d4088阿毗達磨論中業施設論吉那彌札 達那戒 般若瓦瑪 耶謝德c3.5s|d4088阿毗達磨論中業施設論吉那彌札 達那戒 般若瓦瑪 耶謝德c3.5s
D4088
།[་]@#། །རྒྱ་གར་སྐད་དུ། ཀར་མ་པྲཛྙཱ་པྟི། བོད་སྐད་དུ། ལས་གདགས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྡོམ་ནི། ཆེད་དུ་བྱས་དང་སེམས་པ་དང་། །འདས་པ་དང་ནི་དགེ་བ་དང་། །དམིགས་པ་ དང་ནི་འདོད་པའི་ཁམས།།ཚིགས་སུ་བཅད་དང་ལས་བསྡུ་བ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ དགེ་སློང་རྣམས་ལ་བཀའ་སྩལ་པ།དགེ་སློང་དག་ང་ནི་ཆེད་དུ་བྱས་ཤིང་བསགས་པའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་སྟོན་ཏེ། དེ་ཡང་ཚེ་འདི་དང་། སྐྱེས་པའི་འོག་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའོ། །དགེ་སློང་དག་དེ་ལ་ལུས་ཀྱིས་ཆེད་དུ་བྱས་ཤིང་ བསགས་པ།མི་དགེ་བ་སྡུག་བསྔལ་སྐྱེད་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་ནི་རྣམ་པ་གསུམ་མོ། །ངག་གི་ནི་རྣམ་པ་བཞིའོ། །ཡིད་ཀྱི་ནི་རྣམ་པ་གསུམ་མོ། །དགེ་སློང་དག་ལུས་ཀྱིས་ཆེད་དུ་བྱས་པའི་ལས་བྱས་ཤིང་བསགས་པ། མི་དགེ་བ་སྡུག་བསྔལ་ བསྐྱེད་པ།རྣམ་པར་སྨིན་པ་སྡུག་བསྔལ་བ་རྣམ་པ་གསུམ་ཇི་ལྟ་བུ་ཡིན་ཞེ་ན། སྲོག་གཅོད་པ་ནི་དྲག་ཅིང་ལག་དམར་བ་བསད་པ་དང་། རབ་ཏུ་བསད་པ་ལ་ཞེན་པ་ངོ་ཚ་མེད་པ། སེམས་ཅན་སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལ་ཐ་ན་སྲོག་ཆགས་ གྲོག་སྦུར་ཡན་ཆད་ལ་སྙིང་རྗེ་མེད་པ་ཡིན་ཏེ།དེ་ནི་སྲོག་གཅོད་པ་མ་སྤངས་པ་ཡིན་ནོ། །མ་བྱིན་པར་ལེན་པ་ནི་དེས་གྲོང་ངམ། དགོན་པ་ནས་མ་བྱིན་པར་རྐུན་ཐབས་སུ་བླངས་པ་ཡིན་ཏེ། མ་བྱིན་པར་ལེན་པ་མ་སྤངས་པ་ཡིན་ནོ། །འདོད་པ་ལ་ལོག་པར་གཡེམ་པ་ནི་གཞན་ གྱི་བུད་མེད།གཞན་གྱི་ཆུང་མ་གཞན་གྱིས་ཡོངས་སུ་བཟུང་བ་འདི་ལྟ་སྟེ། མས་བསྲུངས་པ་འམ། ཕས་བསྲུངས་པའམ། མིང་པོས་བསྲུངས་པའམ། ཕུ་ནུ་མོས་བསྲུངས་པའམ། སྒྱུག་མོས་བསྲུངས་པའམ། གྱོས་པོས་བསྲུངས་པའམ། རིགས་གཅིག་པས་ བསྲུངས་པའམ།གཉེན་གྱིས་བསྲུངས་པའམ། རུས་གཅིག་པས་བསྲུངས་པའམ། ཆད་པ་ཡོད་པའམ། བགེགས་ཡོད་པ་གང་ཡིན་པ་དེ་དག་དང་། ཐ་ན་མེ་ཏོག་གི་ཕྲེང་བ་བཏགས་པ་ཡང་རུང་སྟེ། དེ་ལྟ་བུའི་འདོད་པའི་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་སྤྱོད་པ་ལ་འཇུག་པ་ ཡིན་ཏེ།དེ་ནི་འདོད་པ་ལ་ལོག་པར་གཡེམ་པ་མ་སྤངས་པ་ཡིན་ནོ། །དགེ་སློང་དག་དེ་ལྟར་ན་ཆེད་དུ་བྱས་པའི་ལས་རྣམ་པ་གསུམ་བྱས་ཤིང་བསགས་པ་མི་དགེ་བ་སྡུག་བསྔལ་བསྐྱེད་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་ནོ། །དགེ་སློང་དག་གང་གིས་ཆེད་དུ་བྱས་པའི་ལས་རྣམ་ པ་བཞི་བྱས་ཤིང་བསགས་པ།མི་དགེ་བ་སྡུག་བསྔལ་བསྐྱེད་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་ཇི་ལྟ་བུ་ཞེ་ན། བརྫུན་དུ་སྨྲ་བ་ནི་དེ་ཚོགས་པའི་ནང་ན་འདུག་ཀྱང་རུང་། འཁོར་གྱི་ནང་ན་འདུག་ཀྱང་རུང་། རྒྱལ་པོའི་ཕོ་བྲང་གི་ནང་ན་འདུག་ཀྱང་རུང་། གཉེན་གྱི་ཁྱིམ་གྱི་ནང་ན་འདུག་ཀྱང་རུང་། ཆེ་བཞིར་དྲིས་ཏེ། ཀྱེ་མི་ཁྱོད་གང་ཤེས་པ་དེ་ནི་སྨྲོས་ཤིག་།གང་མི་ཤེས་པ་དེ་ནི་མ་སྨྲ་ཤིག་།གང་མཐོང་བ་དེ་ནི་སྨྲོས་ཤིག་།གང་མ་མཐོང་བ་དེ་ནི་མ་སྨྲ་ཞིག་ཅེས་བྱས་ན། དེ་མི་ཤེས་བཞིན་དུ་ནི་ཤེས་སོ་ཞེས་ཟེར། ཤེས་བཞིན་དུ་ནི་མི་ཤེས་སོ་ཞེས་ཟེར། མ་མཐོང་བཞིན་དུ་ནི་མཐོང ངོ་ཞེས་ཟེར།མཐོང་བཞིན་ད་ནི་མ་མཐོང་ངོ་ཞེས་ཟེར་ཏེ། དེ་དག་གི་ཕྱིར་རམ། གཞན་གྱི་ཕྱིར་རམ། ཟང་ཟིང་ཆུང་ཟད་ཙམ་གྱི་ཕྱིར། ཤེས་བཞིན་དུ་བརྫུན་དུ་སྨྲ་བ་མ་སྤངས་པ་ཡིན་ནོ། །ཕྲ་མ་ཟེར་བ་ནི་ཚུ་རོལ་པ་རྣམས་ཀྱི་ཐོས་ནས། དེ་དག་དབྱེ་བའི་ཕྱིར་ཕ་རོལ་པ་རྣམས་ཀྱི་ ཐད་དུ་སོང་སྟེ་བསྙད་ལ།དེ་དག་གིས་ཐོས་ན་ཡང་ཚུ་རོལ་པ་རྣམས་དབྱེ་བའི་ཕྱིར། ཚུ་རོལ་པ་རྣམས་ཀྱི་ཐད་དུ་སོང་སྟེ། བསྙད་པར་བྱེད་དེ། དེ་ལྟར་འདུམ་པ་རྣམས་དབྱེ་བ་དང་། དབྱེ་བ་རྣམས་ལ་རྗེས་སུ་ཕྱོགས་ལ། མི་མཐུན་པར་འདོད་ཅིང་མི་མཐུན་པར་དགའ་སྟེ་མི་མཐུན་པར་ འགྱུར་བའི་ཚིག་སྨྲ་བ་ནི་ཕྲ་མ་མ་སྤངས་པ་ཡིན་ནོ།
梵語:Karma Prajñapti 藏語:業施設 頂禮三寶! 攝頌:為作及思維,過去以及善,所緣及欲界,偈頌與業攝。 如是我聞:一時,世尊住舍衛國祇樹給孤獨園。 爾時,世尊告諸比丘:‘諸比丘,我為汝等宣說故作所集業之異熟果報,此等或於現世,或於後世,或於余世而受。’ ‘諸比丘,其中身故作所集不善業,能生苦果,感苦異熟者有三種。語業有四種。意業有三種。’ ‘諸比丘,云何為身故作所集不善業,能生苦果,感苦異熟之三種?殺生者,即殘暴嗜血,喜好殺戮,無有慚愧,於一切有情眾生乃至螞蟻等亦無慈悲心,是為不斷殺生。’ ‘不與取者,即于聚落或阿蘭若處,以盜心取他人未與之物,是為不斷不與取。’ ‘邪淫者,即與他人之妻,他人之女,為他人所護持者行淫,如為母所護,為父所護,為兄所護,為姊妹所護,為姑所護,為舅所護,為同族所護,為親屬所護,為同姓所護,或有刑罰,或有障礙等,乃至與戴花環者亦然,于如是欲貪煩惱中而行,是為不斷邪淫。’ ‘諸比丘,如是三種故作所集不善業,能生苦果,感苦異熟。’ ‘諸比丘,云何為語故作所集不善業,能生苦果,感苦異熟之四種?妄語者,或於眾中,或於眷屬中,或於王宮中,或於親屬家中,被詢問時,告以:汝知者當說,不知者勿說,所見者當說,未見者勿說。然彼不知而言知,知而言不知,未見而言見,見而言未見,或為自己,或為他人,或為些微利養,而知而說妄語,是為不斷妄語。’ ‘離間語者,聞此方人語已,為離間彼等故往彼方人處傳說;聞彼方人語已,為離間此方人故,復往此方人處傳說。如是令和合者離散,隨順離散,喜好不和,樂於不和,說能導致不和之語,是為不斷離間語。’
།ཚིག་རྩུབ་པོར་སྨྲ་བ་ནི་དེས་ཚིག་འཇམ་ཞིང་རྣར་སྙན་ལ། ཡིད་དུ་འོང་བ་དང་། སྙན་པ་དང་། འདོད་པར་བྱ་བ་དང་། ཕོ་བྲང་འཁོར་གྱི་སྐད་དང་། སྙན་ཅིང་འཇབས་པ་དང་། ཟུར་ཕྱིན་པ་དང་། བརྡ་ཕྲད་པ་དང་། རྣར་འོང་བ་དང་། སྐྱེ་ བོ་མང་པོའི་སྙིང་དུ་སྡུག་པ་དང་།སྐྱེ་བོ་མང་བོས་གཅེས་པར་བྱ་བ་དང་། སྐྱེ་བོ་མང་པོ་དགའ་བ་དང་། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་དང་། མཉམ་པར་གཞག་པ་དང་། ཏིང་ངེ་འཛིན་དུ་འགྱུར་བ་གང་ཡིན་པ་དེ་དག་དང་། དེ་ལྟ་བུའི་ཚིག་བོར་ཏེ། ཚིག་ཀུན་དུ་ཟུག་པ་དང་། རྩུབ་པ་དང་། གཞན་གྱིས་མི་བཟོད་པ་དང་། གཞན་གྱི་ཞེར་འདེབས་པ་དང་། སྐྱེ་བོ་མང་པོའི་སྙིང་དུ་མི་སྡུག་པ་དང་། སྐྱེ་བོ་མང་པོས་གཅེས་པར་མི་བྱ་བ་དང་། སྐྱེ་བོ་མང་པོ་མི་དགའ་བ་དང་། སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བ་དང་། མཉམ་པར་གཞག་པ་མ་ཡིན་པ་དང་། ཏིང་ངེ་འཛིན་དུ་གྱུར པ་མ་ཡིན་པ་གང་ཡིན་པ་རྣམས་ཏེ།དེ་ལྟ་བུའི་ཚིག་རྣམས་སྨྲ་བ་ནི། ཚིག་རྩུབ་པོ་མ་སྤངས་པ་ཡིན་ནོ། །ཚིག་ཀྱལ་པ་ནི་དེ་དུས་མ་ཡིན་པར་སྨྲ་བ་དང་། ཡང་དག་པ་མ་ཡིན་པར་སྨྲ་བ་དང་། མི་བདེན་པར་སྨྲ་བ་དང་། ཕན་པ་མ་ཡིན་པར་སྨྲ་བ་དང་། སྐུར་པ་སྨྲ་བ་དང་། ཆོས་མ་ཡིན་ པ་སྨྲ་བ་དང་།གྱ་ཚོམ་དུ་སྨྲ་ཞིང་བབ་ཆོལ་གྱི་ཚིག་སྨྲ་བ་དང་། གཏན་ཚིགས་མེད་པ་དང་། སྙད་མེད་པ་དང་། དོན་དང་མི་ལྡན་པ་དང་། འཆལ་བ་རྣམས་ཀྱི་ཚིག་ཀྱལ་བ་མ་སྤངས་པ་ཡིན་ནོ། །དགེ་སློང་དག་དེ་ལྟར་ན་ངག་གིས་ཆེད་དུ་བྱས་པའི་ལས་རྣམ་པ་བཞི་བྱས་ཤིང་བསྩགས་ པ་མི་དགེ་བ་སྡུག་བསྔལ་བསྐྱེད་པ།རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་ནོ། །དགེ་སློང་དག་ཡིད་ཀྱིས་ཆེད་དུ་བྱས་པའི་ལས་རྣམ་པ་གསུམ་བྱས་ཤིང་བསགས་པ། མི་དགེ་བ་སྡུག་བསྔལ་བསྐྱེད་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་ཇི་ལྟ་བུ་ཞེ་ན། བརྣབ་སེམས་ནི་ཕ་རོལ་གྱི་རྫས་རྣམས་དང་། ཕ་རོལ་གྱི་ནོར་རྣམས་དང་། ཕ་རོལ་གྱི་ཡོ་བྱད་རྣམས་མཐོང་ན། བརྣབ་སེམས་སྐྱེད་པར་བྱེད་དེ། ཀྱེ་མ་འདི་དག་བདག་ལ་ཡོད་ཀྱང་ཇི་མ་རུང་སྙམ་སྟེ། བརྣབ་སེམས་མ་སྤངས་པ་ཡིན་ནོ། །གནོད་སེམས་ཀྱིས་སྡང་བར་བྱེད་པ་ནི། ཀྱེ་མ་སེམས ཅན་འདི་དག་བརྒྱབ་ཀྱང་རུང་ངོ་།།བསད་ཀྱང་རུང་ངོ་། །ཉམས་པར་བྱས་ཀྱང་རུང་ངོ་། །མི་རིགས་པར་ཉོན་མོངས་ཀྱང་རུང་ངོ་སྙམ་པ་ནི་གནོད་སེམས་ཀྱི་སྡང་བ་མ་སྤངས་པ་ཡིན་ནོ། །ལོག་པར་ལྟ་བ་ནི་ཕྱིན་ཅི་ལོག་ཏུ་ལྟ་ཞིང་འདི་ལྟར་ལྟ་ལ། འདི་སྐད་དུ་སྨྲ་སྟེ། སྦྱིན་པ་མེད་དོ། །མཆོད་ སྦྱིན་མེད་དོ།།སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ། །ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ཕ་མེད་དོ། །མ་མེད་དོ། །སེམས་ ཅན་སྐྱེ་བ་མེད་དོ།།འཇིག་རྟེན་ན་དགྲ་བཅོམ་པ་ཡང་དག་པར་སོང་བ་ཡང་དག་པར་ཞུགས་པ་གང་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཚེ་འདི་ཉིད་ལ་དག་ཉིད་ཀྱིས་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ། བསྒྲུབས་ནས་ཁོང་དུ་ཆུད་དེ། བདག་ཅག་གི་སྐྱེ་བ་ཟད་དོ། །ཚངས་པར་ སྤྱད་པ་བསྟེན་ཏོ།།བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་གྱི་ཤེས་སོ་སྙམ་དུ་སེམས་པ་མེད་དོ་ཞེས་བྱ་བ་ནི་ལོག་པར་ལྟ་བ་མ་སྤངས་པ་ཡིན་ནོ། །དགེ་སློང་དག་དེ་ལྟར་ན་ཡིད་ཀྱིས་ཆེད་དུ་བྱས་པའི་ལས་རྣམ་པ་གསུམ་བྱས་ཤིང་བསགས་པ། མི་དགེ་བ་སྡུག་བསྔལ་བསྐྱེད་པ། རྣམ་པར་ སྨིན་པ་སྡུག་བསྔལ་བ་ཡིན་ནོ།།དགེ་སློང་དག་དེ་ལ་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་ནི། ལུས་ཀྱི་ལས་མི་དགེ་བ་སྤངས་ནས། ལུས་ཀྱི་ལས་དགེ་བ་སྒོམ་པར་བྱེད་དོ། །ངག་གི་ལས་མི་དགེ་བ་སྤངས་ནས། ངག་གི་ལས་དགེ་བ་སྒོམ་པར་བྱེད་དོ། །ཡིད་ཀྱི་ལས་མི་དགེ་བ་སྤངས་ ནས།ཡིད་ཀྱི་ལས་དགེ་བ་སྒོམ་པར་བྱེད་དོ། །དེ་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ་དང་། གཅུགས་མེད་པ་དང་། གནོད་པ་མེད་པ་དང་། རྒྱ་ཆེ་བ་དང་། ཆེན་པོར་གྱུར་པ་དང་། ཚད་མེད་པས་ཕྱོགས་གཅིག་ཏུ་མོས་པར་བྱས་ཏེ། ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ། ། ཕྱོགས་གཉིས་པ་ཡང་དེ་བཞིན་ནོ།
粗語是指放棄柔和、悅耳、令人喜愛、動聽、可意、宮廷語言、溫和、得體、易懂、悅耳、眾人喜愛、眾人珍惜、眾人歡喜、眾人喜悅、寂靜、入定等語言,而說傷害、粗暴、令人難忍、誹謗他人、眾人不喜、眾人不珍惜、眾人不歡喜、眾人不喜悅、不寂靜、不入定等語言,這就是未斷除粗語。 綺語是指不當時而說、不如實而說、不真實而說、無益而說、誹謗而說、非法而說、輕率而說胡亂語言、無理由、無緣由、無意義、放逸等語言,這就是未斷除綺語。 諸比丘,如是身造作四種業,積集不善業,生苦果,感苦報。諸比丘,意造作三種業,積集不善業,生苦果,感苦報是何? 貪心是見他人財物、他人財富、他人用具時生起貪心,想’這些物品我要是也有該多好’,這就是未斷除貪心。 害心嗔恨是想’這些眾生該打、該殺、該毀滅、該受苦’,這就是未斷除害心嗔恨。 邪見是顛倒見解並如是說:‘無佈施,無供養,無祭祀,無善行,無惡行,無善惡業果報,無此世,無他世,無父,無母,無化生眾生,世間無阿羅漢正行正至,於此世他世,以自通慧證知作證,我生已盡,梵行已立,所作已辦,不受後有’,這就是未斷除邪見。 諸比丘,如是意造作三種業,積集不善業,生苦果,感苦報。 諸比丘,其中多聞聖聲聞斷除身不善業,修習身善業;斷除語不善業,修習語善業;斷除意不善業,修習意善業。他以慈心,無嗔、無礙、無害、廣大、廣博、無量,專注一方,遍滿而住。第二方亦復如是。
།གསུམ་པ་ཡང་དེ་བཞིན་ནོ། །བཞི་པ་ཡང་དེ་བཞིན་ནོ། །སྟེང་དང་འོག་དང་། ཐད་ཀ་ཐམས་ཅད་དུ་ཡང་དེ་བཞིན་ཏེ། འཇིག་རྟེན་འདི་ཐམས་ཅད་བྱམས་པ་དང་ལྡན་པའི་སེམས་ཀྱིས་མོས་པར་བྱས་ཏེ། ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ། ། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་འདི་སྔོན་ནི་ཆུང་ངུར་གྱུར་པ་ལ་མ་བསྒོམས། དེ་ནི་བདག་གི་སེམས་འདི་ཚད་མེད་ཅིང་། རྒྱ་ཆེ་ལ་བསྒོམས་པ་ཡིན་ནོ་སྙམ་མོ། །དགེ་སློང་དག་འཕགས་པ་ཉན་ཐོས་ཀྱི་སེམས་ནི་ཚད་མེད་ཅིང་རྒྱ་ཆེ་ལ་ཤིན་ཏུ་བསྒོམས་པ་ཡིན་ཏེ། དེའི སྔོན་ཚད་ཡོད་པར་གྱུར་པ་གང་ཡིན་པ་དེས་དེ་བཀྲི་བར་མི་འགྱུར་རོ།།དེ་དེར་གནས་པར་ཡང་མི་འགྱུར་རོ། །དེ་དེར་བགྲང་བར་ཡང་མི་འགྱུར་རོ། །དགེ་སློང་དག་གལ་ཏེ་བྱིས་པ་གཞོན་ནུའམ། གཞོན་ནུ་མ་ཡང་རུང་སྟེ། ཐོག་མ་ནས་བྱམས་པའི་སེམས་ཀྱིས་ཏིང་ངེ་འཛིན་བསྒོམས་ན་ ཡང་ཅི་ལུས་སམ།ངག་གམ་ཡིད་ཀྱིས་སྡིག་པའི་ལས་བྱེད་པར་འགྱུར་རམ། བཙུན་པ་དེ་ནི་མ་ལགས་སོ། །དགེ་སློང་དག་ལེགས་སོ་ལེགས་སོ། །བྱམས་པའི་སེམས་ཀྱིས་ཏིང་ངེ་འཛིན་ནི་སྐྱེས་པ་ཡང་རུང་། བུད་མེད་ཀྱང་རུང་། ཁྱིམ་པ་ཡང་རུང་། རབ་ཏུ་བྱུང་བ་ཡང་རུང་བས་བསྒོམ་ པར་བྱའོ།།དེ་ཅིའི་ཕྱིར་ཞེ་ན། སྐྱེས་པ་ཡང་རུང་། བུད་མེད་ཀྱང་རུང་། ཁྱིམ་པ་ཡང་རུང་། རབ་ཏུ་བྱུང་བ་ཡང་རུང་བས་ནི། ལུས་འདི་ཁྱེར་ཏེ་འགྲོ་བར་མི་འགྱུར་བའི་ཕྱིར་རོ། །དགེ་སློང་དག་མི་ནི་སེམས་ཀྱི་རྒྱུ་ལས་འབྱུང་བ་ཡིན་ཏེ། སེམས་ལ་བརྟེན་ཅིང་། སེམས་ལ་རག་ལས་ལ་ སེམས་ལ་བརྟེན་ནས་དབང་བྱེད་དོ།།ལུས་འདིས་སྔོན་སྡིག་པ་མི་དགེ་བའི་ལས་བྱས་ཤིང་བསགས་པ། མི་དགེ་བ་སྡུག་བསྔལ་བསྐྱེད་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་གང་ཡིན་པ་དེ་དག་ཐམས་ཅད་འདིར་མྱོང་བར་འགྱུར་ཏེ། ཚེ་འདི་ཉིད་ལ་མྱོང་བར་འགྱུར་གྱི། སྐྱེས་པའི་འོག་ དང་།ལན་གྲངས་གཞན་ལ་མ་ཡིན་ནོ། །དགེ་སློང་དག་དེ་ལྟར་བྱམས་པའི་ཏིང་ངེ་འཛིན་བསྒོམས་པ་ནི། གལ་ཏེ་གོང་དུ་རྟོགས་པར་མ་བྱས་ན་ཡང་ཕྱིར་མི་འོང་བར་གནས་པར་འགྱུར་རོ། །དགེ་སློང་དག་གཞན་ཡང་ཐོས་པ་དང་ལྡན་པའི་འཕགས་པ་ ཉན་ཐོས་ནི།ལུས་ཀྱི་ལས་མི་དགེ་བ་སྤངས་ནས་ཞེས་བྱ་བ་ནས། རྒྱས་པར་སྙིང་རྗེ་དང་ལྡན་པ་དང་། དགའ་བ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པ་ཡང་དེ་བཞིན་དུ་བརྗོད་པར་བྱ་སྟེ། དེ་སྐད་ཅེས་བཀའ་སྩལ་ཏོ། །ཆེད་དུ་བྱས་པ་ཞེས་བྱ་བ་ལ་དེ་ལ་སེམས་པའི་ལས་དང་། བསམ་ པའི་ལས་དང་གཉིས་ཡོད་དེ།སེམས་པའི་ལས་གང་ཞེ་ན། སྨྲས་པ། སེམས་པ་དང་། མངོན་པར་སེམས་པ་དང་། སེམས་པར་གྱུར་པ་དང་། སེམས་པར་གཏོགས་པ་དང་། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་གང་ཡིན་པ་འདི་ནི་སེམས་པའི་ལས་ཞེས་བྱའོ། ། བསམ་པའི་ལས་གང་ཞེ་ན། སྨྲས་པ། བསམ་པའི་ལུས་ཀྱི་ལས་དང་བསམ་པའི་ངག་གི་ལས་འདི་ནི་བསམ་པའི་ལས་ཞེས་བྱའོ། །དེ་ལ་སེམས་པའི་ལས་ནི་འདས་པ་ཡང་ཡོད་དོ། །མ་འོངས་པ་ཡང་ཡོད་དོ། །ད་ལྟར་བྱུང་བ་ཡང་ཡོད་དོ། །སེམས་པའི་ལས་འདས་པ གང་ཞེ་ན།སྨྲས་པ། སེམས་པ་གང་སྐྱེས་པ་དང་། ཡང་དག་པར་སྐྱེས་པ་དང་། བྱུང་བ་དང་། གྲུབ་པ་དང་། མངོན་པར་གྲུབ་པ་དང་། ཡང་དག་པར་གྲུབ་པ་དང་། བྱུང་བར་གྱུར་ནས་མངོན་པར་འདས་པ་དང་། ཟད་པ་དང་། འགགས་པ་དང་། བྲལ་བ་དང་། རྣམ་པར་གྱུར་པ་དང་། འདས་པ་ དང་།འདས་པའི་ཆར་གཏོགས་པ་དང་། འདས་པའི་དུས་ཀྱིས་བསྡུས་པ་འདི་ནི་སེམས་པའི་ལས་འདས་པའོ། །སེམས་པའི་ལས་མ་འོངས་པ་གང་ཞེ་ན། སྨྲས་པ། སེམས་པའི་ལས་གང་མ་སྐྱེས་པ་དང་། ཡང་དག་པར་མ་སྐྱེས་པ་དང་། མ་བྱུང་བ་དང་། ཡང་དག་པར་མ་བྱུང་བ་དང་ ད་དུང་མ་ཕྱིན་པ་དང་།མངོན་པར་མ་གྲུབ་པ་དང་། མ་བྱུང་བ་དང་། མ་འོངས་པ་དང་། མ་འོངས་པའི་ཆར་གཏོགས་པ་དང་། མ་འོངས་པའི་དུས་ཀྱིས་བསྡུས་པ་འདི་ནི། སེམས་པའི་ལས་མ་འོངས་པའོ།
第三也是如此。第四也是如此。上方、下方和四面八方也都是如此,以充滿慈愛之心遍及整個世界,修習並安住。 他這樣想:‘我以前未曾修習如此微小的心,而現在我修習了這無量廣大之心。’ 比丘們,聖者聲聞的心是無量廣大且善修習的,其前所有的有量之心不能引導它,不能安住於此,也不能計數。 比丘們,如果少年或少女從一開始就修習慈心三昧,他們還會以身、語、意造作惡業嗎?尊者,不會。 比丘們,善哉善哉!慈心三昧應當由男子、女人、在家人或出家人修習。為什麼呢?因為無論是男子、女人、在家人或出家人都不能帶著這個身體離去。 比丘們,人是由心而生,依止於心,系屬於心,依靠心而主宰。此身過去所造作積累的惡不善業,能生苦果,感受痛苦果報的,這一切都將在此生中感受,而不是在轉生后或其他時候。 比丘們,如此修習慈心三昧,即使未能證得更高境界,也將成為不還果位。 比丘們,另外,具有多聞的聖者聲聞捨棄身惡業等,乃至具足悲心、喜心、舍心也應當如是宣說。如是宣說。 關於有意造作,其中有思業和思已業兩種。什麼是思業?答:思、等思、已思、思所屬、心造作以及意業,這就是思業。 什麼是思已業?答:思已的身業和思已的語業,這就是思已業。 其中思業有過去、未來、現在三種。什麼是過去思業?答:已生、已正生、已起、已成、已現成、已正成、已生起后消逝、已盡、已滅、已離、已變異、已過去、屬於過去分、為過去時所攝,這就是過去思業。 什麼是未來思業?答:未生、未正生、未起、未正起、尚未到來、未現成、未生起、未來、屬於未來分、為未來時所攝,這就是未來思業。
།སེམས་པའི་ལས་ད་ལྟར་བྱུང་བ་གང་ཞེ་ན། སྨྲས་པ། སེམས་པ་གང་ སྐྱེས་པ་དང་།ཡང་དག་པར་སྐྱེས་པ་དང་། བྱུང་བ་དང་། ཡང་དག་པར་བྱུང་བ་དང་། ཕྱིན་ཟིན་པ་དང་། བྱུང་བར་གྱུར་པ་དང་། གནས་པ་དང་། རྣམ་པར་མ་གྱུར་པ་དང་། ད་ལྟར་འདུག་པ་ནས་རྒྱས་པར་སྦྱར་ཏེ། འདི་ནི་སེམས་པའི་ལས་ད་ལྟར་བྱུང་བའོ། །དེ་ལ་སེམས་པའི་ལས་ནི་ དགེ་བ་ཡང་ཡོད་མི་དགེ་བ་ཡང་ཡོད།ལུང་དུ་མ་བསྟན་པ་ཡང་ཡོད་དོ། །སེམས་པའི་ལས་དགེ་བ་གང་ཞེ་ན། སྨྲས་པ། དགེ་བ་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། ཇི་ལྟ་ ཞེ་ན།འདི་ལྟ་སྟེ། ཆགས་པ་མེད་པ་དང་། སྡང་བ་མེད་པ་དང་། རྨོངས་པ་མེད་པས་ཚུལ་བཞིན་དུ་སོ་སོར་བརྟགས་ནས། མིག་གིས་གཟུགས་རྣམས་མཐོང་བ་དང་། རྣ་བས་སྒྲ་རྣམས་ཐོས་པ་དང་། སྣས་དྲི་རྣམས་བསྣམ་པ་དང་། ལྕེས་རོ་རྣམས་མྱང་བ་དང་། ལུས་ཀྱིས་རེག་བྱ་ རྣམས་རེག་པ་དང་།ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པའི་སེམས་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་ཡོངས་སུ་ཟིན་པ་མ་ཡིན་པས། བསམ་གཏན་བཞི་དང་། གཟུགས་ མེད་པ་བཞི་སྒོམ་པའི་སེམས་པ་གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་སྲོག་གཅོད་པ་སྤངས་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་དང་། མ་བྱིན་པར་ལེན་པ་ དང་།འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་སྤངས་པ་དང་། ཡང་དག་པའི་ལྟ་བ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་ཁྲོ་བ་མེད་པ་དང་། ཁོན་དུ་འཛིན་པ་མེད་པ་དང་། འཆབ་པ་མེད་པ་དང་། འཚིག་པ་མེད་པ་དང་། ཕྲག་དོག་མེད་པ་དང་། སེར་སྣ་མེད་པ་དང་། སྒྱུ་མེད་པ་དང་། གཡོ མེད་པ་དང་།ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་ གསོང་པོར་སྨྲ་བ་དང་།ཕྱག་འཚལ་བ་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། འདུད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་ པ་ཞེས་བྱའོ།།གཞན་ཡང་སྦྱིན་པ་དག་སྦྱིན་པའམ། བསོད་ནམས་དག་བྱེད་པའམ། གསོ་སྦྱོང་ལ་ཉེ་བར་གནས་པའམ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་འདུག་པའམ། དད་པའི་སེམས་ཀྱིས་རང་གི་ལག་དར་ཏེ་ལས་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་ འདུ་བྱེད་པ་དང་།ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་དགེ་བའི་ཡིད་ལ་བྱེད་པས་སྡུག་བསྔལ་ལ་སྡུག་བསྔལ་བར་ཡིད་ལ་བྱེད་པའམ། ཀུན་འབྱུང་བ་ལ་ཀུན་འབྱུང་བའམ། འགོག་པ་ལ་འགོག་པའམ། ལམ་ལ་ལམ་དུ་ཡིད་ལ་བྱེད་ པའི་སེམས་པ་གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་ཞེས་བྱའོ།
什麼是現在的思業?答:凡是已生、已正生、已起、已正起、已去、已成、已住、未變異、現在存在的思,乃至廣說,這就是現在的思業。其中思業有善的、不善的、無記的。 什麼是善思業?答:凡是與善作意相應的思,乃至心的造作和意業,如何呢?即是:以無貪、無嗔、無癡如理觀察,以眼見色、以耳聞聲、以鼻嗅香、以舌嘗味、以身觸觸、以意識法的心,乃至心的造作和意業,這稱為善思。 又有不被執取的四禪和四無色定修習的思,乃至心的造作和意業,這稱為善思。 又有與離殺生相應的作意相應,以及離不與取、離欲邪行、離妄語、離離間語、離粗惡語、離綺語、離貪慾、離害心、具正見的作意相應的心,乃至心的造作和意業,這稱為善思。 又有與無忿、無恨、無覆、無惱、無嫉、無慳、無誑、無諂、具慚、具愧相應的作意相應的思,乃至心的造作和意業,這稱為善思。 又有與誠實語、禮拜、起迎、合掌、恭敬相應的作意相應的思,乃至心的造作和意業,這稱為善思。 又有佈施或作福德或近住八關齋戒或受持戒律或以信心自手作業的思,乃至心的造作和意業,這稱為善思。 又有以善作意于苦作苦想、于集作集想、于滅作滅想、于道作道想的思,乃至心的造作和意業,這稱為善思。
