CMR039_0001.空行母四洲世間總供儀軌的記錄.名為《見即解脫》g2.0f
================== 第 1 段 ================== 【原始藏文】 མཁའ་འགྲོ་གླིང་བཞི་སྲིད་པའི་སྤྱི་མདོས་ཀྱི་ཟིན་བྲིས་མཐོང་བ་རབ་གསལ། མཁའ་འགྲོ་གླིང་བཞི་སྲིད་པའི་སྤྱི་མདོས་ཀྱི་ཟིན་བྲིས་མཐོང་བ་རབ་གསལ། མཁའ་འགྲོ་གླིང་བཞི་སྲིད་པའི་སྤྱི་མདོས་ཀྱི་ཟིན་བྲིས་མཐོང་བ་རབ་གསལ་བཞུགས་སོ། ། གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །གླིང་བཞི་སྲིད་པའི་སྤྱི་མདོས་རྒྱས་པར་ར་ཤག་གཏེར་སྟོན་གྱི་གཏེར་མ་རྒྱས་པ་ལ་པོ་ཏི་འགའ་ཡོད་དེ་མདོས་ཆེན་གཅིག་ལ་བཅུ་གཉིས་ཀྱིས་བསྐོར་བ། སྔོན་རྒྱ་ནག་རྒྱལ་པོའི་སྐུ་རིང་ལ། རྒྱ་ཡུལ་དུ་གཡུང་སྟོན་པས་བཅས་པའི་ལོ་རྒྱུས་རྣམ་ཐར་ལས་བྱུང་བ་ལྟ་བུ་མང་ཞིང་། བསྡུས་པ་རཏྣའི་གཏེར་ཁ་འདིའི་བཅའ་འདོན་གཞུང་ན་གསལ་ལོ། །འོན་ཀྱང་དཔེའུ་རིས་ཅུང་ཞིག་མི་ཚང་འདྲ་བ་ཞིག་བྱུང་ཡང་ལག་ལེན་ནི། སྒོ་ཁྲི་རབ་འདོམ་གང་ངམ་མདའ་ཚད་ལས་ཆུང་ཐབས་མེད་པ་རྡོ་བ་བཞི་རྐང་པའི་ཚུལ་དུ་བྱས་ལ་གཞིའི་སྟེང་དུ་བཞག་ལ། འཇིམ་པ་སྦྱིན་པོ་ལ་དབུས་སུ་རི་རབ་བང་རིམ་བཞི་པའི་རྩེར་ལྕོག་ལྔ་ནི། གཏོར་མ་ཟུར་བཞི་སྒྲུང་ཞྭ་འདྲ་བ་ལྔ་ལ་མཁའ་འགྲོ་གཙོ་མོ་ལྔའི་ཙཀ་ལི་བཙུགས་ དམར་པོ་བྱ། གཉིས་པ་ལ་མཁའ་འགྲོ་སྡེ་བཞི་ལ་དམར་གཏོར་བཞི། སོ་སོའི་ཙཀ་ལི། གསུམ་པ་ལ་དམར་གཏོར་དྲུག །དཔའ་མོ་དྲུག་གི་ཙཀ་ལི། བཞི་པ་ལ་དམར་གཏོར་བཞི་ལ་སྒོ་མ་བཞིའི་ཙཀ་ལི། ཐ་མ་དམར་གཏོར་བརྒྱད་ལ་དུར་ཁྲོད་ཀྱི་མཁའ་འགྲོའི་ཙཀ་ལི་བཙུགས། རི་རབ་རྒྱབ་དེར་གསེར་གྱི་རི་བདུན། དེ་དག་གི་བར་དུ་རོལ་པའི་མཚོ་བདུན། གསེར་གྱི་རི་བདུན་ནི་དཔེར་ན་བྲེའི་ནང་དུ་བྲེ་བཅུག་པ་ལྟ་བུ་བདུན་བདུན་རི་རབ་འདྲ་བ། རྒྱབ་མ་རྣམས་རིམ་པས་དམའ་བོ། དེ་དག་གི་བར་དུ་འོ་མ། ཇ། ཆུ། སྤོས་ཆུ་ཚྭ་ཆུ། སྨན་ཆུ། ཆུ་སྣ་བདུན་གྱི་རྒྱ་མཚོའི་ཚུལ་གྱི་ཅུང་ཟད་བླུགས། དེ་རྒྱབ་ཤར་གྱི་གླིང་གསུམ་ཟླ་གམ། ལྷོའི་གླིང་གསུམ་སོག་ཁ། ནུབ་ཀྱི་གླིང་གསུམ་ཟླུམ་པོ། བྱང་གི་གླིང་ གསུམ་གྲུ་བཞིའོ། །གསེར་གྱི་རི་བདུན་མཐོ་བ་ཕྱོགས་བཞིའི་རྩེར་དམར་གཏོར་བཞི་ལ་དཔའ་བོ་གིང་བཞིའི་ཙཀ་ལི་བཙུགས་སོ། །ཡང་རི་རབ་ཤིང་ལ་ལྷུ་སྤྲད་ནས་ཁུར་རྒྱུ་ཡོད་ན་སླའོ། །དེ་ལ་རཏྣ་ནང་ནས་སམ་ཆུར་བའམ་ཐང་ལུད་དམ་ལུག་རིལ་གྱིས་བཀང་ལ་སྟེང་དུ་ཕྱེ་བཀོད་པས་ཆོག་གོ །དམར་གཏོར་ལ་ཤ་རྒྱན་རེ་དང་མར་རྒྱན་རེས་བརྒྱན། བསྐང་པར་བཏབ་ལ་མཆོད་པའི་ལྷ་མོ་དར་ཕྱར་བ་དུང་འབུད་པ་གདུགས་བསྐོར་བ་རྒྱལ་མཚན་ཕྱར་བ་རྔ་བརྡུང་བ། ཆ་ལང་རྡེབ་པ་ཌཱ་དྲིལ་འཁྲོལ་བ། རྨ་བྱ་བ
【漢語翻譯】 空行母四洲世間總供儀軌的記錄,名為《見即解脫》。 空行母四洲世間總供儀軌的記錄,名為《見即解脫》。 空行母四洲世間總供儀軌的記錄,名為《見即解脫》完畢。 頂禮咕嚕仁波切!四洲世間總供儀軌,廣軌是拉夏掘藏師的伏藏,廣軌有幾函,一個大供儀軌由十二個圍繞。以前在中國皇帝在位期間,像在漢地由永敦巴等制定的歷史傳記中出現的那樣多。簡略的是在熱納的伏藏中說明的。然而,圖樣似乎有些不完整,但實際操作是:門高一尋或箭長,沒有比這更小的,用四塊石頭做成柱子的形狀,放在基座上。在黏土中加入香料,中央是須彌山四層臺階,頂端有五個垛口:五個像四角錐形圓帽的朵瑪,上面豎立著五位主要空行母的查卡里,做成紅色。第二個是四個空行母部族,四個紅色朵瑪,各自的查卡里。第三個是六個紅色朵瑪,六位勇母的查卡里。第四個是四個紅色朵瑪,四個守門母的查卡里。最後一個是八個紅色朵瑪,豎立著尸陀林的空行母的查卡里。須彌山後面是七金山,這些山之間是七嬉戲海。七金山就像在斗里裝斗一樣,七個七個像須彌山一樣。後面的逐漸降低。這些山之間稍微倒入牛奶、茶、水、香水、鹽水、藥水,七種水的海的形狀。後面是東方的三個小洲是半月形,南方的三個小洲是橢圓形,西方的三個小洲是圓形,北方的洲是四方形。七金山高處的四個方向的頂端,四個紅色朵瑪上豎立著四位勇士緊那羅的查卡里。如果須彌山用木頭榫卯連線,可以搬動就容易了。裡面裝滿熱納裡面的土、曲拉、唐魯、羊糞蛋,上面擺放糌粑就足夠了。紅色朵瑪用一塊肉裝飾和一塊酥油裝飾來裝飾。進行祈供,供養天女,舉幡,吹海螺,撐傘,舉勝幢,擊鼓,敲鈸,搖鼗鈴。孔雀等
