菩薩藏佛教學會
20
背景
翻譯
下載 ▾

JKT001_0050.在雪山之中.向卓越的摩訶班智達法賢祈請.信心的波濤顯現涌動g2.0f

================== 第 1 段 ================== 【原始藏文】 གངས་རིའི་ཁྲོད་ཙམ་ན་ཕུལ་དུ་བྱུང་བའི་མ་ཧཱ་པཎྜི་ཏ་ཆོས་ཀྱི་བཟང་པོ་ལ་གསོལ་བ་འདེབས་པ་དད་པའི་རྦ་རླབས་མངོན་པར་གཡོ་བ། གངས་རིའི་ཁྲོད་ཙམ་ན་ཕུལ་དུ་བྱུང་བའི་མ་ཧཱ་པཎྜི་ཏ་ཆོས་ཀྱི་བཟང་པོ་ལ་གསོལ་བ་འདེབས་པ་དད་པའི་རྦ་རླབས་མངོན་པར་གཡོ་བ། གངས་རིའི་ཁྲོད་ཙམ་ན་ཕུལ་དུ་བྱུང་བའི་མ་ཧཱ་པཎྜི་ཏ་ཆོས་ཀྱི་བཟང་པོ་ལ་གསོལ་བ་འདེབས་པ་དད་པའི་རྦ་རླབས་མངོན་པར་གཡོ་བ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། མ་ཧཱ་པཎྜི་ཏ་དྷརྨ་བྷ་དྲེཉུདྡྷེཥ་ཎ་ཤདྡྷ་ནཱི་སོརྨི་ཀཱ་བྷི་ཙ་ལ་ནཱ་མ། བོད་སྐད་དུ། མཁས་པ་ཆེན་པོ་ཆོས་ཀྱི་བཟང་པོ་ལ་གསོལ་བ་འདེབས་པ་དད་པའི་རྦ་རླབས་མངོན་པར་གཡོ་བ་ཞེས་བྱ་བ། དཔལ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དགེ་ལེགས་རྟག་པ་དམ་པའི་ཡེ་ཤེས་རྣམ་མེད་འོད་གསལ་སྟོང་པ་ཉིད། །རྣམ་བཅས་སྒྱུ་མའི་ཕྱག་རྒྱར་བཞེངས་པས་ཁ་སྦྱོར་བདུན་གྱི་དཔལ་འབར་བ། །དང་པོའི་མགོན་པོ་རྒྱལ་སྲས་ཟོལ་གྱིས་འཇིག་རྟེན་གསུམ་ན་རབ་གྲགས་པ། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༡ །གང་ཁྱོད་གཟོད་ནས་རབ་ཞི་ བརྙེས་ཀྱང་སྲིད་དང་མཐུན་པར་འཇུག་པ་ན། །བསིལ་ལྡན་གཙང་རོང་གྲུབ་པའི་སྨན་ལྗོངས་འཆི་མེད་འདུན་སའི་རྒྱན་གཅིག་པུར། །དཔལ་ལྡན་གྲུབ་རིགས་ཐིག་ལེར་ཆས་ཚེ་བསྔགས་འོས་རྒྱ་མཚོའི་གཞིར་གྱུར་པ། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༢ །ཐོག་མ་ཉིད་ནས་སྙིང་རྗེ་ཆེ་དང་བློ་མཆོག་སྣང་བ་མ་སྨད་པས། །ལན་རེ་ཟུང་རེས་གཞུང་ལུགས་ཀུན་མཁྱེན་ཐམས་ཅད་གཟིགས་པའི་གྲགས་སྙན་གྱིས། །འཕགས་བོད་མཁས་ཀུན་སྤོབས་པ་འཕྲོག་མཛད་ལག་ན་རལ་གྲིའི་སྙེམས་འཆང་བ། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༣ །ཕྱོགས་ཀྱི་གླང་པོའི་ཤེས་རབ་མཚོན་ཅན་དབྱིག་གཉེན་ཞབས་ཀྱི་ཐོས་པས་བརྒྱན། །ཙནྡྲ་གོ་མཱིའི་བརྗོད་པ་ཡོངས་བཟུང་ཆོས་ཀྱི་གྲགས་པའི་བརྒལ་བརྟག་དང་། །དཔལ་ལྡན་དཔའ་བོའི་རྩོམ་པ་ལ་འཇུག་འགྲན་ཟླ་མེད་པའི་པཎྜི་ཏ། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༤ །བསླབ་གཞིའི་སྐྱེད་ཚལ་ཉམས་དགའ་ལེགས་འཁྲུངས་ཐུགས་བསྐྱེད་ཡལ་ག་ཁྱོན་ཡངས་ཤིང་། །ཐ་མལ་དངོས་ཀུན་བདེ་བ་ཆེར་བསྡོམས་ལྷ་སྔགས་ཡེ་ཤེས་འབྲས་བུས་ཕྱུག །རང་གཞན་དོན་གཉིས་འབྱོར་པས་ཚིམ་མཛད་དཔག་བསམ་དབང་པོའི་གཟུགས་ཀྱི་ཟླ། །འཇམ་དཔལ་གཞོན་ ཞུ་ཆོས་ཀྱི་བཟང

