菩薩藏佛教學會
20
背景
翻譯
下載 ▾

LT39_0011.金剛橛的修法g2.0f

================== 第 1 段 ================== 【原始藏文】 གསེར་འཕྲུའི་ལག་ལེན། གསེར་འཕྲུའི་ལག་ལེན། ཨོཾ་སྭ་སྟི། གཙུག་ལག་ཁང་གི་གཉྫི་ར་དང་གསེར་འཕྲུ་རྒྱལ་མཚན་རྣམས་ལ་ནང་གཞུག་འཇུག་པའི་ཕྱག་སྲོལ་འདུག་ཅིང་། དེའང་ཕལ་ཆེར་གྱིས་རྟེན་དང་མཚུངས་པའི་སྲོག་ཤིང་དང་ནང་གཞུག་བྱེད་པར་སྣང་བ་ལ་ནི་ཁུངས་དང་མི་འབྲེལ་བས་དགོས་པ་མི་སྣང་། མཁས་པ་དག་གིས་འདུལ་བ་ནས་སྣམ་བུ་ལ་ཆོས་གོས་ཀྱི་བརྡར་བཏགས་པ་བཞིན་གསེར་འཕྲུ་སོགས་ལ་རྒྱལ་མཚན་གྱི་བརྡར་བཞག་ཆོག་གསུངས་པ་ནི་རིགས་པས་འཐད་ཅིང་། རྒྱལ་མཚན་འཛུག་ཆོག་འཕགས་བོད་ཀྱི་གཞུང་ལས་ཡོངས་སུ་གྲགས་པ་ལྟར་བྱས་ན་དོན་དང་འབྲེལ་ཞིང་དགོས་པ་ཆེན་པོ་དང་ལྡན་པས་གཙོ་བོར་གདུགས་དཀར་གྱི་འཁོར་ལོ་རྫས་ཚོན་རབ་གནས་ཚུལ་ལྡན་བྱས་པ་དང་། མཆོག་གྲུབ་གཟུངས་ཀྱི་གླེགས་བམ། གཟུངས་རིང་ཐུང་ཅི་མང་། ཕ་རོལ་གྱི་རྒོལ་བ་ལས་རྒྱལ་བར་བསྔགས་པའི་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་མདོ་དར་རས་ལ་བྲིས་པ་སོགས་གྲངས་མང་གཞུག །འཇོག་བདེ་བའི་སླད་དུ་སྲོག་ཤིང་ངམ་མཚུགས་ཤིང་ལ་བརྟེན་ཆོག །གཞན་ཡང་རྟེན་སྤྱི་ལ་བསྔགས་པ་གཟུངས་ཆེན་སྡེ་ལྔ། གཙུག་ཏོར་སྡེ་ལྔ་རྣམས་བཞུགས་ནའང་ལེགས་ཤིང་། ཇོ་བོའི་ལུགས་ཀྱི་གྲོང་ཁྱེར་སྒྲོལ་འཁོར། ཐུགས་ཆེན་རྒྱལ་པོ་ལུགས་ སོགས་ཀྱི་མཐོང་གྲོལ་བུ་སྟོན་ལུགས་ཀྱི་ཐོག་དང་ས་གཡོས་སྲུང་བའི་འཁོར་ལོ་ཆེན་མོ། གཉན་རིམས་སྲུང་བ་གུ་གེ་ཆིག་དྲིལ་དང་རྡོ་རྗེ་ཁྲབ་རིང་། གསར་རྙིང་གདམས་ངག་འགའ་རེ་ལས་འབྱུང་བའི་ཐ་འཁོར་སོགས་འཇོག་ན་ལེགས། རྙིང་ལུགས་གཙོར་བྱེད་ན་བླ་མ་དགོངས་འདུས་སོགས་ལས་འབྱུང་བའི་མཐོང་གྲོལ་ཙཀྲ་དང་གུར་དྲག་ཡེ་ཤེས་རབ་འབར་གྱི་རྩ་རྒྱུད་བྲི་སྒྲུབ་ཚད་ལྡན་བྱས་པའི་རང་གཞུང་ཆོ་གས་འཇོག་པ་གལ་ཆེ་བར་སྣང་བས་མཚོན་གཏེར་ཁ་གསར་རྙིང་ལས་བྱུང་བའི་དགོས་པ་ཅན་ཡང་མང་དུ་སྣང་ནའང་ལག་ལེན་འདོད་པ་བྱུང་ན་སོ་སོའི་གཞུང་ལས་ཤེས་པར་བྱ་དགོས། སྤྱི་ཙམ་ནི་གོང་སྨོས་རྩ་བ་ཉིད་དོ་གལ་ཆེ་ཞིང་དེའང་འཇོག་ཟིན་ནས་སོ་སོའི་གཞུང་ལས་བཤད་པ་ལྟར་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པས་བསྒྲུབ་ཅིང་བརྟན་བཞུགས་སྨོན་ལམ་ཤིས་བརྗོད་རྒྱས་པར་བྱ་དགོས་སོ། །གོང་སྨོས་པའི་འཁོར་ལོ་ནི། ཟངས་ཀྱི་བྱང་བུ་དབུ་ཅན་གྱི། ཐ་ཡིག་ཆེན་པོ་བྲིས་པའི་ཁོང་དུ། སརྦ་ཨ་ནྀྲ་ཏྲི་བ་སུ་སིངྡྷི་ས་མ་ཡ་སྡུས་སྡུས་ཧྲཱི༚་ཧྲཱི༚་ཛཿཛཿ ཞེས་ཕྲེང་དུ་བྲི། དེ་རྒྱབ་འཁོར་ལོ་རྩིབས་བཞི་ལ་མདུན་ནས་རིམ་བཞིན་ཨེ་ཝཾ་མཱ་ཡཱ་ཞེས་འབྲུ་བཞི་ལ

