DNJ011_0067.顯空之道修持.晝夜結合之竅訣.名為光明輪g2.0f
================== 第 1 段 ================== 【原始藏文】 སྣང་སྟོང་གི་ལམ་བསྒོམ་པ་ཉིན་མཚན་ཁ་སྦྱོར་དུ་བྱེད་པའི་གདམས་ངག་འོད་གསལ་འཁོར་ལོ། སྣང་སྟོང་གི་ལམ་བསྒོམ་པ་ཉིན་མཚན་ཁ་སྦྱོར་དུ་བྱེད་པའི་གདམས་ངག་འོད་གསལ་འཁོར་ལོ། སྣང་སྟོང་གི་ལམ་བསྒོམ་པ་ཉིན་མཚན་ཁ་སྦྱོར་དུ་བྱེད་པའི་གདམས་ངག་འོད་གསལ་འཁོར་ལོ་ཞེས་བྱ་བ་བཞུགས་སོཿ དེ་ལ་འདིར་ཉིན་མོ་འོད་གསལ་གྱི་གདངས་གཉིས་ཀྱིས་སྣང་བ་ལ་མཉམ་པར་བཞག་ཀྱངཿ མཚན་སྣང་དང་བསྲེ་མ་ཤེས་ན་དུས་སུ་མི་སྟོངས་པའི་ཕྱིརཿ དེའི་ཐབས་ལ་རྒྱས་པར་ནི་རྨི་ལམ་གྱི་རྣལ་འབྱོར་དང་འོད་གསལ་གྱི་རྣལ་འབྱོར་གཉིས་ཡིན་ཀྱང་འདིར་ཐོད་རྒལ་སྤྱི་ལ་བསྟུན་ནས་འཁྱེར་བདེ་བར་ལམ་དུ་བྱེད་ནཿ དང་པོ་གཉིད་འོད་གསལ་དུ་སྦ་བ་ནིཿ ཕྱི་ནང་གསང་གསུམ་སྟེཿ ཕྱི་ལྟར་ན་འདུན་པའི་སྒོ་ནས་འོད་གསལ་འཆར་པ་ངོས་ཟིན་པར་བྱའོ་སྙམ་དུཿ ཐོག་མར་གཡུ་འབྲུག་ཐུར་དབབ་ཀྱིས་ནམ་མཁའི་རྣལ་འབྱོར་སྒོམ་པ་ཞེས་བྱ་སྟེཿ རླུང་སྦྱོར་བསྒོམ་ནས་གསལ་སྟོང་མི་རྟོག་པའི་ཡེ་ཤེས་ལ་མཉམ་པར་བཞག་གོཿ དེའི་ངང་ལས་གཉིད་པའམཿ ཡང་ན་ནང་ལྟར་དུ་གཏུམ་མོའི་མེ་སྦར་བ་ལ་སྟེཿ ལུས་དབུས་སུ་རྩ་གསུམ་འཁོར་ལྔ་གསལ་ཞིངཿ ལྟེ་བའི་འོག་གི་སོར་བཞིའི་ཐད་དུ་ཨ་ཤད་དམ་ཐིག་ལེ་དམར་པོ་གསལ་བ་ལས་མེ་འབར་བས་སྤྱི་བོའི་ཧཾ་ལ་རེག་པས་ཧཾ་ལས་བདུད་རྩིའི་ཐིག་པ་བབས་པ་དང་བསྣོལ་མའི་རྒྱུད་ལ་སེམས་བཟུང་བ་ནི་སེང་ཕྲུག་རྩལ་སྦྱོང་གི་གནད་ཅེས་བྱའོཿ དེའི་བདེ་སྟོང་གི་འོད་གསལ་འཆར་བར་འགྱུར་བས་དེ་ལས་མ་ཡེངས་པར་གཉིད་དུ་ཕྱོགས་པ་དངཿ གསང་བ་ཉི་ཟླ་ཁ་སྦྱོར་གྱི་དགོངས་པས་སྦྱང་བ་ནིཿ དེ་ནས་མེ་དང་ཐིག་ལེ་ཆེར་མཆེད་དེཿ ལུས་ཡུལ་གྱི་དངོས་འཛིན་ཐམས་ཅད་བསྲེགས་ཤིང་འོད་ལུས་ཀྱི་ནང་དུ་སྙིང་ཀའི་འཁོར་ལོར་དཀར་དམར་རམ་མེ་ཆུ་ཁ་སྦྱོར་དུ་ཡོད་པའི་དབུས་སུ་སེམས་ཀྱི་ངོ་བོ་ཕྱི་གསལ་ནང་གསལ་གྱི་ཐིག་ལེ་ཤེལ་སྒོང་ལྟ་བུ་གཅིག་བསྒོམ་པ་ལས་མ་ཡེངས་པར་སེམས་བཟུང་བས་འོད་གསལ་སྣང་སྟོང་རིག་གསུམ་དབྱེར་མེད་པའི་བདག་ཉིད་འཆར་བའི་འཕྲུལ་གསང་བླ་ན་མེད་པའོཿ གཉིས་པ་ཤེས་བྱ་བུམ་བར་བསྡུ་བ་ནིཿ ཕྱི་ནང་གསང་གསུམ་ལསཿ ཕྱི་དབྱིངས་སྣང་འོད་ཟེར་གྱི་དྲྭ་བར་གཟུད་པའི་མན་ངག་ནིཿ ནམ་ཕྱེད་གྱེན་དུ་ལངས་ཏེཿ དྲང་སྲོང་གི་འདུག་སྟངས་སུ་བྱས་ལ་ལུས་པོ་ཉེད་ཉེད་པོར་གཅུན་ཏེཿ སྟེང་རླུང་མནན་པས་བདེ་ཆེན་དང་ལོངས་སྤྱོད་འཁོར་ལོའི་རྩ་འདབས་སུ་ཡེ་རླུང་འཕྲོས་པ་དབུ་མར་བསྡུཿ འོག་རླུང་བསྐུམ་སྟེཿ སྙིང་གར་རླུང
【漢語翻譯】 顯空之道修持,晝夜結合之竅訣,名為光明輪。 顯空之道修持,晝夜結合之竅訣,名為光明輪。 顯空之道修持,晝夜結合之竅訣,名為光明輪之法在此。其中,白天以光明之雙運于顯現中安住,若不知與夜間顯現相合,則時至亦不空。故其方法,廣而言之乃夢瑜伽與光明瑜伽二者,然此處順應妥噶總義,為易於修持之方便道:首先,將睡眠融入光明中,有外、內、密三種。外者,如是思惟,以希求之門,令光明顯現,認知之。首先,以下降藍龍之勢,修持虛空瑜伽,即修持氣脈,于明空無念之智慧中安住。于彼狀態中入睡。或內者,如燃起拙火之火,于身中脈三輪五明亮,于臍下四指處,明觀阿(藏文:ཨ,梵文天城體:अ,梵文羅馬擬音:a,漢語字面意思:阿)字或紅色明點,從彼處火焰燃起,觸及頂輪之吽(藏文:ཧཾ,梵文天城體:हं,梵文羅馬擬音:haṃ,漢語字面意思:吽)字,吽字降下甘露明點,于交匯之脈上持心,此乃幼獅練功之要訣。彼樂空之光明將顯現,故不離彼而入睡。密者,以日月和合之意而修持:其後,火焰與明點大增,焚燒身、境之所有實執,于光身之內,於心輪中,于紅白或火水和合之中央,觀想心之自性,如外明內亮之水晶球之明點,不離彼而持心,則顯現光明、顯空、覺三者無別之自性,此乃無上之秘密竅訣。第二,將所知收攝於寶瓶中:有外、內、密三種。外者,將外境融入光芒之網中之口訣:於半夜起身,如仙人般坐直,身體緊緊收束,以上行氣壓制,則大樂與受用輪之脈瓣中,本元之氣散佈,收攝於中脈。下行氣收縮,於心間氣