【英語翻譯】 A record of the Dakini Four Continents World General Offering Ritual, entitled “Seeing is Liberation”. A record of the Dakini Four Continents World General Offering Ritual, entitled “Seeing is Liberation”. A record of the Dakini Four Continents World General Offering Ritual, entitled “Seeing is Liberation” is complete. Homage to Guru Rinpoche! The extensive Four Continents World General Offering Ritual is a treasure of Raksha Tertön. The extensive version has several volumes, with one large offering ritual surrounded by twelve. In the past, during the reign of the Chinese Emperor, there were many like those that appeared in the historical biographies compiled by Yungtönpa and others in China. The condensed version is explained in the liturgical text of Ratna’s treasure. However, the diagram seems somewhat incomplete, but the actual practice is: the door is one fathom high or the length of an arrow, no smaller than that, made of four stones in the shape of pillars and placed on the base. Add spices to the clay, in the center is Mount Sumeru with four tiers, and at the top are five battlements: five tormas shaped like four-cornered conical hats, on which are erected the chakalis of the five main Dakinis, made red. The second is the four Dakini clans, four red tormas, each with its own chakali. The third is six red tormas, the chakalis of the six heroines. The fourth is four red tormas, the chakalis of the four doorkeeper mothers. The last is eight red tormas, with the chakalis of the charnel ground Dakinis erected. Behind Mount Sumeru are the seven golden mountains, and between them are the seven playful seas. The seven golden mountains are like putting a peck inside a peck, seven by seven like Mount Sumeru. The ones in the back gradually decrease in height. Between them, pour a little milk, tea, water, perfume, salt water, medicinal water, in the shape of the seven seas of water. Behind that, the three continents of the east are crescent-shaped, the three continents of the south are elliptical, the three continents of the west are round, and the continents of the north are square. At the top of the four directions of the high seven golden mountains, on the four red tormas are erected the chakalis of the four heroes, Kinnaras. Also, if Mount Sumeru is joined with wooden tenons and can be moved, it will be easy. Fill the inside with earth from inside Ratna, or churba, or tanglu, or sheep dung pellets, and it is enough to place tsampa on top. Decorate the red tormas with a piece of meat and a piece of butter. Perform the prayer offering, offering goddesses, raising banners, blowing conches, holding umbrellas, raising victory banners, beating drums, clapping cymbals, shaking damaru. Peacocks, etc.