【漢語翻譯】 在雪山之中,向卓越的摩訶班智達法賢祈請,信心的波濤顯現涌動。

【英語翻譯】 In the midst of the snowy mountains, I pray to the eminent Mahapandita Chokyi Zangpo, causing the waves of faith to visibly surge.

============================================================

================== 第 2 段 ================== 【原始藏文】 ་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༥ །མཁས་ཚུལ་གསུམ་གྱི་གཟི་བརྗིད་རྨད་བྱུང་གངས་ཅན་བསྟན་པའི་ཤིང་རྟ་ཆེ། །གྲུབ་པ་མཆོག་གི་བརྟུལ་ཞུགས་མཐའ་ཡས་རིག་འཛིན་བྱེ་བའི་རྒྱན་གཅིག་པུ། །བསྔགས་འོས་སྣང་བས་ས་གསུམ་ཀུན་ཁྱབ་རྒྱལ་བའི་མྱུ་གུའི་ཉིན་མོར་བྱེད། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༦ །རྒྱུད་ལུང་མན་ངག་ཆ་ཤས་ཡོངས་གང་གཙུག་ལག་རྒྱ་མཚོའི་རི་དྭགས་གཡོ། །ཆེར་རློམས་ཁེངས་པའི་པདྨ་ཟུམ་ཞིང་གཟུར་གནས་ཀུན་དགའི་ཆུ་གཏེར་འཕེལ། །གྲགས་པའི་འོད་དཀར་སྲིད་ན་མཚུངས་བྲལ་སྔོན་མེད་སྨྲ་བའི་ཟླ་བ་ཆ། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༧ །སྣང་བ་མཐའ་ཡས་ཡེ་ཤེས་སྒྱུ་འཕྲུལ་ལྷ་གཅིག་དཱི་པཾ་ཀཱ་ར་དང་། །འབེལ་བའི་གཏམ་གྱི་སྦྱོར་བར་ཞུགས་ཚེ་ཁེངས་པའི་འཁྲི་ཤིང་ཉེར་དུད་པས། །སྤྱོད་འཆང་དབང་པོའི་རྣམ་འཕྲུལ་ཉིད་ཅེས་བསྔགས་པའི་མེ་ཏོག་རབ་འཐོར་བ། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༨ །འཆི་མེད་མཆོག་གི་དགེ་མཚན་བརྙེས་པས་གསང་ཆེན་བསྟན་པ་ཡུན་དུ་བསྐྱངས། །དེ་ཡིས་བསྟན་འཛིན་འབུམ་ཕྲག་འདུ་བས་གངས་རིའི་ཁྲོད་ཀུན་མཛེས་པར་བྱས། །དེས་ཀྱང་བསྟན་འགྲོའི་ཕན་བདེ་ཡོངས་ སྤེལ་འགྲན་ཟླ་ཀུན་བྲལ་སྤྲུལ་པའི་སྐུ། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༩ །མདོར་ན་མགོན་པོ་ཁྱོད་ཀྱི་རྣམ་ཐར་རྒྱལ་བ་ཀུན་དང་མི་ཕྱེད་པས། །འཕགས་ཆེན་གྱིས་ཀྱང་གཞལ་བར་དཀའ་ན་བྱིས་པའི་བློ་ཡིས་ཅི་ཞིག་ཅེས། །སྙིང་ནས་མོས་གུས་གདུང་ཤུགས་དྲག་པོས་དུས་གསུམ་ཀུན་ཏུ་གསོལ་འདེབས་ན། །རིག་དང་བརྩེ་བའི་ཡེ་ཤེས་གཟིགས་པས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༡༠ །གང་ཞིག་འཁོར་བའི་རྒྱ་མཚོ་ལས་བརྒལ་ཐར་པའི་གྲོང་དུ་འཇུག་འདོད་པས། །འགྲོ་འདི་ཉོན་མོངས་ཕུང་པོ་མེད་སྣང་སྒྱུ་མ་ལྟ་བུའི་རིམས་ནད་ཀྱིས། །ཆེས་ཆེར་མནར་བའི་ངང་ཚུལ་དྲན་འི་ནགས་ཀླུང་དུ། །གཉེན་པོར་གྱུར་པའི་ལམ་མཆོག་བདུད་རྩི་འབད་པས་བསྒྲུབ་པར་བྱིན་གྱིས་རློབས། ༡༡ །ཕུང་སོགས་ཆོས་ཀུན་རྒྱུ་རྐྱེན་གཞན་དང་གཞན་གྱིས་དབང་གིས་རབ་སྣང་ཕྱིར། །ཡང་དག་མ་ཡིན་བསླུ་བའི་ཆོས་ཅན་དངོས་ཀུན་སྒྱུ་འདྲར་རོ་མཉམ་པ། །ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་འཇིགས་མེད་སེང་གེའི་སྒྲ་བསྒྲགས་པས། །དངོས་སྨྲའི་རི་དྭགས་བརྟན་པ་འཕྲོག་པའི་བརྟུལ་ཞུགས་གྲ