【英語翻譯】 The instruction on combining appearance and emptiness in the path, uniting day and night, is called the Wheel of Clear Light. The instruction on combining appearance and emptiness in the path, uniting day and night, is called the Wheel of Clear Light. The practice of the path of appearance and emptiness, the instruction on uniting day and night, called the Wheel of Clear Light, is present here. In this, although during the day one remains in equanimity in appearance with the two aspects of clear light, if one does not know how to mix it with night appearances, it will not become empty at the time. Therefore, the extensive methods for this are the yoga of dreams and the yoga of clear light, but here, in accordance with the general meaning of Tögal, to make it easy to carry on the path: First, concealing sleep in clear light has three aspects: outer, inner, and secret. As for the outer aspect, with the door of aspiration, one should recognize the arising of clear light, thinking, “I will do this.” First, like a turquoise dragon descending, it is called meditating on the yoga of space. Meditating on the union of winds, one remains in equanimity in the wisdom of clarity and emptiness, non-conceptuality. One falls asleep in that state. Or, as for the inner aspect, like kindling the fire of tummo: in the center of the body, the three channels and five chakras are clear. Four fingers below the navel, one clearly visualizes the letter A (Tibetan: ཨ, Devanagari: अ, Romanized Sanskrit: a, Literal meaning: A) or a red bindu. From that, fire blazes and touches the letter HUNG (Tibetan: ཧཾ, Devanagari: हं, Romanized Sanskrit: haṃ, Literal meaning: HUNG) at the crown of the head. From the letter HUNG, drops of nectar descend, and holding the mind on the intersecting channels is the key point of a lion cub practicing its skills. The clear light of bliss and emptiness will arise from that, so without straying from that, one falls asleep. As for the secret aspect, training with the intention of the union of the sun and moon: After that, the