============================================================
================== 第 2 段 ================== 【原始藏文】 ྱ་ནག་ལུག་ནག་སྙིང་རྣམས་བསྐང་འབྲས་བཙུགས་ཏེ་ཐམས་ཅད་ལྷ་གྲངས་རེ། ཙཀྐིའི་གྲངས་ཀྱིས་འཐུས་སོ། །རྒྱས་པར་ནི་རི་མོ་སོགས་གཉིས་ཀ་དེ་དག་གང་མོས་ཀྱིས། འདིར་ཕྱག་ལེན་སྟབས་བདེ་བ་དང་མཛེས་པ་དོན་འཐུས་པས་ཆོག་གོ །ནམ་མཁའ་རང་རང་གི་ཁ་དོག་ཅན་མཐའ་འཇའ་རིས་སྣ་ལྔ་ཅན་ལ་རང་རང་གི་ཙཀ་ལི་བཏགས་པར་བྱ། གཞན་ཡང་བསྐང་འབྲས། རི་རབ་བང་རིམ་དང་པོ་ལ་བྱ་སྣ་ཚོགས། གཉིས་པ་ལ་གཅན་གཟན་སྣ་ཚོགས། གསུམ་པ་ལ་རི་དྭགས་སྣ་ཚོགས། བསྐང་པར་ལ་སྣང་ཚད་བཙུགས། ཆུ་གནས་ཐམས་ཅད་པར་བཏབ་ལ་རོལ་པའི་མཚོ་བདུན་ནང་དུ་བླུགས། ལྕགས་རིའི་ནང་གླིང་བཞིའི་སྟེང་དུ་ཤར་དུ་དྲི་ཟ་ལ་དཀར་གཏོར། ལྷོར་གཤིན་རྗེ་ལ་ཁྲམ་རིས། ནུབ་ཏུ་ཀླུ་ལ་དཀར་གཏོར་སྤྲུལ་དཀྱུས། བྱུང་དུ་གནོད་སྦྱིན་ཟུར་གཉིས་ནོར་བུ་འབུར་བ་དེ་རྣམས་གཙང་མ་བྱས། དེ་དག་གི་བར་མཚམས་ལྕགས་རིའི་ནང་དེར་གོང་གི་ཙཀྐིའི་གྲངས་དུ་ཡོད་ཉེར་ བདུན་རེ་ཕྲེང་དུ་བཀོད་པ་ནི། མར་མེ་ཉེར་བདུན། ཏིང་ལོ་ཉེར་བདུན། ངར་མི་ཉེར་བདུན། འཁོར་སྤྱི་ལ་གཅིག་དང་ཉེར་བརྒྱད་བྱ། དེ་རྒྱབ་ལྕགས་རི་འཇིམ་ར་བྱས་པ་ལ། མདའ་བཀྲ་ཉེར་བརྒྱད། འཕང་བཀྲ་ཉེར་བརྒྱད། རྒྱང་བུ་ཉེར་བརྒྱད། ཤིང་རིས་ཉེར་བརྒྱད། ཕོ་ཏང་ཉིར་བརྒྱད། མོ་ཏང་ཉེར་བརྒྱད། མདུང་ངམ་ཁ་ཊཾ་དར་རང་མདོག་བཏགས་པ་ཉེར་བརྒྱད། ཁྲམ་ཤིང་ཉེར་བདུན་རེ། འཁོར་སྤྱི་ལ་གཅིག་དང་ཉེར་བརྒྱད་བྱས་ན་ལེགས་ཏེ་ལོགས་རེ་ལ་བདུན་རེ་འོང་བར་འགྲིགས། ཟུར་བཞི་ལ་རྒྱལ་མཚན་བཞི། དེ་རྒྱབ་རྩང་བརྒྱ་རྩ་བརྒྱད་དམ་རེ་བཞིའམ་ཉེར་བརྒྱད། མདའ་དར་ཕྱོགས་མདོག་བརྒྱད་དམ་བཅུ་དྲུག་གམ་བཞི་འཛུགས། མེ་ལོང་བཞི་བཏགས། མདོས་གདན་འོག་ཏུ་གོད་ལྤགས་སམ་གཡང་གཞི་བཏིང་བ་དེ་ཡོན་བདག་ལ་བཞག་མི་རུང་བས་ཁྱེར་བ་གནད་ཆེ། མདོས་ཀྱི་སྟེང་དུ་རྩིབས་བརྒྱད་གུར་གྱི་ནམ་མཁའ་མདོས་ཁེབས་པ་གཅིག་ཕུབ། ཡོད་ན་རྩིབས་སྣེ་བརྒྱད་ལ་པན་ནམ་དར་པན་འདྲ་བ་བརྒྱད་བཏགས། དེའི་སྟེང་དུ་ཉི་ཟླ་ནོར་བུའི་ནམ་མཁའ་བཙུགས། མདའ་དར་རྣམས་ལ་རྨ་བྱའི་མདོངས་རེ་ཡོད་ན་བཅིང་། བཙོག་གླུད་ཆངས་བུ་མི་ནོར་གླུད་སོགས་ཤིང་རའི་ནང་དུ་ཐང་ཙམ་བླུགས། གཙང་བཙོག་མ་འདྲེས་པ་གལ་ཆེའོ། །མདོས་མདུན་དུ་མཆོད་པ་རྣམ་ལྔ་ཚོགས་སྨན་རཀ་བཤམ། ཕུགས་གཏོར་སོགས་ནི་རང་རང་གི་སྤྱི་སྲོལ་ལྟར་རོ། །འདོན་ལུགས་རང་གི་སྤྱི་སྲོལ་ལྟར་ལ། འདི་ཁོ་ནའི་རང་ལུགས་ནི་སྐྱབས་སེམས་དཀར་ བགེགས་བྱ། མཆོད་པ་མདོས་རྣམས་སྤོས་ཕྱུང་བྱས
【漢語翻譯】 將來自中國的黑羊的心臟等作為贖物,全部按照神靈的數量。用圓圈(藏文,梵文天城體,梵文羅馬擬音,漢語字面意思)的數量來滿足。詳細來說,圖案等兩者都可以隨意選擇。這裡,採取簡便易行、美觀且內容充實的做法即可。將各自顏色的天空,邊緣帶有五色彩虹圖案,並繫上各自的圓圈(藏文,梵文天城體,梵文羅馬擬音,漢語字面意思)。此外,贖物,須彌山(藏文,梵文天城體,梵文羅馬擬音,漢語字面意思)第一層放置各種鳥類,第二層放置各種猛獸,第三層放置各種野生動物。在贖物上放置所有景象。將所有水處都印上圖案,並倒入七個嬉戲之海中。鐵圍山內,四大部洲之上,東方供養乾闥婆白色食子,南方供養閻羅王血色圖案,西方供養龍族白色食子和化身,北方供養夜叉,兩個角上裝飾著凸起的寶珠,將這些都清理乾淨。在這些的間隙,鐵圍山內部,將上述圓圈(藏文,梵文天城體,梵文羅馬擬音,漢語字面意思)的數量,即二十七個,排列成行。即二十七盞燈,二十七個油炸麵團,二十七個木炭。總的來說,對於壇城整體,要做二十八個。之後,在用泥土製作的鐵圍山(藏文,梵文天城體,梵文羅馬擬音,漢語字面意思)上,繪製二十八個箭頭圖案,二十八個橫樑圖案,二十八個箭樓,二十八個木製圖案,二十八個男性形象,二十八個女性形象,二十八個矛或卡杖嘎(藏文,梵文天城體,梵文羅馬擬音,漢語字面意思),並繫上各自顏色的旗幟。二十七根血色木條。如果壇城整體做二十八個就更好了,這樣每一面都有七個。四個角上放置四個勝幢。之後,放置一百零八根或六十四根或二十八根樹枝。樹立八根或十六根或四根帶有各自顏色旗幟的箭桿。懸掛四面鏡子。將朵瑪(藏文,梵文天城體,梵文羅馬擬音,漢語字面意思)座墊下鋪設的獸皮或招財物,施主不能拿走,務必帶走,這很重要。在朵瑪(藏文,梵文天城體,梵文羅馬擬音,漢語字面意思)之上,搭建一個八根支柱的帳篷狀天空,覆蓋住朵瑪(藏文,梵文天城體,梵文羅馬擬音,漢語字面意思)。如果有,在八根支柱的末端懸掛八個幡或類似的旗旛。在其上,豎立起日月寶珠的天空。如果箭桿和旗幟上有孔雀翎,就用其捆綁。將污穢的替身、贖金、財物贖金等稍微放入木柵欄內。務必保持潔凈與污穢的分離。在朵瑪(藏文,梵文天城體,梵文羅馬擬音,漢語字面意思)前,陳設五種供品、會供品、藥物和血。內部食子等按照各自的傳統。唸誦方式按照各自的傳統。唯獨這裡的儀軌是皈依發心,凈化障礙。用香薰供品和朵瑪(藏文,梵文天城體,梵文羅馬擬音,漢語字面意思)。
