-open, wrathful gaze, look at the clear blue cloudless sky, and let your mind rest equally, inseparable from clarity and emptiness. In this way, six signs will appear: sparks, the moon, the sun, the vajra, the supreme part, and bindus. The ten signs combined from before and after are definite signs. Due to differences in faculties, even if countless uncertain signs appear, seeing the contracted signs and the appearance of emptiness is a sign of the path, and you should not be attached to good or bad. At this time, no matter how many emptiness-forms you see,

============================================================

================== 第 3 段 ================== 【原始藏文】 ་ལ་མིག་དང་སེམས་མི་གཏོད་པར་ནམ་མཁའ་རྟོག་མེད་དུ་བཞག་པ་ཁོ་ན་ཆེད་དུ་དགོས། བསམ་གཏན་ནི། ལུས་གནད་ངག་གནད་སྔ་མ་དང་འདྲ། སེམས་གནད་སྟོང་གཟུགས་ཀྱི་སྣང་བ་གང་གསལ་གཅིག་ལ་སེམས་བཟོ་མེད་གསལ་རིག་དང་ལྟ་སྟངས་བཅས་ཆེ་རེ་གཏད། ལྟ་མཁན་མཐོང་མཁན་གྱི་རིག་པ་རང་ངོ་ཤེས་ཙམ་ལ་དགག་སྒྲུབ་མེད་པར་བཞག་པས་ཤེས་པ་ནང་དུ་མ་ལུས། སྣང་བ་ཕྱི་རུ་མ་ལུས། བརྗོད་མེད་སྤྲོས་བྲལ་ལ་ངོ་ཤེས་ཀྱི་དྲན་པ་རྒྱུན་ཆགས་པ་ནི་ཤེས་རབ་ཀྱི་ཡན་ལག །སྟོང་གཟུགས་རང་སེམས་ཀྱི་སྣང་ཆར་མྱོང་བ་རྟོག་པའི་ཡན་ལག །དེའང་ཡུལ་ཡུལ་ཅན་སོགས་སྤྲོས་མཚན་ཐམས་ཅད་ལས་འདས་པར་ཤེས་པ་སྤྱོད་པའི་ཡན་ལག་ལུས་སེམས་ལ་སྔར་མེད་བདེ་བས་ཁྱབ་པ་བདེ་བའི་ཡན་ལག །ཏིང་ངེ་འཛིན་ཉིད་བདེ་བར་ཤར་བ་གཡོ་མེད་བདེ་བ་ཤིན་ཏུ་སྦྱོང་བའི་ཡན་ལག་སྟེ། ཡན་ལག་ལྔ་ཆར་ཡར་ལྡན་ཏུ་རྫོགས་ པ་ན་བསམ་གཏན་གྱི་རྣལ་འབྱོར་རྫོགས་པ་ཡིན་ཞིང་། ཐུན་མོང་མ་ཡིན་པའི་རྟགས་ཀྱང་། འོད་འཕྲོ་བ། ཕྲ་བ། འཚེར་བ། འདར་བ། གཞིག་དཀའ་བ་སྟེ་ཆོས་ལྔ་ལྡན་གྱི་ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་གཟུགས་བརྙན་དུ་མ་ཅན་གྱིས་མཚན་པའི་གཟུགས་སྒྲ་དྲི་རོ་རེག་བྱ་རྡོ་རྗེའི་སྣང་བརྙན་སྣ་ཚོགས་པ་འཆར་བས། ཀུན་རྫོབ་ལས་སྣང་སྒྱུ་མ་ལྟ་བུར་རང་ཤུགས་སུ་རྟོགས་པའོ། །འདི་སྐབས་ཐོག་མར་སྟོང་གཟུགས་གཏད་པ་དེར་མི་བརྟན་ཡལ་ཡོལ་བྱེད་ན་དེའི་རྗེས་སུ་མི་འབྲང་བར་ལྟ་སྟངས་རིག་པ་ཐོག་མར་གང་དུ་གཏད་པ་དེ་ཀར་གཟིར་བས་རིམ་གྱིས་སེམས་གཏོད་པ་དེར་སྟོང་གཟུགས་འདུས་ཤིང་བརྟན་པ་ཐོབ་པ་འོང་བས་འདི་གལ་ཤིན་ཏུ་ཆེ། ཤེས་རབ་ཀྱི་ཡན་ལག་སྐྱེས་ནས་ཐོག་མར་རྡེའུ་ནག་པོ་ལྟ་བུ་མིག་ལམ་དུ་མི་གཟན་པའི་དངོས་པོ་ཆུང་ངུའི་ལས་སྣང་དང་བསྲེས་ལ་གོམས་ནས་ལས་སྣང་རྒྱ་ཇེ་ཆེར་བསྲེས་པས་མཐར་སྣང་བ་ཐམས་ཅད་སྟོང་གཟུགས་སུ་འཆར་བར་འགྱུར་བའི་སྒྲ་སོགས་ལའང་དེ་བཞིན་དུ་བསྲེའོ། །སྟོང་གཟུགས་ལ་བརྟན་པ་མ་ཐོབ་ན་མཉམ་བཞག་ཏུ་སོར་སྡུད་ཁོ་ན་ལ་གཟིར། རྗེས་ཐོབ་ཏུ་ལས་སྣང་གང་རུང་ལ་ཆེ་རེ་ལྟ་བའི་མཐོང་བྱ་མཐོང་བྱེད་དབྱེར་མེད་པའི་རང་བཞིན་གསལ་ལ་ངོས་བཟུང་མེད་པ་དེ་རང་ངོ་ཤེས་ཙམ་བྱས་ཏེ་བསྐྱང་བར་བྱའོ། །འདི་སྐབས་རྣམས་སུ་ཡེ་ཤེས་ཕེབས་པའི་ལུས་ཉམས་ ངག་ཉམས་སེམས་ཉམས་བྱུང་ཚེ་སྨྱོ་བ་དང་རླུང་ནད་སོགས་སུ་བཟུང་ནས་བཅོས་བྱས་ན་གེགས་ཤིན་ཏུ་ཆེ་བས་ཉམས་བྱུང་རྒྱལ་དུ་བསྐྱངས་ན་ལེགས་པའི་ཡོན་ཏན་ཡར་ངོའི་ཟླ་བ་ལྟར་འཕེལ་ལ། སྤྱིར་ཐུན