fire and bindu greatly increase, burning all grasping at reality of body and environment. Within the light body, in the heart chakra, in the center where red and white, or fire and water, are united, one visualizes the nature of the mind, a bindu like a crystal egg, clear inside and out. Without straying from that, holding the mind, the nature of clear light, appearance and emptiness, and awareness, inseparable, will arise. This is the unsurpassed secret of transformation. Second, gathering what is to be known into the vase: There are three aspects: outer, inner, and secret. As for the outer aspect, the instruction on inserting the outer realm into the net of light rays: In the middle of the night, one rises straight up, assuming the posture of a sage, constricting the body tightly. By pressing down on the upper wind, the primordial wind spreads to the petals of the great bliss and enjoyment chakras, gathering into the central channel. Contracting the lower wind, the wind in the heart
============================================================
================== 第 2 段 ================== 【原始藏文】 ་བཟུང་བས་བདེ་སྐྱོང་དང་སྤྲུལ་འཁོར་གྱི་རྩ་འདབ་ཀྱི་ཡེ་རླུང་དབྱིངས་རྣམ་དག་གི་སྒྲོན་མའི་ཆ་ཐམས་ཅད་དབུ་མར་བསྡུས་ལཿ སྙིང་གསེར་གྱི་རྩ་ཆེན་གྱི་དྲྭ་ཕྱེད་མིག་མང་རིས་སུ་བྲིས་པའི་དབྱིངས་ཀྱིས་གང་བར་མོས་ཤིངཿ གཉིད་དུ་ཕྱོགས་པས་རླུང་ལྔ་དབྱིངས་སུ་འཆིང་ནས་རང་བཞིན་གསལ་བའི་འོད་གསལ་ཟིན་པར་འགྱུར་རོཿ གཉིས་པ་ཐིག་ལེ་རང་མལ་དུ་བསྐྱལ་བའི་མན་ངག་མགྲོན་པོའི་རང་ཡུལ་སྙོགས་པ་ལྟ་བུ་ནིཿ རྩ་ཁམས་ཀྱི་ཐིག་ལེ་རྣམས་འཁོར་དབུས་ཀྱི་ཨེ་ཡཾ་བཾ་ལཾ་རཾ་རྣམས་ལ་འདུསཿ དེ་དག་གི་འོད་ཀྱིས་ལུས་ཐམས་ཅད་ཁྱབ་པར་དམིགས་ལཿ ཀུན་ཀྱང་ཡས་མན་སྡུད་རིམ་གྱིས་སྙིང་ཀའི་ཨེ་ལ་ཁ་སྦྱོར་ཞིང་ཐིག་ལེ་སྟོང་པའི་སྒྲོན་མ་རྨ་བྱའི་སྒོ་ང་ལྟ་བུ་ནང་སྟོང་པཿ ཕྱིའི་འོད་ཟེར་གྱིས་ལུས་ཐམས་ཅད་ཁྱབ་པ་ཞིག་དབྱིངས་རང་མལ་གྱི་དྲྭ་བའི་ཁྱིམ་དུ་གནས་པར་བསྒོམ་ལཿ དེ་ལས་མ་ཡེངས་པར་བྱས་པས་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཟིན་པར་འགྱུར་རོཿ གསུམ་པ་སྐུ་རྡོ་རྗེ་བུམ་པ་རིན་པོ་ཆེའི་དགོངས་པའམ་བརྫུས་སྐྱེས་པདྨོའི་མངལ་གནས་ཀྱི་དགོངས་པས་འོད་གསལ་མ་བུ་སྤྲོད་པ་ཞེས་བྱ་སྟེཿ ཐིག་ལེའི་ཁང་བའི་དཀྱིལ་དུ་བླ་མ་ཀུན་བཟང་ཡབ་ཡུམ་ཆོས་སྐུའི་ཆ་ལུགས་ཅན་གཅིག་བསྒོམ་པའི་ཐུགས་ཀར་ཨཿམཐིང་ཀ་འོད་དང་འོད་ཟེར་འབར་བ་གཅིག་གསལ་ལཿ ལུས་ཀྱིས་དབྱིངས་མི་བསྒྲིབཿ དབྱིངས་ཀྱིས་ཏི་ལ་ཀ་མི་བསྒྲིབཿ ཐིག་ལེས་སྐུ་མི་བསྒྲིབཿ སྐུས་ཡི་གེ་མི་བསྒྲིབ་པས་མི་བསྒྲིབ་རྣམ་བཞིའི་འོད་ཟེར་གྱི་གོང་བུརཿ ལུག་རྒྱུད་ཀྱི་རྣམ་པར་ཕྲ་ཞིང་འཁྱོགས་པ་མར་མེ་བཞིན་པར་སེམས་བཟུང་ལ་གཉིད་པས་ཟུང་འཇུག་ངོ་བོ་ཉིད་སྟོང་པ་ཆེན་པོའི་འོད་གསལ་ཟིན་པར་འགྱུར་རོཿ འདི་ལ་ཅིའི་ཕྱིར་ཤེས་བྱ་བུམ་པར་བསྡུ་བ་ཞེ་ནཿ ཕྱིའི་སྣང་བའི་ཁམས་གསུམ་སྒོ་གསུམ་ལས་མེད་པར་ཐག་ཆོད་ཅིངཿ གཉིད་ཀྱི་ཅུང་ཟད་ནོན་པ་ནཿ ཕྱི་ཡུལ་གྱི་རྟོག་པ་ནང་དུ་བསྡུས་པའི་ཕྱིར་དངཿ ཡེ་ཤེས་རླུང་ལུས་ལ་བྱེར་བ་ཐམས་ཅད་རྩ་བའི་རླུང་འོད་ཟེར་ལྔ་བ་ལ་བསྡུ་བའི་ཕྱིར་དངཿ ཐིག་ལེ་མ་ལ་བསྡུ་བའི་ཕྱིར་དངཿ སྐུ་ནང་གསལ་གཞོན་ནུ་བུམ་པ་ཡེ་ཤེས་གཞིར་གནས་ཨ་ཡིག་གི་བསྡུས་པ་ལ་ཤེས་བྱའི་བློ་ཡིད་དམིགས་པ་བསྡུ་བའི་ཕྱིར་རོཿ གསུམ་པ་ཐོ་རངས་འབྱུང་ཁམས་དག་སྦྱོར་ནིཿ མལ་ནས་ལངས་ཏེ་རླུང་རོ་ལན་གསུམ་སྤྲུགས་པའི་རྗེས་སུ་ཆོས་སྐུའི་བཞུགས་སྟངས་ཀྱིས་གནས་པའི་སྙིང་ཀའི་བུམ་སྐུ་ལས་ཨ་མཐིང་གཅིག་སྨིན་མཚམས་ཐད་ཀྱི་ནམ་མ
【漢語翻譯】 執持,以安樂守護和化身輪的脈瓣之原始風,將清凈虛空的燈之部分全部彙集于中脈。觀想充滿以純金心脈之珍貴半網格繪成多眼圖案的虛空。趨向睡眠時,將五風繫縛于虛空,從而證得自性光明的光明。第二,將明點送回原位的口訣,猶如客人返回自己的家鄉:脈界之明點全部彙集于輪中央的ཨེ་(藏文:ཨེ་,梵文天城體:ऐ,梵文羅馬擬音:ai,漢語字面意思:唉)、ཡཾ་(藏文:ཡཾ་,梵文天城體:यं,梵文羅馬擬音:yaṃ,漢語字面意思:揚)、བཾ་(藏文:བཾ་,梵文天城體:वं,梵文羅馬擬音:vaṃ,漢語字面意思:旺)、ལཾ་(藏文:ལཾ་,梵文天城體:लं,梵文羅馬擬音:laṃ,漢語字面意思:朗)、རཾ་(藏文:རཾ་,梵文天城體:रं,梵文羅馬擬音:raṃ,漢語字面意思:讓)。觀想彼等之光遍佈整個身體。一切皆以上下次第彙集,與心間的ཨེ་(藏文:ཨེ་,梵文天城體:ऐ,梵文羅馬擬音:ai,漢語字面意思:唉)相結合,明點空性的燈猶如孔雀蛋一般,內部空空蕩蕩,觀想外部的光芒遍佈整個身體,安住于虛空自性的網之家。不從彼散亂,從而證得慈悲周遍的智慧。第三,身金剛寶瓶之意,或以化生蓮花胎藏之意,稱為光明母子相會:于明點房屋的中央,觀想一位具足法身裝束的上師普賢父母,于其心間,明觀一個藍色的ཨཿ(藏文:ཨཿ,梵文天城體:अ,梵文羅馬擬音:a,漢語字面意思:阿),光芒和光線閃耀。身體不遮蔽虛空,虛空不遮蔽底哩,明點不遮蔽身,身不遮蔽文字,以不遮蔽四種的光芒團塊,以羊毛線般微細且彎曲的形態,如酥油燈一般執持心,睡眠時,便能證得雙運自性空性大光明的境界。為何將此稱為彙集于知識寶瓶之中呢?因為確信外境顯現的三界不離三門,稍微感到睏倦時,外境的分別念便會彙集于內,並且將智慧風散佈于身體的一切彙集于根本風五光之中,並且彙集于明點母中,並且將身內明亮的童子寶瓶智慧之基所安住的ཨ་(藏文:ཨཿ,梵文天城體:अ,梵文羅馬擬音:a,漢語字面意思:阿)字所彙集之處,彙集知識的意念和目標。第三,黎明時分凈化調和五大元素:從床上起身,三次抖動氣息后,以法身坐姿安住,從心間的寶瓶身中,一個藍色的ཨཿ(藏文:ཨཿ,梵文天城體:अ,梵文羅馬擬音:a,漢語字面意思:阿)字從眉間正前方的虛空中……
【英語翻譯】 Holding, with bliss guarding and the emanation wheel’s root petals’ primordial winds, gather all parts of the lamp of pure space into the central channel. Visualize being filled with space, depicted as a multi-eyed pattern of precious half-grids of golden heart-veins. As you approach sleep, bind the five winds into space, thereby realizing the clear light of self-nature. Second, the instruction for returning bindus to their original place, like a guest returning to their own home: The bindus of the channels and elements all gather into the ai(藏文:ཨེ་,梵文天城體:ऐ,梵文羅馬擬音:ai,漢語字面意思:唉), yaṃ(藏文:ཡཾ་,梵文天城體:यं,梵文羅馬擬音:yaṃ,漢語字面意思:揚), vaṃ(藏文:བཾ་,梵文天城體:वं,梵文羅馬擬音:vaṃ,漢語字面意思:旺), laṃ(藏文:ལཾ་,梵文天城體:लं,梵文羅馬擬音:laṃ,漢語字面意思:朗), raṃ(藏文:རཾ་,梵文天城體:रं,梵文羅馬擬音:raṃ,漢語字面意思:讓) in