【英語翻譯】 Take the hearts of black sheep from China as ransom objects, all according to the number of deities. It is sufficient to use the number of “cakki” (ཙཀྐི, चक्र, cakra, circle). In detail, either of the two, such as patterns, can be chosen as desired. Here, it is sufficient to adopt a practice that is simple, beautiful, and substantial in content. The sky of each color, with a five-colored rainbow pattern on the edge, should be attached with its own “cakli” (ཙཀྐི, चक्र, cakra, circle). In addition, ransom objects, on the first level of Mount Meru (རི་རབ, मेरु, meru, Sumeru) place various birds, on the second level various beasts, and on the third level various wild animals. Place all the appearances on the ransom object. Print patterns on all water places and pour them into the seven playful seas. Inside the iron fence, above the four continents, offer white torma to Gandharvas in the east, blood-colored patterns to Yama in the south, white torma and emanations to the Nagas in the west, and clean the Yakshas in the north, with two corners decorated with raised jewels. In the gaps between these, inside the iron fence, arrange the number of the above-mentioned “cakki” (ཙཀྐི, चक्र, cakra, circle), that is, twenty-seven, in a row. That is, twenty-seven lamps, twenty-seven fried dough, and twenty-seven charcoals. In general, for the entire mandala, make twenty-eight. After that, on the iron fence (ལྕགས་རི, , , iron fence) made of clay, draw twenty-eight arrow patterns, twenty-eight beam patterns, twenty-eight turrets, twenty-eight wooden patterns, twenty-eight male figures, twenty-eight female figures, twenty-eight spears or khatvanga (ཁ་ཊཾ, खट्वाङ्ग, khaṭvāṅga, khatvanga), and attach flags of their respective colors. Twenty-seven blood-colored wooden strips. It would be better to make twenty-eight for the entire mandala, so that there are seven on each side. Place four victory banners on the four corners. After that, place one hundred and eight or sixty-four or twenty-eight branches. Erect eight or sixteen or four arrow shafts with flags of their respective colors. Hang four mirrors. It is important that the benefactor should not take away the animal skin or wealth base laid under the torma (མདོས, , , torma) cushion, but must take it away. Above the torma (མདོས, , , torma), build an eight-pillared tent-like sky covering the torma (མདོས, , , torma). If there are any, hang eight pennants or similar flags at the ends of the eight pillars. On top of that, erect the sky of sun, moon, and jewels. If there are peacock feathers on the arrow shafts and flags, tie them with it. Put the impure effigy, ransom, wealth ransom, etc. slightly into the wooden fence. Be sure to keep the clean and impure separate. In front of the torma (མདོས, , , torma), arrange the five offerings, tsok offerings, medicine, and blood. Internal tormas, etc., according to their respective traditions. The recitation method is according to their respective traditions. The only ritual here is taking refuge and generating bodhicitta, purifying obstacles. Incense the offerings and torma (མདོས, , , torma).
============================================================
================== 第 3 段 ================== 【原始藏文】 ་ཆུ་གཙང་བྲན། ཐུགས་སྒྲུབ་སོགས་ལྷ་གཞུང་ཐམས་ཅད་ཚར་བ་དང་གཞུང་གི་མདོས་བསྐྱེད། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ། ཧཱུྃ། ཡེ་ཐོག་བསྐལ་པའི་དང་པོ་སོགས་ཀྱི་དབང་དུ་བསྡུས། ཧཱུྃ། ང་ནི་དབང་ཆེན་རྟ་མགྲིན་སོགས་དམ་བསྒྲག །མདའ་དར་མེ་ལོང་ཅན་གཡབ་བཤུགས་གླུ་བླངས་ལ། ཧཱུྃ། དཔག་བསམ་ཤིང་གི་སོགས་ནས། ཛཿཧཱུྃ་བཾ་ཧོཿཞེས་སྤྱན་དྲངས། རི་རབ་གླིང་བཞི་དང་ཙཀ་ལི་ལ་དབྱེར་མེད་བཞུགས་པར་བསྒོམ། དེ་ནས་ཐུགས་སྒྲུབ་ཚོགས་བྱ། ཚོགས་ཕུད་ཀྱིས་ཕུགས་གཏོར་གསོ། ཐུགས་སྒྲུབ་སོགས་གཏོར་བསྔོས་བསྡུས་པ་ཙམ་བྱ། བར་པ་བཤགས་པས་མདོས་གསོ་བྲན་བྱས་ལ། ཐུགས་སྒྲུབ་སྐོང་བ་དང་མ་མོ་འཁྲུག་སྐོང་རྒྱས་བསྡུས་གང་རེད་འདོན། ཚོགས་ཀྱི་བཤགས་པ་དང་། ཨོཾ་ས་མ་ཡ། ཨཱས་མ་ཡ། ཧྭ་ས་མ་ཡ། གུ་རུ་དྷེ་ཝ་དྷཱ་ཀི་ནི། ཨོཾ་ག་ཎ་ཙཀྲ་སཏཱ་ས་མ་ཡ་སོགས་བདུན་ནམ་གསུམ་བརྗོད། དེ་ནས་འབྲུ་སྣ་ཤ་དུམ་རུས་དུམ་རིན་པོ་ཆེའི་ཕྱེ་མ་རྣམས་མདོས་ལ་བཏབ་ཅིང་བྲན་ལ། ཧཱུྃ༔ ང་ནི་དཔལ་ཆེན་རྟ་མགྲིན་ཡིན༔ སོགས་མདོས་གཞུང་དུ། པཱུ་ཛ་མེ་གྷ་ས་མ་ཡེ་ཧཱུྃ༔ ཡན་འདོན། དེ་ནས་སྒོ་དབྱེ་ལམ་བསྟན་དེ་མི་འདོན་སྒྱུར། ཚོགས་ཐ་མ་བསྒྲལ་ལས་བྱ། མདོས་སུ་ཕུལ་ནས་ཁྲམ་སྣ་བསྒྱུར་བ། བྷྱོཿ མཁའ་འགྲོའི་ཁྲམ་སྣ་དགྲ་ལ་སྒྱུར༔ ནས། སོད་ སོད༔ བར་འདོན། ཚོགས་ལ་རོལ་ནས་ལྷག་མ་གཙང་ལྷག་མདོས་ཀྱི་ལྕགས་རིའི་ནང་དུ་ཕུལ། ཐུན་སྐབས་སུ་ཐོད་ཕྲེང་རྩལ་དང་ཧིམ་ཧ་རི་ནི་ས་སྦྲེལ་མ་ཅི་ནུས་བསྙེན་ཏེ་མདོས་བསྒྲུབ་བོ། །དེ་ལྟར་ཞག་རེ་ལ་སྔ་དྲོ་ཕྱི་དྲོ་མཚན་མོ་དང་ཚར་གསུམ་མམ་ཞོགས་ཉིན་ཕྱེད་དགོང་ཀ་མཚན་ཐུན་དང་བཞིའམ་ཐ་ནའང་ཉིན་མཚན་གཉིས་ལ་ཚར་རེ་དགོས་སོ། །ཞག་དུ་བྱེད་ན་འབྱོར་བ་དང་བསྟུན་ཏེ་གསུམ་ལྔ་དགུའོ། །འདི་བསྐང་མདོས་ཡིན་པས་རྒྱུན་དུ་བཅས་ཀྱང་རུང་སྔགས་པ་ལ་མི་གནོད་ཕན་ཆེའོ། །ཕུལ་ཉིན་སྔ་དྲོ་ཚར་གཅིག་འདོན། །མཁའ་འགྲོ་གཟའ་རྒྱུ་ལྡོག་ཐེབས་ལྡོག་ཞིབ་ཏུ་བརྩིས་ལ་ཕྱོགས་གཙང་སར་སྔོན་དུ་དཀར་བགེགས་གཉིས། དེ་རྒྱབ་དམར་གཏོར་ལྷ་གྲངས། དེ་རྒྱབ་མདོས་བཞག །དར་ནག་སྔགས་ཆས་སོགས་བྱས་ལ་མཚོན་ཆ་འཁོར་ལོའི་སྒོ་དབྱེ་གསེར་སྐྱེམས་སུ་བསྒྱུར་བས་གསེར་སྐྱེམས་གཏོར། ཧཱུྃ༔ ད་ནི་སྲིད་པའི་མདོས་བཏང་ངོ་༔ སོགས། གཞུང་གི་དེ་ཚར་གསུམ་འདོན་ལ་ཁྱེར། གོམ་པ་བདུན་ཅུ་ལས་མི་ཉེ་བར་སོང་། གོང་དུ་བཤད་ལྟར་བཀོད། དང་པོ་དཀར་གཏོར་འབུལ། སྤྲོ་ན་གསེར་སྐྱེམས་གོང་ལྟར་བྱ། ཐུགས