【漢語翻譯】 不要將眼睛和心專注于任何事物,只需要將天空置於無念狀態。禪定是,身體要點和語言要點與之前相同。心的要點是,對於任何清晰顯現的空性之相,都要以無造作的明覺和觀看方式專注。僅僅認識到觀看者和見者的覺性,不作肯定或否定地安住,這樣,知識不會停留在內部,顯現也不會停留在外部。在不可言說、離戲論的狀態中,持續不斷地憶念自性,這是智慧的支分。在空性之相中體驗自心的顯現,這是分別唸的支分。並且,了知一切對境、有境等戲論之相皆已超越,這是行為的支分。身心充滿前所未有的喜樂,這是喜樂的支分。禪定本身顯現為喜樂,無動搖的喜樂是極度串習的支分。當五支全部圓滿具備時,禪定的瑜伽就圓滿了。其共同的征相是:發光、微細、閃耀、顫動、不可摧毀,即具足五法的明點中央,顯現由諸多佛像所標識的色、聲、香、味、觸,以及金剛的各種影像,從而自然而然地了悟到世俗的顯現猶如幻象。此時,如果最初專注的空性之相不穩定而搖擺不定,就不要追隨它,而是要堅持最初專注的觀看方式和覺性,逐漸地,空性之相就會融入並穩定下來,這一點至關重要。在生起智慧的支分后,首先要將如黑石般微小而不引人注目的事物與業相混合並習慣,然後逐漸擴大業相的混合範圍,最終,一切顯現都會轉化為空性之相,聲音等也是如此。如果未能獲得空性的穩定性,就只專注于在等持中收攝。在後得位中,對於任何業相,都要以廣闊的視野來觀察,清晰地認識到能見與所見無二的自性,並保持這種狀態。在這些時候,如果出現智慧降臨的身驗、語驗、心驗,如果將其視為瘋狂或風病等並加以治療,就會產生極大的障礙,如果任其自然發展,就能像上弦月一樣增長功德。總的來說。

【英語翻譯】 Do not fixate your eyes and mind on anything; simply let the sky remain in a state of non-thought. As for meditation, the key points of body and speech are the same as before. The key point of mind is to focus intently, with un fabricated clarity and awareness, on whichever clear appearance of emptiness arises. By merely recognizing the awareness that is the seer and the seen, and remaining without affirmation or negation, knowledge does not remain within, and appearances do not remain without. In the state of inexpressibility and freedom from elaboration, the continuous remembrance of self-recognition is a branch of wisdom. Experiencing the appearances of one’s own mind as emptiness is a branch of conceptualization. Furthermore, knowing that all elaborations and characteristics, such as objects and subjects, are transcended is a branch of conduct. Being pervaded by unprecedented bliss in body and mind is a branch of bliss. The very arising of samadhi as bliss, unwavering bliss, is a branch of intense cultivation. When all five branches are fully complete, the yoga of meditation is perfected. The uncommon signs are also: radiating light, being subtle, shimmering, trembling, and being indestructible—that is, in the center of the bindu endowed with the five qualities, various images of the Buddha, along with manifold vajra-like reflections of form, sound, smell, taste, and touch, will appear, and thus the appearances of conventional reality will be spontaneously realized as being like illusions. At this time, if the emptiness that is initially focused upon is unstable and wavering, do not follow it; instead, persist with the way of seeing and the awareness that was initially focused upon. Gradually, the emptiness will coalesce and become stable in that which the mind is focused upon, so this is extremely important. Once the branch of wisdom has arisen, first mix it with the activities of small, inconspicuous objects, such as a black pebble, and become accustomed to it. Then, gradually mix it with increasingly larger activities, until eventually all appearances transform into emptiness. Do the same with sounds and so on. If stability in emptiness has not been attained, then focus solely on gathering inward in equipoise. In the post-meditation state, observe any activity with a broad perspective, clearly recognizing the nature of the inseparability of the seer and the seen, which is clear and without conceptualization, and maintain that state. During these times, if experiences of the body, speech, or mind arise as signs of the arrival of wisdom, it would be a great obstacle to regard them as madness or wind disorders and treat them accordingly. It is better to let the experiences run their course, as the qualities will increase like the waxing moon. In general.

============================================================

================== 第 4 段 ================== 【原始藏文】 ་མཚམས་རྣམས་སུའང་ལྟ་སྟངས་མི་གཡོ་ཞིང་། དྲན་ཤེས་རྒྱུན་ཆགས་སུ་བརྟེན་ནས་ལམ་གྱི་ཡོན་ཏན་མྱུར་དུ་སྐྱེ་བར་འགྱུར་ཏེ། དེ་དག་གི་སྐུ་རྡོ་རྗེ་སོར་བསམ་གྱི་བསྙེན་པ་ཐོག་མར་དགེ་བའི་རྒྱུ་དང་འབྲས་བུའི་ཡན་ལག་གཉིས་སོ། །སོར་བསམ་ལེགས་པར་མ་འབྱོངས་བར་དུ་ཡན་ལག་ཕྱི་མ་བསྒོམས་ཀྱང་གཞུང་མཐུན་གྱི་ཡོན་ཏན་རྒྱུད་ལ་མི་སྐྱེ་བས་ལག་ལེན་ལའང་དེ་འདྲའི་རྒྱུན་མེད་ཀྱང་ཐུན་གཅིག་གི་ཁོངས་སུ་དམིགས་པའི་རྣམ་གྲངས་ཙམ་ལ་དགའ་བས་འབྲེལ་འཇོག་ལྟ་བུ་བྱེད་པར་སྤྲོ་ན། བྱེད་བཅིངས་སྔ་མ་དང་འདྲ། ལྟ་སྟངས་ཐད་ཀ་ལས་གྱེན་ཏུ་ཅུང་ཟད་ཕྱོགས་པ་སྨིན་མཚམས་ཐད་ཀར་ཧྲིག་གེར་བལྟ། དངོས་གཞི་མན་ལུང་པའི་མཚན་བརྗོད་སྦྱོར་དྲུག་ལུགས་འདི་ལ་གནད་ཐམས་ཅད་ཚང་ཞིང་ལག་ལེན་བདེ་བས། ཐོག་མར་སྣ་གཡས་གཡོན་དབུས་གསུམ་ནས་རླུང་རོ་དལ་བ་དང་། དྲག་པོ་དང་། ཤིན་ཏུ་དྲག་པོ་གསུམ་གསུམ་སྟེ་དགུ་ཕྲུགས་འབུད་ལ་ཕྱི་འཛིན་ཅུང་ཟད་ཀྱི་ཚེ། །འོག་སྒོ་བསྡམས་ལ་ཐུར་སེལ་ཤུགས་དྲག་པོས་ལྟེ་བར་འཐེན། སྟེང་རླུང་དལ་བུས་རྔུབ་བ་དེ་ཉིད་ཨོཾ་གྱི་སྒྲར་མོས་ལ་ལྟེ་བར་མནན། སླར་འོག་རླུང་འཐེན་ཞིང་སྟེང་རླུང་མི་ཐུབ་ན་རྔུབ་ཆུང་དང་བཅས་ཁ་སྦྱོར་བུམ་ཅན་ འཛིན་པ་དེ་ཧཱུྃ་གི་སྒྲ་གདངས་སུ་སེམས་གཏད། ཅིས་ཀྱང་མི་ཐུབ་ཚེ་དལ་བུས་རྒྱུ་བ་མི་མངོན་པ་ཙམ་དུ་ཕྲ་ལ་རིང་བར་ཨཱཿའི་ཡིད་བཟླས་བཅས་ཕྱིར་བཏང་། དེ་ལྟ་བུ་བརྒྱའམ་ཉེར་གཅིག་ལ་སོགས་པ་གང་འགྲུབ་བྱ། གོམས་ནས་གནས་པ་ཇེ་རིང་ལ་འགྲོ་བས་ཚར་གྲངས་ཉུང་དུ་བྱ། གལ་ཏེ་སྟོང་གཟུགས་གསལ་ན། རླུང་ཕྱིར་བཏང་བའི་ཚེ་སྟོང་གཟུགས་ལ་སེམས་དྲག་ཏུ་གཏད། ནང་དུ་འཇུག་དུས་རླུང་གཟུགས་སེམས་གསུམ་མཉམ་ཉིད་དུ་བསྲེ། གནས་པའི་དུས་སུ་འདྲེས་པའི་མྱོང་བའང་བཤིགས་ཏེ་ཚོར་མཁན་གྱི་ཤེས་པ་དབྱིངས་སུ་ཡལ་བ་ལ་མཉམ་པར་བཞག་པ་ཤིན་ཏུ་གལ་ཆེ་བའི་ཟབ་གནད་དོ། །ལག་ལེན་ཤེས་ན་ཐུན་མཚམས་སུ་འཕུར་མཉེ། རྩ་སྦྱོང་སོགས་འཕྲུལ་འཁོར་སྐབས་བསྟུན་བྱས་པས་དབུ་མར་རླུང་རྣམས་ཆུག་ཅིང་ལྟེ་བའི་བུམ་པ་ཅན་འགྲུབ་པར་འགྱུར་རོ། །རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་གདབ་སྟེམས་རིམ་གྱིས་ལྟེ་བ་ལ་སོགས་པའི་འཁོར་ལོ་བཞིའི་མི་ཤིགས་པའི་ཐིག་ལེ་ལ་རླུང་རྣམས་ཐིམ་པར་མོས་ཏེ་བུམ་པ་ཅན་སྔ་མ་ལྟར་བསྒོམ་པ་ནི་འཛིན་པའི་མོས་བསྒོམས་རྗེས་མཐུན་པ་སྟེ་འདི་ལས་གཏུམ་མོའི་འབར་སྣང་སྟོབས་སུ་གྱུར་པས་བདེ་དྲོད་དང་གཞོམ་མེད་ཀྱི་སྒྲ་སོགས་འབྱུང་བ་ཡིན་ན