【漢語翻譯】 金剛橛的修法。 金剛橛的修法。 嗡 斯瓦斯諦!寺院的寶頂和金剛橛幢幡等有放入內藏的習俗。但大多數似乎將之作為與佛像等同的命根和內藏,這與經典依據無關,因此沒有必要。智者們說,就像從律藏中將布料指定為法衣的名稱一樣,金剛橛等也可以指定為幢幡的名稱,這在理上是可行的。如按照在印度和西藏的經典中廣為人知的樹立幢幡的方式去做,則與意義相關聯,並且具有很大的必要性,因此最主要的是製作具備材料、顏色、開光等條件的白傘蓋輪,以及殊勝成就陀羅尼經函,各種長短的陀羅尼,書寫在絲綢上的,被讚譽爲戰勝外道攻擊的勝幡頂端飾品的陀羅尼經文等,數量眾多地放入。爲了便於安放,可以依靠命根或木製模型。此外,放入讚頌一切所依的《大陀羅尼五部》,《佛頂五部》等也很好。覺沃傳承的城市度母輪,大悲觀音法王等之見即解脫,布頓傳承的鎮宅和防止地震的大輪,防止瘟疫的古格合集和金剛鎧甲長軌,以及新舊傳承的一些教言中出現的他輪等,放入也很好。如果主要遵循舊譯派,那麼放入從喇嘛意集等中出現的見即解脫字輪,以及按照古汝扎熱智慧光焰的根本續部進行書寫、修持且符合標準的自宗儀軌也很重要。總之,新舊伏藏中出現的必需品也有很多,如果想要修持,則必須從各自的經典中瞭解。總的來說,以上所說的根本非常重要,安放完畢后,按照各自經典中所說,通過生起次第、圓滿次第、供養、讚頌、唸誦來進行修持,並廣作堅住祈願和吉祥祝願。 以上所說的輪是:用銅片,以烏金體書寫。在書寫有大「ཐ」字內部寫上:薩瓦 阿尼日智 瓦蘇 辛迪 薩瑪雅 杜杜 吽 吽 匝 匝(藏文,梵文天城體,梵文羅馬擬音,漢語字面意思)。然後,在背面,從前面開始依次在四個輪輻上寫上「ཨེ་ཝཾ་མཱ་ཡཱ་(藏文,梵文天城體,梵文羅馬擬音,漢語字面意思)」四個字。

【英語翻譯】 The Practice of the Golden Pinnacle The Practice of the Golden Pinnacle Om Swasti! There is a custom of placing inner contents in the ganjira and golden pinnacle victory banners of monasteries. However, most people seem to treat them as life-forces and inner contents equivalent to statues, which is not related to the source and therefore seems unnecessary. Scholars say that just as cloth is designated as the name of a Dharma garment from the Vinaya, golden pinnacles and the like can also be designated as the name of a victory banner, which is logically acceptable. If one follows the well-known tradition of erecting victory banners from Indian and Tibetan scriptures, it is meaningful and has great necessity. Therefore, the most important thing is to create a White Umbrella Wheel with proper materials, colors, and consecration, as well as the Supreme Accomplishment Dharani Scripture, various lengths of dharanis, and the Dharani Sutra of the Victory Banner Peak Ornament, which is praised for overcoming the attacks of outsiders, written on silk, and place them in large numbers. For ease of placement, one can rely on a life-force or a wooden model. In addition, it is good to place the Five Great Dharanis, which praise all supports, and the Five Crown Jewels. The City Tara Wheel of the Jowo tradition, the Great Compassionate King, etc., which are seen as liberation upon sight, the Great Wheel of Buton’s tradition for protecting houses and preventing earthquakes, the Guge Chikdril for preventing epidemics, and the Long Armor Vajra, as well as other wheels that appear in some of the new and old instructions, are also good to place. If one mainly follows the Nyingma tradition, it is important to place the Liberation Upon Sight Chakras that appear in the Lama Gongdu, etc., and the self-tradition rituals that are written and practiced according to the root tantra of Gur Drag Yeshe Rabbar, which are up to standard. In short, there are many necessities that appear in the new and old treasures, but if one wants to practice them, one must learn from their respective scriptures. In general, the above-mentioned root is very important, and after it is placed, one should practice according to what is said in the respective scriptures, through generation stage, completion stage, offerings, praise, and recitation, and extensively perform the steadfastness prayer and auspicious wishes. The wheel mentioned above is: On a copper plate, write in Uchen script. Inside the large letter “ཐ”, write the mantra: sarva anṛta triba su sindhi samaya dudu hūṃ hūṃ jaḥ jaḥ (藏文,梵文天城體,梵文羅馬擬音,漢語字面意思). Then, on the back, write the four syllables “ཨེ་ཝཾ་མཱ་ཡཱ་(藏文,梵文天城體,梵文羅馬擬音,漢語字面意思)” on the four spokes of the wheel, starting from the front.