།མི་དགེ་བའི་སེམས་པ་གང་ཞེ་ན། སྨྲས་པ། མི་དགེ་བའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་ཞེས་བྱ་སྟེ། ཅི་ལྟ་ཞེ་ན། འདི་ལྟར་ཆགས་པའམ། སྡང་བའམ། རྨོངས་པས་ཚུལ་བཞིན་མ་ཡིན་པ་དང་། སོ་སོར་མ་བརྟགས་པར་མིག་གིས་གཟུགས་རྣམས་མཐོང་བ་དང་། ཡིད་ཀྱིས ཆོས་རྣམས་རྣམ་པར་ཤེས་པའི་བར་གྱི་སེམས་པ་གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་སྲོག་གཅོད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པ་དང་། མ་བྱིན་པར་ ལེན་པ་དང་།འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་ པར་འདུ་བྱེད་པ་དང་།ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་། གཡོ་དང་། ངོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པ་དང་ལྡན་པའི་ ཡིད་ལ་བྱེད་པ་དང་།མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་ལག་པ་དང་། ཁུ་ཚུར་དང་། ཐལ་ལྕག་གིས་བསྣུན་པ་དང་། ཡལ་ག་དང་ལྕུག་མས་ གནོད་པར་བྱ་བ་དང་ལྡན་པའི་ཡིད་ལ་བྱེད་པ་དང་།མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་ཞེས་བྱའོ། །གཞན་ཡང་མི་དགེ་བའི་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ ཉལ་བ་དང་།ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་རྣམས་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་ཞེས་བྱའོ། །ལུང་དུ་མ་བསྟན་པའི་སེམས་པ་གང་ཞེ་ན། སྨྲས་པ། ལུང་དུ་མ་བསྟན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས་སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་ཞེས་བྱའོ། །ཇི་ལྟར་ཞེ་ན་འདི་ལྟ་སྟེ། དགེ་བའི་སེམས་ཀྱང་མ་ཡིན། ཉོན་མོངས པ་ཅན་གྱི་སེམས་ཀྱང་མ་ཡིན་པ།རང་བཞིན་དུ་མི་གནས་པ། སྤྱོད་ལམ་ལ་ཞུགས་པ། མིག་གིས་གཟུགས་རྣམས་མཐོང་བ་ནས། ཡིད་ཀྱི་ཆོས་རྣམས་རྣམ་པར་ཤེས་པའི་བར་གྱིས་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་ཞེས་བྱའོ། །གཞན་ཡང་ཡོངས་སུ་ཟིན་པའི་སེམས་ཀྱིས་བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་བསྒོམ་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་ཞེས་བྱའོ། །གཞན་ཡང་ལུང་དུ་མ་བསྟན་པའི་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉལ་བ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་རྣམས་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ བྱེད་པ་དང་།ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་ཞེས་བྱའོ། །དགེ་བའི་སེམས་པ་དགེ་བ་ལ་དམིགས་པ་དང་། མི་དགེ་བ་ལ་དམིགས་པ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་ཡོད་དམ། སྨྲས་པ། དགེ་བ་ལ་དམིགས་པ་ཡང་ཡོད་དོ། །མི་ དགེ་བ་ལ་དམིགས་པ་ཡང་ཡོད་དོ།།ལུང་དུ་མ་བསྟན་པ་ལ་དམིགས་པ་ཡང་ཡོད་དོ། །དགེ་བ་དང་མི་དགེ་བ་ལ་དམིགས་པ་ཡང་ཡོད་དོ། །དགེ་བ་དང་ལུང་དུ་མ་བསྟན་པ་ལ་དམིགས་པ་ཡང་ཡོད་དོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་དམིགས་པ་ཡང་ ཡོད་དོ།
什麼是不善的思維?答:與不善作意相應的思維,從心的造作乃至意業,這就稱為不善思維。如何呢?即如由貪或嗔或癡,不如理作意,不加觀察而以眼見諸色,乃至以意識別諸法的思維,從心的造作乃至意業,這就稱為不善思維。 又如與殺生相應的作意,與偷盜、邪淫、妄語、離間語、粗惡語、綺語、貪慾、害心、邪見相應的思維,從心的造作乃至意業,這就稱為不善思維。 又如與忿怒、怨恨、覆藏、惱害、嫉妒、慳吝、誑、諂、無慚、無愧相應的作意和思維,從心的造作乃至意業,這就稱為不善思維。 又如與用手、拳頭、掌摑、樹枝鞭打等加害相應的作意和思維,從心的造作乃至意業,這就稱為不善思維。 又如與不善的結縛、隨眠、隨煩惱、纏縛相應的思維,從心的造作乃至意業,這就稱為不善思維。 什麼是無記的思維?答:與無記作意相應的思維,從心的造作乃至意業,這就稱為無記思維。如何呢?即非善心亦非染污心,不住自性,處於威儀,從眼見諸色乃至意識別諸法的思維,從心的造作乃至意業,這就稱為無記思維。 又如以遍攝心修習四禪和四無色定的思維,從心的造作乃至意業,這就稱為無記思維。 又如與無記的結縛、隨眠、隨煩惱、纏縛相應的思維,從心的造作乃至意業,這就稱為無記思維。 善思維是否緣于善、不善、無記?答:有緣于善,有緣于不善,有緣于無記,有緣于善與不善,有緣于善與無記,有緣于善、不善與無記。
།དགེ་བ་ཇི་ལྟ་བ་བཞིན་དུ་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་ཡང་དེ་དང་འདྲ་བར་ཡོད་པར་བརྗོད་པར་བྱའོ། །དགེ་བའི་སེམས་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ ཆོས་རྣམས་དང་།དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་དང་བཅས་པ་ལས་བྱུང་བ་འབྲས་བུ་ཡོད་པ། རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ་སྙམ་དུ་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ ལས་ཀྱི་བར་དུ་སྦྱར་བ་དང་།ཡང་ན་ཆོས་དེ་དག་གི་ཕན་ཡོན་དང་ལྡན་པའི་ཡིད་ལ་བྱེད་པས། ཡིད་ལ་བྱེད་ཅིང་ཆོས་འདི་དག་ནི་དགེ་བ་སྟེ། སྐྱེས་བུ་དམ་པས་རང་གིས་རྟོགས་པ། སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། དམ་པ་རྣམས་དང་། སྐྱེས་བུ་དམ་ པ་རྣམས་ཀྱིས་བསྔགས་པ་སྟེ།ཟིན་ཅིང་ཡང་དག་པར་ཟིན་ན། བདག་ལ་ཡང་གནོད་པར་མི་འགྱུར་ཞིང་། གཞན་ལ་ཡང་གནོད་པར་མི་འགྱུར་ལ། གཉི་ག་ལ་ཡང་གནོད་པར་མི་འགྱུར་ཏེ། ཤེས་རབ་སྐྱེ་བར་འགྱུར་བ་དང་། ཕོངས་པར་འགྱུར་བའི་ཕྱོགས་དང་མཐུན་པ་མ་ཡིན་པ་དང་། མྱ་ ངན་ལས་འདའ་བར་འགྱུར་བ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་དགེ་བ་ལ་དམིགས་པའོ། །དགེ་བའི་སེམས་པ་མི་དགེ་བ་ལ་དམིགས་པ་གང་ཞེ་ན། སྨྲས་པ། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་དང་བཅས་པ་ལས་བྱུང་བ་འབྲས་བུ་ཡོད་པ། རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ་སྙམ དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་བ་དང་། ཡང་ན་ཆོས་དེ་དག་གི་ཉེས་དམིགས་དང་ལྡན་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་ཅིང་། ཆོས་འདི་དག་ནི་མི་དགེ་བ་ཡིན་ཏེ། སྐྱེས་བུ་དམ་པས་རང་གིས་ རྟོགས་པ།སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། དམ་པ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་སྨད་པ་སྟེ། ཟིན་ཅིང་ཡང་དག་པར་ཟིན་ན། བདག་ལ་ཡང་གནོད་པར་གྱུར་ཞིང་། གཞན་ལ་ཡང་གནོད་པར་འགྱུར་ལ། གཉི་ག་ལ་ཡང་གནོད་པར་འགྱུར་ ཏེ།ཤེས་རབ་འགགས་པར་འགྱུར་བ་དང་། ཕོངས་པར་འགྱུར་བའི་ཕྱོགས་དང་མཐུན་པ། མྱ་ངན་ལས་འདའ་བར་མི་འགྱུར་བ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་ བའི་སེམས་པ་མི་དགེ་བ་ལ་དམིགས་པའོ།།དགེ་བའི་སེམས་པ་ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་ མི་ལྡན་པའི་འདུ་བྱེད་རྣམས་དང་།ཆོས་འདི་དག་ནི་རྒྱུ་མེད་པ་ལས་བྱུང་བ། འབྲས་བུ་མེད་པ་རྣམ་པར་སྨིན་པ་མེད་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ ཏེ།འདི་ནི་དགེ་བའི་སེམས་པ་ལུང་དུ་མ་བསྟན་པ་ལ་དམིགས་པའོ། །དགེ་བའི་སེམས་པ་དགེ་བ་དང་། མི་དགེ་བ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བ་དང་མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བ་དང་། མི་དགེ་བའི་སེམས་དང་། སེམས་ལས་ བྱུང་བའི་ཆོས་རྣམས་དང་།དགེ་བ་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་ལས་བྱུང་བ། འབྲས་བུ་ཡོད་པ་རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་ བྱེད་པ་དང་།ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་དགེ་བ་དང་། མི་དགེ་བ་ལ་དམིགས་པའོ།
應當說善法如何,不善法和無記法的所緣也是如此。什麼是緣善的善思?答:對善身業、語業、善心、心所法、不相應善心的諸行,思維這些法是從有因而生,有果報,有異熟,如是作意的思,乃至心的造作和意業。 或者以具有這些法功德的作意而作意:‘這些法是善法,是聖者自己證悟的,是諸佛和佛的聲聞、諸聖者、諸聖人所讚歎的。若能把握並善加把握,則不會傷害自己,也不會傷害他人,也不會傷害雙方,能生起智慧,不隨順貧乏之分,能趣向涅槃。‘如是作意的思,乃至心的造作和意業,這就是緣善的善思。 什麼是緣不善的善思?答:對不善身業、語業、不善心、心所法、不相應不善心的諸行,思維這些法是從有因而生,有果報,有異熟,如是作意的思,乃至心的造作和意業。 或者以具有這些法過患的作意而作意:‘這些法是不善的,是聖者自己證悟的,是諸佛和佛的聲聞、諸聖者、諸聖人所呵責的。若能把握並善加把握,則會傷害自己,也會傷害他人,也會傷害雙方,會阻礙智慧,隨順貧乏之分,不能趣向涅槃。‘如是作意的思,乃至心的造作和意業,這就是緣不善的善思。 什麼是緣無記的善思?答:對無記色、無記心、心所法、不相應無記心的諸行,思維這些法是從無因而生,無果報,無異熟,如是作意的思,乃至心的造作和意業,這就是緣無記的善思。 什麼是緣善和不善的善思?答:對善和不善身業、語業、善和不善心、心所法、不相應善和不善心的諸行,思維這些法是從因而生,有果報,有異熟,如是作意的思,乃至心的造作和意業,這就是緣善和不善的善思。
།དགེ་བའི་སེམས་པ་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བའི་སེམས་ དང་།སེམས་ལས་བྱུང་བའི་ཆོས་རྣམས་དང་། དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་ རྣམས་དང་།ཆོས་འདི་དག་ནི་རྒྱུ་ལས་བྱུང་བ་དང་། འབྲས་བུ་ཡོད་པ་དང་། རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་དགེ་ བ་དང་།ལུང་དུ་མ་བསྟན་པ་ལ་དམིགས་པའོ། །དགེ་བའི་སེམས་པ་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། མི་དགེ་བའི་ སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་།ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་ལས་བྱུང་བ་འབྲས་བུ་ ཡོད་པ།རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པའོ། །དགེ་བའི་སེམས་ པ་དགེ་བ་དང་།མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བ་དང་མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བ་དང་མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། དགེ་བ་དང་མི་དགེ་བའི་སེམས་དང་མི་ ལྡན་པའི་འདུ་བྱེད་རྣམས་དང་།ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་ལས་བྱུང་བ། འབྲས་བུ་ཡོད་པ་རྣམ་པར་ སྨིན་པ་དང་བཅས་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པའོ། །མི་དགེ་བའི་སེམས་པ་དགེ་བ་ ལ་དམིགས་པ་གང་ཞེ་ན།སྨྲས་པ། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་མེད་པ་ལས་བྱུང་བ་འབྲས་བུ་མེད་པ། རྣམ་པར་ སྨིན་པ་མེད་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་བ་དང་། ཡང་ན་ཆོས་དེ་དག་གི་ཕན་ཡོན་དང་ལྡན་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་ཅིང་། ཆོས་འདི་དག་ནི་དགེ་བ་ཡིན་ཏེ། སྐྱེས་ བུ་དམ་པས་རང་གི་རྟོགས་པ་སངས་རྒྱས་རྣམས་དང་།སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་བསྔགས་པ་ནས། རྒྱས་པར་གཉི་ག་ལ་ཡང་གནོད་པར་མི་འགྱུར་བའི་བར་དུ་སྦྱར་ཏེ། ཤེས་རབ་སྐྱེ་བར་འགྱུར་བ་དང་། ཕོངས་པར་འགྱུར་བའི་ཕྱོགས་དང་། མཐུན་པ་མ་ཡིན་པ་དང་། མྱ་ངན་ལས་འདའ་བར་འགྱུར་བ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་དགེ་བ་ལ་དམིགས་པའོ།
什麼是善心思維緣善和無記呢?答:善身業、語業、善心和心所法、不相應善心諸行、無記色、無記心、心所法、不相應無記心諸行,思維這些法是從因而生、有果報、有異熟,如是作意的思維,乃至心造作和意業,這就是善心思維緣善和無記。 什麼是善心思維緣不善和無記呢?答:不善身業、語業、不善心和心所法、不相應不善心諸行、無記色、無記心、心所法、不相應無記心諸行,思維這些法是從因而生、有果報、有異熟,如是作意的思維,乃至心造作和意業,這就是善心思維緣不善和無記。 什麼是善心思維緣善、不善和無記呢?答:善不善身業、語業、善不善心和心所法、不相應善不善心諸行、無記色、無記心、心所法、不相應無記心諸行,思維這些法是從因而生、有果報、有異熟,如是作意的思維,乃至心造作和意業,這就是善心思維緣善、不善和無記。 什麼是不善心思維緣善呢?答:不善身業、語業、不善心和心所法、不相應不善心諸行,思維這些法是無因而生、無果報、無異熟,如是作意的思維,乃至心造作和意業。或者以具有這些法功德的作意而作意,思維這些是善法,是聖者自證、諸佛和佛聲聞所讚歎,乃至廣說都不會有害,會生起智慧、不隨順貧乏、不相應、會趣向涅槃,如是作意的思維,乃至心造作和意業,這就是不善心思維緣善。
།མི་དགེ་བའི སེམས་པ་མི་དགེ་བ་ལ་དམིགས་པ་གང་ཡིན་ཞེ་ན།སྨྲས་པ། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་མེད་པ་ལས་བྱུང་བ་འབྲས་ བུ་མེད་པ།རྣམ་པར་སྨིན་པ་མེད་པ་ཡིན་ནོ་སྙམ་དུ་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་བ་དང་། ཡང་ན་ཆོས་དེ་དག་གི་ཉེས་དམིགས་དང་ལྡན་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་ཅིང་ཆོས་འདི་དག་ནི་མི་དགེ་བ་ ཡིན་ཏེ།སྐྱེས་བུ་དམ་པ་མ་ཡིན་པས། རང་གི་རྟོགས་པ་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་དམ་པ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་སྨད་པ་སྟེ། ཟིན་ཅིང་ཡང་དག་པར་ཟིན་ན། བདག་ལ་ཡང་གནོད་པར་འགྱུར་ཞིང་། གཞན་ལ་ཡང་གནོད་པར་འགྱུར་ལ་གཉི་ག་ལ་ཡང་གནོད་ པར་འགྱུར་ཏེ།ཤེས་རབ་འགག་པར་འགྱུར་བ་དང་། ཕོངས་པར་འགྱུར་བའི་ཕྱོགས་དང་མཐུན་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ ཏེ།འདི་ནི་མི་དགེ་བའི་སེམས་པ་མི་དགེ་བ་ལ་དམིགས་པའོ། །མི་དགེ་བའི་སེམས་པ་ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་ བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་ཆོས་འདི་དག་ནི་རྒྱུ་མེད་པ་ལས་བྱུང་བ།འབྲས་བུ་མེད་པ་རྣམ་པར་སྨིན་པ་མེད་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས་སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་ བའི་སེམས་པ་ལུང་དུ་མ་བསྟན་པ་ལ་དམིགས་པའོ།།མི་དགེ་བའི་སེམས་པ་དགེ་བ་དང་། མི་དགེ་བ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བ་དང་། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བ་དང་མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ དང་དགེ་བ་དང་།མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་མེད་པ་ལས་བྱུང་བ། འབྲས་བུ་མེད་པ། རྣམ་པར་སྨིན་པ་མེད་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་ དུ་སྦྱར་ཏེ།འདི་ནི་མི་དགེ་བའི་སེམས་པ་དགེ་བ་དང་། མི་དགེ་བ་ལ་དམིགས་པའོ། །མི་དགེ་བའི་སེམས་པ་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བའི་སེམས་དང་སེམས་ལས་བྱུང་བའི་ ཆོས་རྣམས་དང་།དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་ རྒྱུ་མེད་པ་ལས་བྱུང་བ།འབྲས་བུ་མེད་པ། རྣམ་པར་སྨིན་པ་མེད་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པའོ།
什麼是緣于不善的不善思?答:認為不善的身業、語業、不善的心和心所法,以及與不善心不相應的諸行,這些法是無因而生、無果報、無異熟的,如是作意的思,乃至心的造作和意業, 或者以具有這些法過患的作意而作意:‘這些是不善法,為非聖者所行,為諸佛、諸佛聲聞、諸聖者、諸聖人所呵責。若執取並完全執取,則會損害自己,也會損害他人,也會損害雙方,會導致智慧滅盡,會隨順貧乏,不能趣向涅槃。‘如是作意的思,乃至心的造作和意業。這就是緣于不善的不善思。 什麼是緣于無記的不善思?答:認為無記色、無記心和心所法,以及與無記心不相應的諸行,這些法是無因而生、無果報、無異熟的,如是作意的思,乃至心的造作和意業。這就是緣于無記的不善思。 什麼是緣于善與不善的不善思?答:認為善與不善的身業、語業,善與不善的心和心所法,以及與善與不善心不相應的諸行,這些法是無因而生、無果報、無異熟的,如是作意的思,乃至心的造作和意業。這就是緣于善與不善的不善思。 什麼是緣于善與無記的不善思?答:認為善的身業、語業,善的心和心所法,以及與善心不相應的諸行,無記色、無記心和心所法,以及與無記心不相應的諸行,這些法是無因而生、無果報、無異熟的,如是作意的思,乃至心的造作和意業。這就是緣于善與無記的不善思。
། མི་དགེ་བའི་སེམས་པ་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་ཆོས་འདི་དག་ནི་རྒྱུ་མེད་པ་ལས་བྱུང་བ། འབྲས་བུ་མེད་པ། རྣམ་པར་སྨིན་པ་མེད་པ ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པའོ། །མི་དགེ་བའི་སེམས་པ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བ་དང་། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བ་དང་མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། དགེ་བ་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་མེད་པ་ལས་བྱུང་བ། འབྲས་བུ་མེད་པ། རྣམ་པར་སྨིན་པ་མེད་པ་ཡིན་ནོ་སྙམ་དུ་ཡིད་ལ་བྱེད པའི་སེམས་པ་གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མི་དགེ་བའི་སེམས་པ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པའོ། །ལུང་དུ་མ་བསྟན་པའི་སེམས་པ་ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་ པ།ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། དམིགས་པ་འདི་དག་ལས་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་ དུ་མ་བསྟན་པ་ཡང་རུང་སྟེ།ཡིད་ལ་བྱེད་པའི་སེམས་གང་ཡིན་པ་ནས་སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་ལུང་དུ་མ་བསྟན་པ་ལ་དམིགས་པའོ། །ལུང་དུ་མ་བསྟན་པའི་སེམས་པ་དགེ་བ་ལ་དམིགས་པ་ གང་ཞེ་ན།སྨྲས་པ། དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། དམིགས་པ་འདི་དག་ལ་བསྒྲིབས་ ལ་ལུང་དུ་མ་བསྟན་པ་དང་།མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་རུང་སྟེ། ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་ དགེ་བ་ལ་དམིགས་པའོ།།ལུང་དུ་མ་བསྟན་པའི་སེམས་པ་མི་དགེ་བ་ལ་དམིགས་པ་གང་ཞེ་ན། སྨྲས་པ། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། མི་ དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་།དམིགས་པ་འདི་ལས་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་རུང་སྟེ། ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་ བྱེད་པ་དང་།ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་མི་དགེ་བ་ལ་དམིགས་པའོ།
什麼是不善心所緣不善法和無記法?答:認為不善身業、語業、不善心、心所法、不善心不相應行法,以及無記色法、無記心、心所法、無記心不相應行法等這些法是無因而生、無果、無異熟的,如是作意的思,乃至心造作和意業,這就是不善心所緣不善法和無記法。 什麼是不善心所緣善法、不善法和無記法?答:認為善法和不善身業、語業、善不善心、心所法、善不善心不相應行法,以及無記色法、無記心所法、無記心不相應行法等這些法是無因而生、無果、無異熟的,如是作意的思,乃至心造作和意業,這就是不善心所緣善法、不善法和無記法。 什麼是無記心所緣無記法?答:對於無記色法、無記心、心所法、無記心不相應行法等所緣,無論是有覆無記還是無覆無記,如是作意的思,乃至心造作和意業,這就是無記心所緣無記法。 什麼是無記心所緣善法?答:對於善身業、語業、善心、心所法、善心不相應行法等所緣,無論是有覆無記還是無覆無記,如是作意的思,乃至心造作和意業,這就是無記心所緣善法。 什麼是無記心所緣不善法?答:對於不善身業、語業、不善心、心所法、不善心不相應行法等所緣,無論是有覆無記還是無覆無記,如是作意的思,乃至心造作和意業,這就是無記心所緣不善法。