【漢語翻譯】 愿您加持直至菩提果!5。 具足三學之光輝,稀有雪域教法之棟樑。 擁有無量成就之至尊瑜伽士,乃是無數持明者之唯一莊嚴。 以值得讚頌之光芒,普照三界,乃是佛陀幼苗之旭日。 文殊童子法賢,請您加持直至菩提果!6。 圓滿具備經續竅訣之所有部分,猶如論典大海中嬉戲之鹿。 使驕傲自滿之蓮花閉合,令正直者皆歡喜之水庫增長。 名聲之皓光,世間無與倫比,乃前所未有之說法之滿月。 文殊童子法賢,請您加持直至菩提果!7。 無量光之智慧幻化,唯一本尊燃燈佛。 當您開始講述善妙之語時,傲慢之蔓藤亦隨之低垂。 您是持戒自在者之化身,讚頌之鮮花紛紛散落。 文殊童子法賢,請您加持直至菩提果!8。 獲得不死甘露之殊勝功德,故能長久護持殊勝密法。 您聚集了成千上萬之持教者,將雪山環繞之地裝點得美輪美奐。 您亦能增進教法與眾生之福祉,無與倫比之化身。 文殊童子法賢,請您加持直至菩提果!9。 總之,怙主您之傳記與諸佛無別。 即使是聖者亦難以衡量,更何況是孩童之智慧呢? 從內心深處以虔誠之信仰和強烈之渴望,於三時中恒常祈禱。 以您智慧與慈悲之眼觀照,請您加持直至菩提果!10。 凡欲超越輪迴之苦海,進入解脫之城者。 此等眾生為煩惱之蘊,無有實質,如幻如夢之瘟疫所折磨。 憶念此等痛苦之情景,于森林之中。 請您加持我等努力修持能成為對治之殊勝甘露道!11。 蘊等諸法,皆由因緣他力而顯現。 一切事物皆為虛妄不實,具有欺騙性,如幻象般平等。 以進入大乘之道的無畏獅子吼。 奪走執著實有者之堅定,瑜伽士