【漢語翻譯】 在所有禪修期間,也要保持觀看方式不變。依靠持續的覺知,道路的功德會迅速生起。這些是金剛跏趺坐觀想的初步,是善的因和果的兩個分支。在金剛跏趺坐觀想沒有完全掌握之前,即使修習後續的分支,也不會在相續中產生符合經典的功德,所以在實踐中也沒有這樣的持續性。然而,如果喜歡在一個禪修時段內只對觀想的不同方面感到滿意,並像建立聯繫一樣去做,那就和之前的行為束縛一樣。觀看方式稍微向上傾斜,目光筆直地注視眉間。正行是曼隆巴的六合名號唸誦法,它包含了所有的要點,並且易於實踐。首先,從左右中三個鼻孔緩慢地呼出氣息,然後是強烈的和非常強烈的,各三次,總共九次,在稍微屏住呼吸的時候,收緊下門,用強力將下行氣向上拉到臍部。緩慢地吸入上行氣,觀想它變成嗡(藏文:ཨོཾ,梵文天城體:ओम्,梵文羅馬擬音:oṃ,漢語字面意思:嗡)的聲音,並按壓在臍部。再次拉動下行氣,如果無法忍受上行氣,就稍微吸氣,保持結合的寶瓶氣,並將注意力集中在吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)的聲音上。如果實在無法忍受,就緩慢地呼出氣息,細微而悠長,幾乎不可察覺,同時進行阿(藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,漢語字面意思:阿)的意念唸誦。像這樣,盡力做到一百次或二十一次等。一旦習慣,保持的時間會越來越長,所以減少次數。如果空性之相清晰,那麼在呼氣時,將意念強烈地集中在空性之相上。在吸氣時,將氣、形、意三者混合成一體。在保持時,也要打破混合的體驗,將覺知者(的)意識融入法界,這對於保持平等心至關重要,這是一個深刻的要點。如果瞭解了實踐,就在禪修間隙進行伸展運動。根據情況進行脈輪練習等,這樣所有的氣息就會進入中脈,並且能夠成就臍部的寶瓶氣。清晰地觀想三脈和四個脈輪,逐漸地觀想氣息融入臍部等四個脈輪的不壞明點中,像之前的寶瓶氣一樣進行禪修,這就是與執持的意願相符的禪修。從這之中,拙火的火焰會變得強大,從而產生樂暖和不壞之聲等。

【英語翻譯】 During all meditation sessions, maintain a steady gaze. By relying on continuous mindfulness, the qualities of the path will quickly arise. These are the preliminary practices for the Vajra posture contemplation, the two branches of the cause and effect of virtue. Until the Vajra posture contemplation is well mastered, even if the subsequent branches are practiced, the qualities in accordance with the scriptures will not arise in the mindstream, so there is no such continuity in practice. However, if you are content with merely different aspects of visualization within a single session and enjoy doing it as if establishing a connection, it is similar to the previous behavioral bondage. The gaze should be slightly upward from straight ahead, looking directly at the space between the eyebrows. The main practice is the sixfold recitation of names of Manlungpa, which contains all the essential points and is easy to practice. First, exhale slowly from the three nostrils, right, left, and center, then forcefully and very forcefully, three times each, for a total of nine times, while holding the breath slightly. Tighten the lower gate and forcefully draw the downward-moving air upwards to the navel. Inhale the upward-moving air slowly, visualizing it as the sound of Om (藏文:ཨོཾ,梵文天城體:ओम्,梵文羅馬擬音:oṃ,漢語字面意思:嗡), and press it at the navel. Draw the downward-moving air again, and if you cannot bear the upward-moving air, inhale slightly, maintaining the combined vase breath, and focus your mind on the sound of Hum (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽). If you absolutely cannot bear it, exhale slowly, subtly and lengthily, almost imperceptibly, while mentally reciting Ah (藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,漢語字面意思:阿). Do this as much as possible, such as a hundred or twenty-one times. Once accustomed, the duration of holding will increase, so reduce the number of repetitions. If the appearance of emptiness is clear, then when exhaling, focus your mind intensely on the appearance of emptiness. When inhaling, mix the air, form, and mind into one. During the holding, also break the experience of mixing, dissolving the consciousness of the knower into the dharmadhatu, which is extremely important for maintaining equanimity, a profound key point. If you understand the practice, perform stretching exercises during the breaks between sessions. Perform channel exercises and other yogic movements as appropriate, so that all the airs will enter the central channel and the vase breath at the navel will be accomplished. Clearly visualize the three channels and the four chakras, gradually visualizing the airs dissolving into the indestructible bindus of the four chakras, such as the navel, and meditate like the previous vase breath. This is meditation in accordance with the intention of holding. From this, the blazing of tummo becomes powerful, resulting in bliss-warmth and indestructible sounds, etc.