།ལུང་དུ་མ་བསྟན་པའི་སེམས་པ་དགེ་བ་དང་། མི་དགེ་བ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བ་དང་། མི་དགེ་བའི་ ལུས་ཀྱི་ལས་དང་།ངག་གི་ལས་དང་། དགེ་བ་དང་། མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། དགེ་བ་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། དམིགས་པ་འདི་དག་ལས་བསྒྲིབས་ལ་ལུང་ དུ་མ་བསྟན་པ་དང་།མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་རུང་སྟེ། ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་དགེ་བ་ དང་།མི་དགེ་བ་ལ་དམིགས་པའོ། །ལུང་དུ་མ་བསྟན་པའི་སེམས་པ་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བའི་ སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་།དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་ དང་མི་ལྡན་པའི་འདུ་བྱེད་རྣམས་དང་།དམིགས་པ་འདི་དག་ལས་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་རུང་སྟེ། ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པའོ། །ལུང་དུ་མ་བསྟན་པའི་སེམས་པ་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ བསྟན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་།ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། དམིགས་པ་འདི་དག་ལས་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ ཡང་རུང་སྟེ།ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པའོ། ། ལུང་དུ་མ་བསྟན་པའི་སེམས་པ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དགེ་བ་དང་། མི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བ་དང་མི་དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དགེ་བ་དང་། མི་དགེ་བའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། ལུང་དུ་མ་བསྟན་པའི་གཟུགས་དང་། ལུང་དུ་མ་བསྟན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་། དམིགས་པ་འདི་དག་ལས བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་།མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་རུང་སྟེ། ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་དགེ་བ་དང་། མི་དགེ་བ་དང་། ལུང་ དུ་མ་བསྟན་པ་ལ་དམིགས་པའོ།།དེ་ལ་སེམས་པའི་ལས་ནི་འདོད་པ་དང་ལྡན་པ་ཡང་ཡོད། གཟུགས་དང་ལྡན་པ་ཡང་ཡོད། གཟུགས་མེད་པ་དང་ལྡན་པ་ཡང་ཡོད་དོ། །སེམས་པའི་ལས་འདོད་པ་དང་ལྡན་པ་གང་ཞེ་ན། སྨྲས་པ། འདོད་པ་དང་ལྡན་པའི་ཡིད་ལ་བྱེད་པ་ དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་སེམས་པའི་ལས་འདོད་པ་དང་ལྡན་པའོ། །སེམས་པའི་ལས་གཟུགས་དང་ལྡན་པ་གང་ཞེ་ན། སྨྲས་པ། གཟུགས་མེད་པ་དང་ལྡན་པའི་ཡིད་ལ་ བྱེད་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས་སེམས་མངོན་པར་འདུ་བྱེད་པ་དང་།ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་སེམས་པའི་ལས་གཟུགས་དང་ལྡན་པའོ།
什麼是無記思業緣善與不善?答:凡是緣于善與不善的身業、語業,善與不善的心與心所法,善與不善心不相應行法,以及緣于這些所緣而有覆無記或無覆無記的作意思業,乃至心造作和意業,這就是無記思業緣善與不善。 什麼是無記思業緣善與無記?答:凡是緣于善的身業、語業,善心與心所法,善心不相應行法,以及無記色、無記心與心所法,無記心不相應行法,以及緣于這些所緣而有覆無記或無覆無記的作意思業,乃至心造作和意業,這就是無記思業緣善與無記。 什麼是無記思業緣不善與無記?答:凡是緣于不善的身業、語業,不善心與心所法,不善心不相應行法,以及無記色、無記心與心所法,無記心不相應行法,以及緣于這些所緣而有覆無記或無覆無記的作意思業,乃至心造作和意業,這就是無記思業緣不善與無記。 什麼是無記思業緣善、不善與無記?答:凡是緣于善與不善的身業、語業,善與不善心與心所法,善與不善心不相應行法,以及無記色、無記心與心所法,無記心不相應行法,以及緣于這些所緣而有覆無記或無覆無記的作意思業,乃至心造作和意業,這就是無記思業緣善、不善與無記。 其中思業有屬欲界的,有屬色界的,也有屬無色界的。什麼是欲界思業?答:凡是與欲界作意相應的思業,乃至心造作和意業,這就是欲界思業。什麼是色界思業?答:凡是與無色界作意相應的思業,乃至心造作和意業,這就是色界思業。
།སེམས་པའི་ལས་གཟུགས་མེད་པ་དང་ལྡན་པ་གང་ཞེ་ན། སྨྲས་པ། གཟུགས་མེད་པ་དང་ལྡན་པའི་ ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་སེམས་པའི་ལས་གཟུགས་མེད་པ་དང་ལྡན་པའོ། །དེ་ལ་འདོད་པ་དང་ལྡན་པའི་སེམས་པ་ནི་དགེ་བ་ཡང་ཡོད། མི་དགེ་བ་ཡང་ཡོད། ལུང་ དུ་མ་བསྟན་པ་ཡང་ཡོད་དོ།།འདོད་པ་དང་ལྡན་པའི་སེམས་པ་དགེ་བ་གང་ཞེ་ན། སྨྲས་པ། འདོད་པ་དང་ལྡན་པའི་དགེ་བའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ ཀྱི་བར་དུ་སྦྱར་ཏེ།འདི་ནི་འདོད་པ་དང་ལྡན་པའི་སེམས་པ་དགེ་བ་སྟེ། ཇི་ལྟ་ཞེ་ན། འདི་ལྟར་ཆགས་པ་མེད་པས་ཚུལ་བཞིན་དུ་སོ་སོར་བརྟགས་ནས་མིག་གིས་གཟུགས་རྣམས་མཐོང་བ་དང་། རྣ་བས་སྒྲ་རྣམས་ཐོས་པ་དང་། སྣས་དྲི་རྣམས་བསྣམས་པ་དང་། ལྕེས་རོ་རྣམས་མྱོང་བ་ དང་།ལུས་ཀྱིས་རེག་བྱ་རྣམས་རེག་པ་དང་། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་ཡང་སྲོག་གཅོད་པ་སྤངས་པ་ དང་ལྡན་པའི་ཡིད་ལ་བྱེད་པ་དང་།མཚུངས་པར་ལྡན་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་སྤངས་པ་དང་ལྡན་པ་དང་། ཡང་དག་པའི་ལྟ་ བ་དང་ལྡན་པའི་ཡིད་ལ་བྱེད་པ་དང་།མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་ཡང་ཁྲོ་བ་མེད་པ་དང་། ཁོན་དུ་འཛིན་པ་མེད་པ་དང་། འཆབ་ པ་མེད་པ་དང་།འཚིག་པ་མེད་པ་དང་། ཕྲག་དོག་མེད་པ་དང་། སེར་སྣ་མེད་པ་དང་། སྒྱུ་མེད་པ་དང་། གཡོ་མེད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་ཡང་འདོད་པ་དང་ལྡན་པའི་གསོང་པོར་སྨྲ་བ་དང་། ཕྱག་འཚལ་བ་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། འདུད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི སེམས་པ་གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་ཡང་སྦྱིན་པ་དག་སྦྱིན་པའམ། གནོད་སེམས་དག་མི་བྱེད་པའམ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་འདུག་ པའམ།གསོ་སྦྱོང་ལ་གནས་པའམ། སེམས་དད་པས་རང་གིས་ལག་དར་ཏེ་ལས་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་ཡང་འདོད་པ་དང་ལྡན་པའི་དགེ་ བའི་ཡིད་ལ་བྱེད་པས།སྡུག་བསྔལ་ལ་བྱེ། སྡུག་བསྔལ་བར་ཡིད་ལ་བྱེད་པའམ། ཀུན་འབྱུང་བ་ལ་ཀུན་འབྱུང་བའམ། འགོག་པ་ལ་འགོག་པའམ། ལམ་ལ་ལམ་དུ་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ ཏེ།འདི་ནི་འདོད་པ་དང་ལྡན་པའི་སེམས་པ་དགེ་བའོ། །འདོད་པ་དང་ལྡན་པའི་སེམས་པ་མི་དགེ་བ་གང་ཞེ་ན། སྨྲས་པ། མི་དགེ་བའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ ཏེ།འདི་ནི་འདོད་པ་དང་ལྡན་པའི་སེམས་པ་མི་དགེ་བའོ།
什麼是與無色相應的思業?答:從與無色相應的作意相應的思,乃至心的造作和意業,這就是與無色相應的思業。 其中,與欲界相應的思有善的、不善的、無記的。 什麼是與欲界相應的善思?答:從與欲界相應的善作意相應的思,乃至心的造作和意業,這就是與欲界相應的善思。如何呢?即如無貪而如理觀察后以眼見諸色、以耳聞諸聲、以鼻嗅諸香、以舌嘗諸味、以身觸諸觸、以意識別諸法的思,乃至心的造作和意業,這就是與欲界相應的善思。 又從與離殺生相應的作意相應,與離不與取、邪淫、妄語、離間語、粗惡語、綺語、貪慾、害意相應,與正見相應的作意相應的思,乃至心的造作和意業,這就是與欲界相應的善思。 又從與無瞋、無恨、無覆、無惱、無嫉、無慳、無誑、無諂、有慚、有愧相應的作意相應的思,乃至心的造作和意業,這就是與欲界相應的善思。 又從與欲界相應的誠實語、禮拜、起立、合掌、恭敬相應的作意相應的思,乃至心的造作和意業,這就是與欲界相應的善思。 又從佈施或不起害心,或受持清凈戒律,或住于布薩,或以信心自己打掃做事的思,乃至心的造作和意業,這就是與欲界相應的善思。 又從與欲界相應的善作意,對苦作意為苦,對集作意為集,對滅作意為滅,對道作意為道的思,乃至心的造作和意業,這就是與欲界相應的善思。 什麼是與欲界相應的不善思?答:從與不善作意相應的思,乃至心的造作和意業,這就是與欲界相應的不善思。
།ཇི་ལྟ་ཞེ་ན། འདི་ལྟར་ཆགས་པ་དང་། སྡང་བ་དང་། རྨོངས་པས་ཚུལ་བཞིན་མ་ཡིན་པ་དང་། སོ་སོར་མ་བརྟགས་པར་མིག་གིས་གཟུགས་རྣམས་མཐོང་བ་ནས། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པའི་བར་གྱི་སེམས་ པ་གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་མི་དགེ་བའོ། །གཞན་ཡང་སྲོག་གཅོད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་ པ་དང་།བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་ལོག་པར་ལྟ་བ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་ཡིད་ལ་བྱེད་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་ སྦྱར་ཏེ།འདི་ནི་འདོད་པ་དང་ལྡན་པའི་སེམས་པ་མི་དགེ་བའོ། །གཞན་ཡང་ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་གཡོ་དང་། ངོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པ་དང་ལྡན་པའི་ཡིད་ལ་བྱེད་པ་ དང་།མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་མི་དགེ་བའོ། །གཞན་ཡང་ལག་པ་དང་། ཁུ་ཚུར་དང་ཐལ་ལྕག་བསྣུན་པ་དང་། ཡལ་ག་དང་ལྕུག་མས་ གནོད་པར་བྱེད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས་སེམས་མངོན་པར་འདུ་བྱེད་པ་དང་།ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་མི་དགེ་བའོ། །གཞན་ཡང་མི་དགེ་བ་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉལ་བ་དང་། ཀུན་ནས་དཀྲིས་པ་རྣམས་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་མི་དགེ་བའོ། །འདོད་པ་དང་ལྡན་པའི་སེམས་པ་ལུང དུ་མ་བསྟན་པ་གང་ཞེ་ན།སྨྲས་པ། འདོད་པ་དང་ལྡན་པའི་ལུང་དུ་མ་བསྟན་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་ལུང་དུ་མ་ བསྟན་པའོ།།ཇི་ལྟ་ཞེ་ན། འདི་ལྟར་དགེ་བའི་སེམས་ཀྱང་མ་ཡིན་ཉོན་མོངས་པ་ཅན་གྱི་སེམས་ཀྱང་མ་ཡིན་པ། རང་བཞིན་དུ་གནས་པ། སྤྱོད་ལམ་ལ་ཞུགས་པས། མིག་གིས་གཟུགས་རྣམས་མཐོང་བ་ནས། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པའི་བར་གྱི་སེམས་པ་ གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །གཞན་ཡང་འདོད་པ་དང་ལྡན་པའི་ལུང་དུ་མ་བསྟན་པའི་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉལ་བ་དང་། ཉེ་བའི་ཉོན་ མོངས་པ་དང་།ཀུན་ནས་དཀྲིས་པ་རྣམས་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་འདོད་པ་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །དེ་ལ་གཟུགས་དང་ལྡན་པའི་ སེམས་པ་དགེ་བ་ཡང་ཡོད།ལུང་དུ་མ་བསྟན་པ་ཡང་ཡོད། གཟུགས་དང་ལྡན་པའི་སེམས་པ་དགེ་བ་གང་ཞེ་ན། སྨྲས་པ། གཟུགས་དང་ལྡན་པའི་དགེ་བའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་དང་ལྡན་པའི་སེམས་པ་དགེ་བའོ།
怎樣呢?如是,由貪慾、嗔恚、愚癡而不如理作意,不加觀察而以眼見諸色乃至以意識知諸法的思維,從心的造作乃至意業,這是與欲相應的不善思維。 複次,與殺生相應的作意及其相應,與不與取、欲邪行、妄語、離間語、粗惡語、綺語、貪慾、害心、邪見相應的作意及其相應,從心的造作乃至意業,這是與欲相應的不善思維。 複次,與忿怒、怨恨、覆藏、惱害、嫉妒、慳吝、諂誑、無慚、無愧相應的作意及其相應的思維,從心的造作乃至意業,這是與欲相應的不善思維。 複次,與手、拳、掌擊打,以枝條加害相應的作意及其相應的思維,從心的造作乃至意業,這是與欲相應的不善思維。 複次,與不善的遍行、繫縛、隨眠、纏縛相應的思維,從心的造作乃至意業,這是與欲相應的不善思維。 什麼是與欲相應的無記思維?答:與欲相應的無記作意及其相應的思維,從心的造作乃至意業,這是與欲相應的無記思維。 怎樣呢?如是,既非善心也非煩惱心,處於自然狀態,住于威儀,從以眼見諸色乃至以意識知諸法的思維,從心的造作乃至意業,這是與欲相應的無記思維。 複次,與欲相應的無記遍行、繫縛、隨眠、煩惱、纏縛相應的思維,從心的造作乃至意業,這是與欲相應的無記思維。 其中,與色相應的思維有善的也有無記的。什麼是與色相應的善思維?答:與色相應的善作意及其相應的思維,從心的造作乃至意業,這是與色相應的善思維。
།ཇི་ལྟ་ཞེ་ན། འདི་ལྟར་ཆགས་པ་མེད་པའམ། སྡང་བ་མེད་པའམ། རྨོངས་པ་མེད་པ་ལ་ཚུལ་བཞིན་དུ་སོ་སོར་བརྟགས་ནས། མིག་གིས་གཟུགས་རྣམས་མཐོང་བ་དང་། རྣ་བས་སྒྲ་རྣམས ཐོས་པ་དང་།སྣས་དྲི་རྣམས་བསྣམས་པ་དང་། ལྕེས་རོ་རྣམས་མྱོང་བ་དང་། ལུས་ཀྱིས་རེག་བྱ་རྣམས་རེག་པ་དང་། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པའི་བར་གྱི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ གཟུགས་དང་ལྡན་པའི་སེམས་པ་དགེ་བའོ།།གཞན་ཡང་ཡོངས་སུ་མ་ཟིན་པའི་བསམ་གཏན་བཞི་བསྒོམ་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་ ཡང་གཟུགས་དང་ལྡན་པའི་གསོང་པོར་སྨྲ་བ་དང་།ཕྱག་འཚལ་བ་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། འདུད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ ཀྱི་བར་དུ་སྦྱར་ཏེ།འདི་ནི་གཟུགས་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་ཡང་གཟུགས་དང་ལྡན་པའི་དགེ་བའི་ཡིད་ལ་བྱེད་པས། སྡུག་བསྔལ་བ་ལ་སྡུག་བསྔལ་བར་ཡིད་ལ་བྱེད་པའམ། ཀུན་འབྱུང་བ་ལ་ཀུན་འབྱུང་བར་ཡིད་ལ་བྱེད་པའམ། འགོག་པ་ལ་འགོག་ པར་ཡིད་ལ་བྱེད་པའམ།ལམ་ལ་ལམ་དུ་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་དང་ལྡན་པའི་སེམས་པ་དགེ་བའོ། །གཟུགས་དང་ལྡན་པའི་སེམས་པ་ལུང་ དུ་མ་བསྟན་པ་གང་ཞེ་ན།སྨྲས་པ། གཟུགས་དང་ལྡན་པའི་ལུང་དུ་མ་བསྟན་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་ པའོ།།ཇི་ལྟ་ཞེ་ན། འདི་ལྟར་དགེ་བའི་སེམས་ཀྱང་མ་ཡིན། ཉོན་མོངས་པ་ཅན་གྱི་སེམས་ཀྱང་མ་ཡིན་པ་རང་བཞིན་དུ་གནས་པ། སྤྱོད་ལམ་དུ་ཞུགས་པས། མིག་གིས་གཟུགས་རྣམས་མཐོང་བ་དང་། རྣ་བས་སྒྲ་རྣམས་ཐོས་པ་དང་། སྣས་དྲི་རྣམས་བསྣམས་པ་དང་། ལྕེས་རོ་རྣམས་ མྱོང་བ་དང་།ལུས་ཀྱིས་རེག་བྱ་རྣམས་རེག་པ་དང་། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །གཞན་ཡང་ཡོངས་སུ་ ཟིན་པའི་སེམས་ཀྱིས་བསམ་གཏན་བཞི་སྒོམ་པའི་སེམས་པ་གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །གཞན་ཡང་གཟུགས་དང་ལྡན་པའི་ཀུན་དུ་སྦྱོར་བ་དང་། འཆིང་ བ་དང་།བག་ལ་ཉལ་བ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་རྣམས་དང་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །དེ་ལ་ གཟུགས་མེད་པ་དང་ལྡན་པའི་སེམས་པ་ནི་དགེ་བ་ཡང་ཡོད།ལུང་དུ་མ་བསྟན་པ་ཡང་ཡོད་དོ། །གཟུགས་མེད་པ་དང་ལྡན་པའི་སེམས་པ་དགེ་བ་གང་ཞེ་ན། སྨྲས་པ། གཟུགས་མེད་པ་དང་ལྡན་པའི་དགེ་བའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་ གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་མེད་པ་དང་ལྡན་པའི་སེམས་པ་དགེ་བའོ། །ཇི་ལྟ་ཞེ་ན། འདི་ལྟར་ཆགས་པ་མེད་པའམ། སྡང་བ་མེད་པའམ། རྨོངས་པ་མེད་པས་ཚུལ་བཞིན་དུ་སོ་སོར་ བརྟགས་ནས་ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པ་གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་པར་དུ་སྦྱར་ཏེ། འདི་ནི་གཟུགས་མེད་པ་དང་ལྡན་པའི་སེམས་པ་དགེ་བའོ།
怎樣呢?如是,無貪或無嗔或無癡,如理觀察后,以眼見諸色,以耳聞諸聲,以鼻嗅諸香,以舌嘗諸味,以身觸諸觸,乃至以意識別諸法的思維,以及心的造作和意業,這是有色善思。複次,未被攝持的修習四禪定的思維,乃至心的造作和意業,這是有色善思。 複次,與有色的誠實語、禮拜、起立、合掌、恭敬相應的作意和相應的思維,乃至心的造作和意業,這是有色善思。複次,以有色善作意,于苦作苦想,于集作集想,于滅作滅想,于道作道想的思維,乃至心的造作和意業,這是有色善思。 什麼是有色無記思?答:與有色無記作意相應的思維,乃至心的造作和意業,這是有色無記思。怎樣呢?如是,非善心亦非煩惱心,處於自然狀態,住于威儀,以眼見諸色,以耳聞諸聲,以鼻嗅諸香,以舌嘗諸味,以身觸諸觸,以意識別諸法的思維,乃至心的造作和意業,這是有色無記思。 複次,以被攝持的心修習四禪定的思維,乃至心的造作和意業,這是有色無記思。複次,與有色的結、縛、隨眠、近煩惱、纏相應的思維,乃至心的造作和意業,這是有色無記思。 其中,無色相應思有善和無記兩種。什麼是無色相應善思?答:與無色善作意相應的思維,乃至心的造作和意業,這是無色相應善思。怎樣呢?如是,以無貪或無嗔或無癡如理觀察,以意識別諸法,乃至心的造作和意業,這是無色相應善思。
།གཞན་ཡང་ཡོངས་སུ་ཟིན་པའི་སེམས་ཀྱིས་གཟུགས་མེད་པ་བཞི་ བསྒོམས་པའི་སེམས་པ་གང་ཡིན་པ་ནས།སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་མེད་པ་དང་ལྡན་པའི་སེམས་པ་དགེ་བའོ། །གཞན་ཡང་གཟུགས་མེད་པ་དང་ལྡན་པའི་ཡིད་ལ་བྱེད་པས་སྡུག་བསྔལ་ལ་སྡུག་བསྔལ་བར་ཡིད་ ལ་བྱེད་པའམ།ཀུན་འབྱུང་བ་ལ་ཀུན་འབྱུང་བའམ། འགོག་པ་ལ་འགོག་པའམ། ལམ་ལ་ལམ་དུ་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་མེད་པ་དང་ལྡན་པའི་སེམས་པ་ དགེ་བའོ།།གཟུགས་མེད་པ་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པ་གང་ཞེ་ན། སྨྲས་པ། གཟུགས་མེད་པའི་ཡིད་ལ་བྱེད་པ་ལུང་དུ་མ་བསྟན་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་མེད་པ་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །ཇི་ལྟ་ཞེ་ན། འདི་ལྟར་དགེ་བའི་སེམས་ཀྱང་མ་ཡིན། ཉོན་མོངས་པ་ཅན་གྱི་སེམས་ཀྱང་མ་ཡིན་པ་རང་བཞིན་དུ་གནས་པ་ཡིད་ཀྱི་ཆོས་རྣམས་རྣམ་པར་ཤེས་པའི་སེམས་པ་གང་ཡིན་པ་ནས། སེམས མངོན་པར་འདུ་བྱེད་པ་དང་ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ།འདི་ནི་གཟུགས་མེད་པ་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །གཞན་ཡང་ཡོངས་སུ་ཟིན་པའི་སེམས་ཀྱིས་གཟུགས་མེད་པ་བཞི་བསྒོམ་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་ པ་དང་།ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་མེད་པ་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །གཞན་ཡང་གཟུགས་མེད་པ་དང་ལྡན་པའི་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉལ་བ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་རྣམས་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གཟུགས་མེད་པ་དང་ལྡན་པའི་སེམས་པ་ལུང་དུ་མ་བསྟན་པའོ། །འདུལ་མཆོག་ཁ་ལོ་སྒྱུར་བ་ཚངས པའི་གསུང་དང་ལྡན།།སྐུ་མདོག་གསེར་འདྲ་ཁ་ལོ་སྒྱུར་བ་རྣམས་ཀྱི་མཆོག་།རྣམ་པར་འདྲེན་པར་མཛད་པ་བྱུང་བ་གང་ཡིན་ཏེ། །འཇིགས་པ་མེད་པར་ལས་རྣམས་ཐ་དད་སྟོན་པར་མཛད། །རྒྱུ་གཅིག་གིས་ལས་རྣམས་བསྡུས་ཏེ། ལས་ཞེས་བྱ་བའི་ཕྱིར་རོ། །རྒྱུ་ གཉིས་ཀྱིས་ལས་རྣམས་བསྡུས་ཏེ།སེམས་པའི་ལས་དང་། ཆེད་དུ་བསམས་པའི་ལས་སོ། །རྒྱུ་གསུམ་གྱིས་ལས་རྣམས་བསྡུས་ཏེ། ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་སོ། །རྒྱུ་བཞིས་ལས་རྣམས་བསྡུས་ཏེ། འདོད་པ་དང་ལྡན་པ་དང་། གཟུགས་ དང་ལྡན་པ་དང་།གཟུགས་མེད་པ་དང་ལྡན་པ་དང་མི་ལྡན་པའོ། །རྒྱུ་ལྔས་ལས་རྣམས་བསྡུས་ཏེ། མཐོང་བས་སྤང་བར་བྱ་བ་ལུང་དུ་བསྟན་པ་དང་། ལུང་དུ་མ་བསྟན་པ་དང་། བསྒོམས་པས་སྤང་བར་བྱ་བ་ལུང་དུ་བསྟན་པ་དང་། ལུང་དུ་མ་བསྟན་པ་དང་། སྤང་བར་བྱ་བ་མ་ཡིན་ པའི་ལས་སོ།།རྒྱུ་དྲུག་གིས་ལས་རྣམས་བསྡུས་ཏེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་དང་། སྤང་བར་བྱ་བ་མ་ཡིན་པའོ། །རྒྱུ་བདུན་གྱིས་ལས་རྣམས་བསྡུས་ཏེ། འདོད་པ་དང་ལྡན་པ་ མཐོང་བས་སྤང་བར་བྱ་བ་དང་།བསྒོམ་པས་སྤང་བར་བྱ་བ་དང་། གཟུགས་དང་ལྡན་པ་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤོང་བར་བྱ་བ་དང་། གཟུགས་མེད་པ་དང་ལྡན་པ་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་དང་། སྤང་བར་བྱ་བ་མ་ཡིན་པའོ། །རྒྱུ་ བརྒྱད་ཀྱིས་ལས་རྣམས་བསྡུས་ཏེ།འདོད་པ་དང་ལྡན་པའི་དགེ་བ་དང་། མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་། གཟུགས་དང་ལྡན་པའི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། གཟུགས་མེད་པ་དང་ལྡན་པའི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་ལྡན་པ་མ་ཡིན་པའི་ལས་སོ། ། རྒྱུ་དགུས་ལས་རྣམས་བསྡུས་ཏེ། ལུས་ཀྱི་ལས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། ངག་གི་ལས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། ཡིད་ཀྱི་ལས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའོ།