【英語翻譯】 May you bless me until I attain enlightenment! 5. The great chariot of the teachings of the snowy land, with the marvelous splendor of the three kinds of wisdom. The sole adornment of hundreds of thousands of vidyadharas, with the boundless conduct of the supreme accomplished one. With praiseworthy light, pervading all three realms, the sun of the Buddha’s sprout. Manjushri Youth Dharma Goodness, may you bless me until I attain enlightenment! 6. Completely filled with all parts of tantra, agama, and secret instructions, like a deer frolicking in the ocean of scriptures. Closing the lotus of arrogance and pride, increasing the reservoir of water that pleases all impartial ones. The white light of fame, unparalleled in the world, an unprecedented moon of speech. Manjushri Youth Dharma Goodness, may you bless me until I attain enlightenment! 7. The wisdom illusion of Limitless Light, the sole deity Dipamkara. When engaging in eloquent speech, the creeper of arrogance bows down. You are the emanation of the powerful one who upholds conduct, flowers of praise are scattered. Manjushri Youth Dharma Goodness, may you bless me until I attain enlightenment! 8. Having attained the auspicious qualities of the supreme immortal, you have long upheld the great secret teachings. By gathering hundreds of thousands of upholders of the teachings, you have beautified all the snowy mountains. You also spread the benefit and happiness of the teachings and beings, an unparalleled emanation. Manjushri Youth Dharma Goodness, may you bless me until I attain enlightenment! 9. In short, the biography of you, protector, is no different from all the Buddhas. Even the great noble ones find it difficult to measure, so what can a child’s mind do? From the depths of my heart, with fervent faith and intense longing, I pray at all times. With your wisdom and loving gaze, may you bless me until I attain enlightenment! 10. Whoever wishes to cross the ocean of samsara and enter the city of liberation. These beings are tormented by the aggregates of affliction, the illusion-like epidemic of non-existence. Remembering the state of being greatly tormented, in the forest. May you bless me to diligently practice the supreme nectar path that becomes the antidote! 11. Since all phenomena, such as the aggregates, appear due to the power of other causes and conditions. All things are untrue, deceptive in nature, and equal in taste like illusions. By proclaiming the fearless lion’s roar of entering the Great Vehicle. Stealing the steadfastness of the deer who speak of reality, the conduct of the yogi