【漢語翻譯】 灑凈水。修心等所有儀軌完畢后,進行儀軌的食子增生。以六字真言和六手印加持。吽。攝於原始劫初等之權下。吽。我乃大權馬頭金剛等,誓言宣告。手持箭、幡、鏡,搖動歌唱。吽。如意樹等。唸誦 扎 吽 邦 霍 迎請。觀想須彌山四大部洲與壇城無別安住。之後修心會供。以會供剩餘供養食子。修心等食子供養略作攝略。以中間的懺悔來做食子供養灑凈。唸誦修心圓滿和空行母降臨圓滿儀軌,可繁可簡。會供的懺悔文和。嗡 薩瑪雅,阿 薩瑪雅, ཧྭ་ས་མ་ཡ།,咕嚕 德瓦 達吉尼。嗡 嘎納 扎扎 薩塔 薩瑪雅等唸誦七遍或三遍。之後將穀物、肉塊、骨頭和珍寶粉末撒在食子上並灑凈。吽。我乃大威德馬頭金剛。等食子儀軌中。唸誦 普雜 麥嘎 薩瑪耶 吽。之後開門指路,不念誦轉變。最後會供作誅業。供養食子後轉變朵瑪。 བྷྱོཿ 空行母朵瑪轉變于敵人。唸誦至 སོད་ སོད。享用會供后,將剩餘供品供于清凈剩餘食子的鐵圍山內。在座間,盡力修誦顱鬘力、黑日嘎及連妃,以此修成食子。如此,每日早晚或晚上三次,或早、午、晚、夜四座,至少也要日夜各一次。如果要做多日,則根據財力,做三、五、九日。此為圓滿食子,所以即使經常做也沒關係,對修行人無害且利益大。供奉之日早上唸誦一遍。仔細計算空行母星曜反噬,在清凈處先放兩個白色的朵瑪。其後放紅色食子,數量與本尊數量相同。其後放置食子。做好黑幡和咒器等,將兵器輪的開門轉變為黃金飲,以此供養黃金飲食子。吽。現在放出世間的食子。等。儀軌的唸誦三遍后帶走。行走不少於七十步。如上所述佈置。首先供養白色食子。如果想做,就如上供養黃金飲。心。
【英語翻譯】 Sprinkle clean water. After completing all the rituals such as mind practice, perform the food offering increase of the ritual. Bless with the six-syllable mantra and six mudras. Hūṃ. Gather under the power of the first kalpa of the beginning. Hūṃ. I am the great powerful Hayagriva, etc., proclaiming the oath. Holding arrow, banner, mirror, waving and singing. Hūṃ. From the wish-fulfilling tree, etc. Recite Jaḥ Hūṃ Baṃ Hoḥ to invite. Meditate that Mount Meru, the four continents, and the mandala reside inseparably. Then perform the mind practice gathering. Nourish the remaining food offering with the essence offering cake. Mind practice, etc., briefly summarize the food offering dedication. Use the intermediate confession to perform the food offering sprinkling. Recite the mind practice completion and the Dakini’s arrival completion ritual, which can be elaborate or simple. The confession of the gathering and. Oṃ Samaya, Āḥ Samaya, Hva Samaya, Guru Deva Ḍākinī. Oṃ Gaṇa Cakra Satā Samaya, etc., recite seven or three times. Then sprinkle grains, pieces of meat, bones, and precious powder on the food offering and sprinkle. Hūṃ. I am the glorious and great Hayagriva. Etc. in the food offering ritual. Recite Pūja Megha Samaye Hūṃ. Then open the door and point the way, do not recite the transformation. Perform the final gathering as the subjugation activity. After offering the food offering, transform the ḍoma. Bhyoḥ Dakini ḍoma transform to the enemy. Recite to Soḍ Soḍ. After enjoying the gathering, offer the remaining offerings within the iron fence of the pure remaining food offering. During the session, diligently practice skull garland power, black Heruka, and consort, and accomplish the food offering. Thus, three times each morning and evening or evening, or four sessions of morning, noon, evening, and night, or at least once each day and night. If you want to do it for many days, then according to your wealth, do it for three, five, or