還有,以完全掌握的心修習四無色定的思維,從此乃至心的造作以及意業為止配合,這是與無色相應的善思。還有,以與無色相應的作意,對苦作意為苦,或對集作意為集,或對滅作意為滅,或對道作意為道的思維,從此乃至心的造作以及意業為止配合,這是與無色相應的善思。 什麼是與無色相應的無記思?答:與無色的無記作意相應的思,從此乃至心的造作以及意業為止配合,這是與無色相應的無記思。如何?即非善心,亦非煩惱心,處於自性的意法識知的思,從此乃至心的造作以及意業為止配合,這是與無色相應的無記思。 還有,以完全掌握的心修習四無色定的思,從此乃至心的造作以及意業為止配合,這是與無色相應的無記思。還有,與無色相應的結、縛、隨眠、近煩惱、纏相應的思,從此乃至心的造作以及意業為止配合,這是與無色相應的無記思。 調御最勝者具有梵音,身色如金為調御中最勝,作為引導者所出現者,無所畏懼宣說諸業差別。 以一因攝諸業,因為稱為業。以二因攝諸業,即思業和思已業。以三因攝諸業,即身業、語業和意業。以四因攝諸業,即與欲界相應、與色界相應、與無色界相應和不相應。 以五因攝諸業,即見所斷有記、無記,修所斷有記、無記,以及非所斷業。以六因攝諸業,即見苦所斷、見集所斷、見滅所斷、見道所斷、修所斷和非所斷。 以七因攝諸業,即與欲界相應見所斷、修所斷,與色界相應見所斷、修所斷,與無色界相應見所斷、修所斷,以及非所斷。以八因攝諸業,即與欲界相應的善、不善、無記,與色界相應的善、無記,與無色界相應的善、無記,以及不相應業。 以九因攝諸業,即身業善、不善、無記,語業善、不善、無記,意業善、不善、無記。
།རྒྱུ་བཅུས་ལས་རྣམས་བསྡུས་ཏེ། ལུས་ཀྱི་ལས་དགེ་བ་ཟག་པ་ཟད་པ་དང་། བཅས་པ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། ཟག་པ་མེད་པའི་ལས་སོ། །ངག་གི་ལས་དགེ་བ་ཟག་པ་ཟད་པ་དང་བཅས་པ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། ཟག་པ་མེད་པའི་ལས་སོ། །ཡིད་ཀྱི་ལས་དགེ་བ ཟག་པ་ཟད་པ་དང་བཅས་པ་དང་།མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། ཟག་པ་མེད་པའི་ལས་སོ། །རྒྱུ་བཅུ་གཅིག་གིས་ལས་རྣམས་བསྡུས་ཏེ། འདོད་པ་དང་ལྡན་པའི་དགེ་བ་དང་། མི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། གཟུགས་དང་ལྡན་པའི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། གཟུགས་མེད་པ་དང་ལྡན་པའི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་ལྡན་པ་མ་ཡིན་པའི་ལས་སོ། ། རྒྱུ་བཅུ་གཉིས་ཀྱིས་ལས་རྣམས་བསྡུས་ཏེ། ལུས་ཀྱི་ལས་དགེ་བ་དང་། མི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། ངག་གི་ལས་དགེ་བ་དང་། མི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ ལུང་དུ་མ་བསྟན་པ་དང་།ཡིད་ཀྱི་ལས་དགེ་བ་དང་། མི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །བསྟན་བཅོས་ཆེན་པོ་ཆོས་མངོན་པ་ལས། ལས་གདགས་པ་ཚིགས་དང་པོའོ།། །།སྡོམ་ནི། རྩ་བ་གསུམ་དང་དབྱེ་ བ་དང་།།མི་དགེ་ལས་ལམ་བཅུ་པོ་དང་། །ཡང་ན་ལས་རྣམས་བཅུ་ཡི་རྒྱུ། །མི་དགེ་བ་ནི་གསུམ་པོ་ཡིན། །མི་དགེ་བའི་རྩ་བ་གསུམ་གང་ཞེ་ན། གསུམ་ནི་ཆགས་པ་མི་དགེ་བའི་རྩ་བ་དང་། ཞེ་སྡང་མི་དགེ་བའི་རྩ་བ་དང་། གཏི་མུག་མི་དགེ་བའི་རྩ་བའོ། ། ཆགས་པ་མི་དགེ་བའི་རྩ་བ་གང་ཞེ་ན། སྨྲས་པ། འདོད་ཆགས་པ་དང་། ཀུན་དུ་འདོད་ཆགས་པ་དང་། ཀུན་དུ་ཞེན་པ་དང་། ཆུམས་པ་དང་། ལྷག་པར་ཞེན་པ་དང་། སྲེད་པ་དང་། ཚོལ་བ་དང་། འདོད་པ་དང་། བརྒྱལ་བ་དང་། ཞེན་པ་དང་། ཡོངས་སུ་ཞེན་པ་དང་། ནང་གི འཆིང་བ་དང་།དོན་དུ་སྒྲུབ་པ་དང་། བརྣབ་སེམས་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་ལ་ཆགས་པ་དང་། ཆགས་པ་ལས་བྱུང་བ་གང་ཡིན་པ་འདི་ནི་ཆགས་པ་ཞེས་བྱའོ། །མི་དགེ་བའི་རྩ་བ་གང་ཞེ་ན། སྨྲས་པ། ཆོས་དེ་མི་དགེ་བ་ཡིན་ལ། དེ་ནི་མི་དགེ་བའི་ཆོས་མང་ པོའི་རྩ་བ་གང་ཡིན་པས་ན།དེའི་ཕྱིར་དེ་ནི་ནད་ཀྱི་རྩ་བ་དང་། འབྲས་ཀྱི་རྩ་བ་དང་། ཟུག་རྔུའི་རྩ་བ་དང་། སྡིག་པའི་རྩ་བ་དང་། རྣམ་པར་མ་དག་པའི་རྩ་བ་དང་། ཀུན་ནས་ཉོན་མོངས་པའི་རྩ་བ་དང་། རྣམ་པར་བྱང་བ་མ་ཡིན་པའི་རྩ་བ་དང་། ཡོངས་སུ་བྱང་བ་མ་ཡིན་པའི་རྩ་བ་ཡིན་ ཏེ།དེ་བས་ན་ཆགས་པ་མི་དགེ་བའི་རྩ་བ་ཞེས་བྱའོ། །ཞེ་སྡང་མི་དགེ་བའི་རྩ་བ་ཞེས་བྱ་བ་ལ་ཞེ་སྡང་གང་ཞེ་ན། སྨྲས་པ། སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་དང་། ཐ་བ་དང་། ཁོང་ཁྲོ་བ་དང་། གནོད་སེམས་དང་། གནོད་སེམས་སུ་བྱེད་པ་དང་། གནོད་སེམས་སུ་ གྱུར་པ་དང་།སྡང་བ་དང་། རབ་ཏུ་སྡང་བ་དང་། སེམས་ཀྱིས་སྡང་བ་གང་ཡིན་པ་དང་། སེམས་ཅན་རྣམས་ལ་མི་མཐུན་པར་བྱེད་པ་དང་། སྡང་བ་དང་། སྡང་བར་བྱེད་པ་དང་སྡང་བར་གྱུར་པ་གང་ཡིན་པ་འདི་ནི་ཞེ་སྡང་བ་ཞེས་བྱའོ། །མི་དགེ་བའི་རྩ་བ་ཞེས་བྱ་བ་གང་ཞེ་ན། སྨྲས་པ། ཆོས་དེ་མི་དགེ་བ་ཡིན་པ་ནས་རྒྱས་པར་ཡོངས་སུ་བྱང་བ་མ་ཡིན་པའི་རྩ་བ་ཞེས་བྱ་བའི་བར་དུ་སྦྱར་ཏེ། དེ་བས་ན་ཞེ་སྡང་མི་དགེ་བའི་རྩ་བ་ཞེས་བྱའོ།
以十種因攝諸業:身業善有漏盡及有漏、不善、無記、無漏業。語業善有漏盡及有漏、不善、無記、無漏業。意業善有漏盡及有漏、不善、無記、無漏業。 以十一種因攝諸業:欲界系善、不善、有覆無記、無覆無記,色界系善、有覆無記、無覆無記,無色界系善、有覆無記、無覆無記,及不繫業。 以十二種因攝諸業:身業善、不善、有覆無記、無覆無記,語業善、不善、有覆無記、無覆無記,意業善、不善、有覆無記、無覆無記。 大論《阿毗達磨》中,業施設品第一。 總攝頌曰:三根及分別,不善業道十,或業十種因,不善有三種。 何為三不善根?三者為貪不善根、嗔不善根、癡不善根。 何為貪不善根?答曰:貪著、遍貪、遍著、耽著、增上著、渴愛、追求、欲求、昏迷、執著、遍執、內縛、成辦、貪心、苦、集貪著,以及從貪所生,此即名為貪。 何為不善根?答曰:此法為不善,是諸多不善法之根本,故此即是病根、瘡根、刺根、罪根、不凈根、煩惱根、非清凈根、非遍凈根,因此稱為貪不善根。 關於嗔不善根,何為嗔?答曰:于諸有情起遍惱害心、怨恨、忿怒、害心、造作害心、成為害心、嗔恚、極嗔、心生嗔恚,于諸有情造作不和,嗔恚、造作嗔恚、成為嗔恚,此即名為嗔。 何為不善根?答曰:此法為不善,乃至廣說非遍凈根,因此稱為嗔不善根。
།གཏི་མུག་མི་དགེ་བའི་རྩ་བ་ཞེས་བྱ་བ་ལ། གཏི་མུག་གང་ཞེ་ན། སྨྲས་པ། སྔོན་གྱི་མཐའ་མི་ཤེས་པ་དང་། ཕྱི་མའི་མཐའ་མི་ཤེས པ་དང་།དབུས་ཀྱི་མཐའ་མི་ཤེས་པ་དང་། ནང་མི་ཤེས་པ་དང་། ཕྱི་རོལ་མི་ཤེས་པ་དང་། ནང་དང་ཕྱི་རོལ་མི་ཤེས་པ་དང་། ལས་མི་ཤེས་པ་དང་། རྣམ་པར་སྨིན་པ་མི་ཤེས་པ་དང་། ལས་དང་རྣམ་པར་སྨིན་པ་མི་ཤེས་པ་དང་། ལས་ལེགས་པར་བྱས་པ་མི་ཤེས་པ་དང་། ལས་ཉེས་ པར་བྱས་པ་མི་ཤེས་པ་དང་།ལས་ལེགས་པར་བྱས་པ་དང་ཉེས་པར་བྱས་པ་མི་ཤེས་པ་དང་། རྒྱུ་མི་ཤེས་པ་དང་། རྒྱུ་ལས་སྐྱེས་པའི་ཆོས་རྣམས་མི་ཤེས་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ངན་པ་དང་། བཟང་པོ་དང་། གནག་པ་དང་། དཀར་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་རབ་ཏུ་དབྱེ་བ་དང་བཅས་པ་མི་ཤེས་པ་དང་། རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་མི་མཐོང་བ་དང་། མུན་པ་དང་། རྨོངས་པ་དང་། མ་རིག་པའི་མུན་པ་དང་། གློག་དང་། རྙོག་པ་ཅན་དང་། བསྒྲིབས་པ་དང་། ཆོད་པ་དང་། ལོང་བར་བྱེད་པ་དང་། མིག་མེད་པར་བྱེད་པ་དང་། ཤེས་རབ་དང་མི་མཐུན་པ་དང་། ཕོངས་པའི་ཕྱོགས་དང་མཐུན་པ་དང་། མྱ་ངན་ལས་འདའ་བར་འགྱུར་བ་དང་། མ་རིག་པ་དང་། མ་རིག་པའི་ཆུ་བོ་དང་། མ་རིག་པའི་དུག་གི་རྩ་བ་དང་། མ་རིག་པའི་དུག་གི་སྡོང་པོ་དང་། མ་རིག་པའི དུག་གི་ལོ་མ་དང་།མ་རིག་པའི་དུག་གི་མེ་ཏོག་དང་། མ་རིག་པའི་དུག་གི་འབྲས་བུ་དང་། རྨོངས་པ་དང་། ཀུན་དུ་རྨོངས་པ་དང་། རབ་ཏུ་རྨོངས་པ་དང་། གཏི་མུག་དང་། གཏི་མུག་ལས་བྱུང་བ་གང་ཡིན་པ་འདི་ནི་གཏི་མུག་ཅེས་བྱའོ། །མི་དགེ་བའི་རྩ་བ་ཞེས་བྱ་བ་གང་ཞེ་ན། སྨྲས་པ། ཆོས་དེ་མི་དགེ་བ་ ཡིན་ལ།དེ་ནི་མི་དགེ་བའི་ཆོས་མང་པོའི་རྩ་བ་ཡང་ཡིན་པས་ན། དེའི་ཕྱིར་དེ་ནི་ནད་ཀྱི་རྩ་བ་ནས། ཡོངས་སུ་བྱང་བ་མ་ཡིན་པའི་རྩ་བ་ཡིན་པའི་བར་དུ་སྦྱར་ཏེ། དེ་བས་ན་གཏི་མུག་མི་དགེ་བའི་རྩ་བ་ཞེས་བྱའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་ འདོད་པ་ལ་ལོག་པར་གཡེམ་པ་དང་།ཀ་ཅ་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །མ་བྱིན་པར་ལེན་པ་ཆགས་པ་ལས་བྱུང་བ་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ཡོ་བྱད་གང་འདོད་པ་དེ། དེས་གཞན་དག་ལས་མ་ བྱིན་པར་ལེན་པར་བྱེད་དོ།།དེ་མ་ཡིན་ཏེ་བདག་ཉིད་མི་འདོད་དུ་ཟིན་ཀྱང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་བདག་ལ་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་གང་ཡིན་པ་དེ་དག་ལ་མཁོ་བ་དང་། འཆང་བ་དང་། ལོངས་སྤྱོད་དུ་འགྱུར་ རོ་སྙམ་ནས་དེ་དག་གི་དོན་དུ་གཞན་དག་ལས་མ་བྱིན་པར་ལེན་པར་བྱེད་དོ།།ཡང་ན་གཞན་དག་དེ་ལ་འདི་སྐད་དུ་ཁྱོད་ཚུར་ཤོག་ལ། མིང་འདི་ཞེས་བྱ་བ་ལས་མ་བྱིན་པར་ལོང་ཤིག་དང་། ངས་ཁྱོད་ལ་འདི་དང་འདི་ལྟ་བུ་ཞིག་སྦྱིན་ནོ། །འདི་དང་འདི་ལྟ་བུ་ཞིག་བྱའོ་ཞེས་བསྒོ་ནས། དེས་ལོངས་སྤྱོད་དེ་དག་འདོད་ནས། གཞན་དག་ལས་མ་བྱིན་པར་ལེན་པར་བྱེད་པ་དེ་ལྟ་བུ་ནི་ཆགས་པ་ལས་བྱུང་བ་ཡིན་ནོ། །ཞེ་སྡང་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་གང་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར། དེ་ལས་མ་བྱིན་པར ལེན་པར་བྱེད་དོ།།དེ་མ་ཡིན་ཏེ་དེ་ལས་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་མེད་དུ་ཟིན་ཀྱང་དེ་དག་གི་ཡོ་བྱད་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དེ་རྣམས་དེ་དག་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར། དེ་འདི་སྙམ་དུ་སེམས་ ཏེ།དེ་དག་ཡུན་རིང་པོར་མི་བཟོད་ཅིང་། མི་ལ་སེམས་མངོན་པར་མི་དགའ་བར་འགྱུར་བར་བྱའོ་སྙམ་ནས། དེས་དངོས་པོ་དེ་མ་བྱིན་པར་ལེན་པར་བྱེད་པ་དེ་ལྟ་བུ་ནི། ཞེ་སྡང་ལས་བྱུང་བ་ཡིན་ནོ།
關於愚癡不善根,什麼是愚癡?答曰:不知前際,不知后際,不知中際,不知內,不知外,不知內外,不知業,不知異熟,不知業與異熟,不知善業,不知不善業,不知善業與不善業,不知因,不知從因所生諸法,不知有罪無罪,不知劣勝,不知黑白,不知緣起法及其差別,不如實知見六觸處,以及黑暗、迷惑、無明暗、閃電、混濁、遮蔽、阻礙、致盲、無目、違背智慧、隨順貧乏、趨向涅槃、無明、無明暴流、無明毒根、無明毒樹、無明毒葉、無明毒花、無明毒果、迷惑、普遍迷惑、極度迷惑、愚癡以及從愚癡所生,這就是所謂的愚癡。 什麼是不善根?答曰:此法是不善,又是眾多不善法之根本,因此從病根乃至非清凈根,故稱為愚癡不善根。 十不善業道是殺生、不與取、邪淫。其中不與取有三種:從貪慾所生、從嗔恚所生、從愚癡所生。 什麼是從貪慾所生的不與取?答曰:如有人因貪求某物而從他人處不與而取。或者雖然自己不需要,但想到’某些眾生是我所愛、所珍、所喜、所樂的,他們需要、受用、享用’,爲了他們而從他人處不與而取。或者他人對其說:‘你來,從某人處不與而取吧,我將給你這個那個,為你做這個那個’,他因貪求利益而從他人處不與而取,這就是從貪慾所生的。 什麼是從嗔恚所生的?答曰:如有人因對某人懷有嫌恨、憤怒之心,而從其處不與而取。或者雖然對其人無嫌恨、憤怒之心,但因對擁有可愛、珍貴、喜悅、悅意之物的人們懷有嫌恨、憤怒之心,心想:‘要讓他們長期不安、不悅’,而不與而取其物,這就是從嗔恚所生的。
།གཏི་མུག་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། བྲམ་ཟེ་དག་འདི་སྐད་དུ་འདི་དག་ ཐམས་ཅད་ནི་བྲམ་ཟེ་རྣམས་དབང་མོད་ཀྱི།འོན་ཀྱང་མཐུ་ཆུངས་པས་ན། དམངས་རྣམས་ཀྱང་སྤྱད་དོ་ཞེས་ཟེར་ཏེ། དེ་དག་ལ་ཕ་རོལ་གྱིས་ཡོངས་སུ་བཟུང་བའི་འདུ་ཤེས་མེད་པ་མ་ཡིན་ན། ལས་དེ་ལ་ཅི་ཡང་མི་འོང་བར་ལྟ་ཞིང་། འབྲས་བུ་མེད་པར་ལྟ་ལ། འདི་ལྟར་ལྟ་ཞིང་འདི་སྐད་ དུ་སྨྲ་སྟེ།ལས་འདི་མེད་དོ། །ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་ཟེར་བ་དེ་ལྟ་བུ་ནི་གཏི་མུག་ལས་བྱུང་བ་ཡིན་ནོ། །འདོད་པ་ལ་ལོག་པར་གཡེམ་པ་ནི་རྣམ་པ་གསུམ་ཏེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །འདོད་པ་ལས་ ལོག་པར་གཡེམ་པ་ཆགས་པ་ལས་བྱུང་བ་གང་ཡིན་ཞེ་ན།སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་གང་ལ་ལྟ་ཞིང་སེམས་ཆགས་པ་དེ་ལས་འདོད་པ་ལས་ལོག་པར་གཡེམ་པར་ཀུན་དུ་སྤྱོད་པར་བྱེད་དོ། །དེ་མ་ཡིན་ཏེ་བདག་ཉིད་ལྟ་བ་དང་ལྡན་ཞིང་སེམས་ཆགས་པ་མེད་དུ་ཟིན་ཀྱང་། དེ་འདི་སྙམ་དུ་ སེམས་ཏེ།སེམས་ཅན་བདག་ལ་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་གང་ཡིན་པ་དེ་དག་ལ། མཁོ་བ་དང་། འཆང་བ་དང་། ལོངས་སྤྱོད་དུ་འགྱུར་རོ་སྙམ་ནས། དེ་དག་གི་དོན་དུ་གཞན་ལ་འདོད་པ་ལ་ལོག་པར་གཡེམ་པ་ཀུན་ནས་སྤྱོད་པར་བྱེད་དོ། །ཡང་ན་ གཞན་དག་དེ་ལ་འདི་སྐད་དུ་ཁྱོད་ཚུར་ཤོག་ལ་མིང་འདི་ཞེས་བྱ་བ་ལ་འདོད་པ་ལ་ལོག་པར་གཡེམ་པ་ཀུན་དུ་སྤྱོད་ཅིག་དང་།ངས་ཁྱོད་ལ་འདི་དང་འདི་ལྟ་བུ་ཞིག་སྦྱིན་ནོ། །འདི་དང་འདི་ལྟ་བུ་ཞིག་བྱའོ་ཞེས་བསྒོ་ནས། དེས་ལོངས་སྤྱོད་དེ་དག་འདོད་ནས་གཞན་གྱི་དོན་དུ་འདོད་པ་ལ་ལོག་པར་ གཡེམ་པ་ཀུན་དུ་སྤྱོད་པར་བྱེད་པ་དེ་ལྟ་བུ་ནི།ཆགས་པ་ལས་བྱུང་བ། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྟེ། མི་དགེ་བའི་རྩ་བ་གསུམ་པོ་དེ་དག་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་ དག་གི་རྒྱུ་དང་།རྩ་བ་དང་། འཇུག་པར་བྱེད་པ་དང་། གཞི་དང་། བྱེད་རྒྱུ་དང་། སྐྱེད་པ་དང་། རྐྱེན་དང་། ཀུན་ནས་སློང་བའོ། །ལས་གདགས་པ་ཚིགས་གཉིས་པའོ།། །།སྡོམ་ནི། རྒྱུ་གང་རྣམ་རིག་བྱེད་མིན་གཟུགས། །ཐོགས་བཅས་དང་ནི་སེམས་ལས་བྱུང་། །ཆགས་པ་ དང་ནི་ཞེ་སྡང་གསུམ།།རྣམ་པ་གསུམ་དུ་སྐྱེ་བ་ཡིན། །མི་དགེ་བ་བཅུའི་ལས་ཀྱི་ལམ་ནི། སྲོག་གཅོད་པ་ནས། ལོག་པར་ལྟ་བའི་བར་དག་གོ། །སྲོག་གཅོད་པའི་རྒྱུ་གང་ཞེ་ན། སྨྲས་པ། མི་དགེ་བའི་རྩ་བ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ནི་སྲོག་གཅོད་པའི་རྒྱུའོ། །སྲོག་ གཅོད་པ་གང་གི་རྒྱུ་ཞེ་ན།སྨྲས་པ། སྲོག་གཅོད་པ་ནི་སྲོག་གཅོད་པའི་རྣམ་པར་སྨིན་པའི་རྒྱུའོ། །སྲོག་གཅོད་པ་ཅི་ལས་བྱུང་། ཀུན་འབྱུང་བ་ནི་གང་། ཀུན་ནས་སློང་བ་ནི་གང་ཞེ་ན། སྨྲས་པ། མི་དགེ་བའི་རྩ་བ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ནི་སྲོག་གཅོད་པ་ཀུན་ནས་ སློང་བའོ།།སྲོག་གཅོད་པ་གང་གིས་ཀུན་ནས་བསླང་བར་བྱ་བ་ཡིན་ཞེ་ན། སྨྲས་པ། སྲོག་གཅོད་པ་ཀུན་ནས་སློང་བར་བྱེད་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་ཀྱིའོ། །སྲོག་གཅོད་པ་ཅི་ལས་དམིགས་ཤེ་ན། སྨྲས་པ། སེམས་ ཅན་ལ་དམིགས་སོ།།སྲོག་གཅོད་པ་གང་གི་དམིགས་པ་ཡིན་ཞེ་ན། སྨྲས་པ། སྲོག་གཅོད་པ་ཀུན་ནས་སློང་བར་བྱེད་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་ཀྱིའོ། །སྲོག་གཅོད་པའི་འབྲས་བུ་ཅི་ཞེ་ན། སྨྲས་པ། མི་སྡུག་པའི་འབྲས་བུ་དང་། མི་གཅེས་ པའི་འབྲས་བུ་དང་།མི་དགེ་བའི་འབྲས་བུ་དང་། ཡིད་དུ་མི་འོང་པའི་འབྲས་བུ་དང་། ཡིད་དུ་མི་འཐད་པའི་འབྲས་བུ་དང་། མི་འདོད་པའི་འབྲས་བུའོ། །སྲོག་གཅོད་པ་གང་གི་འབྲས་བུ་ཡིན་ཞེ་ན། སྨྲས་པ། སྲོག་གཅོད་པ་ཀུན་ནས་སློང་བར་བྱེད་པའི་སེམས་དང་། སེམས་ལས་བྱུང་བའི་ ཆོས་རྣམས་ཀྱིའོ།
如何是從愚癡而生的呢?答道:婆羅門們這樣說:‘這一切都是婆羅門所有,但因為力量微弱,所以首陀羅也在使用。‘對於他們來說,並非沒有被他人佔有的想法,而是視此業為無用,視為無果。如此見解並且這樣說:‘此業不存在,此業的果報不會成熟。‘像這樣的就是從愚癡而生的。 邪淫有三種:從貪慾而生的,從嗔恨而生的,從愚癡而生的。什麼是從貪慾而生的邪淫呢?答道:就像這裡有人看見某人而生起貪心,便與之行邪淫。或者雖然自己沒有貪著之心,但是這樣想:‘對於我所愛、所珍惜、所喜歡、所歡喜的眾生,將會得到受用、擁有和享樂。‘於是爲了他們而與他人行邪淫。 或者其他人對他這樣說:‘你來這裡,與某某人行邪淫,我就給你這個那個,為你做這個那個。‘他因為貪求這些受用,而爲了他人行邪淫,這樣的就是從貪慾而生的。 妄語、離間語、粗惡語、綺語、貪慾、嗔恨、邪見,這三種不善根就是這十種不善業道的因、根本、發起、基礎、作因、生因、緣由和等起。這是業施設第二品。 總頌:何因為非表色,有對及心所,貪慾與嗔恨三,生起有三種。 十不善業道,即從殺生到邪見。殺生的因是什麼呢?答道:不善根和非如理作意是殺生的因。殺生是什麼的因呢?答道:殺生是殺生異熟果的因。殺生從何而生?什麼是集起?什麼是等起呢?答道:不善根和非如理作意是殺生的等起。 殺生由什麼等起呢?答道:由引發殺生的心和心所法等起。殺生緣于什麼呢?答道:緣于有情。殺生是什麼的所緣呢?答道:是引發殺生的心和心所法的所緣。殺生的果報是什麼呢?答道:不可愛果報、不珍貴果報、不善果報、不悅意果報、不適意果報、不如意果報。 殺生是什麼的果報呢?答道:是引發殺生的心和心所法的果報。
།སྲོག་གཅོད་པའི་རྣམ་པར་སྨིན་པ་ཅི་ཞེ་ན། སྨྲས་པ། མི་སྡུག་པའི་རྣམ་པར་སྨིན་པ་དང་། མི་གཅེས་པའི་རྣམ་པར་སྨིན་པ་དང་། མི་དགེ་བའི་རྣམ་པར་སྨིན་པ་དང་། ཡིད་དུ་མི་འོང་བའི་རྣམ་པར་སྨིན་པ་དང་། ཡིད་དང་མི་འཐད་པའི་རྣམ་པར་སྨིན་པ་དང་། མི་འདོད་ པའི་རྣམ་པར་སྨིན་པའོ།།སྲོག་གཅོད་པ་གང་གི་རྣམ་པར་སྨིན་པ་གང་ཞེ་ན། སྨྲས་པ། སྲོག་གཅོད་པ་ཀུན་ནས་སློང་བར་བྱེད་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་ཀྱིའོ། །སྲོག་གཅོད་པའི་ཉེས་དམིགས་ཅི་ཡིན་ཞེ་ན། སྨྲས་པ། ཉེས་དམིགས་ལྔ་སྟེ། དེ་ བདག་ཉིད་ཀྱིས་སྨད་པར་འགྱུར་བ་དང་།དེ་གཞན་གྱིས་སྨད་པར་འགྱུར་བ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་དྲིས་ན། ཆོས་བཞིན་དུ་སྨད་པར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྡིག་ཅན་དང་། བསྔགས་པ་མ་ཡིན་པ་དང་། སྙན་ པ་མ་ཡིན་པ་དང་།དགེ་བ་མ་ཡིན་པའི་སྒྲ་དང་། ཚིགས་སུ་བཅད་པ་གྲགས་པར་འགྱུར་བ་དང་། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །སྲོག་གཅོད་པ་སུ་ལ་ཉེས་དམིགས་སུ་འགྱུར་ཞེ་ན། སྨྲས་པ། གཉི་ག་ལ་ཉེས་དམིགས་སུ་འགྱུར་ཏེ། སྲོག་ཆགས་སྲོག་དང་བྲལ་བར་བྱེད་པ་གང་ཡིན་པ་དང་། སྲོག་ཆགས་གང་སྲོག་དང་བྲལ་བར་བྱ་བ་ལའོ། །མ་བྱིན་པར་ལེན་པའི་རྒྱུ་གང་ཞེ་ན། སྨྲས་པ། མི་དགེ་བའི་རྩ་བ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི། མ་བྱིན་པར་ལེན་པའི་རྒྱུ་སྟེ། སྲོག་གཅོད་པ་ལ་ཇི་ལྟ་བ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །དེ་ལ་ཁྱད་པར་ནི་འདི་ཡོད་དེ། མ་བྱིན་པར་ལེན་པ་ནི་ཡོ་བྱད་ལ་དམིགས་སོ། །གཉི་ག་ལ་ཉེས་དམིགས་སུ་འགྱུར་ཏེ། མ་བྱིན་པར་ལེན་པ་གང་ཡིན་པ་དང་། གང་གི་མ་བྱིན་པར ལེན་པའོ།།འདོད་པ་ལ་ལོག་པར་གཡེམ་པ་གང་ལ་དམིགས་ཤེ་ན། སེམས་ཅན་ལ་དམིགས་སོ། །གཉི་ག་ལ་ཉེས་དམིགས་སུ་འགྱུར་ཏེ། འདོད་པ་རྣམས་ལ་ལོག་པར་གཡེམ་པ་གང་ཡིན་པ་དང་། འདོད་པ་ལ་ལོག་པར་གཡེམ་པས་གང་ལ་ཀུན་དུ་སྤྱོད་པའོ། །བརྫུན་དུ་ སྨྲ་བ་ནི་མིང་ལ་དམིགས་སོ།།གཉི་ག་ལ་ཉེས་དམིགས་སུ་འགྱུར་ཏེ། བརྫུན་དུ་སྨྲ་བ་གང་ཡིན་པ་དང་། བརྫུན་དུ་སྨྲ་བས་བསླུ་བར་བྱ་བ་གང་ཡིན་པའོ། །ཕྲ་མ་ཡང་མིང་ལ་དམིགས་སོ། །གསུམ་ལ་ཉེས་དམིགས་སུ་འགྱུར་ཏེ། མཛའ་བོ་འབྱེད་པ་གང་ཡིན་པ་དང་། མཛའ་བོ་གང་ལས་ཕྱེ་ བ་དང་།གང་གིས་མཛའ་བོ་ཕྱེ་བའོ། །ཚིག་རྩུབ་པོ་ཡང་མིང་ལ་དམིགས་སོ། །གཉི་ག་ལ་ཉེས་དམིགས་སུ་གྱུར་ཏེ། ཚིག་རྩུབ་པོར་སྨྲ་བ་གང་ཡིན་པ་དང་། ཚིག་རྩུབ་པོས་གང་ལ་ཀུན་དུ་སྤྱོད་པའོ། །ཚིག་ཀྱལ་པ་ཡང་མིང་ལ་དམིགས་སོ། །གཉི་ག་ལ་ཡང་ཉེས་དམིགས་སུ་འགྱུར་ཏེ། ཚིག་ཀྱལ་པ་སྨྲ་བ་གང་ཡིན་པ་དང་། ཚིག་ཀྱལ་པས་གང་ལ་སླུ་བའོ། །བརྣབ་སེམས་ནི་ཡོ་བྱད་ལ་དམིགས་སོ། །གཉི་ག་ཉེས་དམིགས་སུ་འགྱུར་ཏེ། བརྣབ་སེམས་བྱེད་པ་གང་ཡིན་པ་དང་། གང་གི་དངོས་པོ་ལ་བརྣབ་སེམས་བསྐྱེད་པའོ། །གནོད་སེམས་ནི་སེམས་ཅན་ལ་དམིགས སོ།།གཉི་ག་ལ་ཉེས་དམིགས་སུ་འགྱུར་ཏེ། གནོད་སེམས་བྱེད་པ་གང་ཡིན་པ་དང་། གང་གི་རྒྱུ་ལ་གནོད་སེམས་བསྐྱེད་པའོ། །ལོག་པར་ལྟ་བའི་རྒྱུ་གང་ཞེ་ན། སྨྲས་པ། མི་དགེ་བའི་རྩ་བ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི། ལོག་པར་ལྟ་བའི་རྒྱུའོ། །ལོག་པར་ལྟ་བ་ གང་གི་རྒྱུ་གང་ཞེ་ན།སྨྲས་པ། ལོག་པར་ལྟ་བ་ནི་ལོག་པར་ལྟ་བའི་རྣམ་པར་སྨིན་པའི་རྒྱུའོ། །ལོག་པར་ལྟ་བ་ཅི་ལས་འབྱུང་། ཀུན་འབྱུང་བ་ནི་གང་། ཀུན་ནས་སློང་བ་ནི་གང་ཞེ་ན། སྨྲས་པ། མི་དགེ་བའི་རྩ་བ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ ནི།ལོག་པར་ལྟ་བའི་ཀུན་ནས་སློང་བའོ། །ལོག་པར་ལྟ་བ་གང་གིས་ཀུན་ནས་བསླང་བ་ཡིན་ཞེ་ན། སྨྲས་པ། ལོག་པར་ལྟ་བ་ཀུན་ནས་སློང་བར་བྱེད་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་ཀྱིས་སོ། །ལོག་པར་ལྟ་བ་ཅི་ལ་དམིགས་ཤེ་ན། སྨྲས་པ། མིང་ དང་གཟུགས་ལ་དམིགས་སོ།།ལོག་པར་ལྟ་བ་གང་གིས་དམིགས་པ་ཡིན་ཞེ་ན། སྨྲས་པ། ལོག་པར་ལྟ་བ་ཀུན་ནས་སློང་བར་བྱེད་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱིའོ།
若問殺生的異熟果報是什麼?答:醜陋的異熟果報、不可愛的異熟果報、不善的異熟果報、不悅意的異熟果報、不合意的異熟果報、不如意的異熟果報。 若問殺生是誰的什麼異熟果報?答:是殺生所引發的心及心所法的異熟果報。 若問殺生的過患是什麼?答:有五種過患:自己譴責、他人譴責、若智者同修問及時依法受譴責、於四方八隅傳播惡名、不讚、不悅、不善之聲與偈頌、身壞命終后墮惡趣、惡道、邪道、地獄中。 若問殺生對誰成為過患?答:對雙方成為過患,即殺生者與被殺者。 若問不與取的因是什麼?答:不善根和非理作意是不與取的因,如同殺生一樣當廣說。其中差別是:不與取緣于資具。對雙方成為過患,即盜取者與被盜者。 若問邪淫緣於何?答:緣于有情。對雙方成為過患,即行邪淫者與被邪淫者。 妄語緣于名。對雙方成為過患,即說妄語者與被欺騙者。 離間語也緣于名。對三方成為過患,即離間朋友者、被離間的朋友、以及使朋友離間者。 粗語也緣于名。對雙方成為過患,即說粗語者與被粗語所向者。 綺語也緣于名。對雙方成為過患,即說綺語者與被綺語所欺者。 貪心緣于資具。對雙方成為過患,即起貪心者與被貪所緣之事物。 害心緣于有情。對雙方成為過患,即起害心者與害心所緣之因。 若問邪見的因是什麼?答:不善根和非理作意是邪見的因。 若問邪見是誰的什麼因?答:邪見是邪見異熟果報的因。 若問邪見從何生起?何為等起?何為引發?答:不善根和非理作意是邪見的引發。 若問邪見由誰引發?答:由引發邪見的心及心所法引發。 若問邪見緣於何?答:緣于名色。 若問邪見由誰所緣?答:由引發邪見的心及心所法所緣。
།ལོག་པར་ལྟ་བའི་འབྲས་བུ་ཅི་ཞེ་ན། སྨྲས་པ། མི་སྡུག་པའི་འབྲས་ བུ་དང་།མི་གཅེས་པའི་འབྲས་བུ་དང་། མི་དགའ་བའི་འབྲས་བུ་དང་། ཡིད་དུ་མི་འོང་བའི་འབྲས་བུ་དང་། ཡིད་དུ་མི་འཐད་པའི་འབྲས་བུ་དང་། མི་འདོད་པའི་འབྲས་བུའོ། །ལོག་པར་ལྟ་བ་གང་གི་འབྲས་བུ་ཡིན་ཞེ་ན། སྨྲས་པ། ལོག་པར་ལྟ་བ་ཀུན་ནས་སློང་བར་བྱེད་ པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱིའོ།།ལོག་པར་ལྟ་བའི་རྣམ་པར་སྨིན་པ་ཅི་ཞེ་ན། སྨྲས་པ། མི་སྡུག་པའི་རྣམ་པར་སྨིན་པ་དང་། མི་གཅེས་པའི་རྣམ་པར་སྨིན་པ་དང་། མི་དགེ་བའི་རྣམ་པར་སྨིན་པ་དང་། ཡིད་དུ་མི་འོང་བའི་རྣམ་པར་སྨིན་པ་དང་། ཡིད་དང་མི་ འཐད་པའི་རྣམ་པར་སྨིན་པ་དང་།མི་འདོད་པའི་རྣམ་པར་སྨིན་པའོ། །ལོག་པར་ལྟ་བ་གང་གི་རྣམ་པར་སྨིན་པ་ཡིན་ཞེ་ན། སྨྲས་པ། ལོག་པར་ལྟ་བ་ཀུན་ནས་སློང་བར་བྱེད་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་ཀྱིའོ། །ལོག་པར་ལྟ་བའི་ཉེས་དམིགས་ཅི་ཡིན་ ཞེ་ན།སྨྲས་པ། ཉེས་དམིགས་ལྔ་སྟེ། དེ་བདག་ཉིད་ཀྱིས་སྨད་པར་འགྱུར་བ་དང་། དེ་གཞན་གྱིས་སྨད་པར་འགྱུར་བ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་དྲིས་ན་ཆོས་བཞིན་དུ་སྨད་པར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ སྡིག་ཅན་དང་།བསྔགས་པ་མ་ཡིན་པ་དང་། སྙན་པ་མ་ཡིན་པ་དང་། དགེ་བ་མ་ཡིན་པའི་སྒྲ་དང་ཚིགས་སུ་བཅད་པ་གྲགས་པར་འགྱུར་བ་དང་། ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བའོ། །ལོག་པར་ལྟ་ བ་སུ་ལ་ཉེས་དམིགས་སུ་འགྱུར་ཞེ་ན།སྨྲས་པ། གཉི་ག་ལ་ཉེས་དམིགས་སུ་འགྱུར་ཏེ། ལོག་པར་རྟོག་པ་གང་ཡིན་པ་དང་གང་དང་ལོག་པར་རྟོག་པའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྲོག་གཅོད་པ་རྣམ་པར་རིག་བྱེད་ཅེས་བྱ་བའམ། འོན་ ཏེ་རྣམ་པར་རིག་བྱེད་མ་ཡིན་ཞེས་བྱ་ཞེ་ན།སྨྲས་པ། རྣམ་པར་རིག་བྱེད་ཀྱང་ཡོད། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ། །རྣམ་པར་རིག་བྱེད་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ལ་ལ་ཞིག་འདི་སྐད་དུ་སྲོག་ཆགས་ཀྱི་སྲོག་ཆོད་ཅིག་ཅེས་བསྒོ་ལ་དེས་ཀྱང་གཅད་པར་བྱའོ་ཞེས་ སྨྲས་ཀྱང་རུང་།མ་བཅད་ཅིག་ཅེས་བསྒོ་བཞིན་དུ་གཅོད་དོ་ཞེས་སྨྲས་ཀྱང་རུང་བ་ལས། ཕར་སོང་སྟེ་སྲོག་ཆགས་ཀྱི་སྲོག་བཅད་ཀྱང་རུང་། ཕྱིར་འོངས་ཏེ་སྲོག་ཆགས་ཀྱི་སྲོག་གཅོད་ཀྱང་རུང་སྟེ། གང་གི་ཚེ་སྲོག་ཆགས་ཀྱི་སྲོག་གཅོད་པ་དེའི་ཚེ། ལུས་ཀྱི་ལས་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་ ཅེས་བྱའོ།།རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་ཞེ་ན། སྨྲས་པ། སྲོག་གཅོད་པ་ལས་ཕྱིར་མ་ལོག་ཅིང་ཕྱིར་མ་ནུར་ལ་མ་བཏང་མ་སྤངས་པས། ཇི་སྟེ་ན་ལུས་ཀྱིས་ཀྱང་རྣམ་པར་རིག་པར་མི་བྱེད་པ་འདི་ནི། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱའོ། །མ་བྱིན་པར་ལེན་པ་རྣམ་པར་རིག་ བྱེད་ཅེས་བྱའམ།འོན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་ཀྱང་ཡོད། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ། །རྣམ་པར་རིག་བྱེད་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ནི་ཁ་ཅིག་ལ་ལ་ཞིག་འདི་སྐད་དུ། གཞན་དག་ལས་མ་བྱིན་པར་ལོངས་ཤིག་ ཅེས་བསྒོ་ལ།དེས་ཀྱང་བླང་ངོ་ཞེས་སྨྲས་ཀྱང་རུང་། མ་ལེན་ཅིག་ཅེས་བསྒོ་བཞིན་དུ་བླང་ངོ་ཞེས་སྨྲས་ཀྱང་རུང་བ་ལས། ཕར་སོང་སྟེ་གཞན་དག་ལས་མ་བྱིན་པར་ལེན་ཀྱང་རུང་། ཕྱིར་འོངས་ཏེ་གཞན་དག་ལས་མ་བྱིན་པར་ལེན་ཀྱང་རུང་སྟེ། གང་གི་ཚེ་གཞན་དག་ལས་མ་བྱིན་པར་ ལེན་པ་དེའི་ཚེ།ལུས་ཀྱི་ལས་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། སྨྲས་པ། མ་བྱིན་པར་ལེན་པ་ལས་ཕྱིར་མ་ལོག་ཅིང་། ཕྱིར་མ་ནུར་ལ་མ་བཏང་མ་སྤངས་པས། ཇི་སྟེ་ན་ལུས་ཀྱིས་ཀྱང་རྣམ་པར་རིག་པར་མི་ བྱེད་པ་འདི་ནི་རྣམ་པར་རིག་བྱེད་མ་ཡིན་པའོ།།འདོད་པ་ལས་ལོག་པར་གཡེམ་པ་རྣམ་པར་རིག་བྱེད་ཅེས་བྱའམ། འོན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་ཀྱང་ཡོད། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ།
若問邪見的果報是什麼?答:醜陋的果報、不可愛的果報、不喜悅的果報、不悅意的果報、不合意的果報、不如意的果報。 若問邪見是誰的果報?答:是引發邪見的心及心所法的果報。 若問邪見的異熟果是什麼?答:醜陋的異熟果、不可愛的異熟果、不善的異熟果、不悅意的異熟果、不合意的異熟果、不如意的異熟果。 若問邪見是誰的異熟果?答:是引發邪見的心及心所法的異熟果。 若問邪見的過患是什麼?答:有五種過患:一、為自身所呵責;二、為他人所呵責;三、若被同修梵行的智者詢問時將如法受到呵責;四、在四方八方傳播惡名、不受讚歎、不受稱揚、不善的聲譽和偈頌;五、身壞命終后將墮入惡趣、惡道、邪道、地獄中。 若問邪見對誰成為過患?答:對雙方都成為過患,即邪見者本人及邪見所緣對象。 從’十不善業道’開始廣說。若問殺生是表業還是無表業?答:既有表業也有無表業。 若問什麼是表業?答:譬如此處有人對他人說’你去殺害有情’,他回答’我去殺’也好,或者雖然說’不要殺’卻說’我要殺’也好,往彼處殺害有情也好,回來此處殺害有情也好,當其殺害有情時,其身業即是表業。 若問什麼是無表業?答:未從殺生中返回、未退卻、未捨棄、未斷除,雖然身體沒有表示,這就是無表業。 若問不與取是表業還是無表業?答:既有表業也有無表業。 若問什麼是表業?答:譬如此處有人對他人說’你去偷取他人物品’,他回答’我去取’也好,或者雖然說’不要取’卻說’我要取’也好,往彼處不與取也好,回來此處不與取也好,當其不與取時,其身業即是表業。 若問什麼是無表業?答:未從不與取中返回、未退卻、未捨棄、未斷除,雖然身體沒有表示,這就是無表業。 若問邪淫是表業還是無表業?答:既有表業也有無表業。
།རྣམ་པར་རིག་བྱེད་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ལ་ལ་ཞིག་ལ་འདི་སྐད་དུ། གཞན་དག་གི་འདོད་པ་རྣམས་ལ་ལོག་པར་སྤྱོད་ཅིག་ཅེས་བསྒོ་ལ། དེས་ཀྱང་སྤྱད་པར་བྱའོ་ཞེས་སྨྲས་ཀྱང་རུང་། མ་སྤྱད་ཅིག་ཅེས་བྱ་བ་བསྒོ་བཞིན་དུ་སྤྱོད་དོ་ཞེས་སྨྲས་ཀྱང་རུང་བ་ལས་ཕར་སོང་སྟེ། གཞན་དག་གི་འདོད་པ རྣམས་ལ་ལོག་པར་སྤྱོད་ཀྱང་རུང་།ཕྱིར་འོངས་ཏེ་གཞན་དག་གི་འདོད་པ་རྣམས་ལ་ལོག་པར་སྤྱོད་ཀྱང་རུང་སྟེ། གང་གི་ཚེ་གཞན་དག་གི་འདོད་པ་རྣམས་ལ་ལོག་པར་སྤྱོད་པ་དེའི་ཚེ་ལུས་ཀྱི་ལས་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། སྨྲས་པ། འདོད་པ་ལ་ལོག་པར་སྤྱོད་པ་ལས་ཕྱིར་མ་ལོག་ཅིང་ཕྱིར་མ་ནུར་ལ་མ་བཏང་མ་སྤངས་པས། ཅི་སྟེ་ན་ལུས་ཀྱིས་ཀྱང་རྣམ་པར་རིག་པར་མི་བྱེད་པ་འདི་ནི། རྣམ་པར་རིག་བྱེད་མ་ཡིན་པའོ། །བརྫུན་དུ་སྨྲ་བ་རྣམ་པར་རིག་བྱེད་ཅེས་བྱ་འམ། འོན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ ཞེས་བྱ་ཞེ་ན།སྨྲས་པ། རྣམ་པར་རིག་བྱེད་ཀྱང་ཡོད། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ། །རྣམ་པར་རིག་བྱེད་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ལ་ལ་ཞིག་ལ་འདི་སྐད་དུ། གཞན་དག་ལ་བརྫུན་དུ་སྨྲོས་ཤིག་ཅེས་བསྒོ་ལ། དེས་ཀྱང་སྨྲ་བར་བྱའོ་ཞེས་སྨྲས་ཀྱང་རུང་། མ་སྨྲ་ཤིག་ཅེས་བསྒོ་བཞིན་དུ་སྨྲ་བར་བྱའོ་ཞེས་སྨྲས་ཀྱང་རུང་བ་ལས་ཕར་སོང་སྟེ། གཞན་དག་ལ་བརྫུན་དུ་སྨྲ་ཡང་རུང་། ཕྱིར་འོངས་ཏེ་གཞན་དག་ལ་བརྫུན་དུ་སྨྲས་ཀྱང་རུང་སྟེ། གང་གི་ཚེ་གཞན་དག་ལ་བརྫུན་དུ་སྨྲ་བ་དེའི་ཚེ། ངག་གི་ལས་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་དོ། །རྣམ པར་རིག་བྱེད་མ་ཡིན་པ་གང་ཞེ་ན།སྨྲས་པ། བརྫུན་དུ་སྨྲ་བ་ལས་ཕྱིར་མ་ལོག་ཅིང་ཕྱིར་མ་ནུར་ལ་མ་བཏང་མ་སྤངས་པས། ཇི་སྟེ་ན་ཚིག་གིས་ཀྱང་རྣམ་པར་རིག་པར་མི་བྱེད་པ་འདི་ནི། རྣམ་པར་རིག་བྱེད་མ་ཡིན་པའོ། །ཕྲ་མ་རྣམ་པར་རིག་བྱེད་ཅེས་བྱའམ། རྣམ་པར་རིག་བྱེད་ མ་ཡིན་པ་ཞེས་བྱ་ཞེ་ན།སྨྲས་པ། རྣམ་པར་རིག་བྱེད་ཀྱང་ཡོད། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ། །རྣམ་པར་རིག་བྱེད་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ནི་ཁ་ཅིག་ལ་ལ་ཞིག་ལ་འདི་སྐད་དུ་གཞན་དག་གི་མཛའ་བོ་ཕྱེ་ཤིག་ཅེས་བསྒོ་ལ། དེས་ཀྱང་དབྱེའོ་ཞེས་སྨྲས་ ཀྱང་རུང་།མ་དབྱེ་ཤིག་ཅེས་བསྒོ་བཞིན་དུ་དབྱེའོ་ཞེས་སྨྲས་ཀྱང་རུང་བ་ལས། ཕར་སོང་སྟེ་གཞན་དག་གི་མཛའ་བོ་འབྱེད་ཀྱང་རུང་། ཕྱིར་འོངས་ཏེ་གཞན་དག་གི་མཛའ་བོ་འབྱེད་ཀྱང་རུང་སྟེ། གང་གི་ཚེ་གཞན་དག་གི་མཛའ་བོ་འབྱེད་པ་དེའི་ཚེའི་ངག་གི་ལས་གང་ཡིན་པ་དེ་ནི་རྣམ་ པར་རིག་བྱེད་དོ།།རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། སྨྲས་པ། ཕྲ་མ་ལས་ཕྱིར་མ་ལོག་ཅིང་ཕྱིར་མ་ནུར་ལ་མ་བཏང་མ་སྤངས་པས། ཇི་སྟེ་ན་ཚིག་གིས་ཀྱང་རྣམ་པར་རིག་པར་མི་བྱེད་པ་འདི་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །ཚིག་རྩུབ་པོ་རྣམ་པར་རིག་བྱེད་ཅེས་ བྱ་འམ།འོན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་ཀྱང་ཡོད། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ། །རྣམ་པར་རིག་བྱེད་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ལ་ལ་ཞིག་ལ་འདི་སྐད་དུ་གཞན་དག་ལ་ཚིག་རྩུབ་པོ་སྨྲོས་ཤིག་ཅེས་བསྒོ་ལ། དེས་ ཀྱང་སྨྲ་བར་བྱའོ་ཞེས་སྨྲས་ཀྱང་རུང་།མ་སྨྲ་ཤིག་ཅེས་བསྒོ་བ་བཞིན་སྨྲ་བར་བྱའོ་ཞེས་སྨྲས་ཀྱང་རུང་བ་ལས། ཕར་སོང་སྟེ་གཞན་དག་ལ་ཚིག་རྩུབ་པོས་སྨྲས་ཀྱང་རུང་། ཕྱིར་འོངས་སྟེ་གཞན་དག་ལ་ཚིག་རྩུབ་པོ་སྨྲས་ཡང་རུང་སྟེ། གང་གི་ཚེ་གཞན་དག་ལ་ཚིག་རྩུབ་པོ་སྨྲ་བ་དེའི་ཚེའི་ ངག་གི་ལས་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་དོ།།རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། སྨྲས་པ། ཚིག་རྩུབ་པོ་ལས་ཕྱིར་མ་ལོག་ཅིང་ཕྱིར་མ་ནུར་ལ་མ་བཏང་མ་སྤངས་པས། ཇི་སྟེ་ན་ཚིག་གིས་ཀྱང་རྣམ་པར་རིག་པར་མི་བྱེད་པ་འདི་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །ཚིག་ ཀྱལ་པ་རྣམ་པར་རིག་བྱེད་ཅེས་བྱ་འམ་འོན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་ཞེ་ན།སྨྲས་པ། རྣམ་པར་རིག་བྱེད་ཀྱང་ཡོད། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ།
什麼是表業?答:譬如此處有人對某人說:‘你去邪淫他人的妻子’,他回答說’我去做’也好,或者雖然禁止說’不要做’,但他仍說’要做’也好,於是前往邪淫他人妻子也好,或者回來后邪淫他人妻子也好,當其邪淫他人妻子時所造的身業,即是表業。 什麼是無表業?答:從邪淫中未返回、未退卻、未捨棄、未斷除,以至於身體也不表示的,這就是無表業。 妄語是表業還是無表業?答:既有表業也有無表業。什麼是表業?答:譬如此處有人對某人說:‘你去對他人說妄語’,他回答說’我去說’也好,或者雖然禁止說’不要說’,但他仍說’要說’也好,於是前往對他人說妄語也好,或者回來后對他人說妄語也好,當其對他人說妄語時的語業,即是表業。 什麼是無表業?答:從妄語中未返回、未退卻、未捨棄、未斷除,以至於言語也不表示的,這就是無表業。 離間語是表業還是無表業?答:既有表業也有無表業。什麼是表業?答:譬如此處有人對某人說:‘你去離間他人的朋友’,他回答說’我去離間’也好,或者雖然禁止說’不要離間’,但他仍說’要離間’也好,於是前往離間他人的朋友也好,或者回來后離間他人的朋友也好,當其離間他人朋友時的語業,即是表業。 什麼是無表業?答:從離間語中未返回、未退卻、未捨棄、未斷除,以至於言語也不表示的,這就是無表業。 粗惡語是表業還是無表業?答:既有表業也有無表業。什麼是表業?答:譬如此處有人對某人說:‘你去對他人說粗惡語’,他回答說’我去說’也好,或者雖然禁止說’不要說’,但他仍說’要說’也好,於是前往對他人說粗惡語也好,或者回來后對他人說粗惡語也好,當其對他人說粗惡語時的語業,即是表業。 什麼是無表業?答:從粗惡語中未返回、未退卻、未捨棄、未斷除,以至於言語也不表示的,這就是無表業。 綺語是表業還是無表業?答:既有表業也有無表業。
།རྣམ་པར་རིག་བྱེད་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ལ་ལ་ཞིག་ ལ་འདི་སྐད་དུ།གཞན་དག་ལ་ཚིག་ཀྱལ་པ་སྨྲོས་ཤིག་ཅེས་བསྒོ་ལ། དེས་ཀྱང་སྨྲ་བར་བྱའོ་ཞེས་སྨྲས་ཀྱང་རུང་། མ་སྨྲ་ཤིག་ཅེས་བསྒོ་བཞིན་དུ་སྨྲ་བར་བྱའོ་ཞེས་སྨྲས་ཀྱང་རུང་བ་ལས། ཕར་སོང་སྟེ་གཞན་དག་ལ་ཚིག་ཀྱལ་པ་སྨྲ་ཡང་རུང་། ཕྱིར་འོངས་ཏེ་གཞན་དག་ལ་ཚིག་ ཀྱལ་པ་སྨྲ་ཡང་རུང་སྟེ།གང་གི་ཚེ་གཞན་དག་ལ་ཚིག་ཀྱལ་པ་སྨྲ་བ་དེའི་ཚེའི་ངག་གི་ལས་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། སྨྲས་པ། ཚིག་ཀྱལ་པ་ལས་ཕྱིར་མ་ལོག་ཅིང་ཕྱིར་མ་ནུར་ལ་མ་བཏང་མ་སྤངས་པས། ཇི་སྟེ་ན་ཚིག་ གིས་ཀྱང་རྣམ་པར་རིག་པར་མི་བྱེད་པ་འདི་ནི་རྣམ་པར་རིག་བྱེད་མ་ཡིན་པའོ།།བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་རྣམ་པར་རིག་བྱེད་ཅེས་བྱའམ། འོན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་ཀྱང་མ་ཡིན། རྣམ་པར་ རིག་བྱེད་མ་ཡིན་པ་ཡང་མ་ཡིན་ནོ།།མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྲོག་གཅོད་པ་གཟུགས་ཅན་ཞེས་བྱའམ། འོན་ཏེ་གཟུགས་ཅན་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། གཟུགས་ཅན་ཞེས་བྱའོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་ དང་།འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་གཟུགས་ཅན་ཞེས་བྱའམ། འོན་ཏེ་གཟུགས་ཅན་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། གཟུགས་ཅན་ཞེས་བྱའོ། །བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་གཟུགས་ཅན་ཞེས་བྱའམ། འོན་ཏེ་གཟུགས་ཅན་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། གཟུགས་ཅན་མ་ཡིན་པ་ཞེས་བྱའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྲོག་གཅོད་པ་ཐོགས་པ་དང་བཅས་པ་ཞེས་བྱའམ། འོན་ཏེ་ཐོགས པ་མེད་པ་ཞེས་བྱ་ཞེ་ན།སྨྲས་པ། ཐོགས་པ་དང་བཅས་པ་ཡང་ཡོད་ཐོགས་པ་མེད་པ་ཡང་ཡོད་དོ། །ཐོགས་པ་དང་བཅས་པ་གང་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་གང་ཡིན་པའོ། །ཐོགས་པ་མེད་པ་གང་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པའོ། ། སྲོག་གཅོད་པ་ཇི་ལྟ་བ་བཞིན་དུ་མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་ཡང་དེ་དང་འདྲའོ། །བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ཐོགས་པ་དང་བཅས་པ་ཞེས བྱའམ།འོན་ཏེ་ཐོགས་པ་མེད་པ་ཞེས་བྱ་ཞེ་ན། སྨྲས་པ། ཐོགས་པ་མེད་པ་ཞེས་བྱའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྲོག་གཅོད་པ་སེམས་ལས་བྱུང་བ་ཞེས་བྱའམ། འོན་ཏེ་སེམས་ལས་བྱུང་བ་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ལས་བྱུང་བ་མ་ཡིན་པ་ཞེས་བྱའོ། །སྲོག་གཅོད་པ་ཇི་ལྟ་བ་བཞིན་དུ་མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་ཡང་དེ་དང་འདྲའོ། །བརྣབ་སེམས་དང་། གནོད་སེམས་དང་། ལོག པར་ལྟ་བ་སེམས་ལས་བྱུང་བ་ཞེས་བྱའམ།འོན་ཏེ་སེམས་ལས་བྱུང་བ་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ལས་བྱུང་བ་ཞེས་བྱའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྲོག་གཅོད་པ་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་ བྱུང་བ་དང་།གཏི་མུག་ལས་བྱུང་བའོ། །སྲོག་གཅོད་པ་ཆགས་པ་ལས་བྱུང་བ་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་སྲོག་ཆགས་གང་གི་ཤའམ། པགས་པའམ། རྭའམ། སོའམ། རུས་པའམ། རྒྱུས་པའམ། མཇུག་མ་འདོད་དེ། དེའི་རྒྱུ་དང་དེའི་རྐྱེན་གྱིས་སྲོག་ ཆགས་ཀྱི་སྲོག་གཅོད་པར་བྱེད་དོ།།དེ་མ་ཡིན་ཏེ་བདག་ཉིད་མི་འདོད་བཞིན་དུ་ཟིན་ཀྱང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་བདག་ལ་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་གང་ཡིན་པ་དེ་དག་ལ་མཁོ་བ་དང་། ལོངས་སྤྱོད་དུ་འགྱུར་རོ་སྙམ་ནས། དེ་དག་གི་དོན་ དུ་སྲོག་ཆགས་ཀྱི་སྲོག་གཅོད་པར་བྱེད་དོ།
什麼是表業?答:譬如此處有人對某人說:‘你對他人說些廢話吧’,他回答說’我要說’也好,或者雖然禁止說’不要說’,他仍然回答說’我要說’也好,往那邊去對他人說廢話也好,回來對他人說廢話也好,當他對他人說廢話時的語言行為,那就是表業。 什麼是無表業?答:未從廢話中返回,未收回,未放棄,未捨棄,如果連語言也不表示,這就是無表業。 貪慾、害心和邪見是表業還是無表業?答:既非表業,也非無表業。 從’十不善業道’開始廣說,殺生是有色還是無色?答:是有色。同樣,不與取、欲邪行、妄語、離間語、粗惡語、綺語是有色還是無色?答:是有色。貪慾、害心、邪見是有色還是無色?答:是無色。 從’十不善業道’開始廣說,殺生是有對還是無對?答:有對也有,無對也有。什麼是有對?答:就是表業。什麼是無對?答:就是無表業。如同殺生一樣,不與取、欲邪行、妄語、離間語、粗惡語、綺語也是如此。貪慾、害心、邪見是有對還是無對?答:是無對。 從’十不善業道’開始廣說,殺生是心所還是非心所?答:是非心所。如同殺生一樣,不與取、欲邪行、妄語、離間語、粗惡語、綺語也是如此。貪慾、害心、邪見是心所還是非心所?答:是心所。 從’十不善業道’開始廣說,殺生有三種:從貪慾所生、從嗔恚所生、從愚癡所生。什麼是從貪慾所生的殺生?答:譬如此處有人貪求某個生命的肉、皮、角、牙、骨、筋、尾,因為這個原因和條件而殺害生命。不是這樣的話,雖然自己不願意被抓,但他這樣想:‘對於我所愛、所珍、所喜、所樂的眾生,這將成為他們的需要和受用’,爲了他們而殺害生命。