============================================================

================== 第 5 段 ================== 【原始藏文】 ོ། །དེ་དག་ནི་གསུང་རྡོ་རྗེ་ཉེ་བར་བསྙེན་པ་སྲོག་འཛིན་བར་དུ་དགེ་བའི་རྒྱུ་དང་འབྲས་བུའི་ཡན་ལག་གཉིས་སོ། །རྗེས་དྲན་ ཀྱང་མོས་སློབ་ཀྱི་དབང་དུ་བྱས་ཏེ་ལུས་གནད་སྤྱི་ལྟར་ལ། ལག་པ་ཁུ་ཚུར་སྙིང་ཁར་བསྣོལ། ལྟ་ལྟངས་ཐད་ཀར་གཡོ་མེད་དུ་ལྟ། བདག་ཉིད་དུས་ཀྱི་འཁོར་ལོར་གསལ་བ་དང་། ལས་རྒྱའམ་ཡེ་རྒྱ་གང་རུང་སྣ་ཚོགས་ཡུམ་དུ་གསལ། གཉིས་ཀའང་སྟོང་གཟུགས་དང་རོ་གཅིག་ཏུ་བསྲེས་ནས་ཡིད་མི་གཡོ་བར་ཅུང་ཟད་བཞག །སྟོང་གཟུགས་ཀྱིས་རྒྱས་གདབ་མི་ནུས་ན་ལྷ་སྐུ་གསལ་སྟོང་ལ་སེམས་བཟུང་། སྤྱི་མགྲིན་སྙིང་ལྟེ་གསང་བ་གཙུག་ཏོར་དྲུག་ཏུ་ཨོཾ་ཨཱཿཧཱུྃ་ཧོཿསྭཱ་ཧཱཾ་དཀར་དམར་ནག་སེར་སྔོ་ལྗང་གི་རྒྱས་བཏབ། ཡུམ་གྱི་མཁའ་ཨཱ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ཕྲ་མོས་མཚན་པ། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཨཱཿལས་བྱུང་བའི་པདྨ་འདབ་བརྒྱད་དམར་པོ་ཕྲ་མོས་མཚན་པར་གསལ་བཏབ། རྗེས་ཆགས་ཀྱི་སྤྱོད་པ་དང་དབང་པོ་མཉམ་པར་སྦྱོར་བས་དགའ་བ་བཞི་རིམ་པར་སྐྱེ་བ་རེ་རེ་ལའང་བཟུང་བཟློག་ཁྱབ་པའི་གནད་དང་ལྡན་པའི་མཐར། ནོར་བུར་སླེབ་པ་ན་ཐུར་སེལ་དྲག་ཏུ་གློད་ཅིང་སྲོག་ཕྱིར་བསལ། མ་ནིང་གི་རླུང་ཤུགས་ལྡན། ནང་གི་གཏུན་སྡུང་། སེམས་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག་པ་སྟེ་སྒོ་གསུམ་ལ་གནད་བཞི་དང་ལྡན་པས་རྩ་ལྟེམས། རླུང་ལྡོག །རྦ་རླབས་ཞི་ནས་འཕོ་མེད་དུ་གནས་པ་ན་ཧཱུྃ་རིང་དང་ཐུར་སེལ་བསྣོལ་མའི་ཁོང་འདྲེན་གྱིས་ལུགས་ཟློག་ཏུ་བཟློག །འཁོར་ ལོ་དྲུག་པོ་རེ་རེར་བཟློག་པའི་མཐར་ཡང་སྟོང་གཟུགས་ལ་སེམས་བཞག་སྟེ་ལུས་ཀྱི་གནས་རྣམས་དྲག་ཏུ་གཅུད་ཅིང་སྦྲུགས་ལ་བཀྲམ་སྟེ་ཁྱབ་པར། མཐར་བུམ་ཅན་བསྒོམ་ཞིང་ཞུ་བདེའི་ཉམས་དང་འོད་གསལ་སྟོང་གཟུགས་ལ་དམིགས་ནས་མི་གཡོ་གསུམ་ལྡན་གྱི་ངང་སྐྱོང་བས་འཛིན་འདྲེན་བཀྲམ་པ་གསུམ་ཀ་རང་ཤུགས་སུ་འགྲུབ་པའོ། །འདིའི་ཡན་ལག་ཏུ་གཏུམ་མོའི་དམིགས་པ་བསྒོམ་པར་འདོད་ན། རང་ལུས་ལྷ་སྐུ་ཁོང་སྟོང་དུ་གསལ་བའི་དབུས་སུ་རྩ་དབུ་མ་མདའ་སྨྱུག་ཙམ་པ་ལྗང་གུ། གཡས་རོ་མ་དམར་པོ་གཡོན་རྐྱང་མ་དཀར་པོ་དབུ་མ་ལས་སྡབ་འགྱུར་ཕྲ་བ། དབུ་མའི་ཡར་སྣེ་ཚངས་བུག་དང་རོ་རྐྱང་སྣ་བུག་ལ་ཟུག་པ། ལྟེ་བ་མན་ཚད་དབུ་མའི་མར་སྣེ་སྔོན་པོ་གཡས་དང་རོ་མ་ནག་པོ་གཡོན་གྱི་ཆར་ཡོད་པ་གཉིས་གཤིབ་མར་སྣེ་ཅུང་ཟད་འཁྱོག་ནས་གསང་བར་ཟུག་པ། རྐྱང་མའི་མར་སྣི་སེར་པ

