菩薩藏佛教學會
20
背景
翻譯
下載 ▾

d0021世尊母般若波羅蜜多心經c3.5s

www.rkts.org/etexts/completeu.php?coll=D&id=D21

d0021位於德格甘珠爾第34函,相當於大正藏
  0257 08 P0852 佛說聖佛母般若波羅蜜多經 (1卷)〖 宋 施護譯〗   0250 08 P0847 摩訶般若波羅蜜大明咒經 (1卷)〖 姚秦 鳩摩羅什譯〗   0251 08 P0848 般若波羅蜜多心經 (1卷)〖 唐 玄奘譯〗   0252 08 P0849 普遍智藏般若波羅蜜多心經 (1卷)〖 唐 法月重譯〗   0253 08 P0849 般若波羅蜜多心經 (1卷)〖 唐 般若共利言等譯〗   0254 08 P0850 般若波羅蜜多心經 (1卷)〖 唐 智慧輪譯〗   0256 08 P0851 唐梵翻對字音般若波羅蜜多心經 (1卷)〖 〗

  註:舊東大目錄未列 0255 08 P0850 般若波羅蜜多心經 (1卷)〖 唐 法成譯〗但估計法成(敦煌)翻譯的是這個版本,不知是否該經是新修大正藏加入的

@##། །རྒྱ་གར་སྐད་དུ། བྷ་ག་བ་ཏཱི་པྲཛྙཱ་པཱ་ར་མི་ཏཱ་ཧྲྀ་ད་ཡ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། བམ་པོ་གཅིག་གོ། །བཅོམ ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ ཏུ་བཞུགས་ཏེ།དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་མོ་སྤྱོད་པ་ཉིད་ལ་རྣམ་པར་ལྟ་ཞིང་།ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་ལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་ སྐད་ཅེས་སྨྲས་སོ།།རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་གིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།།ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ།།གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་ པ་རྣམས་སྟོང་པའོ།།ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ།

以下是簡體中文直譯: 印度語:Bhagavatī-prajñāpāramitā-hṛdaya 藏語:བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། 漢語:薄伽梵底般若波羅蜜多心經 一卷。 禮敬薄伽梵底般若波羅蜜多。 如是我聞:一時,薄伽梵在王舍城靈鷲山中,與大比丘眾及大菩薩眾俱。 爾時,世尊入于名為”甚深顯現”的法門三昧。又此時,菩薩摩訶薩聖觀自在菩薩,行深般若波羅蜜多行,觀照五蘊自性皆空。 爾時,以佛威神力,具壽舍利子白聖觀自在菩薩摩訶薩言:“善男子、善女人,若有欲行深般若波羅蜜多行,應云何學?” 如是說已,菩薩摩訶薩聖觀自在菩薩告具壽舍利弗言:“舍利子,善男子、善女人,若欲行深般若波羅蜜多行,應如是觀:五蘊亦以自性空,如實觀之。色即是空,空即是色。色不異空,空不異色。如是受、想、行、識亦復皆空。 舍利子,是故一切法空相,無相,不生,不滅,無垢,離垢,無減,無增。”

།ཤཱ་རིའི་བུ་དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་ མེད།ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་ པ་ནས་ཡིད་ཀྱི་ཁམས་མེད་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ།།མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས འདས་པའི་མཐར་ཕྱིན་ཏོ།།དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་སྔགས།རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ སྨྲས་པ།ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས།ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ།

以下是簡體中文直譯: 舍利子,是故空性中無色,無受,無想,無行,無識,無眼,無耳,無鼻,無舌,無身,無意,無色,無聲,無香,無味,無觸,無法。無眼界,乃至無意識界。無無明,亦無無明盡,乃至無老死,亦無老死盡。無苦、集、滅、道,無智,無得,亦無無得。 舍利子,是故菩薩以無所得故,依般若波羅蜜多住,心無罣礙。無罣礙故,無有恐怖,遠離顛倒夢想,究竟涅槃。三世諸佛,依般若波羅蜜多故,得阿耨多羅三藐三菩提。 故知般若波羅蜜多是大神咒,是大明咒,是無上咒,是無等等咒,能除一切苦,真實不虛。故說般若波羅蜜多咒,即說咒曰: (藏文:ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ།, 梵文擬音:tadyathā gate gate pāragate pārasaṃgate bodhi svāhā, 梵文天城體:तद्यथा गते गते पारगते पारसंगते बोधि स्वाहा, 梵文奧里薩體:ତଦ୍ଯଥା ଗତେ ଗତେ ପାରଗତେ ପାରସଂଗତେ ବୋଧି ସ୍ୱାହା, 漢語字面意義:即此,去去,彼岸去,彼岸會,覺悟,成就, 漢語擬音:達雅他,嘎得嘎得,巴拉嘎得,巴拉桑嘎得,波地梭哈) 舍利子,菩薩摩訶薩應如是學甚深般若波羅蜜多。 爾時,世尊從彼三昧起,贊菩薩摩訶薩聖觀自在菩薩言:“善哉善哉!善男子,如是如是。”

།རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་མོ་ལ་སྤྱད་པར་བྱ་སྟེ།དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོཙྪ་བ་དགེ་སློང་རིན་ཆེན་སྡེས་བསྒྱུར་ཅིང་། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་བློ་དང་ནམ་མཁའ་ལ་སོགས་པས་ཞུས་ཏེ་གཏན་ལ་ཕབ་པ།། །།དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་གི་དགེ་རྒྱས་བྱེ་མ་གླིང་གི་རྩིག་ངོས་ལ་བྲིས་པ ་དང་ཞུ་དག་ལེགས་པར་བགྱིས་སོ།

以下是簡體中文直譯: 善男子,如是如是,如汝所說,應當如是修習甚深般若波羅蜜多。諸如來亦隨喜讚歎。 世尊說此語已,具壽舍利子及菩薩摩訶薩聖觀自在菩薩,並諸眷屬,天、人、阿修羅、乾闥婆等一切世間,皆大歡喜,於世尊所說,稱揚讚歎。 《世尊母般若波羅蜜多心經》大乘經典圓滿。 印度和尚毗摩羅密多與譯師比丘仁欽德譯,校譯師德洛與南卡等校對審定。 于吉祥桑耶自成大殿之善增遍滿宮墻壁上書寫並善加校對。

་

以下是直譯: 印度堪布毗摩羅密多與譯師比丘仁欽德譯,大校譯師德洛與南卡等校對審定。 于吉祥桑耶自成大殿之善增遍滿宮墻壁上書寫並善加校對。 人名和地名介紹: 毗摩羅密多(བི་མ་ལ་མི་ཏྲ):印度佛教學者,來自克什米爾地區,是藏傳佛教早期重要譯師之一。 仁欽德(རིན་ཆེན་སྡེ):藏族譯師,與毗摩羅密多合作翻譯了許多佛教經典。 德洛(དགེ་བློ):藏族校對譯師,參與校對審定工作。 南卡(ནམ་མཁའ):藏族校對譯師,與德洛一起參與校對審定工作。 桑耶(བསམ་ཡས):位於西藏拉薩以東的雅魯藏布江南岸,是藏傳佛教歷史上第一座寺院,由赤松德贊王在8世紀建造。 善增遍滿宮(དགེ་རྒྱས་བྱེ་མ་གླིང):桑耶寺內的一座宮殿,是經文被抄寫和校對的地方。 User: 請問藏文中的བི་མ་ལ་མི་ཏྲ和རིན་ཆེན་སྡེ分別是什麼意思?