།ཡང་ན་གཞན་གྱིས་དེ་ལ་འདི་སྐད་དུ། ཁྱོད་ཚུར་ཤོག་ལ་སྲོག་ཆགས་འདི་ལྟ་བུ་ཞིག་གི་སྲོག་གཅོད་ཅིག་དང་། ངས་ཁྱོད་ལ་འདི་དང་འདི་ལྟ་བུ་ཞིག་སྦྱིན་ནོ། །འདི་དང་འདི་ལྟ་བུ་ཞིག་བྱའོ་ཞེས་ བསྒོ་ན།དེས་ལོངས་སྤྱོད་དེ་དག་འདོད་ནས་སྲོག་ཆགས་ཀྱི་སྲོག་གཅོད་པར་བྱེད་དེ། དཔེར་ན་རྒྱལ་པོ་གཉིས་ཕན་ཚུན་མི་མཐུན་པ་དེས་རས་སམ་དོང་ཚེའམ། དོང་ཚེ་སྟོང་གི་ཕྱིར་མགོ་བོ་ཁྱེར་ཏེ་འོང་བར་བྱེད་ཅིང་། དེས་ལོངས་སྤྱོད་དེ་དག་འདོད་ནས་སྲོག་ཆགས་ཀྱི་སྲོག་ གཅོད་པར་བྱེད་པ་དེ་ལྟ་བུ་ནི།ཆགས་པ་ལས་བྱུང་བ་ཡིན་ནོ། །ཞེ་སྡང་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟ་འདི་ན་ཁ་ཅིག་གང་ལ་ཀུན་ནས་མནར་སེམས་དང་། གསད་པའི་སེམས་ཡོད་པའི་ཕྱིར། སྲོག་ཆགས་དེའི་སྲོག་གཅོད་པར་བྱེད་དོ། །དེ་མ་ཡིན་ཏེ། དེ་ལ་ཀུན་ནས་མནར་སེམས་དང་གསད་པའི་སེམས་མེད་དུ་ཟིན་ཀྱང་། གང་གི་སྲོག་ཆགས་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དེ་དག་ལ་ཀུན་ནས་མནར་སེམས་དང་། གསད་པའི་སེམས་ཡོད་པའི་ཕྱིར། དེ་འདི་སྙམ་དུ་སེམས་ཏེ། དེ་དག་ཡུན་རིང པོར་མི་བཟོད་ཅིང་མི་བདེ་ལ།སེམས་མངོན་པར་མི་དགའ་བར་འགྱུར་བར་བྱའོ་སྙམ་ནས། སྲོག་ཆགས་དེའི་སྲོག་གཅོད་པར་བྱེད་པ་དེ་ལྟ་བུ་ནི་ཞེ་སྡང་ལས་བྱུང་བ་ཡིན་ནོ། །གཏི་མུག་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། དཔེར་ན་བྲམ་ཟེ་དག་འདི་སྐད་དུ། སྦྲུལ་དང་། སྡིག་པ་དང་། སྲོག་ཆགས་ཏྲཻ་ལ་ཏ་དང་། ཏྲེ་མ་བུ་ཀ་དང་། སྲིན་གྱི་མེད་ལ་སྩོགས་པ་འདི་དག་ནི་གསད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། འདི་དག་ནི་མི་རྣམས་ཀྱི་དགྲ་དང་། ཕྱིར་རྒོལ་བ་ཡིན་པའི་ཕྱིར། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། བ་ལང་དང་། བོང་བུ་ལ་སྩོགས་པ་འདི དག་ཀྱང་གསད་པར་བྱའོ།།དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། འདི་དག་ནི་མི་རྣམས་ཀྱི་ལོངས་སྤྱོད་ཡིན་པའི་ཕྱིར་ཞེས་ཟེར་བ་ལྟ་བུ་དང་། ནུབ་ཕྱོགས་ན་བྲམ་ཟེ་མཆུ་སྐྱེས་ཞེས་བྱ་བ་དག་ཡོད་དེ། དེ་དག་ནི་འདི་སྐད་དུ། གང་ཕའམ། མའམ། ཕུ་ནུ་པོའམ། སྲིང་མོའམ། མཛའ་བོ་དང་ གཉེན་དང་།རྒན་རབས་གང་ཡང་རུང་བ་ནད་ཀྱིས་ཐེབས་ཏེ། སྡུག་བསྔལ་ཞིང་ནད་ཚབས་ཆེ་བའི་སྲོག་གཅོད་པ་ལ་ནི་བསོད་ནམས་མང་པོ་འཕེལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། ཇི་སྲིད་ཀྱི་བར་དུ་གསོན་ཞིང་འདུག་ལ་སྡོད་ཅིང་འཚོ་བ་དེ་སྲིད་ཀྱི་བར་དུ་སྡུག་ བསྔལ་ཞིང་ཡིད་དུ་མི་འོང་བས་གནས་ལ་ལུས་དང་བྲལ་ན་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་ཏེ།ལས་དེ་ལ་ཅི་ཡང་མི་འོང་བར་ལྟ་ཞིང་འབྲས་བུ་མེད་པར་ལྟ་ལ། འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། ལས་འདི་མེད་དོ། །ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་ཟེར་བ་ དེ་ལྟ་བུ་ནི་གཏི་མུག་ལས་བྱུང་བ་ཡིན་ནོ།།མ་བྱིན་པར་ལེན་པ་ཡིན་ནོ། །ཞེ་སྡང་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་གང་ཟག་གང་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར། དེ་ལ་འདོད་པ་ལ་ལོག་པར་གཡེམ་པ་ཀུན་དུ་སྤྱོད་ པར་བྱེད་དོ།།དེ་ནི་མ་ཡིན་ཏེ། དེ་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་མེད་དུ་ཟིན་ཀྱང་། གང་ཟག་དེའི་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་གང་ཡིན་པ་དེ་དག་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར་དེ་འདི་ སྙམ་དུ་སེམས་ཏེ།དེ་དག་ཡུན་རིང་པོར་མི་བཟོད་ཅིང་། མི་བདེ་ལ་སེམས་མངོན་པར་མི་དགའ་བར་འགྱུར་བར་བྱའོ་སྙམ་ནས་གང་ཟག་དེའི་ལ་འདོད་པ་ལ་ལོག་པར་གཡེམ་པ་ཀུན་དུ་སྤྱོད་པ་དེ་ལྟ་བུ་ནི་ཞེ་སྡང་ལས་བྱུང་བ་ཡིན་ནོ། །གཏི་མུག་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། དཔེར་ན་བྲམ་ཟེ་དག་འདི་སྐད་དུ་བྲམ་ཟེའི་ཆུང་མ་ནི་བཞི་སྟེ། བྲམ་ཟེ་མོ་དང་། རྒྱལ་རིགས་མོ་དང་། རྗེའུ་རིགས་མོ་དང་། དམངས་རིགས་མོའོ། །རྒྱལ་རིགས་ཀྱི་ནི་གསུམ་སྟེ། རྒྱལ་རིགས་མོ་དང་། རྗེའུ་རིགས་མོ་དང་། དམངས་རིགས་མོའོ། རྗེའུ་རིགས་ཀྱི་ནི་གཉིས་ཏེ། རྗེའུ་རིགས་མོ་དང་། དམངས་རིགས་མོའོ།
或者別人對他這樣說:‘你來這裡殺掉這樣的生命,我就給你這個那個,我為你做這個那個。‘如此吩咐時,他因貪求那些受用而殺害生命。比如兩個國王互不和睦,爲了布匹或錢財,或為千錢而取人頭而來,他因貪求那些受用而殺害生命,這樣的是從貪慾而生。 從嗔恨而生是怎樣的呢?答:如在此有人因對某人有惱害心和殺心而殺害那個生命。不是這樣的,即使對他沒有惱害心和殺心,但因對某人所愛、所珍、所喜、所悅的那些人有惱害心和殺心,他這樣想:‘要讓他們長期不安、不樂,心生不喜。‘而殺害那個生命,這樣的是從嗔恨而生。 從愚癡而生是怎樣的呢?比如婆羅門們這樣說:‘蛇、蝎子、特拉塔蟲、特瑪布嘎蟲、蜘蛛等這些應當殺死。‘為什麼呢?答:‘因為這些是人們的敵人和對手。大象、馬、騾子、牛、驢等這些也應當殺死。‘為什麼呢?答:‘因為這些是人們的受用物。’ 如在西方有稱為髭生的婆羅門們,他們這樣說:‘若父或母或兄弟或姐妹或親友或親屬或長輩任何人患病而痛苦,病情嚴重時殺死他們會增長許多福德。‘為什麼呢?答:‘因為只要活著存在而住世,就會一直痛苦而不悅意,若離開身體則不會如此。‘他們這樣說,視此業毫無意義,視為無果,如此見解並這樣說:‘此業不存在,此業的異熟果報不存在。‘這樣的是從愚癡而生。 從嗔恨而生是怎樣的呢?答:如在此有人因對某人有惱害心和嗔心,而對他行邪淫。不是這樣的,即使對他沒有惱害心和嗔心,但因對那個人所愛、所珍、所喜、所悅的人們有惱害心和嗔心,他這樣想:‘要讓他們長期不安、不樂,心生不喜。‘而對那個人行邪淫,這樣的是從嗔恨而生。 從愚癡而生是怎樣的呢?答:比如婆羅門們這樣說:‘婆羅門的妻子有四種:婆羅門女、剎帝利女、吠舍女和首陀羅女。剎帝利的有三種:剎帝利女、吠舍女和首陀羅女。吠舍的有兩種:吠舍女和首陀羅女。’
།དམངས་རིགས་ཀྱི་ནི་གཅིག་སྟེ། དམངས་རིགས་མོའོ་ཞེས་ཟེར་བ་ལྟ་བུ་དང་། ནུབ་ཕྱོགས་ན་བྲམ་ཟེ་མཆུ་སྐྱེས་ཞེས་བྱ་བ་དག་ཡོད་དེ། དེ་དག་ནི་འདི་སྐད་དུ། གང་མའམ། བུ་མོའམ། སྲིང་མོའམ། ཡང་ན་མཛའ་བོ་དང་། གཉེན་དང་། རྒན་རབས་ཀྱི་འདོད་པ་ལ་ལོག་པར་གཡེམ་པ་ཀུན་དུ་སྤྱོད་པ་དེ་ལ་ནི་གཞི་དེ་ལས་སྡིག་པར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། བུད་མེད་ནི་འབྲས་ཆན་བཙོས་པ་དང་འདྲ་སྟེ། དཔེར་ན་འབྲས་ཆན་བཙོས་པ་ནི་འདི་ལྟ་སྟེ། ལོངས སྤྱད་པར་བྱ་བའི་རྒྱུ་ཡིན་པ་དེ་བཞིན་དུ།བུད་མེད་ཀྱང་འདི་ལྟ་སྟེ། འཁྲིག་པར་བྱ་བའི་རྒྱུ་ཡིན་ནོ། །བུད་མེད་ནི་གཏུན་དང་འདྲ་སྟེ་དཔེར་ན་གཏུན་ནི་འདི་ལྟ་སྟེ། དྲུ་བའི་རྒྱུ་ཡིན་པ་དེ་བཞིན་དུ་བུད་མེད་ནི་འདི་ལྟ་སྟེ། འཁྲིག་པར་བྱ་བའི་རྒྱུ་ཡིན་ནོ། །བུད་མེད་ནི་ལམ་དང་འདྲ་ སྟེ།དཔེར་ན་ལམ་ནི་འདི་ལྟ་སྟེ། འོང་བ་དང་འགྲོ་བར་བྱ་བའི་རྒྱུ་ཡིན་པ་དེ་བཞིན་དུ། བུད་མེད་ནི་འདི་ལྟ་སྟེ། འཁྲིག་པར་བྱ་བའི་རྒྱུ་ཡིན་ནོ། །བུད་མེད་ནི་ཆུ་ཀླུང་གི་ཆུ་ཁ་དང་འདྲ་སྟེ། དཔེར་ན་ཆུ་ཀླུང་གི་ཆུ་ཁ་ནི་འདི་ལྟ་སྟེ། ཁྲུས་ལ་སྩོགས་པ་བྱ་བའི་རྒྱུ་ཡིན་པ་དེ་ བཞིན་དུ།བུད་མེད་ནི་འདི་ལྟ་སྟེ། འཁྲིག་པར་བྱ་བའི་རྒྱུ་ཡིན་ནོ། །བུད་མེད་ནི་མེ་ཏོག་དང་འབྲས་བུ་དང་འདྲ་སྟེ། དཔེར་ན་མེ་ཏོག་དང་འབྲས་བུ་ནི་འདི་ལྟ་སྟེ། ལོངས་སྤྱོད་པར་བྱ་བའི་རྒྱུ་ཡིན་པ་དེ་བཞིན་དུ་བུད་མེད་ནི་འདི་ལྟ་སྟེ། འཁྲིག་པར་བྱ་བའི་རྒྱུ་ཡིན་ནོ་ཞེས་ཟེར་བ་ལྟ་བུ་ དང་།འདི་སྐད་ཅེས་ཟེར་བ་ཡང་ཡོད་དེ། མི་རྣམས་ལ་འདོད་པ་ལ་ལོག་པར་གཡེམ་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། མི་རྣམས་ལ་ཐ་དད་པའི་མི་མེད་པའི་ཕྱིར་རོ་ཞེས་ཟེར་ཏེ། ལས་དེ་ལ་ཅི་ཡང་མི་འོང་བར་ལྟ་ཞིང་འབྲས་བུ་མེད་པར་ལྟ་ལ། འདི་ལྟར་ལྟ་ཞིང་འདི་ སྐད་དུ་སྨྲ་སྟེ།ལས་འདི་མེད་དོ། །ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་ཟེར་བ་དེ་ལྟ་བུ་ནི་འདོད་པ་ལ་ལོག་པར་གཡེམ་པ་གཏི་མུག་ལས་བྱུང་བ་ཡིན་ནོ། །བརྫུན་དུ་སྨྲ་བ་ནི་རྣམ་པ་གསུམ་སྟེ། ཆགས་པས་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་ བའོ།།བརྫུན་དུ་སྨྲ་བ་ཆགས་པ་ལས་བྱུང་བ་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ཡོ་བྱད་གང་འདོད་པ་དེ་སྒྲུབ་པར་བྱེད་པ་ན་དེ་གཞན་ལ་བརྫུན་དུ་སྨྲ་བར་འདྲིད་པར་བྱེད་དོ། །དེ་མ་ཡིན་ཏེ་བདག་ཉིད་མི་འདོད་དུ་ཟིན་ཀྱང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་བདག་ལ་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་གང་ཡིན་པ་དེ་དག་ལ་མཁོ་བ་དང་། འཆང་བ་དང་། ལོངས་སྤྱོད་དུ་འགྱུར་རོ་སྙམ་ནས། དེ་དེ་དག་གི་དོན་དུ་གཞན་དག་ལ་ཤེས་བཞིན་དུ་བརྫུན་དུ་སྨྲས་པས་འདྲིད་པར་བྱེད་དོ། །ཡང་ན་གཞན་དག་དེ་ལ་འདི་སྐད་དུ་ཁྱོད་ཚུར་ཤོག ལ།མིང་འདི་ཞེས་བྱ་བ་ལ་ཤེས་བཞིན་དུ་བརྫུན་དུ་སྨྲ་བས་བྲིད་ཅིག་དང་། ངས་ཁྱོད་ལ་འདི་དང་འདི་ལྟ་བུ་ཞིག་སྦྱིན་ནོ། །འདི་དང་འདི་ལྟ་བུ་ཞིག་བྱའོ་ཞེས་བསྒོ་ནས། དེས་ལོངས་སྤྱོད་དེ་དག་འདོད་ནས། གཞན་དག་ལ་ཤེས་བཞིན་དུ་བརྫུན་དུ་སྨྲ་བས་འདྲིད་པར་བྱེད་པ་དེ་ལྟ་བུ་ནི་ཆགས་ པ་ལས་བྱུང་བ་ཡིན་ནོ།།ཞེ་སྡང་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་གང་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར་དེ་ལ་ཤེས་བཞིན་དུ་བརྫུན་དུ་སྨྲ་བས་འདྲིད་པར་བྱེད་དོ། །དེ་མ་ཡིན་ཏེ་དེ་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་ སེམས་མེད་དུ་ཟིན་ཀྱང་།དེའི་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་གང་ཡིན་པ་དེ་དག་ལ། ཀུན་ནས་མནར་སེམས་དང་ཁྲོ་བའི་སེམས་ཡོད་པའི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ། དེ་དག་ཡུན་རིང་པོར་མི་བཟོད་ཅིང་མི་བདེ་ལ་སེམས་མངོན་པར་མི་དགའ་བར་འགྱུར་བར་ བྱའོ་སྙམ་ནས།དེའི་ལ་ཤེས་བཞིན་དུ་བརྫུན་དུ་སྨྲ་བས་འདྲིད་པར་བྱེད་པ་དེ་ལྟ་བུ་ནི་ཞེ་སྡང་ལས་བྱུང་བ་ཡིན་ནོ།
有一種是賤民,就像所說的賤民女那樣。在西方有一些婆羅門叫做’口生’的人,他們這樣說:‘與母親、女兒、姐妹,或者情人、親戚、長輩行邪淫,這些行為都不會產生罪過。‘為什麼這樣說呢?他們說:‘女人如同煮熟的飯,就像煮熟的飯是用來享用的一樣,女人也是用來行淫的對象。’ 女人如同臼,就像臼是用來搗的工具一樣,女人也是用來行淫的對象。女人如同道路,就像道路是用來來往的一樣,女人也是用來行淫的對象。女人如同河邊,就像河邊是用來沐浴等的一樣,女人也是用來行淫的對象。女人如同花果,就像花果是用來享用的一樣,女人也是用來行淫的對象。 還有人這樣說:‘人們沒有邪淫這回事。為什麼這樣說呢?因為人與人之間沒有差別。‘他們認為這種行為毫無過失,也不會有果報。他們持這種見解並且這樣說:‘這種業不存在,這種業的果報不會成熟。‘這種邪淫是從愚癡而生的。 妄語有三種:從貪慾而生的,從嗔恨而生的,從愚癡而生的。什麼是從貪慾而生的妄語呢?就像有人爲了獲得想要的物品,對他人說妄語欺騙。或者即使自己不需要,但他這樣想:‘對我親愛的、珍重的、喜歡的、可意的眾生,他們需要、擁有和享用這些。‘於是爲了他們而故意對他人說妄語欺騙。 或者有人對他說:‘你來,用妄語去欺騙某某人,我會給你這個那個,為你做這個那個。‘他因為貪求這些享受,就故意對他人說妄語欺騙,這就是從貪慾而生的妄語。 什麼是從嗔恨而生的妄語呢?就像有人因為懷著怨恨和憤怒的心,故意對他說妄語欺騙。或者即使對他沒有怨恨和憤怒之心,但因為對他親愛的、珍重的、喜歡的、可意的人懷著怨恨和憤怒之心,就這樣想:‘要讓他們長期不安、不樂、心不歡喜。‘於是故意對他說妄語欺騙,這就是從嗔恨而生的妄語。
།གཏི་མུག་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། དཔེར་ན་དགོན་པའི་རི་དགས་མཐོང་ན། རྔོན་པས་དེ་ལ་དྲིས་ཏེ། ཁྱོད་ཀྱིས་རི་དགས་མཐོང་ངམ་ཞེས་བྱས་ན། དེ་འདི་སྙམ་དུ་སེམས་ ཏེ།རྔོན་པས་རི་དགས་བསད་ན་མི་རུང་ངོ་སྙམ་ནས། དེ་ལ་མ་མཐོང་ངོ་ཞེས་ཟེར་བ་ལྟ་བུ་དང་། དཔེར་ན་མི་རྒོད་ཀྱི་དཔུང་མཐོང་ལ། རྒྱལ་པོའི་དཔུང་གིས་དེ་ལ་དྲིས་ཏེ། ཅི་ཁྱོད་ཀྱིས་མི་རྒོད་ཀྱི་དཔུང་མཐོང་ངམ་ཞེས་བྱས་ན། དེ་འདི་སྙམ་དུ་སེམས་ཏེ། རྒྱལ་པོའི་དཔུང་གིས་མི་རྒོད་ཀྱི་ དཔུང་བསད་ན་མི་རུང་ངོ་སྙམ་ནས།བདག་གིས་མི་མཐོང་ངོ་ཞེས་ཟེར་བ་ལྟ་བུ་དང་། དཔེར་ན་རྒྱལ་པོའི་དཔུང་མཐོང་ལ། ཅི་ཁྱོད་ཀྱིས་རྒྱལ་པོའི་དཔུང་མཐོང་ངམ་ཞེས་དེ་ལ་དེས་དྲིས་ན། དེ་འདི་སྙམ་དུ་སེམས་ཏེ། མི་རྒོད་ཀྱི་དཔུང་གིས་རྒྱལ་པོའི་དཔུང་བསད་ན་མི་རུང་ངོ་སྙམ་ནས་ བདག་གིས་མ་མཐོང་ངོ་ཞེས་ཟེར་བ་ལྟ་བུ་སྟེ།ལས་དེ་ལ་ཅི་ཡང་མི་འོང་བར་ལྟ་ཞིང་འབྲས་བུ་མེད་པར་ལྟ་ལ་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། ལས་འདི་མེད་དོ། །ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས། གཏི་མུག་ལས་བྱུང་བའི་བརྫུན་དུ་སྨྲ་བར་ བྱེད་པ་དེ་ལྟ་བུ་ནི་གཏི་མུག་ལས་བྱུང་བ་ཡིན་ནོ།།ཕྲ་མ་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །ཕྲ་མ་ཆགས་པ་ལས་བྱུང་བ་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ཡོ་བྱད་གང་འདོད་པ་དེའི་རྒྱུ་དང་། དེའི་རྐྱེན་གྱིས་དེ་གཞན་དག་གི་མཛའ་བོ་འབྱེད་པར་བྱེད་དོ། །དེ་མ་ཡིན་ཏེ་བདག་ཉིད་མི་འདོད་དུ་ཟིན་ཀྱང་། དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་བདག་ལ་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་གང་ཡིན་པ་དེ་དག་ལ་མཁོ་བ་དང་། འཆང་བ་དང་། ལོངས་སྤྱོད་དུ་འགྱུར་རོ་སྙམ་ནས་དེ་དག་གི་དོན་དུ། གཞན་དག་གི་མཛའ་བོ་འབྱེད་པར་བྱེད་དོ། །ཡང་ན་གཞན་གྱིས་དེ་ལ་འདི་སྐད་དུ་ཁྱོད་ཚུར་ཤོག་ལ་མིང་འདི་ཞེས་བྱ་བའི་མཛའ་བོ་ཕྱེ་ཤིག་དང་། ངས་ཁྱོད་ལ་འདི་དང་འདི་ལྟ་བུ་ཞིག་སྦྱིན་ནོ། །འདི་དང་འདི་ལྟ་བུ་ཞིག་བྱའོ་ཞེས བསྒོ་ནས།དེས་ལོངས་སྤྱོད་དེ་དག་འདོད་ནས་གཞན་དག་གི་མཛའ་བོ་འབྱེད་པར་བྱེད་དོ། །དཔེར་ན་བྲམ་ཟེའི་བསོད་སྙོམས་སྙེར་བའི་ཁྱིམ་ནོར་མ་གོས་པ་དེ་དག་ལས། དེའི་ལྷུང་བཟེད་གཅིག་དང་། གོས་གཅིག་དང་། ཟན་གཅིག་པུ་འོང་བ་ལ་དེ་འདི་སྙམ་དུ་སེམས་ཏེ། ཇི་སྲིད་དུ་འདི་ དག་ལྷན་ཅིག་ན་འཁོད་ཅིང་མཐུན་པ་དེ་སྲིད་དུ་འདི་དག་ལས་བདག་གིས་ལྷུང་བཟེད་གཅིག་དང་གོས་གཅིག་དང་།ཟན་གཅིག་པུ་འོང་གིས། བདག་གིས་འདི་དག་དབྱེ་བའི་ཐབས་ཤིག་བྱ་གོར་མ་ཆག་སྙམ་ནས། དེ་དག་འབྱེད་པའི་ཐབས་བྱེད་པ་ལྟ་བུ་དང་། དཔེར་ན་རྒྱལ་པོ་ གཉིས་ཕན་ཚུན་མི་མཐུན་ཏེ་ནང་ན་འཁོད་པ་རྣམས་ནི་ཕྱི་རོལ་གྱི་ལོངས་སྤྱོད་འདོད་ནས།ཕྱི་རོལ་པ་རྣམས་དབྱེ་བའི་ཐབས་བྱེད་ལ། ཕྱི་རོལ་པ་རྣམས་ནི་ནང་གི་ལོངས་སྤྱོད་འདོད་ནས་ནང་ན་འཁོད་པ་རྣམས་དབྱེ་བའི་ཐབས་བྱེད་པ་དེ་ལྟ་བུ་ནི་ཆགས་པ་ལས་བྱུང་བ་ཡིན་ནོ། །ཞེ་སྡང་ལས་ བྱུང་བ་ཇི་ལྟ་བུ་ཞེ་ན།སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་གང་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པ་དེའི་མཛའ་བོ་འབྱེད་དོ། །དེ་མ་ཡིན་ཏེ་དེ་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་མེད་དུ་ཟིན་ཀྱང་སེམས་ཅན་དེ་གང་དག་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དེ་དག་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར། དེ་འདི་སྙམ་དུ་སེམས་ཏེ། དེ་དག་ཡུན་རིང་པོར་མི་བཟོད་ཅིང་། མི་བདེ་ལ་སེམས་མངོན་པར་མི་དགའ་བར་འགྱུར་བར་བྱའོ་སྙམ་ནས། དེ་དག་གི་མཛའ་བོ་དེ་འབྱེད་པར་བྱེད་པ་དེ ལྟ་བུ་ནི་ཞེ་སྡང་ལས་བྱུང་བ་ཡིན་ནོ།།གཏི་མུག་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། བྲམ་ཟེ་དག་འདི་སྐད་དུ་ལུག་གསོད་པ་དང་། བྱ་གག་གསོད་པ་དང་། ཕག་གསོད་པ་དང་། བྱ་པ་དང་། རྔོན་པ་དང་། ཆོམ་རྐུན་དང་། གཤེད་མ་དང་། བརྩོན་རྫི་དང་། ཁྱི་ཤ་ཅན་དང་། རི་བོང་རྒྱས་འཚོར་ བ་གང་ཡིན་པ་འདི་དག་ནི་དབྱེ་བར་བྱའོ།
什麼是從愚癡而生的呢?譬如見到山中的野獸,獵人問他說:‘你看見野獸了嗎?‘他心想:‘獵人殺死野獸是不對的’,於是對他說’沒看見’。 又如看見盜賊軍隊,國王軍隊問他說:‘你看見盜賊軍隊了嗎?‘他心想:‘國王軍隊殺死盜賊軍隊是不對的’,於是說’我沒看見’。 又如看見國王軍隊,盜賊軍隊問他說:‘你看見國王軍隊了嗎?‘他心想:‘盜賊軍隊殺死國王軍隊是不對的’,於是說’我沒看見’。 對這些行為視為無果報,無結果,如此見解並且這樣說:‘沒有這樣的業,沒有這樣的業果報’,從愚癡而生的妄語,這就是從愚癡而生的。 離間語有三種:從貪慾而生、從嗔恨而生、從愚癡而生。 什麼是從貪慾而生的離間語呢?答:如有人因為想要某些資具,為此因緣而離間他人的朋友。 或者雖然自己不想要,但他這樣想:‘對我來說可愛的、珍貴的、喜歡的、悅意的眾生,他們會需要、擁有、享用這些’,爲了他們而離間他人的朋友。 或者他人對他說:‘你來,把某某名字的朋友離間,我會給你這個那個,為你做這個那個’,他因貪求這些受用而離間他人的朋友。 譬如婆羅門托鉢人家財未損失時,他得到一個缽、一件衣、一頓飯,他心想:‘只要他們和睦相處,我就只能得到一個缽、一件衣、一頓飯,我一定要想辦法離間他們’,於是尋求離間他們的方法。 又如兩個國王互不和睦,內部的人因貪求外部的受用而尋求離間外部的人,外部的人因貪求內部的受用而尋求離間內部的人,這就是從貪慾而生的。 什麼是從嗔恨而生的呢?答:如有人對某人懷有惱害心和嗔恨心,就離間他的朋友。 或者雖然對他沒有惱害心和嗔恨心,但對他所親愛的、珍貴的、喜歡的、悅意的眾生懷有惱害心和嗔恨心,他心想:‘要讓他們長期不安、不樂、心不歡喜’,於是離間他們的朋友,這就是從嗔恨而生的。 什麼是從愚癡而生的呢?婆羅門們這樣說:‘應當離間屠羊者、屠雞者、屠豬者、捕鳥者、獵人、盜賊、劊子手、獄卒、屠狗者、捕兔者等人。’
།ཅིའི་ཕྱིར་ཞེ་ན། ཇི་སྲིད་དུ་འདི་དག་ལྷན་ཅིག་འཁོད་ཅིང་མཐུན་པ་དེ་སྲིད་དུ་བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་ལ། ཕྱེ་ན་ནི་དེ་ལྟར་མི་འགྱུར་རོ་ཞེས་ཟེར་ཏེ། ལས་དེ་ལ་ཅི་ཡང་མི་འོང་བར་ལྟ་ཞིང་། འབྲས་བུ་མེད་པར་ལྟ་ལ། འདི་ ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ།ལས་འདི་མེད་དོ། །ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་ཏེ། གཏི་མུག་ལས་བྱུང་བའི་ཕྲ་མ་ཟེར་བ་དེ་ལྟ་བུ་ནི་གཏི་མུག་ལས་བྱུང་བ་ཡིན་ནོ། །ཚིག་རྩུབ་པོ་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །ཚིག་རྩུབ་པོ་ཆགས་པ་ལས་བྱུང་བ་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ཡོ་བྱད་གང་འདོད་པ་དེའི་རྒྱུ་དང་། རྐྱེན་གྱིས་གཞན་ལ་ཚིག་རྩུབ་པོ་ཀུན་དུ་སྤྱོད་པར་བྱེད་དོ། །དེ་མ་ཡིན་ཏེ་བདག་ཉིད་མི་འདོད་དུ་ཟིན་ཀྱང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་བདག་ལ་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དེ་དག་ལ་མཁོ་བ་དང་། འཆང་བ་དང་། ལོངས་སྤྱོད་དུ་འགྱུར་རོ་སྙམ་ནས། དེ་དག་གི་དོན་དུ་གཞན་ལ་ཚིག་རྩུབ་པོ་ཀུན་དུ་སྤྱོད་པར་བྱེད་དོ། །དཔེར་ན་ཡི་གེ་འམ། རྩིས་སམ། བགྲང་བ འམ།ལག་རྩིས་སམ། བཟོའི་གནས་སམ། ལས་ཀྱི་གནས་གང་ཡང་རུང་བའི་སྒོ་ནས་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དེ་དང་དེ་དག་ཏུ་བསྐོས་ན། དེས་ལོངས་སྤྱོད་དེ་དག་འདོད་ནས། གཞན་ལ་ཚིག་རྩུབ་པོ་ཀུན་དུ་སྤྱོད་ པར་བྱེད་དོ།།ཡང་ན་གཞན་གྱིས་དེ་ལ་འདི་སྐད་དུ་ཁྱོད་ཚུར་ཤོག་ལ་མིང་འདི་ཞེས་བྱ་བ་ལ་ཚིག་རྩུབ་པོ་ཀུན་དུ་སྤྱོད་ཅིག་དང་། ངས་ཁྱོད་ལ་འདི་དང་འདི་ལྟ་བུ་ཞིག་སྦྱིན་ནོ། །འདི་དང་འདི་ལྟ་བུ་ཞིག་བྱའོ་ཞེས་བསྒོ་ནས། དེས་ལོངས་སྤྱོད་དེ་དག་འདོད་ནས། གཞན་ལ་ཚིག་ རྩུབ་པོ་ཀུན་དུ་སྤྱོད་པར་བྱེད་པ་དེ་ལྟ་བུ་ནི་ཆགས་པ་ལས་བྱུང་བ་ཡིན་ནོ།།ཞེ་སྡང་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་གང་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར། དེ་ལ་ཚིག་རྩུབ་པོ་ཀུན་དུ་སྤྱོད་པར་བྱེད་དོ། །དེ་མ་ཡིན་ཏེ་ དེ་ལ་ཀུན་ནས་མནར་སེམས་དང་།ཁྲོ་བའི་སེམས་མེད་དུ་ཟིན་ཀྱང་གང་དག་གི་སེམས་ཅན་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དེ་དག་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ། དེ་དག་ཡུན་རིང་ པོར་མི་བཟོད་ཅིང་།མི་བདེ་ལ་སེམས་མངོན་པར་མི་དགའ་བར་འགྱུར་བར་བྱའོ་སྙམ་ནས། སེམས་ཅན་དེ་དག་ལ་ཚིག་རྩུབ་པོ་ཀུན་དུ་སྤྱོད་པར་བྱེད་པ་དེ་ལྟ་བུ་ནི་ཞེ་སྡང་ལས་བྱུང་བ་ཡིན་ནོ། །གཏི་མུག་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། དཔེར་ན་མིའི་ལས་སྤྱོད་པ་དང་། རལ་པ་ཅན་དག་ནི་ཕལ་ཆེར་ཚིག་རྩུབ་པོ་སྨྲ་བ་ཡིན་ཏེ། དེ་དག་གི་སློབ་མ་ཁྱིམ་པ་གོས་དཀར་པོ་ཅན་གང་ཡིན་པ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གི་སྟོན་པ་ནི་ཤེས་པས་ཤེས་ཤིང་། མཐོང་བས་མཐོང་ལ་དེ་ཚིག་རྩུབ་པོ་སྨྲ་བ་ལས་ནི་འདི་ལྟ་སྟེ་ཚིག་རྩུབ་པོ་འདི་ནི ལེགས་པ་ཞིག་ཡིན་གོར་མ་ཆག་གོ།།འདི་ནི་ཤིན་ཏུ་བཟང་པོ་ཞིག་ཡིན་གོར་མ་ཆག་གོ་སྙམ་སྟེ། ལས་དེ་ལ་ཅི་ཡང་མི་འོང་བར་ལྟ་ཞིང་། འབྲས་བུ་མེད་པར་ལྟ་ལ་འདི་སྐད་དུ་སྨྲ་སྟེ། ལས་འདི་མེད་དོ། །ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་ཟེར་ཏེ། གཏི་མུག་ ལས་བྱུང་བའི་ཚིག་རྩུབ་པོ་སྨྲ་བ་དེ་ལྟ་བུ་ནི།གཏི་མུག་ལས་བྱུང་བ་ཡིན་ནོ། །ཚིག་ཀྱལ་པ་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །ཚིག་ཀྱལ་པ་ཆགས་པ་ལས་བྱུང་བ་གང་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ ཡོ་བྱད་གང་འདོད་པ་དེའི་རྒྱུ་དང་།དེའི་རྐྱེན་གྱིས་གཞན་དག་ལ་ཚིག་ཀྱལ་པས་འདྲིད་པར་བྱེད་དོ།