【漢語翻譯】 。那些是語金剛近修直至命勤之間善之因與果的支分二者。后念也作意為信解之學,身體要訣如常。雙手握拳于胸前交叉。視線筆直不動地看。自身觀想為時輪,事業手印或智慧手印任何一種觀想為各色各樣的明妃。二者也混合為空色且味道相同,心不搖動地稍作停留。若空色不能增盛,則于明空之本尊身像上繫念。頂喉心臍密處頂髻六處以嗡(藏文:ཨོཾ,梵文天城體:ओ,梵文羅馬擬音:oṃ,漢語字面意思:嗡)、阿(藏文:ཨཱཿ,梵文天城體:आ,梵文羅馬擬音:āḥ,漢語字面意思:阿)、吽(藏文:ཧཱུྃ,梵文天城體:हूँ,梵文羅馬擬音:hūṃ,漢語字面意思:吽)、霍(藏文:ཧོཿ,梵文天城體:हो,梵文羅馬擬音:hoḥ,漢語字面意思:霍)、梭哈(藏文:སྭཱ་ཧཱཾ,梵文天城體:स्वाहा,梵文羅馬擬音:svāhāṃ,漢語字面意思:梭哈)作白色、紅色、黑色、黃色、藍色、綠色的增盛。明妃的虛空,從阿(藏文:ཨཱཿ,梵文天城體:आ,梵文羅馬擬音:āḥ,漢語字面意思:阿)生出紅色八瓣蓮花,其中心以從吽(藏文:ཧཱུྃ,梵文天城體:हूँ,梵文羅馬擬音:hūṃ,漢語字面意思:吽)生出的藍色細小金剛作為標誌。明父的密處,從吽(藏文:ཧཱུྃ,梵文天城體:हूँ,梵文羅馬擬音:hūṃ,漢語字面意思:吽)生出五尖藍色金剛,其中心以從阿(藏文:ཨཱཿ,梵文天城體:आ,梵文羅馬擬音:āḥ,漢語字面意思:阿)生出的紅色八瓣蓮花作為標誌而作觀想。之後,以貪著之行與諸根一同交合,依次生起四喜,于每一個都具有把持、遮止、周遍的要訣,最終。到達寶珠時,猛烈地放鬆下泄並向外呼氣。具有人妖的風力。內部的杵樁。心平等安住于空色大印之上,即三門具有四要訣,因此脈搏微弱。風逆轉。波濤平息而安住于不動的狀態時,以長吽(藏文:ཧཱུྃ,梵文天城體:हूँ,梵文羅馬擬音:hūṃ,漢語字面意思:吽)與下泄交叉的內攝而作逆轉之法。于每一個六輪處逆轉的最後,又于空色上繫念,身體的各處猛烈地收縮、擠壓並舒展而周遍。最終觀想寶瓶氣,並緣于融樂之體驗與光明空色,以守護不動的三個狀態,則把持、內攝、舒展三者皆自然成就。若想於此支分中修習拙火之觀想。則自身觀想為本尊身像,其內部顯現為空性,于其中心,中脈如箭桿般粗細,呈綠色。右邊的羅瑪脈呈紅色,左邊的江瑪脈呈白色,比中脈細一倍。中脈的上端插入梵穴,羅瑪脈和江瑪脈插入鼻孔。從臍下起算,中脈的下端呈藍色位於右側,羅瑪脈呈黑色位於左側,二者並排,下端稍微彎曲而插入密處。江瑪脈的下端呈黃色

【英語翻譯】 Those are the two branches of the cause and effect of virtue in the close recitation of speech vajra up to the life-sustaining. The subsequent recollection is also done under the authority of faithful learning, and the key points of the body are as usual. The hands are crossed in fists at the heart. Look straight ahead without moving. Visualize yourself as the wheel of time, and any of the action seals or wisdom seals as various consorts. Both are mixed into emptiness and form, and the taste is the same, so stay for a while without moving your mind. If emptiness and form cannot be increased, then focus on the deity’s clear emptiness. At the six places of the crown, throat, heart, navel, secret place, and topknot, increase with Oṃ (藏文:ཨོཾ,梵文天城體:ओ,梵文羅馬擬音:oṃ,漢語字面意思:嗡), Āḥ (藏文:ཨཱཿ,梵文天城體:आ,梵文羅馬擬音:āḥ,漢語字面意思:阿), Hūṃ (藏文:ཧཱུྃ,梵文天城體:हूँ,梵文羅馬擬音:hūṃ,漢語字面意思:吽), Hoḥ (藏文:ཧོཿ,梵文天城體:हो,梵文羅馬擬音:hoḥ,漢語字面意思:霍), Svāhāṃ (藏文:སྭཱ་ཧཱཾ,梵文天城體:स्वाहा,梵文羅馬擬音:svāhāṃ,漢語字面意思:梭哈) in white, red, black, yellow, blue, and green. In the space of the consort, from Āḥ (藏文:ཨཱཿ,梵文天城體:आ,梵文羅馬擬音:āḥ,漢語字面意思:阿) a red lotus with eight petals arises, and in its center is a blue vajra adorned with fine marks, arising from Hūṃ (藏文:ཧཱུྃ,梵文天城體:हूँ,梵文羅馬擬音:hūṃ,漢語字面意思:吽). In the secret place of the father, from Hūṃ (藏文:ཧཱུྃ,梵文天城體:हूँ,梵文羅馬擬音:hūṃ,漢語字面意思:吽) a five-pointed blue vajra arises, and in its center is a red lotus with eight petals adorned with fine marks, arising from Āḥ (藏文:ཨཱཿ,梵文天城體:आ,梵文羅馬擬音:āḥ,漢語字面意思:阿). Afterwards, by joining the actions of attachment and the senses together, the four joys arise in succession, and at the end, each one has the key points of holding, reversing, and pervading. When reaching the jewel, release the downward cleansing forcefully and exhale the breath. Possess the wind force of a hermaphrodite. The inner pestle. The mind is equally placed on the great seal of emptiness and form, that is, the three doors have four key points, so the pulse is faint. The wind reverses. When the waves subside and remain immovable, reverse the method by internally drawing in the long Hūṃ (藏文:ཧཱུྃ,梵文天城體:हूँ,梵文羅馬擬音:hūṃ,漢語字面意思:吽) and the crossed downward cleansing. At the end of reversing each of the six wheels, again focus the mind on emptiness and form, and forcefully contract, squeeze, spread, and pervade the places of the body. Finally, meditate on the vase, and by focusing on the experience of melting bliss and the clear light of emptiness and form, maintain the state of the three immovables, so that holding, drawing in, and spreading are all accomplished spontaneously. If you want to meditate on the visualization of inner heat as a branch of this. Then visualize your own body as the deity’s body, its interior appearing as emptiness, and in its center, the central channel is as thick as an arrow shaft, green in color. The right side, the Roma channel, is red, and the left side, the Kyangma channel, is white, twice as thin as the central channel. The upper end of the central channel is inserted into the Brahma hole, and the Roma and Kyang channels are inserted into the nostrils. Counting from below the navel, the lower end of the central channel is blue and located on the right side, and the Roma channel is black and located on the left side, the two are side by side, and the lower end is slightly curved and inserted into the secret place. The lower end of the Kyangma channel is yellow.