============================================================

================== 第 2 段 ================== 【原始藏文】 ་གོང་གི་སརྦ་ཨ་ནྀྲ་ཏྲི་སོགས་གྱིས་རེ་རེ་བཞིན་བསྐོར། རྩིབས་མཆན་བཞི་ལ་འཁོར་ལོ་རིན་པོ་ཆེ་པདྨ་རལ་གྲི་རྣམས་ བྲི། དེ་རྒྱབ་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་དང་། དེ་རྒྱབ་བཀྲ་ཤིས་རྫས་བརྒྱད་རྟགས་བརྒྱད་སྤེལ་མར་བྲིས་པས་བསྐོར། སྦྱོང་ཁྲུས་རབ་གནས་བྱས་ལ་གཙུག་ཏོར་དྲི་མེད། རྣམ་རྒྱལ་མ། གདུགས་དཀར་རྣམས་ཀྱི་གཟུངས་རིང་ཐུང་རྣམས་དང་འབྲུ་སྨན་རིན་པོ་ཆེ་བཅས་རྒྱལ་མཚན་ལ་སོགས་པའི་ཏོག་གི་ནང་དུ་གཞུག །རྩ་གསུམ་སྤྱི་དང་བྱེ་བྲག་གང་ཤེས་བསྐྱེད་བསྟིམ་བརྟན་བཞུགས་བྱས་ན་ཡུལ་ཕྱོགས་དེར་གནོད་པ་ཐམས་ཅད་ཞི་བ་དང་། ལྷ་ཀླུ་མིའི་དགེ་ལེགས་ཀྱི་འདུ་བ་རྒྱ་ཆེ་ལ་རྒྱུན་མི་འཆད་པར་འབྱུང་བར་གསུངས་སོ། །ཞེས་གཟུངས་གཞུག་ལག་ལེན་གྱི་ཟུར་འདེབས་སུ་གྲ་སྒང་རྗེ་དབོན་བླ་མ་མཆོག་གིས་བཞེད་པ་ལྟར་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་དགེ་ལེགས་འཕེལ། ། ཤོག་སྟོང་། གསེར་འཕྲུའི་ལག་ལེན།

【漢語翻譯】 用上面的薩瓦阿訥日札等咒語各自環繞。在四個側面寫上輪寶、蓮花、寶劍等。 其後在圓環上寫上緣起心咒,再後面用吉祥八物和吉祥八相交替書寫環繞。進行凈化沐浴和開光后,將尊勝佛頂、尊勝母、白傘蓋等的長短咒語,以及穀物、藥物、珍寶等放入勝幢等頂飾之中。如果修持總的三根本和個別所知的生起、圓滿、堅住,就能平息該地區的所有的損害,並且天、龍、人的善妙聚集廣大且源源不斷地產生。這是(上師)格桑仁波切所說的。作為裝藏法實踐的附錄,由洛哲塔耶按照格崗仁波切的意願所寫,吉祥增上! 空頁。 金剛橛的修法。

【英語翻譯】 Encircle each with the above Sarva Anrita, etc. On the four side ribs, write the precious wheel, lotus, and sword. Behind that, on the circumference, write the Essence of Dependent Arising, and behind that, encircle it by writing the Eight Auspicious Symbols and the Eight Auspicious Signs alternately. After performing purification, bathing, and consecration, place the long and short mantras of Ushnishavijaya, Vijaya, and White Umbrella, as well as grains, medicines, and jewels, into the crest of the victory banner, etc. If you practice the generation, completion, and stabilization of the general Three Roots and the specific ones you know, all harm in that area will be pacified, and the gathering of goodness of gods, nagas, and humans will be vast and continuous. This is what (Guru) Gesang Rinpoche said. As a supplement to the practice of mantra insertion, it was written by Lodro Thaye according to the wishes of Gegang Rinpoche, may auspiciousness increase! Blank page. The practice of the golden vajrakila.

============================================================