為什麼呢?只要這些人聚在一起和睦相處,就會增長許多非福德;若是分開則不會如此。他們對這種業不以為然,認為沒有果報,這樣看待並且這樣說:‘這種業不存在,這種業的果報不會成熟。‘這種由愚癡而生的離間語就是由愚癡所生的。 惡語有三種:由貪慾所生、由嗔恨所生、由愚癡所生。 什麼是由貪慾所生的惡語呢?答:譬如此處有人因為想要某種資具,以此為因緣對他人說惡語。或者雖然自己並不想要,但是他這樣想:‘對於我所喜愛、珍惜、歡喜、悅意的眾生,這些資具將成為他們所需要的、所擁有的、所受用的。‘於是爲了他們對他人說惡語。 又如通過書寫、算術、計數、手相、工藝或任何職業,被任命到某個村莊、城鎮、地區或王宮,他因為貪求這些受用而對他人說惡語。 或者他人對他這樣說:‘你來,對某某人說惡語,我就給你這個那個,為你做這個那個。‘他接受指使后,因為貪求這些受用而對他人說惡語,這就是由貪慾所生的。 什麼是由嗔恨所生的呢?答:譬如此處有人因為對某人懷有惱害心和嗔恨心,就對他說惡語。或者雖然對他沒有惱害心和嗔恨心,但是對那些喜愛、珍惜、歡喜、悅意的眾生懷有惱害心和嗔恨心的人,他這樣想:‘要讓他們長期不安、痛苦,內心不快樂。‘於是對那些眾生說惡語,這就是由嗔恨所生的。 什麼是由愚癡所生的呢?答:譬如從事人的事業的苦行者們大多說惡語,他們的在家白衣弟子們這樣想:‘我們的導師以智慧而知、以見而見,他說惡語,所以這惡語一定是好的,這一定是極好的。‘他們對這種業不以為然,認為沒有果報,並且這樣說:‘這種業不存在,這種業的果報不會成熟。‘這種由愚癡所生的惡語就是由愚癡所生的。 綺語有三種:由貪慾所生、由嗔恨所生、由愚癡所生。 什麼是由貪慾所生的綺語呢?答:譬如此處有人因為想要某種資具,以此為因緣用綺語誘惑他人。
།དེ་མ་ཡིན་ཏེ་བདག་ཉིད་མི་འདོད་དུ་ཟིན་ཀྱང་། དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་བདག་ལ་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དེ་དག་ལ་མཁོ་བ་ དང་།འཆང་བ་དང་། དེ་དག་གི་ལོངས་སྤྱོད་དུ་འགྱུར་རོ་སྙམ་ནས། དེ་དག་གི་དོན་དུ་གཞན་ལ་ཚིག་ཀྱལ་པས་འདྲིད་པར་བྱེད་དོ། །ཡང་ན་གཞན་གྱིས་དེ་ལ་འདི་སྐད་དུ་ཁྱོད་ཚུར་ཤོག་ལ། མིང་འདི་ཞེས་བྱ་བ་ལ་ཚིག་ཀྱལ་པས་དྲིད་ཅིག་དང་། ངས་ཁྱོད་ལ་འདི་དང་འདི་ལྟ་བུ་ཞིག་ སྦྱིན་ནོ།།འདི་དང་འདི་ལྟ་བུ་ཞིག་བྱའོ་ཞེས་བསྒོ་ནས། དེ་ལོངས་སྤྱོད་དེ་དག་འདོད་ནས། གཞན་དག་ལ་ཚིག་ཀྱལ་པས་འདྲིད་པར་བྱེད་དེ། དཔེར་ན་བུད་མེད་སྐྱེས་པ་ལ་རག་ལས་ན་ཚིག་ཀྱལ་པ་མང་དུ་སྨྲ་བ་དང་། སྐྱེས་པ་བུད་མེད་ལ་རག་ལས་ན་ཚིག་ཀྱལ་པ་མང་དུ་སྨྲ་བ་ལྟ་བུ་དང་། དཔེར་ན་ཟློས་གར་མཁན་དང་། གར་མཁན་དང་། བཞད་གད་པ་དང་། སྒེག་པ་དང་། སྨད་འཚོང་མ་དང་། སྨད་འཚོང་མའི་གཙོ་མོ་དང་། སྒྱུ་རྩལ་བྱེད་པ་རྣམས་ཀྱིས་གཞན་དག་གི་ལོངས་སྤྱོད་དག་འདོད་ནས། གཞན་དག་ལ་ཚིག་ཀྱལ་པ་སྨྲ་བར་བྱེད་པ་ལྟ་བུའམ། ཡང་ན་སངས རྒྱས་ཀྱིས་གསུངས་པ་དབྱངས་དང་སྦྱོར་བ་ལ་ཆགས་ཏེ།ཆགས་པ་ལས་བྱུང་བའི་ཚིག་ཀྱལ་པ་སྨྲ་བ་དེ་ལྟ་བུ་ནི་ཆགས་པ་ལས་བྱུང་བ་ཡིན་ནོ། །ཚིག་ཀྱལ་པ་ཞེ་སྡང་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་གང་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་ པའི་ཕྱིར་དེ་ལ་ཚིག་ཀྱལ་བས་འདྲིད་པར་བྱེད་དོ།།དེ་མ་ཡིན་ཏེ་དེ་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་མེད་དུ་ཟིན་ཀྱང་དེ་དེ་དག་གི་སེམས་ཅན་སྡུག་པ་དང་། གཅེས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དེ་དག་ལ་ཀུན་ནས་མནར་སེམས་དང་། ཁྲོ་བའི་སེམས་ཡོད་པའི་ཕྱིར། དེ་འདི་སྙམ་དུ་སེམས་ ཏེ།དེ་དག་ཡུན་རིང་པོར་མི་བཟོད་ཅིང་། མི་བདེ་བ་ལ་སེམས་མངོན་པར་མི་དགའ་བར་འགྱུར་བར་བྱའོ་སྙམ་ནས། དེ་དག་ལ་ཚིག་འཁྱལ་པས་འདྲིད་པར་བྱེད་པ་དེ་ལྟ་བུ་ནི་ཞེ་སྡང་ལས་བྱུང་བ་ཡིན་ནོ། །ཚིག་འཁྱལ་བ་གཏི་མུག་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་ པ།བྲམ་ཟེ་དག་འདི་སྐད་དུ་མི་ནི་མེས་དག་པར་འགྱུར་རོ། །གྲོལ་བར་འགྱུར་རོ། །ངེས་པར་འབྱུང་བར་འགྱུར་རོ། །བདེ་བ་དང་སྡུག་བསྔལ་བ་ལས་འདའ་བར་འགྱུར་རོ། །བདེ་བ་དང་སྡུག་བསྔལ་བ་ལས་འདས་པ་ཡང་ཐོབ་པར་འགྱུར་རོ། །དེ་བཞིན་དུ་མཆོད་སྦྱིན་དང་། དཀའ་ཐུབ་ ངན་པ་རྣམ་པ་སྣ་ཚོགས་ཀྱང་དེ་དང་འདྲའོ་ཞེས་ཟེར་ཏེ།ལས་དེ་ལ་ཅིའང་མི་འོང་བར་ལྟ་ཞིང་། འབྲས་བུ་མེད་པར་ལྟ་ལ་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། ལས་འདི་མེད་དོ། །ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་ཟེར་ཏེ། གཏི་མུག་ལས་བྱུང་བའི་ཚིག་ཀྱལ་པ་སྨྲ་བ་ དེ་ལྟ་བུ་ནི་གཏི་མུག་ལས་བྱུང་བ་ཡིན་ནོ།།བརྣབ་སེམས་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །བརྣབ་སེམས་ཆགས་པ་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། དཔེར་ན་ཆགས་པའི་ཀུན་ནས་དཀྲིས་པའི་རྗེས་ཐོགས་སུ། བརྣབ་ སེམས་ཀྱིས་ཀུན་ནས་དཀྲིས་པ་སྐྱེད་པར་བྱེད་པ་ལྟ་བུ་སྟེ།འདི་ནི་བརྣབ་སེམས་ཆགས་པ་ལས་བྱུང་བ་ཡིན་ནོ། །བརྣབ་སེམས་ཞེ་སྡང་ལས་བྱུང་བ་གང་ཞེ་ན། སྨྲས་པ། དཔེར་ན་ཞེ་སྡང་གི་ཀུན་ནས་དཀྲིས་པའི་རྗེས་ཐོགས་སུ་བརྣབ་སེམས་ཀྱི་ཀུན་ནས་དཀྲིས་པ་སྐྱེད་པར་བྱེད་པ་ལྟ་བུ་སྟེ། འདི་ནི་བརྣབ་སེམས་ཞེ་སྡང་ལས་བྱུང་ བ་ཡིན་ནོ།།བརྣབ་སེམས་གཏི་མུག་ལས་བྱུང་བ་གང་ཞེ་ན། སྨྲས་པ། དཔེར་ན་གཏི་མུག་གི་ཀུན་ནས་དཀྲིས་པའི་རྗེས་ཐོགས་སུ། བརྣབ་སེམས་ཀྱི་ཀུན་ནས་དཀྲིས་པ་སྐྱེད་པར་བྱེད་པ་ལྟ་བུ་སྟེ། འདི་ནི་གཏི་མུག་ལས་བྱུང་བ་ཡིན་ནོ། །གནོད་སེམས་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་ དང་།ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །གནོད་སེམས་ཆགས་པ་ལས་བྱུང་བ་གང་ཞེ་ན། སྨྲས་པ། དཔེར་ན་ཆགས་པའི་ཀུན་ནས་དཀྲིས་པའི་རྗེས་ཐོགས་སུ། གནོད་སེམས་ཀྱི་ཀུན་ནས་དཀྲིས་པ་སྐྱེད་པར་བྱེད་པ་ལྟ་བུ་སྟེ། འདི་ནི་ཆགས་པ་ལས་བྱུང་བའོ།
不僅如此,即便自己不願意,他這樣想:‘爲了那些我喜愛的、珍惜的、歡喜的、悅意的眾生所需要的、所擁有的、所受用的。‘這樣想著,爲了他們而用戲論語言去誘惑他人。或者他人對他這樣說:‘你來這裡,對某某人用戲論語言去誘惑,我就給你這個那個,為你做這個那個。‘他因貪求受用而用戲論語言去誘惑他人。 譬如女人依賴男人而說許多戲論語言,男人依賴女人而說許多戲論語言。又如舞蹈演員、歌手、滑稽演員、妓女、妓院老鴇、雜技演員等爲了貪求他人的受用而對他人說戲論語言。或者對佛陀所說的偈頌產生貪著,由貪著而說戲論語言,這就是由貪慾所生的戲論語言。 什麼是由嗔恨所生的戲論語言?答:如有人因對某人懷有嫌惡和憤怒的心而用戲論語言去誘惑他。即便他對那人沒有嫌惡和憤怒之心,但因為對方的親愛、珍惜、喜歡、悅意的眾生懷有嫌惡和憤怒之心,他這樣想:‘要讓他們長期不安,不樂,心生不喜。‘這樣想著而用戲論語言去誘惑他們,這就是由嗔恨所生的戲論語言。 什麼是由愚癡所生的戲論語言?答:婆羅門們這樣說:‘人通過火得到清凈,得到解脫,得到出離,超越苦樂,獲得超越苦樂的境界。‘同樣,各種惡劣的祭祀和苦行也是如此。對這些行為視為無意義,視為無果報,持這樣的見解而說:‘這些行為不存在,這些行為的果報不存在。‘說這樣由愚癡所生的戲論語言,這就是由愚癡所生的戲論語言。 貪婪心有三種:由貪慾所生、由嗔恨所生、由愚癡所生。什麼是由貪慾所生的貪婪心?答:譬如在貪慾纏縛之後生起貪婪心的纏縛,這就是由貪慾所生的貪婪心。什麼是由嗔恨所生的貪婪心?答:譬如在嗔恨纏縛之後生起貪婪心的纏縛,這就是由嗔恨所生的貪婪心。什麼是由愚癡所生的貪婪心?答:譬如在愚癡纏縛之後生起貪婪心的纏縛,這就是由愚癡所生的貪婪心。 害心有三種:由貪慾所生、由嗔恨所生、由愚癡所生。什麼是由貪慾所生的害心?答:譬如在貪慾纏縛之後生起害心的纏縛,這就是由貪慾所生的害心。
།གནོད་ སེམས་ཞེ་སྡང་ལས་བྱུང་བ་གང་ཞེ་ན།སྨྲས་པ། དཔེར་ན་ཞེ་སྡང་གི་ཀུན་ནས་དཀྲིས་པའི་རྗེས་ཐོགས་སུ་གནོད་སེམས་ཀྱི་ཀུན་ནས་དཀྲིས་པ་སྐྱེད་པར་བྱེད་པ་ལྟ་བུ་སྟེ། འདི་ནི་ཞེ་སྡང་ལས་བྱུང་བ་ཡིན་ནོ། །གནོད་སེམས་གཏི་མུག་ལས་བྱུང་བ་གང་ཞེ་ན། སྨྲས་པ། དཔེར་ན་གཏི་མུག་ གི་ཀུན་ནས་དཀྲིས་པའི་རྗེས་ཐོགས་སུ་གནོད་སེམས་ཀྱི་ཀུན་ནས་དཀྲིས་པ་སྐྱེད་པར་བྱེད་པ་ལྟ་བུ་སྟེ།འདི་ནི་གཏི་མུག་ལས་བྱུང་བའོ། །ལོག་པར་ལྟ་བ་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །ལོག་པར་ལྟ་བ་ཆགས་ པ་ལས་བྱུང་བ་གང་ཞེ་ན།སྨྲས་པ། དཔེར་ན་ཆགས་པའི་ཀུན་ནས་དཀྲིས་པའི་རྗེས་ཐོགས་སུ་ལོག་པར་ལྟ་བའི་ཀུན་ནས་དཀྲིས་པ་སྐྱེད་པར་བྱེད་པ་ལྟ་བུ་སྟེ། འདི་ནི་ཆགས་པ་ལས་བྱུང་བའོ། །ལོག་པར་ལྟ་བ་ཞེ་སྡང་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། དཔེར་ན་ཞེ་སྡང་གི་ཀུན་ནས་ དཀྲིས་པའི་རྗེས་ཐོགས་སུ་ལོག་པར་ལྟ་བའི་ཀུན་ནས་དཀྲིས་པ་སྐྱེད་པར་བྱེད་པ་ལྟ་བུ་སྟེ།འདི་ནི་ཞེ་སྡང་ལས་བྱུང་བ་ཡིན་ནོ། །ལོག་པར་ལྟ་བ་གཏི་མུག་ལས་བྱུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། དཔེར་ན་གཏི་མུག་གི་ཀུན་ནས་དཀྲིས་པའི་རྗེས་ཐོགས་སུ་ལོག་པར་ལྟ་བའི་ཀུན་ནས་དཀྲིས་པ་སྐྱེད་ པར་བྱེད་པ་ལྟ་བུ་སྟེ།འདི་ནི་གཏི་མུག་ལས་བྱུང་བའོ། །ཚིག་གཉིས་པ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྲོག་གཅོད་པ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་། འབྲིང་དང་། ཆེན་པོའོ། །སྲོག་གཅོད་པ་ཆེན་པོ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་ པས་ནི་ལུས་དང་བྲལ་ཏེ།ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ། །སྲོག་གཅོད་པ་འབྲིང་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ནི་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བདུད་འགྲོ་རྣམས་དང་། སྐལ་བ་ མཉམ་པར་སྐྱེ་བར་འགྱུར་རོ།།སྲོག་གཅོད་པ་ཆུང་ངུ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ནི། ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཡི་དྭགས་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ཇི་ལྟར་སྲོག་གཅོད་པ་རྣམ་པ་གསུམ་ཡོད་པ་དེ་བཞིན་དུ་ མ་བྱིན་པར་ལེན་པ་དང་།འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ལ་ཡང་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཡོད་དེ། ལོག་པར་ལྟ་ བ་ཆེན་པོ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ནི།ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ལོག་པར་ལྟ་བ་འབྲིང་ཀུན་དུ་བསྟེན་ཅིང་མང་དུ་བྱས་པས་ནི། ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ ངན་འགྲོ་ལོག་པར་ལྟུང་བ་དུད་འགྲོ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ།།ལོག་པར་ལྟ་བུ་ཆུང་ངུ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པས་ནི་ལུས་དང་བྲལ་ཏེ། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཡི་དྭགས་རྣམས་དང་སྐལ་བ་མཉམ་པར་ སྐྱེ་བར་འགྱུར་རོ།།ལས་གདགས་པ་ཚིགས་གསུམ་པའོ།། །།སྡོམ་ནི། ཆུང་དང་འབྲིང་དང་ཆེན་པོ་དང་། །ཆ་ཤས་ཇི་ལྟར་གསེ་བ་དང་། །ཉེས་པར་སྤྱོད་པས་བསྡུས་པ་དང་། །ཆོས་གསུམ་དག་དང་ལྷན་ཅིག་འབྱུང་། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ ནས་རྒྱས་པར་སྦྱར་ཏེ།སྲོག་གཅོད་པ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་། འབྲིང་དང་། ཆེན་པོའོ། །སྲོག་གཅོད་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོར་ཇི་ལྟར་ཤེས་པར་བྱ་ཞེ་ན། སྨྲས་པ། སོ་སོའི་རྒྱུ་ལས་སྲོག་གཅོད་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོར་ཤེས་པར་བྱའོ། ། ཇི་ལྟ་ཞེ་ན། སྨྲས་པ། ཀུན་ནས་དཀྲིས་པ་ཆུང་ངུས་ཀུན་ནས་དཀྲིས་ཏེ། སྲོག་ཆགས་ཀྱི་སྲོག་གཅོད་པར་བྱེད་ན་ནི། རྣམ་པར་སྨིན་པ་ཆུང་ངུར་འགྱུར་རོ།
什麼是從嗔恨心所生的害心呢?答:比如在嗔恨的煩惱之後生起害心的煩惱,這就是從嗔恨所生的。什麼是從愚癡所生的害心呢?答:比如在愚癡的煩惱之後生起害心的煩惱,這就是從愚癡所生的。邪見有三種:從貪慾所生、從嗔恨所生、從愚癡所生。什麼是從貪慾所生的邪見呢?答:比如在貪慾的煩惱之後生起邪見的煩惱,這就是從貪慾所生的。什麼是從嗔恨所生的邪見呢?答:比如在嗔恨的煩惱之後生起邪見的煩惱,這就是從嗔恨所生的。什麼是從愚癡所生的邪見呢?答:比如在愚癡的煩惱之後生起邪見的煩惱,這就是從愚癡所生的。 第二句:從’十不善業道’開始廣說:殺生有三種:小、中、大。若多修習、多串習大的殺生,則身壞命終后,將墮入惡趣、惡道、地獄中。若多修習、多串習中等的殺生,則身壞命終后,將墮入惡趣、惡道,與旁生同分。若多修習、多串習小的殺生,則身壞命終后,將墮入惡趣、惡道,與餓鬼同分。 如同殺生有三種,不與取、邪淫、妄語、離間語、粗惡語、綺語、貪心、害心、邪見也都有小、中、大三種。若多修習、多串習大的邪見,則身壞命終后,將墮入惡趣、惡道、地獄中。若多修習、多串習中等的邪見,則身壞命終后,將墮入惡趣、惡道,與旁生同分。若多修習、多串習小的邪見,則身壞命終后,將墮入惡趣、惡道,與餓鬼同分。這是業施設第三品。 總偈:小及中與大,如何分別支分,惡行所攝及,三法共同生。從’十不善業道’開始廣說:殺生有三種:小、中、大。如何了知殺生的小、中、大呢?答:應當從各自的因了知殺生的小、中、大。怎樣呢?答:以小煩惱而殺生,其果報也小。
།ཀུན་ནས་དཀྲིས་པ་འབྲིང་དང་། ཆེན་པོས་ཀུན་ནས་དཀྲིས་ཏེ། སྲོག་ཆགས་ཀྱི་སྲོག་གཅོད་པར་བྱེད་ན་ནི། རྣམ་པར སྨིན་པ་འབྲིང་དང་ཆེན་པོར་འགྱུར་ཏེ།དཔེར་ན་དགེ་བའི་རྩ་བ་ཆད་པ་གཉིས་ཤིག་སྲོག་ཆགས་ཀྱི་སྲོག་གཅོད་པར་བྱེད་ལ་དེ་གཉི་ག་ཡང་ཕ་ཡང་མ་ཡིན། མ་ཡང་མ་ཡིན་ན། གང་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་ཞེ་ན། སྨྲས་པ། གང་ཀུན་ནས་དཀྲིས་པ་ཆེས་ཆེ་བས། ཀུན་ནས་དཀྲིས་ཏེ་སྲོག་གཅོད་པར་བྱེད་པའོ། །ཀུན་ནས་དཀྲིས་པ་མཉམ་པའི་ནི་རྣམ་པར་སྨིན་པ་ཡང་མཉམ་མོ། །གཅིག་ནི་ཕའམ། མ་ཡིན་ན་གང་ཁ་ན་མ་ཐོ་བ་ཆེས་ཆེ་བར་འགྱུར་ཞེ་ན། སྨྲས་པ། ཕའམ་མ་གང་ཡིན་པའོ། །གཉི་ག་ཕའམ་མ་ཡིན་ན། གང་ཁ་ན་མ་ཐོ་བ་ཆེས ཆེ་བར་འགྱུར་ཞེ་ན།སྨྲས་པ། གང་ཀུན་ནས་དཀྲིས་པ་ཆེས་ཆེ་བས། ཀུན་ནས་དཀྲིས་ཏེ་སྲོག་གཅོད་པར་བྱེད་པའོ། །ཀུན་ནས་དཀྲིས་པ་མཉམ་པ་ནི། རྣམ་པར་སྨིན་པ་ཡང་མཉམ་པ་ལྟ་བུའོ། །དཔེར་ན་དགེ་བའི་རྩ་བ་ཆད་པ་མ་ཡིན་པ་གཉིས་ཤིག་།སྲོག་ཆགས་ཀྱི་སྲོག་གཅོད་ པར་བྱེད་ལ་དེ་གཉི་ག་ཕ་ཡང་མ་ཡིན།མ་ཡང་མ་ཡིན། གང་ཁ་ན་མ་ཐོ་བ་ཆེས་ཆེ་བར་འགྱུར་ཞེ་ན། སྨྲས་པ། གང་ཆེས་དགེ་བའི་ཆོས་ཅན་ཡིན་པའོ། །གཉི་ག་དགེ་བའི་ཆོས་ཅན་དུ་མཉམ་ན། གང་ཆེས་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་ཞེ་ན། སྨྲས་པ། གང་ཀུན་ནས་དཀྲིས་པ་ཆེན་པོས་ ཀུན་ནས་དཀྲིས་ཏེ།སྲོག་གཅོད་པར་བྱེད་པའོ། །ཀུན་ནས་དཀྲིས་པ་མཉམ་པའི་ནི་རྣམ་པར་སྨིན་པ་ཡང་མཉམ་མོ། །གཅིག་ནི་ཕའམ་མ་ཡིན་ན། གང་ཁ་ན་མ་ཐོ་བ་ཆེས་ཆེ་བར་འགྱུར་ཞེ་ན། སྨྲས་པ། ཕའམ་མ་གང་ཡིན་པའོ། །གཉི་ག་ཕའམ་མ་ཡིན་ན། གང་ཁ་ན་མ་ཐོ་བ་ ཆེས་ཆེ་བར་འགྱུར་ཞེ་ན།སྨྲས་པ། གང་ཆེས་ཆེ་བའི་ཆོས་ཅན་ཡིན་པའོ། །གཉི་ག་ཆོས་ཅན་དུ་མཉམ་ན། གང་ཆེས་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་ཞེ་ན། སྨྲས་པ། གང་ཀུན་ནས་དཀྲིས་པ་ཆེན་པོས་ཀུན་ནས་དཀྲིས་ཏེ་སྲོག་གཅོད་པར་བྱེད་པའོ། །ཀུན་ནས་དཀྲིས་པ་མཉམ་ པའི་ནི་རྣམ་པར་སྨིན་པ་ཡང་མཉམ་པ་ལྟ་བུའོ།།སྲོག་གཅོད་པ་ཇི་ལྟ་བ་བཞིན་དུ་མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ རྣམས་ཀྱང་དེ་བཞིན་དུ་སྦྱར་རོ།།མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཉེས་པར་སྤྱོད་པ་ནི་རྣམ་པ་གསུམ་སྟེ། ལུས་ཀྱིས་ཉེས་པར་སྤྱོད་པ་དང་། ངག་གིས་ཉེས་པར་སྤྱོད་པ་དང་། ཡིད་ཀྱིས་ཉེས་པར་སྤྱོད་པའོ། །ཅི་མི་དགེ་བ་བཅུའི་ལས་རྣམས་ཀྱིས་ ཉེས་པར་སྤྱོད་པ་གསུམ་བསྡུས་སམ།འོན་ཏེ་གསུམ་ཀྱིས་བཅུ་བསྡུས་ཤེ་ན། སྨྲས་པ། གསུམ་གྱིས་བཅུ་བསྡུས་ཀྱི། བཅུས་ནི་གསུམ་མ་བསྡུས་སོ། །གང་མ་བསྡུས་ཤེ་ན། སྨྲས་པ། ལུས་ཀྱིས་ཉེས་པར་སྤྱོད་པ་དང་། ངག་གིས་ཉེས་པར་སྤྱོད་ པ་དང་།ཡིད་ཀྱིས་ཉེས་པར་སྤྱོད་པ་མ་བསྡུས་སོ། །ལུས་ཀྱིས་ཉེས་པར་སྤྱོད་པ་ནི་རྣམ་པ་གསུམ་སྟེ། སྲོག་ཆགས་གསོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པའོ། །ཅི་ལུས་ཀྱིས་ཉེས་པར་སྤྱོད་པ་རྣམ་པ་གསུམ་གྱིས་ལུས་ཀྱིས་ཉེས་པར་སྤྱོད་པ་ ཐམས་ཅད་བསྡུས་སམ།འོན་ཏེ་ཐམས་ཅད་ཀྱིས་རྣམ་པ་གསུམ་བསྡུས་ཤེ་ན། སྨྲས་པ། ལུས་ཀྱིས་ཉེས་པར་སྤྱོད་པ་ཐམས་ཅད་ཀྱིས། ལུས་ཀྱིས་ཉེས་པར་སྤྱོད་པ་རྣམ་པ་གསུམ་བསྡུས་ཀྱི། རྣམ་པ་གསུམ་གྱིས་ནི་ཐམས་ཅད་མ་བསྡུས་སོ། །གང་མ་བསྡུས་ཤེ་ན། སྨྲས་ པ།ལག་པ་དང་། ཁུ་ཚུར་དང་། ཐལ་ལྕག་གིས་བསྣུན་པ་དང་། ཡལ་ག་དང་། ལྕུག་མས་གནོད་པར་བྱ་བ་དང་ལྡན་པའི་ལུས་ཀྱི་ལས་དང་། འབྲུའི་ཆང་དང་། འབྲས་བུའི་ཆང་འཐུང་བ་དང་། རྐུ་བའི་སེམས་ཀྱིས་རང་གི་རྫས་ཁྱེར་བ་དང་། བརྗེད་ངས་པ་དང་། ཤེས་བཞིན་མེད་པས་ཁ་ ཟས་ཟ་བའི་ལུས་ཀྱི་ལས་གང་ཡིན་པ་དང་།བདག་གི་ཆུང་མ་ལ་ལོག་པར་འཇུག་པ་དང་། ཕྱོགས་གང་ན་ཚུལ་ཁྲིམས་འཆལ་བའི་སྐྱེས་བུ་གང་ཟག་རྣམས་འཁོད་པ་དེ། ཡོངས་སུ་མ་སྤངས་པ་དང་ལྡན་པའི་ལུས་ཀྱི་ལས་སོ། །ངག་གི་ཉེས་པར་སྤྱོད་པ་ནི་རྣམ་པ་བཞི་སྟེ། བརྫུན་དུ་ སྨྲ་བ་དང་།ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པའོ།
如果以中等和重大的煩惱纏縛而殺生,則會產生中等和重大的果報。比如,有兩個斷善根者殺生,他們兩個都不是父親也不是母親,那麼誰的罪過更大呢?答:以更重的煩惱纏縛而殺生者。如果煩惱纏縛程度相同,則果報也相同。如果其中一個是父親或母親,那麼誰的罪過更大呢?答:是父親或母親的那個。如果兩個都是父母,那麼誰的罪過更大呢?答:以更重的煩惱纏縛而殺生者。如果煩惱纏縛程度相同,則果報也相同。 比如,有兩個非斷善根者殺生,他們兩個都不是父親也不是母親,那麼誰的罪過更大呢?答:更具善法者。如果兩個都同樣具有善法,那麼誰的罪過更大呢?答:以重大煩惱纏縛而殺生者。如果煩惱纏縛程度相同,則果報也相同。如果其中一個是父親或母親,那麼誰的罪過更大呢?答:是父親或母親的那個。如果兩個都是父母,那麼誰的罪過更大呢?答:更具善法者。如果兩個都同樣具有善法,那麼誰的罪過更大呢?答:以重大煩惱纏縛而殺生者。如果煩惱纏縛程度相同,則果報也相同。 如同殺生一樣,不與取、邪淫、妄語、離間語、粗惡語、綺語、貪慾、害心、邪見等也是如此類推。從’十不善業道’開始廣說:惡行有三種,即身惡行、語惡行、意惡行。十不善業是否攝於三惡行,還是三惡行攝於十不善業呢?答:三攝十,而十不攝三。什麼沒有攝呢?答:沒有攝身惡行、語惡行和意惡行。 身惡行有三種:殺生、不與取和邪淫。三種身惡行是否攝一切身惡行,還是一切身惡行攝三種身惡行呢?答:一切身惡行攝三種身惡行,而三種身惡行不攝一切。什麼沒有攝呢?答:以手、拳頭、巴掌毆打,以樹枝、竹條傷害等身業,飲用谷酒、果酒,以盜心取自己的物品,以忘念和不正知而食用飲食的身業,邪行自己的妻子,以及與破戒的人共處相關的身業。 語惡行有四種:妄語、離間語、粗惡語和綺語。