the center of the wheel. Visualize their light pervading the entire body. Gather everything upwards and downwards in sequence, combining with the ai(藏文:ཨེ་,梵文天城體:ऐ,梵文羅馬擬音:ai,漢語字面意思:唉) in the heart, and visualize the empty lamp of bindus, like a peacock’s egg, empty inside, with external rays pervading the entire body, residing in the net-house of space’s original place. By not straying from that, you will realize the all-pervading wisdom of compassion. Third, the thought of the body vajra vase, or the thought of the womb of a miraculously born lotus, is called the meeting of the clear light mother and child: In the center of the bindu house, visualize one guru Samantabhadra yab-yum with the appearance of the dharmakaya, and in their heart, clearly visualize a blue a(藏文:ཨཿ,梵文天城體:अ,梵文羅馬擬音:a,漢語字面意思:阿), blazing with light and rays. The body does not obscure space, space does not obscure tilaka, bindu does not obscure the body, the body does not obscure the letter, so in the mass of rays of the four unobscurings, hold the mind in a subtle and curved form like a butter lamp. By sleeping, you will realize the clear light of the great emptiness of the nature of union. Why is this called gathering into the vase of knowledge? Because you are certain that the three realms of external appearances do not exist apart from the three doors, and when you feel slightly sleepy, the external thoughts gather inward, and all the wisdom winds scattered in the body gather into the root wind, the five rays, and gather into the bindu mother, and gather the thoughts, intentions, and aims of knowledge into the gathering of the a(藏文:ཨཿ,梵文天城體:अ,梵文羅馬擬音:a,漢語字面意思:阿) letter residing as the basis of wisdom in the clear youth vase within the body. Third, purifying and harmonizing the elements at dawn: After getting up from bed and shaking the breath three times, abiding in the posture of the dharmakaya, from the vase-body in the heart, a blue a(藏文:ཨཿ,梵文天城體:अ,梵文羅馬擬音:a,漢語字面意思:阿) from the space directly in front of the brow…
============================================================