============================================================

================== 第 6 段 ================== 【原始藏文】 ོ་དབུས་ཀྱི་ཕྱོགས་བཟུང་ནས་བཤང་ལམ་དུ་ཟུག་པ། དབུ་མའི་ཡར་སྣ་ནས་སོར་གང་ཙམ་གྱི་འོག་ཏུ་གཙུག་ཏོར་གྱི་འཁོར་ལོ་ལྗང་གུ། དཔྲལ་བ་ནག། མགྲིན་པ་དམར། སྙིང་ཁ་དཀར། ལྟེ་བ་སེར་པོ་སྟེ་འཁོར་ལོ་ལྔ་པོ་རྩ་འདབ་བཞི་བཞི། རྒྱུ་ཞབས་ཕྱོགས་སུ་གསང་འཁོར་ལྔ་པོ་རྩ་འདབ་དྲུག་པ། འཁོར་ལོ་སོ་སོའི་ཐད་དུ་རོ་རྐྱང་གི་ལག་རེ་རེ་དབུ་མ་དང་སྦུབ་འབྲེལ་བ། འཁོར་ལོ་རྣམས་རྩ་གསུམ་ལ་སྐེད་དཀྲིས་བྱས་པ་ལས་ཡལ་ག་སྦུབས་ཅན་སྐྱེས་པ་ ལྟ་བུ། །གཙུག་སྤྱི་མགྲིན་གསུམ་ཁ་ཐུར་བསྟན། སྙིང་ལྟེ་གྱེན་བསྙན་བསྒོམ། གཙུག་ཏོར་གྱི་དབུ་མའི་ནང་དུ་ཐིག་ལེ་དཀར་པོ་བའི་ནུ་མ་ལྟ་བུ། ལྟེ་བར་གཏུམ་མོ་དབྱུག་པའི་གཟུགས་ཅན་དམར་པོ། གཉིས་ཀའང་སོར་བཞི་པ་གསལ་བཏབ། རླུང་བུམ་ཅན་དགང་བས་གཏུམ་མོའི་མེ་འོད་རབ་ཏུ་རྒྱས་ཏེ། རྩ་འཁོར་དང་ལུས་ནང་ཐམས་ཅད་དམར་འུབ་ཁྱབ་ཅིང་དྲོད་ཚ་འུར་གྱིས་སྐྱེས། ཐིག་ལེ་ཞུ་བ་དབུ་མར་བབ་པའི་འོད་དཀར་ལམ་ཁྱབ་ཅིང་བདེ་ཁྲིལ་ཁྲིལ་བྱུང་བར་བསམ། ལན་ཁ་ཤས་བསྒོམས་མཐར་འབར་འཛག་གཏུམ་མོ་ལ་བསྟིམས་ནས་མི་རྟོག་པར་བཞག་གོ། །འདི་དངོས་བསྐྱེད་རིམ་གྱི་ཕྱོགས་སུ་གཏོགས་ཀྱང་རྫོགས་རིམ་གྱིས་བོགས་འདོན་ཁྱད་པར་ཅན་ཡིན་པས་འདིའི་ཡན་ལག་ཏུ་བཞག་ཅིང་ལས་དང་པོ་པ་ལ་གལ་ཆེའོ། འདི་དག་གིས་ཞུ་བདེ་འཛག་མེད་བསྒྲུབ་པ་ནི་ཡོན་ཏན་ནོ། །ཏིང་ངེ་འཛིན་ནི། ལུས་གནད་གཞན་འདྲ་བ་ལས་ལག་པ་མཉམ་བཞག་བྱ། ལྟ་སྟངས་སྣ་རྩེར་དབབ། རྗེས་དྲན་ལྟར་ཡས་བརྟན་དགའ་བཞི་རྫོགས་ནས། མས་བརྟན་སྐབས་འཁོར་ལོ་སོ་སོར་བུམ་ཅན་བསྒོམ་ཞིང་། འཁོར་ལོ་རེ་རེར་ས་གཉིས་གཉིས་ཐོབ་ནས་གཙུག་ཏོར་དུ་བུམ་ཅན་བསྒོམ་པ་ན་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་མཐར་ཕྱིན་པར་མོས། བུམ་ཅན་ཚད་ལྡན་མ་འགྲུབ་ན་རྩ་འཁོར་སོ་སོར་སྟོང་གཟུགས་དང་བདེ་བ་དབྱེར་མེད་པ་ལ་སེམས་འཇོག་སྟེ་ཁུ་རྡུལ་ཏུ་ སེམས་ཀྱི་ཚོགས་པ་དག་ནས་འཁོང་བའི་ལུས་ངག་ཡིད་གསུམ་འཛག་བདེའི་བག་ཆགས་བཅས་སྤངས་ཏེ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་རྡོ་རྗེ་སེམས་དཔའི་གནས་ཐོབ་པའི་མོས་པ་བྱ་སྟེ། དེ་དག་ནི་ཐུགས་རྡོ་རྗེ་དྲན་ཏིང་གི་སྒྲུབ་པ་ཆེན་པོ་ཐ་མར་དགེ་བའི་རྒྱུ་དང་འབྲས་བུའི་ཡན་ལག་གོ། །འདིར་མཁོ་བ་པོར་བསམ་སྐབས་བྱེད་བཅིངས་བཙན་ཐབས་དང་། སྲོག་རྩོལ་སྐབས་སྲོག་ཐུར་བསྲེ་བ་རླུང་གི་སྤོག་ཆོག །རྗེས་དྲན་འཁྲུལ་འཁོར་ཁྱད་པར་བ་སོགས་རྗེ་བཙུན་སྒྲོལ་མགོན་ཞབས་ཀྱི་གསུང་སྦྱོར་དྲུག་ཁྲིད་རྒྱས་

【漢語翻譯】 哦,保持中脈的位置,插入肛門。從中脈向上,在離頂輪一指寬的地方,有綠色的頂輪。前額是黑色的。喉嚨是紅色的。心是白色的。肚臍是黃色的,這五個脈輪各有四片脈瓣。在生殖器方向,秘密脈輪有六片脈瓣。在每個脈輪的位置,都有一隻羅恰的胳膊與中脈相連。這些脈輪像從三脈纏繞的腰部生出的管狀分支。頂輪、喉輪和喉輪向下。觀想心輪和臍輪向上。在頂輪的中脈中,有一個白色的明點,像母牛的乳房。在肚臍處,觀想拙火是紅色的棍棒形狀。兩者都清晰地觀想成四指大小。通過充滿寶瓶氣,拙火的火焰極度增長。所有的脈輪和身體內部都被紅色的光芒覆蓋,產生溫暖和熱量。觀想明點融化,白色的光芒沿著中脈下降,產生極度的喜悅。多次觀想后,將燃燒和滴落融入拙火,保持無分別的狀態。這屬於生起次第的範疇,但由於它是圓滿次第中一種特殊的提取方法,所以被放在這裡作為它的一個分支,這對初學者來說非常重要。通過這些方法實現融化、喜悅和不漏是其優點。至於三摩地,身體姿勢與其他相同,只是雙手結等持印。視線向下看鼻尖。像憶念一樣,觀想上穩固,四喜圓滿。在下穩固時,觀想每個脈輪中的寶瓶氣。當每個脈輪都獲得兩個地時,在頂輪中觀想寶瓶氣,據說這樣就完成了三摩地的十二地。如果不能成功地完成標準的寶瓶氣,就將心安住在每個脈輪的空性和喜悅無別上,從心的集合中清除精液顆粒,從而放棄束縛的身體、語言和意,以及漏失喜悅的習氣,生起對獲得身語意智慧金剛自性的金剛薩埵之位的信心。這些是心金剛憶念定的偉大修持,最終是善的因和果的分支。這裡,在觀想所需之物時,有強制束縛的方法,在生命力運作時,有混合生命之箭的風的拋擲。憶念特殊的幻輪等等,都是杰尊卓袞大師的六合教授的擴充套件。