============================================================

================== 第 3 段 ================== 【原始藏文】 ུབ་པར་བྱིན་གྱིས་རློབས། ༡༢ །སྣང་ཙམ་མི་འགག་དེར་འཛིན་ཀུན་ཞིག་དངོས་པོའི་གནས་ལུགས་མཐོང་བའི་བློས། །ཀུན་རྫོབ་འཁྲུལ་པ་རྫ་ས་སུ་བལྟ་དང་དོན་བྱེད་ནུས་པར་སྨྲ་ལ་སོགས། །ཕྱོགས་རེར་ཞེན་ པའི་རྟོག་པས་མ་བཅིངས་བདེན་གཉིས་གཟོད་ནས་ཟུང་འཇུག་པའི། །མི་མཐུན་དང་ནི་གཉེན་པོ་དབྱེར་མེད་ཟབ་དོན་རྟོགས་པར་བྱིན་གྱིས་རློབས། ༡༣ །དམིགས་པར་འཛིན་པའི་འདུ་ཤེས་ལ་བརྟེན་སྒྲོ་འདོགས་སྐུར་འདེབས་ཕྱོགས་ལྷུང་བ། །ཡང་དག་སྣང་བས་ལེགས་པར་དཔྱད་དེ་ངོ་བོ་ཉིད་ཀྱི་ཚུལ་རིག་པ། །དྲི་མ་མེད་པའི་ཤེས་རབ་མཆོག་གིས་རིག་ཚུལ་དུ་མའི་མཚོན་ལྷུང་བས། །རྟོག་གེས་རློམས་པའི་རི་བོ་བསྙིལ་ནས་ལས་བཟང་བསྒྲུབ་པར་བྱིན་གྱིས་རློབས། ༡༤ །དེ་ལྟར་འཕགས་པའི་ཡེ་ཤེས་ལམ་བྱེད་རང་བཞིན་རྫོགས་པ་ཆེན་པོའི་ཚུལ། །གཉིས་མེད་བྱང་ཆུབ་སེམས་སུ་རོ་མཉམ་ཐམས་ཅད་ཀུན་བཟང་རོལ་པའི་རྒྱན། །མ་རྟོགས་ལོག་རྟོག་གོལ་སྒྲིབ་ལས་འདས་བཏང་སྙོམས་ཆེན་པོའི་ངང་གནས་པས། །སྤངས་དང་རྟོགས་པའི་ཡོན་ཏན་ལྷུན་རྫོགས་མཆོག་དངོས་འགྲུབ་པར་བྱིན་གྱིས་རློབས། ༡༥ །གཅིག་ཅར་རྟོགས་པའི་སྐལ་བས་དབེན་ན་ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །ཚུལ་བཞིན་བསྟེན་པས་སེམས་གནས་རབ་བསྒྲུབ་ལྷ་སྔགས་ཡེ་ཤེས་སྦྱོར་པ་ཡིས། །ཀུན་རྟོག་གཉིས་འཐུང་སྡེར་བཅས་ཟིལ་མནན་སྟོང་ཆེན་སྙིང་རྗེ་སྒྱུ་མ་དང་། །ཕྱག་རྒྱ་གཅིག་སྤྲོས་ཕྲ་རགས་མཐར་ཕྱིན་བསམ་གཏན་འགྲུབ་པར་བྱིན་གྱིས་རློབས། ༡༦ །ཚོགས་ཀྱི་འདུ་བའི་ཉེ་རྒྱུ་ལ་བརྟེན་ཟབ་མོའི་ཤེས་རབ་མངོན་སུམ་གྱུར། །རྣམ་སྨིན་ཚེ་དབང་ཕྱག་རྒྱར་རབ་ བཞེངས་ལྷུན་གྱིས་གྲུབ་པའི་སྒྱུ་མ་ཡིས། །སྒྲིབ་གསུམ་བག་ཆགས་ཆ་བཅས་མཐར་བྱས་སྐུ་དང་ཡེ་ཤེས་དབྱེར་མེད་པའི། །རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་སྣང་བས་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། ༡༧ ། གཞན་ཡང་གནས་སྐབས་མི་མཐུན་ཀུན་ཞི་ཆོས་བཞིན་སྤྱོད་པའི་འདུ་བ་འཕེལ། །སྣོད་བཅུད་རྒུད་པའི་གདུང་བ་རབ་འཕྲོག་བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས། །བསྟན་འཛིན་མཆོག་རྣམས་བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་རྟག་ཏུ་བསྐོར་བ་ཡིས། །བཀྲ་ཤིས་སྣང་བ་ནུབ་པ་མེད་པས་ས་གསུམ་ཁྱབ་པར་བྱིན་གྱིས་རློབས། ༡༨ །ཞེས་གངས་རིའི་ཁྲོད་ཙམ་ན་ཕུལ་དུ་བྱུང་བའི་མ་ཧཱ་པཎྜི་ཏ་རྣམ་སྣང་མཆོག་གི་སྤྲུལ་པའི་སྐུ་རོང་ཟོམ་ཆེན་པོ་ཆོས་ཀྱི་བཟང་པོའི་རྣམ་པར་ཐར་པ་ཡི་གེ་རྙིང་པ་ལས་ཇི་ལྟར་འབྱུང་བ་ཙམ་གཞིར་བཀོད་དེ་གསོལ་བ་འདེབས་པ