================== 第 3 段 ================== 【原始藏文】 ཁའ་ལ་སྤྲོས་པ་ཀུན་ཏུ་བཟང་མོ་གཅེར་བུ་མཉམ་བཞག་གི་ཕྱག་རྒྱ་ཅན་ཞིག་དུ་བསྒོམ་པའི་ཐུགས་ཀའི་འོད་ཀྱིས་འབྱུང་བ་ནམ་མཁའི་ཁམས་ཐམས་ཅད་འོད་མཐིང་གི་རྣམ་པར་ཁྱབ་སྟེཿ འོད་དེ་ཇེ་ཆུང་ལ་འུབ་འདུས་ནས་བཟང་མོའི་ཐུགས་ཀར་ཐིམ་པས་ནམ་མཁར་འཛིན་པའི་རྟོག་སྒྲིབ་ཐམས་ཅད་ཡུམ་ཆེན་མོའི་རང་བཞིན་དུ་སངས་རྒྱས་པར་མོས་ཤིངཿ སྐུ་ལ་ཅི་གནས་སུ་སེམས་བཟུང་བའི་བྱིན་རླབས་ཀྱིས་ཟླ་བ་གཅིག་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འཆར་རོཿ ཡང་དེ་གྲུབ་པ་ནཿ སངས་རྒྱས་སྤྱན་དངཿ མ་ཀིཿ གོས་དཀརཿ དམ་ཚིག་སྒྲོལ་མ་རྣམས་ཀྱི་ཐུགས་ཀ་ནས་རང་མདོག་གི་འོད་ཟེར་འཕྲོས་པས་འབྱུང་བ་ལྷག་མ་འོད་དུ་སྡུད་དེཿ ཡུམ་བཞི་ལ་ཐིམ་ཞིངཿ དེའི་རང་བཞིན་དུ་སངས་རྒྱས་པར་བསྒོམ་པས་ཞག་བཅོ་ལྔ་རེ་ནས་སོ་སོའི་རྟོག་སྒྲིབ་དབྱིངས་སུ་དག་སྟེཿ ཡུམ་ལྔའི་གོ་ལ་སྦྱོར་བས་འབྱུང་བ་རང་ཟད་ཀྱི་དགོངས་པ་འུབ་ཆུབ་ཆེན་པོ་ཞེས་བྱ་སྟེ་གནད་ཤིན་ཏུ་ཟབ་མོའོཿ བར་སྐབས་དང་ཐུན་མཐའ་ཐམས་ཅད་དུ་མི་དམིགས་པར་འཇོག་པ་ཀུན་ལ་དགོས་པ་དངཿ དེ་དག་གི་ཆོས་དབྱིངས་ཡེ་ཤེས་བཞི་ལྡན་གྱི་འོད་གསལ་མངོན་དུ་གྱུར་པ་ཡིན་ནོཿ ས་མ་ཡཱཿ བར་སྐབས་སུ་འཆི་བ་སྦྱངས་པའི་མན་ངག་ནིཿ འཕོ་བའི་གདམས་པ་ལྟར་སྲོད་ཐུན་ལ་ནམ་རེས་བྱེད་དགོས་པས་ཟུར་བ་མེད་དོཿ དེ་དག་གི་གནད་བསྡུས་ནཿ ནུབ་མོ་ཉལ་ཁ་གཅིག་པོ་ལཿ རང་སེམས་ཀྱི་ངོ་བོ་འོད་ཀྱི་ཐིག་ལེ་ཤིན་ཏུ་འཚེར་བའི་དཀྱིལ་ན་ཨཱཿས་མཚན་པ་ཡོད་པ་གཅིག་བསྒོམ་ལཿ ཧིག་གིས་རང་བཞིན་སྤྲུལ་སྐུའི་ཞིང་ལྔའམ་སྤྱི་བོར་བླ་མ་གསལ་བའི་ཐུགས་ཀར་བརྒྱང་བ་དངཿ བཅོམ་ལྡན་རིགས་ལྔའི་ཡེ་ཤེས་དང་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ངོ་བོཿ རང་སེམས་འོད་ཀྱི་ཐིག་ལེ་ཕྱིར་འོང་ནས་ཚངས་བུག་ནས་ཞུགས་ཏེ་སྙིང་ཀར་གནས་པའི་འོད་ཀྱིས་ལུས་ཕྱི་ནང་ཐམས་ཅད་གསལ་བ་མར་མེ་ལྟ་བུའི་སྙིང་པོ་སྙིང་ཀའི་ཐིག་ལེ་ལ་སེམས་བཟུང་བསཿ འཕོ་བའི་འཆི་སྦྱང་དངཿ གཉིད་འོད་གསལ་དུ་སྦ་བ་དངཿ ཤེས་བྱ་བུམ་སྡུད་གསུམ་གྱི་གནད་འདུས་ལཿ ཐོ་རངས་དེ་ལས་ཐིག་ལེ་གཉིས་པ་ཞིག་སྨིན་མཚམས་སུ་ཆད་དེཿ དེའི་འོད་ཟེར་གྱིས་ཁམས་གསུམ་སྣོད་བཅུད་འབྱུང་བཞི་དང་བཅས་པ་འུབ་ཀྱི་བསྡུས་ནས་ཐིག་ལེ་ལ་གཞུགས་པ་དངཿ དེ་རྩ་བའི་ཐིག་ལེ་ལ་ཐིམཿ དེ་ཡི་གེ་མེད་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་མི་དམིགས་པར་མཉམ་པར་བཞག་པས་ཆོས་དབྱིངས་ཀུན་ནས་བཟླུམ་པའི་ཐིག་ལེ་ཆེན་པོ་སྤྲོས་པའི་གྲྭ་ཟུར་དང་བྲལ་བ་མངོན་དུ་གྱུར་བ
【漢語翻譯】 觀想空性之中,赤裸的普賢佛母具有等持的印相,其心間的光明遍佈所有虛空界,呈現為藍色的光芒。那光芒逐漸縮小並聚集,融入普賢佛母的心間,從而相信所有執著于虛空的分別念和障礙都已證悟為大空性之母的自性。以安住于身體任何部位的加持力,一個月內將生起法界智。再次,當此成就時,從佛眼、瑪吉、白衣佛母、誓言度母等的心間發出各自顏色的光芒,將剩餘的元素聚集為光芒,融入四位佛母之中,並觀想證悟為她們的自性,每隔十五天,各自的分別念和障礙都會在法界中清凈。通過五位佛母的壇城結合,產生元素自滅的意境,這被稱為「大聚集」,是極其深奧的要點。在所有間隙和禪修結束時,都需要無分別地安住,這對所有人都是必要的。並且,這些法界四智的光明將會顯現。薩瑪雅。間隙中修習死亡的口訣是:像遷識法的訣竅一樣,需要在夜晚進行交替呼吸,這是不可或缺的。這些要點的總結是:晚上睡覺時,觀想自己心性的本質是一個非常閃耀的光明點,其中有(藏文:ཨཱཿ,梵文天城體:आ,梵文羅馬擬音:ā,漢語字面意思:阿)。以「嘿」字將自性遷至五方佛剎或頭頂上明觀的上師心間,以及五部如來的智慧和上師的心,都是不可思議的自性。自己的心,光明的明點,從梵穴出來,進入心間,以光芒照亮身體內外,像燈一樣,將心專注於心間的明點上。這樣,遷識法的死亡修習、將睡眠隱藏在光明中、以及知識瓶收三者的要點都彙集在一起。黎明時分,從那裡分離出第二個明點,位於眉間。那明點的光芒將三界、有情器界以及四大元素都聚集起來,融入明點之中。然後,它融入根本的明點。它沒有文字,在法界的自性中,無分別地安住于平等之中,從而法界圓滿的大明點,遠離戲論的邊際,將會顯現。