【英語翻譯】 Oh, holding the position of the central channel, insert into the anus. From the upper end of the central channel, about one finger’s width below the crown, there is a green crown chakra. The forehead is black. The throat is red. The heart is white. The navel is yellow, these five chakras each have four petals. In the direction of the genitals, the secret chakra has six petals. At the location of each chakra, there is one arm of Ro-rkyang connected to the central channel. These chakras are like tubular branches growing from the waist wrapped by the three channels. The crown, throat, and general throat face downwards. Meditate on the heart and navel facing upwards. In the central channel of the crown chakra, there is a white bindu like a cow’s nipple. At the navel, visualize the Tummo as a red stick-like form. Clearly visualize both as being four fingers in size. By filling with vase breath, the firelight of Tummo greatly increases. All the chakras and the inside of the body are covered with a red glow, generating warmth and heat. Visualize the bindu melting, the white light descending along the central channel, generating extreme bliss. After meditating several times, merge the burning and dripping into Tummo, and remain in a non-conceptual state. This belongs to the category of the generation stage, but since it is a special method of extraction in the completion stage, it is placed here as a branch of it, which is very important for beginners. Achieving melting, bliss, and non-leakage through these methods is its merit. As for Samadhi, the body posture is the same as others, except that the hands form the equanimity mudra. The gaze is lowered to the tip of the nose. Like remembrance, visualize the upper stabilization, the four joys complete. During the lower stabilization, meditate on vase breath in each chakra. When each chakra has obtained two grounds, meditate on vase breath in the crown chakra, it is said that in this way the twelve grounds of Samadhi are completed. If one cannot successfully complete the standard vase breath, then settle the mind on the emptiness and bliss inseparable in each chakra, clearing away the semen particles from the collection of the mind, thereby abandoning the bound body, speech, and mind, along with the habitual tendencies of leaking bliss, and generating faith in obtaining the Vajrasattva state of the nature of body, speech, mind, and wisdom Vajra. These are the great practices of Mind Vajra Remembrance Samadhi, ultimately being branches of the cause and effect of goodness. Here, when contemplating what is needed, there is the method of forced binding, and when operating the life force, there is the throwing of the wind of mixing the life arrow. Remembrance of special illusory wheels, etc., are all expansions of Jetsun Drolgon’s six-union teachings.

============================================================

================== 第 7 段 ================== 【原始藏文】 པ་དང་སྟན་ཐོག་གཅིག་མར་གསལ་ཞིང་འོན་ཀྱང་ལས་དང་པོ་པའི་མོས་སློབ་ལ་ནི་འདི་ཙམ་ལས་ལག་ཏུ་ཐེབ་པར་དཀའ་བས་འདིར་ཡི་གེ་མང་གི་དོགས་པས་མ་བྲིས་སོ། །འགྲོ་འཆག་ཉལ་འདུག་སྐྱིད་སྡུག་བཟང་ངན་གང་གི་ཚེ་ཡང་མི་གཡོ་གསུམ་ལྡན་གྱི་ངང་མ་ཤོར་བར་བསྐྱང་བ་ནི་ལམ་ཁྱེར་མཆོག་ཡིན་ལ་རྨི་ལམ་འོད་གསལ་འཕོ་བ་སོགས་ཀྱི་དམིགས་ཕྲན་གཞན་བསྒོམ་པར་འདོད་ཚེ་ཁྲིད་གཞུང་ཉིད་དུ་གསལ་ཞིང་། སྤྱིར་ཡན་ལག་དྲུག་པོ་སྔ་ཕྱི་རྒྱུ་འབྲས་ཀྱི་འབྲེལ་བར་གནས་པས་སྔ་མ་སྔ་མ་རྒྱུད་ལ་ཚད་ལྡན་སྐྱེས་ན་ཕྱི་མ་ལ་དཀའ་ཚེགས་མེད་པས་ཐོག་མར་སོར་སྡུད་གནད་དུ་སོང་ནས་བརྟན་པ་ཐོབ་ཚེ་རྨི་ལམ་སོགས་གདམས་པའི་ཡན་ལག་རྣམས་ཤུགས་ཀྱིས་ཉམས་འོག་ཏུ་ཚུད་པར་འགྱུར། ལས་དང་པོ་པའི་མོས་སྒོམ་པ་ ཡལ་ཡོལ་ཙམ་ལ་ནི་གེགས་དང་བོགས་གཉིས་ཀ་ཧ་ཅང་མི་འབྱུང་ལ། ལམ་རྟགས་གཞུང་ཚུགས་པ་ན་གེགས་སེལ་དང་བོགས་འདོན་ཏུ་མཁོ་བའི་གདམས་ངག་རྣམས་གཞན་ཏུ་གསལ་ཏེ་གལ་ཡང་ཆེའོ། །སྔོན་འགྲོ་དངོས་གཞིའི་གདམས་ངག །ངང་གི་ཉམས་མྱོང་། བླ་མས་ངོ་སྤྲད་ཚུལ་རྣམས་ཤིན་ཏུ་གསང་ཞིང་གདམས་ངག་འདི་ཉིད་མ་ཐོབ་པ་ལ་དཔེ་ཡང་བསྟན་པར་མི་བྱ། གཉིད་སོགས་སྒྲིབ་པ་ལྔའི་དབང་དུ་མི་གཏོང་། ཁྱད་པར་བླ་མ་དང་ཆོས་ལ་ཐེ་ཚོམ་ཅུང་ཟད་ཀྱང་མི་བྱ། རྟགས་སྣང་གང་བྱུང་ལའང་དགའ་སྤྲོ་སྐྲག་འཇིགས་སོགས་སྤངས་ཏེ་གདམས་ངག་ལ་ངེས་ཤེས་བསྐྱེད། རྩ་བའི་དམ་ཚིག་མ་ཉམས་པར་བསྲུང་། ཡན་ལག་རྣམས་ཀྱང་ཅི་ནུས་ཀྱི་ས་བསྲུང་ཞིང་ཉམས་ཆགས་སུ་གྱུར་པ་ལ་ཡིག་བརྒྱ་བདག་འཇུག་ཚོགས་སྐོང་མེ་མཆོད་སོགས་ཀྱིས་ཕྱིར་བཅོས་ཤིང་བཤགས། དུས་རྟག་ཏུ་ཐུན་མོང་མིན་པའི་ཟབ་གསང་ལ་ཡིད་ཆེས་ཤིང་སྙིང་ནས་དད་པས་སྨོན་ལམ་ཟབ་མོ་རྣམས་ཡང་ནས་ཡང་དུ་བཏབ་པས་སྐྱེ་བ་འདིའམ་གཞན་ཏུ་མཆོག་ཏུ་མི་འགྱུར་བའི་བདེ་བ་དང་རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་སྐུ་གདོན་མི་ཟ་བར་མངོན་ཏུ་བྱེད་པར་འགྱུར་རོ། །དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཐུགས་ཀྱི་བཅུད། །གྲུབ་བརྙེས་བྱེ་བའི་གཤེགས་ཤུལ་ཟླ་མེད་པ། ། མཁས་གྲུབ་ཀུན་གྱིས་མགྲིན་གཅིག་གསལ་མཛད་པས། །རྨོངས་པའི་བསླད་ཀྱིས་ཅི་བྱ་རང་མཉམ་ཕྱིར། །དམ་པའི་གསུང་བསྐུལ་མ་ལྡོག་ཙམ་བྲིས་པས། །ནོངས་པ་བཤགས་ཤིང་དགེ་བས་སྲིད་པ་གསུམ། །འཕོ་བའི་འཇིགས་བཅོམ་མི་འགྱུར་བདེ་ཐོབ་ཤོག །ཅེས་པའང་སང་གེ་དང་ནཱ་དའི་སྒྲ་དབྱངས་ཅན་འོད་གསལ་ཕྱག་རྒ