nine days. This is the completion food offering, so it doesn’t matter if you do it often, it is harmless to practitioners and has great benefits. Recite it once in the morning on the day of offering. Carefully calculate the Dakini’s planetary retrogression, and first place two white obstacle cakes in a clean place. After that, place the red food offering, the number of which is the same as the number of deities. After that, place the food offering. Make black banners and mantra instruments, etc., and transform the opening of the weapon wheel into a golden drink, and offer the golden drink food offering. Hūṃ. Now release the worldly food offering. Etc. Recite the ritual three times and take it away. Walk no less than seventy steps. Arrange as described above. First offer the white food offering. If you want to do it, offer the golden drink as above. Mind.
============================================================
================== 第 4 段 ================== 【原始藏文】 ་སྒྲུབ་ཆད་མདོ་བརྟན་སྐྱོང་། མཁའ་རི་ལ་དཀར་གཏོར་ཡོད་ན་ལེགས། །སྨྱོ་ཁ་སྤུ་གྲི་ཞིང་སྐྱོང་མ་ནིང་སོགས་རང་རང་གི་ཆོས་སྐྱོང་གང་ཡོད་ལ་གཏོར་མ་ཕུལ། དམག་ཐབས་མཇུག་ནས་ཡར་འཕེན་རྒྱུ་བྱེད་ན་གཏོར་མ་དེ་རྣམས་བཟའ་མི་རུང་། དེ་ནས་མདོས་བཀྱག་ལ་གཞུང་གི བྷྱོཿ མཁའ་འགྲོའི་ ཁྲམ་སྣ་དགྲ་ལ་སྒྱུར༔ སོགས། གྱེར་ནས་ཐང་དུ་བཞུག །རྔ་འུར་བརྡུང་རོལ་མོ་དང་། ཨཀསམཐར༸སོགས། ཟློག་སྔགས་གང་ཤེས་འདོན་ཆོག །ཤིང་རིས་སོགས་ཐམས་ཅད་བསྡུ། དབུས་ཀྱི་དམར་གཏོར་ལྔ་རྩེ་ཕར་བསྟན་ལ་བསྐྱེལ་ལོ། །དེ་ནས་དམར་གཏོར་ལྷ་གྲངས་དངོས་གྲུབ་ཏུ་བསྡུ་རུང་། གཞན་ཚོ་ཕུལ། མདོས་གཞི་སྦུབས་ལ་རྟ་བྲོ་ཐུགས་སྒྲུབ་ལྟར་བརྡུང་། ཁྱུང་དམར་པོས་ཕྱིར་ལམ་བཅད་པར་བསྒོམས་ལ་ཕྱི་མིག་མི་བལྟ་ནང་དུ་འོང་ཚེ་རྣམ་འཇོམས་འདོན། ཁྱིམ་དུ་སླར་གཏང་རག་གི་ཚོགས་བྱ་བ་དང་ཚེ་འགུགས་བསྔོ་བ་བཀྲ་ཤིས་བྱ། ཕྱིར་ནངས་ཐུགས་སྒྲུབ་བསྡུས་པ་ཙམ་བྱ། སླར་བསྔོ་བ་བཀྲ་ཤིས་དཀྱིལ་འཁོར་བསྡུ་བ་སོགས་ཐུགས་སྒྲུབ་མཇུག་ཚང་བར་བྱ། །སྟབས་འགྲིགས་ན་བསངས་བྱས་ལ་འགྲོའོ། །རང་གཞུང་བསྲེ་བསླད་མེད་པ་ཉིད་གམ་གཙང་བས་འཐུས། གལ་ཏེ་སྤྲོས་པ་ལ་ཆེར་དགའ་ནི་མདོས་གཞུང་དགའ་རབ་རྡོ་རྗེས་མཛད་པའི་མདོས་ཀྱི་འཕྲུལ་མིག་ཅེས་བྱ་བ་པོ་ཏི་ལང་ལ་ཁད་ཡོད་པ་མདོས་རིགས་ཐམས་ཅད་ལ་སབ་རྒྱུ་ཡིན་པས་སབ་རུང་ལ། གཞན་གང་རྙེད་སབ་པར་མི་བྱའོ། །ཞེས་སྙིགས་མའི་དུས་འདིར་ཆོས་ལྡན་གྱི་རྒྱལ་པོ་རཏྣ་བི་ཛ་ཡས་བསྐུལ་བ་ལས། སྔགས་འཆང་རཱ་ག་ཨ་སྱས་སྒྲུབ་གནས་ཆེན་པོ་བདུད་རྩི་དིལ་ནས་བྲིས་པ་སྔགས་ཆུང་གསར་བུ་ཀུན་ལ་ཕན་ཞིང་དད་ལྡན་སྦྱིན་བདག་ཐམས་ཅད་ཀྱི་སྐྱབས་ཀྱི་དམ་པར་གྱུར་ཅིག །སརྦ་མངྒ་ལཾ།། །། མཁའ་འགྲོ་གླིང་བཞི་སྲིད་པའི་སྤྱི་མདོས་ཀྱི་ཟིན་བྲིས་མཐོང་བ་རབ་གསལ།
【漢語翻譯】 修法中斷則需穩固護法。若有空行山之白供食則更佳。瘋子、屠夫、田地守護者、陰陽人等,各自供養自己所依之護法。若要將戰爭策略從結尾推向高潮,則這些供食不可食用。之後,舉起食子,唸誦經文:『吽!空行母之 欺騙之術轉向敵人!』等等。唸誦後置于平地。敲擊鼓鈸,奏響音樂,以及(藏文,ཨཀསམཐར,梵文天城體,akasmathah,梵文羅馬擬音,akasmathah,漢語字面意思,虛空盡頭)等等。可以唸誦任何知道的遣除咒語。收起所有木製圖畫等。將中央的紅色食子五頂朝外送走。之後,紅色食子可以收攝為本尊數量之成就。其餘供養出去。在食子座的空隙中,如馬舞、修心般敲擊。觀想紅色瓊鳥切斷外來之路,不要回頭看,進入室內時念誦破除咒。在家中再次舉行酬謝薈供,進行長壽祈請和迴向吉祥。早晚僅作簡略之修心。再次進行迴向、吉祥、壇城收攝等,圓滿完成修心之結尾。若方便,則進行煙供后離開。不摻雜自身儀軌,以清凈為要。若特別喜歡繁瑣,則可參考嘉饒多杰所著之食子儀軌《食子之幻眼》,此書篇幅較長,可用於所有食子儀軌,可以參考。其他所得之物不可參考。如是,於此五濁惡世,應具法之國王,由蓮花金剛勸請,持咒者Ra Ga A Sy于大修行處甘露滴處所書寫,利益所有新學咒語者,愿成為所有具信施主之皈依處。薩瓦芒嘎লাম(藏文,སརྦ་མངྒ་ལཾ,梵文天城體,sarva mangalam,梵文羅馬擬音,sarva mangalam,漢語字面意思,一切吉祥)。