【英語翻譯】 In the expanse of emptiness, visualize the naked Samantabhadri with the mudra of equipoise, the light from her heart pervading all realms of space, appearing as blue light. That light gradually diminishes and gathers, dissolving into Samantabhadri’s heart, thereby believing that all conceptual thoughts and obscurations clinging to space are enlightened into the nature of the Great Mother of Emptiness. With the blessing of focusing the mind on any part of the body, the wisdom of Dharmadhatu will arise within a month. Again, when this is accomplished, from the hearts of Buddhalochana, Mamaki, Pandara, and Samaya Tara, rays of light of their respective colors emanate, gathering the remaining elements into light, dissolving into the four mothers, and meditating on enlightenment into their nature, every fifteen days, their respective conceptual thoughts and obscurations will be purified in the Dharmadhatu. Through the union of the mandalas of the five mothers, the realization of the self-extinction of the elements arises, which is called the “Great Gathering,” an extremely profound key point. In all intervals and at the end of sessions, it is necessary to abide without discrimination, which is necessary for everyone. And, the clear light of these Dharmadhatu four wisdoms will manifest. Samaya. The instruction for practicing death in the intervals is: like the key point of transference, it is necessary to do alternate breathing at night, which is indispensable. The summary of these key points is: when going to bed at night, visualize the essence of one’s own mind as a very radiant point of light, marked with (Tibetan: ཨཱཿ, Sanskrit Devanagari: आ, Sanskrit Romanization: ā, Literal Chinese meaning: A). With the syllable “Hik,” transfer the nature to the five Buddhafields or to the heart of the guru visualized clearly on the crown of the head, and the wisdom of the five Tathagatas and the guru’s mind, which is the inconceivable nature. One’s own mind, the point of light, comes out from the Brahma aperture and enters the heart, illuminating the entire body inside and out with light, like a