【漢語翻譯】 雖然在同一個坐墊上清晰顯現,但是對於初學者來說,很難掌握更多,因此,因為擔心文字過多,所以沒有寫。無論行住坐臥、快樂痛苦、好壞,都要保持不離三不動的狀態,這是最好的修行方法。如果想修持夢光明轉移等其他的細微目標,在引導文中已經很清楚了。一般來說,六支瑜伽存在先後因果關係,如果前面的修持在相續中達到標準,後面的修持就沒有困難,所以首先手指收攝成為關鍵,獲得穩固之後,夢境等訣竅的支分自然而然地就會進入修持之中。初學者稍微修持一下,障礙和增益都不會太明顯。當道路的徵象確立時,消除障礙和增益所需的訣竅在其他地方已經清楚地說明了,而且非常重要。前行和正行的訣竅,以及內在的體驗,上師指示的方式等都非常秘密,沒有得到這個訣竅的人,也不要展示範例。不要讓睡眠等五蓋控制。特別是對上師和佛法不要有絲毫懷疑。對於出現的任何徵象,都要避免高興、快樂、恐懼、害怕等情緒,對訣竅產生定解。守護根本誓言不使其衰損。支分也要盡力守護,如果出現衰損,要用百字明、自入、會供、火供等方式進行彌補和懺悔。時時相信無上甚深秘密,從內心深處以信心反覆祈禱甚深愿文,這樣在此生或來世,就能毫不費力地顯現不會改變的殊勝安樂和具足一切殊勝的空性雙運智慧之身。這是三世諸佛唯一行走的道路,是十地自在者們的心髓,是成就者們無可比擬的足跡,是所有智者和成就者一致闡明的。因為愚癡的迷惑而無所作為,爲了與自己相同,所以只是寫下了聖者的勸誡,懺悔過失,愿以善根摧毀三有的怖畏,獲得不變的安樂!這是桑給和那達的聲音,光明大手印。

【英語翻譯】 Although clearly appearing on the same cushion, it is difficult for beginners to grasp more than this, so I have not written more for fear of too many words. Whether walking, sitting, lying down, happy, painful, good, or bad, one should maintain the state of the three immovables without losing it, which is the best way to practice. If you want to practice other subtle goals such as dream luminosity transference, it is already clear in the guidance text itself. In general, the six branches exist in a relationship of cause and effect, so if the earlier practices are born with standard in the continuum, the later ones will have no difficulties. Therefore, first, finger retraction becomes the key, and when stability is obtained, the branches of the instructions such as dreams will naturally enter into practice. For beginners, both obstacles and gains will not be too obvious with a little practice. When the signs of the path are established, the instructions needed to eliminate obstacles and gains are clearly explained elsewhere, and they are very important. The instructions for preliminary and main practices, as well as inner experiences, and the way the guru points them out are all very secret, and examples should not be shown to those who have not received this instruction. Do not let the five obscurations such as sleep control you. In particular, do not have any doubts about the guru and the Dharma. For any signs that appear, avoid emotions such as joy, happiness, fear, and terror, and generate certainty in the instructions. Protect the root vows without letting them deteriorate. The branches should also be protected as much as possible, and if there is deterioration, it should be repaired and confessed with the Hundred Syllable Mantra, self-entry, tsok offerings, fire offerings, etc. Always believe in the unsurpassed profound secret, and from the depths of your heart, repeatedly pray with faith in the profound aspiration prayers, so that in this life or the next, you will effortlessly manifest the unchanging supreme bliss and the wisdom body of the union of emptiness endowed with all perfections. This is the one path traveled by all the Buddhas of the three times, the essence of the hearts of the lords of the ten bhumis, the incomparable footprints of the accomplished ones, which is unanimously clarified by all the wise and accomplished ones. Because of the delusion of ignorance, there is nothing to do, so in order to be the same as myself, I have only written down the exhortations of the holy ones, confessing faults, may the fear of the three realms be destroyed by virtue, and may unchanging bliss be attained! This is the sound of Sangye and Nada, the luminous Mahamudra.

============================================================

================== 第 8 段 ================== 【原始藏文】 ྱ་ཆེན་པོས་འཁྱུད་པ་མཉྫུ་ཤྲཱིའི་བཀའ་ནན་ཕེབས་པ་མ་ལྡོག་ཙམ་དུ་རྣལ་འབྱོར་གྱི་གནས་ལ་མོས་པ་ལམ་དུ་བྱེད་པ་གུ་ས་བྲིས་པ་དགེ་ལེགས་འཕེལ། །མངྒ་ལཾ། སྦྱོར་དྲུག་སྟན་ཐོག་གཅིག་མའི་དམིགས་ཁྲིད་མདོར་བསྡུས་སྙིང་གི་ཐིག་ལེ།

【漢語翻譯】 以大(智慧)擁抱,文殊師利的殷切教誨未曾違背,于瑜伽之境生起信樂,以此為道,古薩所書,吉祥增盛。吉祥!

【英語翻譯】 Embraced by the great (wisdom), the earnest instructions of Manjushri have not been turned away from. Generating faith in the state of yoga, taking this as the path, written by Gusa, may virtue increase. Mangalam!

============================================================