d0822五如來吉祥偈頌newc3.5s
D822
d0822位於德格甘珠爾第96函,沒有相當的大正藏所收譯經
@#། །རྒྱ་གར་སྐད་དུ། པཉྩ་ཏ་ཐཱ་ག་ཏ་མཾ་ག་ལ་གཱ་ཐཱ། བོད་ སྐད་དུ།དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།
以下是完整的直譯: 藏文: @#། །རྒྱ་གར་སྐད་དུ། པཉྩ་ཏ་ཐཱ་ག་ཏ་མཾ་ག་ལ་གཱ་ཐཱ། བོད་ སྐད་དུ།དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། 中文直譯: @#。 梵語:般遮塔塔嘎塔芒嘎拉嘎塔。 藏語:五如來吉祥偈頌。 頂禮三寶。
།རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པའི་མཐར་ཕྱིན་པ། །དགོངས་པ་མཐའ་དག་རྫོགས་ པའི་བཀྲ་ཤིས་གང་ཡིན་པ།།བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པས་བཀྲ་ཤིས་པ། །དགེ་མཉམ་བསམ་སེམས་ལྡན་པའི་བཀྲ་ཤིས་ གང་ཡིན་པ།།བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་ཅིང་། །ཡང་དག་བདེན་པའི་འབྱོར་པ་སྦྱིན་མཛད་མི་སླུ་བ། །རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་ དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།བསམ་གཏན་ཏིང་འཛིན་ཡེ་ཤེས་དམ་པ་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང་། །ཚེ་གྲངས་མེད་པར་བྱིན་གྱིས་འོབ་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ རྣམས་ལ་ཞི་བྱེད་ཤོག་།སེམས་ཅན་དོན་གྱི་ལས་ལ་ཐུགས་ནི་སྦྱོར་མཛད་ཅིང་། །འགྲོ་བ་ཀུན་གྱི་འཆིང་བས་བཅིངས་ལས་གྲོལ་མཛད་པ། །ཐུབ་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།དེ་བཞིན་གཤེགས ་པ་ལྔའི་བཀྲ་ཤིས་ཚིགས་སུ་བཅད་པ་རྫོགས་།་
這是完整的直譯: 毗盧遮那具有至高智慧的大海, 擁有如滿月般的身相,達到輪迴的盡頭。 凡是圓滿一切意趣的吉祥, 愿那吉祥為眾生帶來平靜。 不動佛王凈化有和無明, 護主具足一切功德而吉祥。 凡是具有平等善心的吉祥, 愿那吉祥為眾生帶來平靜。 以一切佛陀功德莊嚴裝飾, 賜予真實圓滿財富不欺誑。 凡是名為寶生的吉祥, 愿那吉祥為眾生帶來平靜。 禪定三昧至高智慧到彼岸之處, 安坐智慧蓮花之上壽命無量, 凡是加持無量壽命的吉祥, 愿那吉祥為眾生帶來平靜。 心專注于利益眾生的事業, 解脫一切眾生被束縛的枷鎖。 凡是最勝牟尼不空成就的吉祥, 愿那吉祥為眾生帶來平靜。 五如來吉祥偈頌終。