lamp, focusing the mind on the point of light in the heart. Thus, the death practice of transference, hiding sleep in clear light, and the key points of the three vase-gathering knowledges are all gathered together. At dawn, separate a second point of light from there, located between the eyebrows. The light rays of that point gather the three realms, sentient and insentient realms, and the four elements, dissolving into the point of light. Then, it dissolves into the root point of light. It is without letters, in the nature of Dharmadhatu, abiding equally without discrimination, thereby the great point of light of the complete Dharmadhatu, free from the edges of elaboration, will manifest.
============================================================
================== 第 4 段 ================== 【原始藏文】 འི་གནད་དོཿ དེ་སྐད་དུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་གྱི་བུ་ཡིག་བརྒྱ་རྩ་སོགས་ནས་ཟུར་སོ་སོར་བྱུང་བ་ཁོང་སྙིང་བསྡེབ་ནས་ཕྱོགས་གཅིག་ཏུ་བཀོད་པའོཿ དེ་ལྟར་འཁྲུལ་བ་བཙན་ཐབས་སྦྱོངས་བ་དངཿ སྣང་སྟོང་འོད་གསལ་འཁོར་ཡུག་འདྲེས་པའི་ལམཿ བསྒོམ་པའི་རྒྱལ་པོ་ཉིན་མཚན་ཁ་སྦྱོར་འདིསཿ མ་ལུས་འཆིང་གྲོལ་མེད་པའི་བྱང་ཆུབ་ཤོགཿ ས་མ་ཡཱཿ ཅེས་ཀྱང་དུས་མཐའི་སྔགས་མིང་ག་གཱ་ཨ་བྷྱེ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཝ་ཀི་ཤྭ་རིའོ། །དགེའོ། །དགེའོ། །དགེའོ། །། སྣང་སྟོང་གི་ལམ་བསྒོམ་པ་ཉིན་མཚན་ཁ་སྦྱོར་དུ་བྱེད་པའི་གདམས་ངག་འོད་གསལ་འཁོར་ལོ།
【漢語翻譯】 之要點。如是,鄔金大導師蓮花生,從十七部大秘密決定續的子字百字等中,分別取出精要,彙集為一體。如是,強制凈除錯亂,顯空光明輪涅和合之道,以此禪修之王晝夜結合,愿無餘解脫束縛之菩提。薩瑪雅。(藏文:ས་མ་ཡཱཿ)如是,從終末之咒名嘎嘎阿貝中清凈降下的書寫者乃語自在。善哉!善哉!善哉!
顯空之道禪修,晝夜結合之竅訣光明輪。
【英語翻譯】 The key point of this. Thus, the great master Padmasambhava of Oddiyana, having separately extracted the essence from the hundred syllables of the seventeen great secret definitive tantras, compiled them into one. Thus, forcibly purify delusion, the path of the union of appearance and emptiness, luminosity, samsara and nirvana. By this king of meditation, the union of day and night, may I attain complete enlightenment, free from all bonds. Samaya. The writer, who purely descended from the mantra name Gaga Abhya at the end of time, is Vakishvari. Good! Good! Good!
The path of appearance and emptiness, the key instruction of meditating in union day and night, the wheel of luminosity.
============================================================
同部經論
與本文同名或相近的其他版本、科判、譯文與註疏。