【漢語翻譯】 祈請加持。12。顯現剎那不滅,于彼執著盡消,以見事物實相之智,視世俗迷亂如土石,並說能起作用等,不為偏執之分別念所束縛,于真俗二諦本來自成雙運者,祈請加持證悟不相容與對治無別之甚深義。13。依于執著對境之分別念,生起增益、誹謗、偏袒等,以正確之顯現善加觀察,證悟自性之理,以無垢之殊勝智慧,于諸多證悟方式之象徵中,摧毀以分別念自負之高山,祈請加持成辦善業。14。如是殊勝智慧為道用,自性大圓滿之理,于無二菩提心中味同,一切皆為普賢之妙飾,超越未悟、邪悟、錯謬、障礙,安住于大平等舍中,祈請加持功德圓滿具足,成就殊勝真實。15。若無頓悟之機緣,則捨棄五過,修持八行,如理依止,善能安住於心,以本尊、真言、智慧之結合,鎮伏一切分別二取之魔軍,並以大空性、大悲、幻化及,唯一手印之細微粗大究竟圓滿,祈請加持成就禪定。16。依于會供之近取因,甚深智慧得以現前,于成熟壽命自在之手印中,善加建立任運成就之幻化,究竟清凈三障及習氣,于身與智慧無別之,常遍任運成就事業光明中,祈請加持成辦二利。17。 此外,一切暫時之不順皆息滅,如法行持之聚會增盛,平息有情世間衰敗之痛苦,講修教法弘揚於十方,祈願諸持教大德萬壽永固,法輪恒常轉動,吉祥光明永不衰減,遍佈三界,祈請加持。18。如是,于雪山之中,于諸殊勝大班智達中,以榮 सोमཆེན་པོ་ཆོས་ཀྱི་བཟང་པོ། (Rongzom Chokyi Zangpo) 之轉世身,即榮 सोमཆེན་པོ་ཆོས་ཀྱི་བཟང་པོ། (Rongzom Chokyi Zangpo) 如何從古老文獻中出現那樣,以此為基礎而作祈請。

【英語翻譯】 Grant blessings. 12. May the mind that sees the nature of reality, where appearances momentarily arise and do not cease, and where all grasping dissolves, view conventional illusions as mere clay and stones, and speak of their ability to function, etc., not bound by partial conceptual fixations, but where the two truths are primordially coemergent, grant blessings to realize the profound meaning where incompatibility and remedy are inseparable. 13. Relying on the concept of grasping at objects, which gives rise to imputation, denigration, and partiality, may the nature of reality be well examined by correct appearances, and may the mountain of arrogance based on conceptual thought be overthrown by the fall of symbols of various modes of knowledge through immaculate supreme wisdom, grant blessings to accomplish virtuous deeds. 14. Thus, may the way of noble wisdom, the nature of the Great Perfection, be of one taste in the non-dual bodhicitta, the ornament of all-good play, abiding in the state of great equanimity, beyond non-realization, wrong views, errors, and obscurations, grant blessings to perfectly accomplish the qualities of abandonment and realization, the supreme reality. 15. If devoid of the fortune of sudden realization, abandoning the five faults and practicing the eight activities, by properly relying on them, may the mind be well established, and by the union of deity, mantra, and wisdom, may the hosts of dualistic conceptualizations be subdued, and may the great emptiness, great compassion, illusion, and the single mudra, with subtle and gross perfections, grant blessings to accomplish meditation. 16. Relying on the proximate cause of the gathering of the assembly, profound wisdom becomes manifest, and in the mudra of ripening life empowerment, may the spontaneously accomplished illusion be well established, and may the three obscurations and habitual tendencies be completely exhausted, and in the light of the spontaneously accomplished activity of the inseparability of body and wisdom, which is eternal and pervasive, grant blessings to accomplish the two benefits. 17. Furthermore, may all temporary disharmony be pacified, and may the gathering of those who practice according to the Dharma increase, may the suffering of the decline of the environment and beings be greatly alleviated, may the teaching of explanation and practice spread in the ten directions, may the feet of the supreme holders of the teachings be firm for hundreds of kalpas, may the Dharma wheel be constantly turned, and may the auspicious light never wane, pervading the three realms, grant blessings. 18. Thus, in the midst of the snowy mountains, among the eminent Mahāpaṇḍitas, as the emanation body of the supreme Omniscient One, Rongzom Chokyi Zangpo, based on how Rongzom Chokyi Zangpo appears in the old texts, this is the basis for making this supplication.