空行母洲四政總食子之記錄,見者皆明。
【英語翻譯】 If the practice is interrupted, the protector must be stabilized. It is better to have a white torma for the Khakari mountain. Offer tormas to whatever Dharma protectors you have, such as madmen, butchers, field protectors, hermaphrodites, etc. If you want to push the war strategy from the end to the climax, then these tormas should not be eaten. Then, raise the torma and recite the text: ‘Hum! May the tricks of the Dakinis be turned against the enemy!’ etc. After reciting, place it on the ground. Beat drums and cymbals, play music, and (Tibetan, ཨཀསམཐར, Sanskrit Devanagari, akasmathah, Sanskrit Romanization, akasmathah, Chinese literal meaning, the end of space) etc. You can recite any reversal mantra you know. Collect all wooden pictures, etc. Send the five red tormas in the center with their tips facing outwards. Then, the red torma can be absorbed into the number of deities as accomplishment. Offer the rest. Strike the base of the torma in the gap, like a horse dance, like mind practice. Visualize the red Garuda cutting off the external path, do not look back, and when entering the room, recite the breaking mantra. At home, hold a thanksgiving feast again, and perform longevity prayers and auspicious dedication. In the morning and evening, only do a brief mind practice. Again, perform dedication, auspiciousness, mandala absorption, etc., and complete the end of the mind practice. If convenient, perform smoke offering and leave. Do not mix your own rituals, purity is the key. If you particularly like complexity, you can refer to the torma ritual ‘The Illusory Eye of the Torma’ written by Garab Dorje. This book is long and can be used for all torma rituals, so you can refer to it. Other things you find should not be referred to. Thus, in this degenerate age, at the urging of the Dharma-rich king Ratna Vijaya, the mantra holder Ra Ga A Sy wrote this at the great practice place Amrita Dil, benefiting all new mantra learners, and may it become the refuge of all faithful patrons. Sarva Mangalam (Tibetan, སརྦ་མངྒ་ལཾ, Sanskrit Devanagari, sarva mangalam, Sanskrit Romanization, sarva mangalam, Chinese literal meaning, all auspiciousness).
The record of the general torma of the Dakini Four Continents, may those who see it be clear.
============================================================
同部經論
與本文同名或相近的其他版本、科判、譯文與註疏。