d0851聖無量功德讚歎陀羅尼c3.5s
D851 d0851位於德格甘珠爾第101函,相當於大正藏 0369 12 P0352 阿彌陀佛說咒 (1卷)〖 〗 1317 21 P0468 甘露陀羅尼咒 (1卷)〖 唐 實叉難陀譯〗 0934 19 P0080 佛說無量功德陀羅尼經 (1卷)〖 宋 法賢譯〗
@#། །རྒྱ་གར་སྐད་དུ། ཨཱརྱཱ་པ་རི་མི་ཏ་གུ་ཎཱ་ནུ་ཤཱནྶ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ཡོན་ཏན་བསྔགས་པ་དཔག་ཏུ་མེད་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། ཨ་མི་ཏ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སཾ་མྱཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོ~ཾ་ཨ་མི་ཏེ། ཨ་མི་ཏོཏྦྷ་བེ། ཨ་མི་ཏ་སཾ་བྷ་བེ་ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་ག་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀླེ་ཤཀྵ་ཡཾ་ཀ་རི་སྭཱ་ཧཱ། གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ། ལན་ཅིག་བརྗོད་པས་བསྐལ་པ་འབུམ་དུ་བསགས་པའི་ལས་ཀྱི་སྒྲིབ་པ་འབྱང་བར འགྱུར་རོ།།ཉིན་རེ་བཞིན་དུ་དུས་གསུམ་དུ་བཟླས་བརྗོད་བྱས་ན་སྡིག་པ་ཐམས་ཅད་འབྱང་བར་འགྱུར་རོ། །སངས་རྒྱས་སྟོང་གིས་བསྐྱེད་པའི་དགེ་བའི་རྩ་བ་འཐོབ་པར་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ན་རྩ་བའི་ལྟུང་བ་བཞི་པོ་འབྱང་བར་འགྱུར་རོ། །ལན་ འབུམ་བཟླས་བརྗོད་བྱས་ན་འཕགས་པ་བྱམས་པ་མཐོང་བར་འགྱུར་རོ།།ལན་ཉིས་འབུམ་བཟླས་བརྗོད་བྱས་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་འགྱུར་རོ། །ལན་སུམ་འབུམ་བཟླས་བརྗོད་བྱས་ན་དེ་བཞིན་གཤེགས་པ་འོད་དཔག་མེད་ མཐོང་བར་འགྱུར་རོ།།ཕན་ཡོན་གཞན་ཡང་དཔག་ཏུ་མེད་པ་ཡོད་ན་ཡང་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །འཕགས་པ་ཡོན་ཏན་བསྔགས་པ་དཔག་ཏུ་མེད་པ་ཞེས་བྱ་བའི་གཟུངས་རྫོགས་སོ།
這是藏文原文的完整直譯: 梵文:聖無量功德讚歎陀羅尼 藏文:聖無量功德讚歎陀羅尼 頂禮三寶。 南無三寶。南無世尊無量光如來、應供、正等正覺。即說咒曰: (藏文:ཨོ~ཾ་ཨ་མི་ཏེ། ཨ་མི་ཏོཏྦྷ་བེ། ཨ་མི་ཏ་སཾ་བྷ་བེ་ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་ག་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀླེ་ཤཀྵ་ཡཾ་ཀ་རི་སྭཱ་ཧཱ,梵文擬音:oṃ amite amitotbhave amitasaṃbhave amitavikrānte amitagamini gaganakīrtikare sarvakleśakṣayaṃkari svāhā,梵文天城體:ॐ अमिते अमितोत्भवे अमितसंभवे अमितविक्रान्ते अमितगमिनि गगनकीर्तिकरे सर्वक्लेशक्षयंकरि स्वाहा,梵文奧里薩體:ଓଂ ଅମିତେ ଅମିତୋତ୍ଭବେ ଅମିତସଂଭବେ ଅମିତବିକ୍ରାନ୍ତେ ଅମିତଗମିନି ଗଗନକୀର୍ତିକରେ ସର୍ବକ୍ଲେଶକ୍ଷୟଂକରି ସ୍ୱାହା,漢語字面意義:唵 無量 無量生 無量等起 無量精進 無量行 虛空稱揚 一切煩惱滅盡 娑婆訶,漢語擬音:嗡 阿米德 阿米多特巴威 阿米達桑巴威 阿米達維克蘭德 阿米達嘎米尼 嘎嘎納基爾提嘎列 薩爾瓦克雷夏克夏揚嘎利 娑婆訶) 此陀羅尼的儀軌是這樣的:誦唸一遍,可凈除十萬劫所積的業障。每日三時誦唸,可凈除一切罪業。可獲得千佛所生的善根。誦唸二十一遍,可凈除四根本墮。誦唸十萬遍,可見聖彌勒。誦唸二十萬遍,可見聖觀世音菩薩。誦唸三十萬遍,可見如來無量光。其他利益也無量無邊,此處僅簡略說明。 聖無量功德讚歎陀羅尼終。
同部經論
與本文同名或相近的其他版本、科判、譯文與註疏。