============================================================

================== 第 4 段 ================== 【原始藏文】 ་དང་། ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་དང་། སྙིང་པོའི་ལམ་རིམ་ཟུང་འབྲེལ་གྱི་ཚུལ་དུ་སྨོན་ལམ་དུ་བགྱིས་པའི་ཚིགས་སུ་བཅད་པ་ཉུང་ངུ་འདིའང་སྙེ་མོ་བྱེ་མཁར་གྱི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་རཀྴི་ཏ་བསམས་བཞིན་དུ་སྲིད་པ་ཉེ་བར་བཟུང་བ་རྒྱལ་སྲས་རྡོ་རྗེ་འཆང་གཞན་ཕན་མཐའ་ཡས་འོད་ཟེར་གྱི་ཐུགས་དགོངས་རྫོགས་པའི་ཆེད། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ཆོས་ཀྱི་དབང་པོའི་སྡེས་རྗེས་སུ་གནང་སྟེ། བསླབ་གསུམ་རིན་པོ་ཆེའི་མཛོད་འཛིན་དགེ་སློང་དགེ་བའི་བཤེས་གཉེན་མཉྫ་ཤྲཱི་སཱ་ག་རས་ལྕང་ར་ལྷ་ཀླུ་འཆི་མེད་དགའ་ཚལ་ནས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ནན་ཏན་ཆེན་པོས་བསྐུལ་བ་ལྟར། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རབ་ཡིད་ལྕགས་སྤྲེལ་ལོའི་ཆུ་སྟོད་ཟླ་བའི་ཚེས་བཞི་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཆེན་ལ་དཔལ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་བྲིས་ཏེ་རྩེ་གཅིག་གུས་པས་གསོལ་བ་བཏབ་པ་དགེ་ལེགས་འཕེལ། ། གངས་རིའི་ཁྲོད་ཙམ་ན་ཕུལ་དུ་བྱུང་བའི་མ་ཧཱ་པཎྜི་ཏ་ཆོས་ཀྱི་བཟང་པོ་ལ་གསོལ་བ་འདེབས་པ་དད་པའི་རྦ་རླབས་མངོན་པར་གཡོ་བ།

【漢語翻譯】 以及,進入大乘之理,以心髓道次第結合之方式所作的祈願偈頌,此少量之作,乃是為成全涅摩杰喀爾的大譯師毗盧遮那·羅睺羅(藏文:བཻ་རོ་ཙ་ན་རཀྴི་ཏ་)深思熟慮後轉世,化身嘉賽多杰羌·根潘塔耶沃瑟(藏文:རྒྱལ་སྲས་རྡོ་རྗེ་འཆང་གཞན་ཕན་མཐའ་ཡས་འོད་ཟེར་)的心願。由菩薩洛哲米扎巴·曲吉旺波德(藏文:བློ་གྲོས་མི་ཟད་པ་ཆོས་ཀྱི་དབང་པོའི་སྡེ་)應允,持守三學寶藏的格隆、善知識曼殊師利薩迦(藏文:མཉྫ་ཤྲཱི་སཱ་ག་ར་)從柳林天龍不死歡喜園以吉祥天物殷切勸請,故由閉關者蔣揚欽哲旺波(藏文:འཇམ་དབྱངས་མཁྱེན་བརྩེའི་དབང་པོ་)于繞迥鐵猴年(1860年)的初夏月四日,世尊轉法輪的節日,在巴拉倫珠頂(藏文:དཔལ་ལྷུན་གྲུབ་སྟེང་)之經堂書寫,一心恭敬祈禱,愿善妙增上!

僅僅在雪山之中,向卓越的大班智達法賢(藏文:ཆོས་ཀྱི་བཟང་པོ་)祈禱,信心的波濤顯現涌動。

【英語翻譯】 And, these few verses of aspiration made in the manner of entering the Mahayana path and combining the essence’s stages of the path, are for the purpose of fulfilling the intention of Gyalsé Dorje Chang Zhenphen Thaye Özer, who deliberately took rebirth after the great translator of Nyemo Jekhar, Vairotsana Rakshita. With the approval of the Bodhisattva Lodrö Mizapa Chökyi Wangpo Dé, at the earnest request of the holder of the treasury of the three trainings, the Gelong and virtuous friend Manjushri Sāgara, from the Changra Lha Klu Achimei Gatsal with auspicious divine objects, it was written by the recluse Jamyang Khyentse Wangpo on the fourth day of the early summer month of the Iron Monkey year of the Rabjung cycle (1860), the festival of the Buddha’s turning of the wheel of Dharma, in the Dharma hall of Pal Lhundrup Teng, and prayed to with single-minded devotion. May virtue and excellence increase!

Just among the snowy mountains, praying to the eminent Mahāpaṇḍita Chökyi Zangpo, the waves of faith visibly surge.

============================================================