།ཅི་ངག་གི་ཉེས་པར་སྤྱོད་པ་རྣམ་པ་བཞིས་ངག་གི་ཉེས་པར་སྤྱོད་པ་ཐམས་ཅད་བསྡུས་སམ། འོན་ཏེ་ཐམས་ཅད་ཀྱིས་རྣམ་པ་བཞི་བསྡུས་ཤེ་ན། སྨྲས་པ། ངག་གིས་ཉེས་པར་སྤྱོད་པ་ཐམས་ཅད་ཀྱིས། ངག་གིས་ཉེས་ པར་སྤྱོད་པ་རྣམ་པ་བཞི་བསྡུས་ཀྱི།རྣམ་པ་བཞིས་ནི་ཐམས་ཅད་མ་བསྡུས་སོ། །གང་མ་བསྡུས་ཤེ་ན། སྨྲས་པ། འདི་ལྟར་གཅིག་པུ་དབེན་པ་ན་གནས་ཤིང་ཚིག་ཏུ་སྨྲ་སྟེ། སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་ དོ།།ལེགས་པར་སྤྱད་པ་དང་། ཉེས་པར་སྤྱོད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ཕ་མེད་དོ། །མ་མེད་དོ། །སེམས་ཅན་སྐྱེ་བ་པོ་མེད་དོ། །འཇིག་རྟེན་ན་དགྲ་བཅོམ་པ་ཡང་དག་པར་སོང་བ། ཡང་ དག་པར་ཞུགས་པ་གང་འཇིག་རྟེན་འདི་དང་།འཇིག་རྟེན་ཕ་རོལ་ཚེ་འདི་ཉིད་ལ་བདག་ཉིད་ཀྱི་མངོན་པར་ཤེས་པས་མངོན་སུམ་བྱས་ཏེ། བསྒྲུབས་ནས་ཁོང་དུ་ཆུད་དེ། བདག་ཅག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་ སོ་སྙམ་དུ་སེམས་པ་མེད་དོ་ཞེས་ཟེར་བའོ།།ཡིད་ཀྱིས་ཉེས་བར་སྤྱོད་པ་ནི་རྣམ་པ་གསུམ་སྟེ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའོ། །ཅི་ཡིད་ཀྱིས་ཉེས་པར་སྤྱོད་པ་རྣམ་པ་གསུམ་གྱིས། ཡིད་ཀྱིས་ཉེས་པར་སྤྱོད་པ་ཐམས་ཅད་བསྡུས་སམ། འོན་ཏེ་ཐམས་ ཅད་ཀྱིས་རྣམ་པ་གསུམ་བསྡུས་ཤེ་ན།སྨྲས་པ། ཡིད་ཀྱིས་ཉེས་པར་སྤྱོད་པ་ཐམས་ཅད་ཀྱིས། ཡིད་ཀྱིས་ཉེས་པ་རྣམ་པར་སྤྱོད་པ་གསུམ་བསྡུས་ཀྱི། རྣམ་པ་གསུམ་གྱིས་ནི་ཐམས་ཅད་མ་བསྡུས་སོ། །གང་མ་བསྡུས་ཤེ་ན། སྨྲས་པ། བརྣབ་སེམས་དང་། གནོད་སེམས་ དང་།ལོག་པར་ལྟ་བ་དང་ལྡན་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པའོ། །ལྷན་ཅིག་འབྱུང་བའི་ཆོས་ནི་གསུམ་ཡོད་དེ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་དང་། ཞེ་སྡང་དང་ལྷན་ཅིག་འབྱུང་བའི་ ཆོས་རྣམས་དང་།གཏི་མུག་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་སོ། །ཆགས་པ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་གང་ཞེ་ན། སྨྲས་པ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཆགས་པ་དང་མཚུངས་པར་ལྡན་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པ་སྟེ། འདི་དག་ནི་ཆགས་པ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ཞེས་བྱའོ། །ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་གང་ཞེ་ན། སྨྲས་པ། ཞེ་སྡང དང་ལྷན་ཅིག་འབྱུང་བ་དང་།གཏི་མུག་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཞེ་སྡང་དང་། ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ ལ་བྱེད་པ་དང་།རྣམ་པར་ཤེས་པ་དང་། འདི་དག་ནི་ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ཞེས་བྱའོ། །ལས་གདགས་པ་ཚིགས་བཞི་པའོ།། །།སྡོམ་ནི། ལས་དང་རྣམ་རིག་མ་ཡིན་གཟུགས། །ཐོགས་པ་དང་ནི་ སེམས་ལས་བྱུང་།།དུ་ཞིག་ལས་དང་ལས་མ་ཡིན། །ཡང་དག་མ་བསྡམས་སྡོམ་པ་བཅུ། །ཆོས་གསུམ་ཡོད་དེ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ཆོས་དང་། ཞེ་སྡང་དང་ལྷན་ཅིག་འབྱུང་བའི་ཆོས་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཆོས་སོ། །ཆགས་པ་དང་ ལྷན་ཅིག་འབྱུང་བའི་ཆོས་རྣམས་ལས་ཞེས་བྱ་བའམ།འོན་ཏེ་ལས་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། ལས་ཀྱང་ཡོད། ལས་མ་ཡིན་པ་ཡང་ཡོད་དོ། །ལས་གང་ཞེ་ན། སྨྲས་པ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། སེམས་པ་སྟེ། འདི་ནི་ ལས་ཡིན་ནོ།།ལས་མ་ཡིན་པ་གང་ཞེ་ན། སྨྲས་པ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པ་སྟེ། འདི་ནི་ལས་མ་ཡིན་པའོ།
問:是否語言的不善行四種包含了所有語言的不善行?還是所有語言的不善行包含了四種?答:所有語言的不善行包含了語言不善行四種,但四種並未包含所有。 問:哪些未被包含?答:比如獨自一人在寂靜處說:‘無佈施,無供養,無火供,無善行,無惡行,無善惡業的果報,無此世,無他世,無父,無母,無化生眾生,世間無真正成就的阿羅漢,無以神通證知現見此世他世者,無人能說我生已盡、梵行已立、所作已辦、不受後有’等。 意的不善行有三種:貪心、害心和邪見。問:是否意的不善行三種包含了所有意的不善行?還是所有意的不善行包含了三種?答:所有意的不善行包含了意的不善行三種,但三種並未包含所有。 問:哪些未被包含?答:與貪心、害心、邪見相應的受、想、思、觸、作意和識。 俱生法有三種:與貪俱生法、與嗔俱生法、與癡俱生法。 什麼是與貪俱生法?答:與貪俱生的身業、語業,與貪相應的受、想、思、觸、作意、識,這些稱為與貪俱生法。 什麼是與嗔俱生和與癡俱生法?答:與嗔俱生和與癡俱生的身業、語業,與嗔俱生和與癡俱生的受、想、思、觸、作意、識,這些稱為與嗔俱生和與癡俱生法。 這是業施設第四品。 偈頌:業與非表色,有對及心所,幾是業非業,未防護十種。 有三種法:與貪俱生法、與嗔俱生法、與癡俱生法。問:與貪俱生法是業還是非業?答:既有業也有非業。 問:什麼是業?答:與貪俱生的身業、語業和思,這是業。 問:什麼是非業?答:與貪俱生的受、想、觸、作意和識,這是非業。
།ཞེ་སྡང་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་དང་། གཏི་མུག་དང་ལྷན་ཅིག་འབྱུང་ བའི་ཆོས་རྣམས་ལས་ཞེས་བྱ་འམ།ལས་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། ལས་ཀྱང་ཡོད། ལས་མ་ཡིན་པ་ཡང་ཡོད་དོ། །ལས་གང་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། སེམས་པ་སྟེ། འདི་ ནི་ལས་ཡིན་ནོ།།ལས་མ་ཡིན་པ་གང་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པ་སྟེ། འདི་ནི་ལས་མ་ཡིན་པའོ། །ཆགས་པ་དང་ལྷན་ཅིག་འབྱུང་བའི་ཆོས་ རྣམས་རྣམ་པར་རིག་བྱེད་ཅེས་བྱའམ།འོན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་ཀྱང་ཡོད། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ། །རྣམ་པར་རིག་བྱེད་གང་ཞེ་ན། སྨྲས་པ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་ གི་རྣམ་པར་རིག་བྱེད་དེ།འདི་ནི་རྣམ་པར་རིག་བྱེད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། ལུས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་། ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་དང་། ཆགས་པ་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པ་སྟེ། འདི་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་རྣམ་པར་རིག་བྱེད་ཅེས་བྱའམ། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་ཀྱང ཡོད།རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡོད་དོ། །རྣམ་པར་རིག་བྱེད་གང་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་གི་རྣམ་པར་རིག་བྱེད་དེ། འདི་ནི་རྣམ་པར་རིག་བྱེད་དོ། །རྣམ་པར་རིག་བྱེད་མ་ ཡིན་པ་གང་ཞེ་ན།སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་། ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་དང་། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ ཤེས་དང་།སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པ་སྟེ། འདི་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །ཆགས་པ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་གཟུགས་ཅན་ཞེས་བྱའམ། འོན་ཏེ་གཟུགས་ཅན་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། གཟུགས་ཅན་ ཡང་ཡོད།།གཟུགས་ཅན་མ་ཡིན་པ་ཡང་ཡོད་དོ། །གཟུགས་ཅན་གང་དག་ཡིན་ཞེ་ན། སྨྲས་པ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་ལས་དང་། ངག་གི་ལས་ཏེ། འདི་དག་ནི་གཟུགས་ཅན་ནོ། །གཟུགས་ཅན་མ་ཡིན་པ་གང་དག་ཡིན་ཞེ་ན། སྨྲས་པ། ཆགས་པ་དང་ ལྷན་ཅིག་འབྱུང་བའི་ཚོར་བ་དང་།འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པ་སྟེ། འདི་དག་ནི་གཟུགས་ཅན་མ་ཡིན་པའོ། །ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ གཟུགས་ཅན་ཞེས་བྱའམ།འོན་ཏེ་གཟུགས་ཅན་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། གཟུགས་ཅན་ཡང་ཡོད། གཟུགས་ཅན་མ་ཡིན་པ་ཡང་ཡོད་དོ། །གཟུགས་ཅན་གང་དག་ཡིན་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་ ལས་དང་།ངག་གི་ལས་ཏེ། འདི་དག་ནི་གཟུགས་ཅན་ནོ། །གཟུགས་ཅན་མ་ཡིན་པ་གང་དག་ཡིན་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པ་སྟེ། འདི་དག་ནི་གཟུགས་ཅན་མ་ཡིན་པའོ།
問:與嗔恨俱生的諸法和與愚癡俱生的諸法,是業還是非業?答:有業也有非業。 問:什麼是業?答:與嗔恨俱生和與愚癡俱生的身業、語業和思,這是業。 問:什麼是非業?答:與嗔恨俱生和與愚癡俱生的受、想、觸、作意和識,這是非業。 問:與貪慾俱生的諸法是表業還是無表業?答:有表業也有無表業。 問:什麼是表業?答:與貪慾俱生的身表業和語表業,這是表業。 問:什麼是無表業?答:身無表業、語無表業,以及與貪慾俱生的受、想、思、觸、作意和識,這是無表業。 問:與嗔恨俱生和與愚癡俱生的諸法是表業還是無表業?答:有表業也有無表業。 問:什麼是表業?答:與嗔恨俱生和與愚癡俱生的身表業和語表業,這是表業。 問:什麼是無表業?答:與嗔恨俱生和與愚癡俱生的身無表業、語無表業,以及與嗔恨俱生和與愚癡俱生的受、想、思、觸、作意和識,這是無表業。 問:與貪慾俱生的諸法是色法還是非色法?答:有色法也有非色法。 問:什麼是色法?答:與貪慾俱生的身業和語業,這些是色法。 問:什麼是非色法?答:與貪慾俱生的受、想、思、觸、作意和識,這些是非色法。 問:與嗔恨俱生和與愚癡俱生的諸法是色法還是非色法?答:有色法也有非色法。 問:什麼是色法?答:與嗔恨俱生和與愚癡俱生的身業和語業,這些是色法。 問:什麼是非色法?答:與嗔恨俱生和與愚癡俱生的受、想、思、觸、作意和識,這些是非色法。
།ཆགས་པ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ཐོགས་པ་དང་བཅས་པ་ཞེས་བྱའམ། འོན་ཏེ་ཐོགས་པ་མེད་པ་ཞེས་བྱ་ཞེ་ན། སྨྲས་པ། ཐོགས་པ་དང་བཅས་པ་ཡང་ཡོད། ཐོགས་པ་མེད་པ་ཡང་ཡོད། ཐོགས་པ་དང་བཅས་པ་གང་དག་ཡིན་ཞེ་ན། སྨྲས་པ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་གི་རྣམ་པར་རིག་བྱེད་དེ། འདི་དག་ནི་ཐོགས་པ་དང་བཅས་པའོ། །ཐོགས་པ་མེད་པ་གང་དག་ཡིན་ཞེ་ན། སྨྲས་པ། ཆགས་པ་དང་ལྷན་ཅིག་འབྱུང་བའི ལུས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་།ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་དང་། ཆགས་པ་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པ་སྟེ། འདི་དག་ནི་ཐོགས་པ་མེད་པའོ། །ཞེ་སྡང་དང་ལྷན་ཅིག་ འབྱུང་བ་དང་།གཏི་མུག་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ཐོགས་པ་དང་བཅས་པ་ཞེས་བྱའམ། འོན་ཏེ་ཐོགས་པ་མེད་པ་ཞེས་བྱ་ཞེ་ན། སྨྲས་པ། ཐོགས་པ་དང་བཅས་པ་ཡང་ཡོད། ཐོགས་པ་མེད་པ་ཡང་ཡོད་དེ། །ཐོགས་པ་དང་བཅས་པ་གང་དག་ཡིན་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་ བ་དང་།གཏི་མུག་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་གི་རྣམ་པར་རིག་བྱེད་དེ། འདི་དག་ནི་ཐོགས་པ་དང་བཅས་པའོ། །ཐོགས་པ་མེད་པ་གང་དག་ཡིན་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་རྣམ་པར་ རིག་བྱེད་མ་ཡིན་པ་དང་།ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་དང་། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། རྣམ་པར་ཤེས་པ་སྟེ། འདི་དག་ནི་ཐོགས་པ་མེད་པའོ། །ཆགས་ པ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་སེམས་ལས་བྱུང་བ་ཞེས་བྱའམ།འོན་ཏེ་སེམས་ལས་བྱུང་བ་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ལས་བྱུང་བ་ཡང་ཡོད། སེམས་ལས་བྱུང་བ་མ་ཡིན་པ་ཡང་ཡོད་དོ། །སེམས་ལས་བྱུང་བ་གང་དག་ཡིན་ཞེ་ན། སྨྲས་པ། ཆགས་པ་དང་ ལྷན་ཅིག་འབྱུང་བའི་ཚོར་བ་དང་།འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་སྟེ། འདི་དག་ནི་སེམས་ལས་བྱུང་བའོ། །སེམས་ལས་བྱུང་བ་མ་ཡིན་པ་གང་དག་ཡིན་ཞེ་ན། སྨྲས་པ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། སེམས་ཏེ་འདི་དག་ ནི་སེམས་ལས་བྱུང་བ་མ་ཡིན་པའོ།།ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་སེམས་ལས་བྱུང་བ་ཞེས་བྱ་ཞེ་འམ། འོན་ཏེ་སེམས་ལས་བྱུང་བ་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ལས་བྱུང་བ་ཡང་ཡོད། སེམས་ལས་བྱུང་བ་མ་ ཡིན་པ་ཡང་ཡོད་དོ།།སེམས་ལས་བྱུང་བ་གང་དག་ཡིན་ཞེ་ན། སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་སྟེ། འདི་དག་ནི་སེམས་ལས་བྱུང་བའོ། །སེམས་ལས་བྱུང་ བ་མ་ཡིན་པ་གང་དག་ཡིན་ཞེ་ན།སྨྲས་པ། ཞེ་སྡང་དང་ལྷན་ཅིག་འབྱུང་བ་དང་། གཏི་མུག་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། སེམས་ཏེ། འདི་དག་ནི་སེམས་ལས་བྱུང་བ་མ་ཡིན་པའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་གང་ཡིན་པ་དེ་དག་ལས། དུ་ཞིག་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡང་ཡིན། དུ་ཞིག་ལས་ཀྱི་ལམ་ནི་ཡིན་ལ་ལས་ནི་མ་ཡིན་ཞེ་ན། སྨྲས་པ། བདུན་ནི་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡང་ཡིན་ཏེ། སྲོག་གཅོད་པ་དང་། མ་བྱིན པར་ལེན་པ་དང་།འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་རྣམས་སོ། །གསུམ་ནི་ལས་ཀྱི་ལམ་ཡིན་ལ། ལས་ནི་མ་ཡིན་ཏེ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་རྣམས་སོ།
問:與貪慾俱生的諸法是有礙還是無礙?答:有的是有礙,有的是無礙。問:哪些是有礙?答:與貪慾俱生的身表和語表,這些是有礙的。問:哪些是無礙?答:與貪慾俱生的身無表和語無表,以及與貪慾俱生的受、想、思、觸、作意、識,這些是無礙的。 問:與嗔恚俱生和與愚癡俱生的諸法是有礙還是無礙?答:有的是有礙,有的是無礙。問:哪些是有礙?答:與嗔恚俱生和與愚癡俱生的身表和語表,這些是有礙的。問:哪些是無礙?答:與嗔恚俱生和與愚癡俱生的身無表和語無表,以及與嗔恚俱生和與愚癡俱生的受、想、思、觸、作意、識,這些是無礙的。 問:與貪慾俱生的諸法是心所還是非心所?答:有的是心所,有的是非心所。問:哪些是心所?答:與貪慾俱生的受、想、思、觸、作意,這些是心所。問:哪些是非心所?答:與貪慾俱生的身業、語業和心,這些是非心所。 問:與嗔恚俱生和與愚癡俱生的諸法是心所還是非心所?答:有的是心所,有的是非心所。問:哪些是心所?答:與嗔恚俱生和與愚癡俱生的受、想、思、觸、作意,這些是心所。問:哪些是非心所?答:與嗔恚俱生和與愚癡俱生的身業、語業和心,這些是非心所。 從’十不善業道’開始廣說,在這十不善業道中,問:其中幾種既是業又是業道?幾種是業道而非業?答:七種既是業又是業道,即殺生、不與取、欲邪行、妄語、離間語、粗惡語和綺語。三種是業道而非業,即貪慾、嗔恚和邪見。
།ཅིའི་ ཕྱིར་ལས་ཀྱང་ཡིན་ལ།ལས་ཀྱི་ལམ་ཡང་ཡིན་ཞེ་ན། སྨྲས་པ། སྲོག་གཅོད་པའི་ལས་ནི་ད་ལྟར་དེ་བྱེད་པ་ཡང་ཡིན་ལ་སྲོག་གཅོད་པས་ཀུན་ནས་བསླང་བའི་སེམས་པ་རྣམས་ཀྱི་ལམ་དང་། བགྲོད་པ་དང་། སྲང་ཡང་ཡིན་ཏེ། རྒྱུ་དེས་ན་སྲོག་གཅོད་པ་ལས་ཀྱང་ཡིན་ལ། ལས་ཀྱི་ ལམ་ཡང་ཡིན་ནོ།།སྲོག་གཅོད་པ་ཇི་ལྟ་བ་བཞིན་དུ་མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་ཡང་དེ་དང་འདྲའོ། །ཅིའི་ཕྱིར་བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ ལས་ཀྱི་ལམ་ཡིན་ལ་ལས་མ་ཡིན་ཞེ་ན།སྨྲས་པ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ནི་ལས་ཀྱང་མ་ཡིན། བྱེད་པ་ཡང་མ་ཡིན་གྱི། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བས་ཀུན་ནས་བསླང་བའི་སེམས་ལས་བྱུང་བ་རྣམས་ཀྱི་ལམ་དང་། བགྲོད་པ་དང་། སྲང་ཡིན་ཏེ། རྒྱུ་དེས་ན་བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བས་ལས་ཀྱི་ལམ་ཡིན་ལ། ལས་མ་ཡིན་ནོ། །ཡང་དག་པར་མ་བསྡམས་པའི་སྡོམ་པ་བཅུ་གང་ཞེ་ན། སྨྲས་པ། བཅུ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ ལ་ལོག་པར་གཡེམ་པ་དང་།བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་རྣམས་སོ། །ཅིའི་ཕྱིར་སྲོག་གཅོད་པ་ཡང་དག་པར་མ་བསྡམས་པའི་སྡོམ་པ་ཡིན་ཞེ་ན། སྨྲས་པ། རྣམ་པར་རིག་བྱེད་ ཀྱི་དམིགས་པ་ལས་ཡང་དག་པར་མ་བསྡམས་པའི་ཕྱིར་ཏེ།མ་སྤངས་པས་ན་འདོད་པའི་ཁམས་ཐམས་ཅད་ཡང་དག་པར་མ་བསྡམས་པ་ཞེས་བརྗོད་པར་བྱའོ། །སྲོག་གཅོད་པ་ཇི་ལྟ་བ་བཞིན་དུ་མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་ དང་།ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་རྣམས་ཀྱང་དེ་དང་འདྲའོ། །ཅིའི་ཕྱིར་བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ཡང་དག་པར་མ་བསྡམས་པའི་སྡོམ་པ་ཡིན་ཞེ་ན། སྨྲས་པ། ཀུན་ནས་དཀྲིས་པས་དམིགས་པ་རྣམས་ལ་ཡང་དག་པར་མ་ བསྡམས་པའི་ཕྱིར་ཏེ།མ་སྤངས་པས་ན་ཐམས་ཅད་དུ་ཡང་དག་པར་མ་བསྡམས་པ་ཞེས་བརྗོད་པར་བྱའོ། །ལས་གདགས་པ་ཚིགས་ལྔ་པའོ།། །།སྡོམ་ནི། ཡང་དག་མ་བསྡམས་བཅུར་བསྟན་དང་། །དེ་ཡི་སྒོ་ནས་རྣམ་ལྔར་བཅད། །ཡང་དག་མ་བསྡོམས་སྡོམ་མིན་ བཅུ།།སྡོམ་པ་མ་ཡིན་གསུམ་པོ་དང་། །དེ་ཡི་སྒོ་ནས་རྣམ་པ་ལྔ། །སྲོག་གཅོད་པ་ནས་ལོག་པར་ལྟ་བའི་བར་དུ་སྡོམ་པ་མ་ཡིན་པ་ཡང་ཡིན་ལ། ལས་ཀྱང་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་ པར་གཡེམ་པ་དང་།བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པའོ། །སྡོམ་པ་མ་ཡིན་ལ། ལས་ནི་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའོ། །སྡོམ་པ་མ་ཡིན་པ་ཡང་ཡིན་ལ། རྣམ་པར་རིག་བྱེད་ཀྱང་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། སྲོག་གཅོད་པ་ལས་བྱུང་བའི་རྣམ་པར་རིག་བྱེད་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་ལས་བྱུང་བའི་རྣམ་པར རིག་བྱེད་དོ།།སྡོམ་པ་མ་ཡིན་པ་ཡིན་ལ། རྣམ་པར་རིག་བྱེད་ནི་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། སྲོག་གཅོད་པ་ལས་བྱུང་བའི་རྣམ་པར་རིག་བྱེད་མ་ཡིན་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་ལས་བྱུང་བའི་རྣམ་པར་རིག་བྱེད་མ་ཡིན་པའོ། །བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ཡང་དེ་དང་འདྲའོ། །སྡོམ་པ་མ་ཡིན་པ་ཡང་ཡིན་ལ། གཟུགས་ཀྱང་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད དེ།སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པའོ། །སྡོམ་པ་མ་ཡིན་པ་ཡིན་ལ། གཟུགས་ཀྱང་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། བརྣབ་སེམས་ དང་།གནོད་སེམས་དང་། ལོག་པར་ལྟ་བའོ།
問:為什麼既是業又是業道?答:殺生之業是現在所作,也是由殺生所引發的諸思之道、行徑和途徑,因此殺生既是業又是業道。如同殺生一樣,不與取、邪淫、妄語、離間語、粗惡語、綺語也是如此。 問:為什麼貪慾、嗔恚、邪見是業道而非業?答:貪慾、嗔恚、邪見既非業也非作業,而是由貪慾、嗔恚、邪見所引發的心所生諸法之道、行徑和途徑,因此貪慾、嗔恚、邪見是業道而非業。 問:什麼是十種不正禁?答:十種是殺生、不與取、邪淫、妄語、離間語、粗惡語、綺語、貪慾、嗔恚、邪見。 問:為什麼殺生是不正禁?答:因為從表業所緣未正禁止,由於未斷除,故說欲界一切皆是不正禁。如同殺生一樣,不與取、邪淫、妄語、離間語、粗惡語、綺語也是如此。 問:為什麼貪慾、嗔恚、邪見是不正禁?答:因為從煩惱所緣未正禁止,由於未斷除,故說一切皆是不正禁。 此為業施設第五品。偈曰:宣說十不正禁,依此分為五種,不正禁十種,非律儀有三種,依此分為五種。 問:從殺生乃至邪見,有既是非律儀又是業者嗎?答:有,即殺生、不與取、邪淫、妄語、離間語、粗惡語、綺語。 問:有是非律儀而非業者嗎?答:有,即貪慾、嗔恚、邪見。 問:有既是非律儀又是表業者嗎?答:有,即由殺生所生之表業、不與取、邪淫、妄語、離間語、粗惡語、綺語所生之表業。 問:有是非律儀而非表業者嗎?答:有,即由殺生所生之無表業、不與取、邪淫、妄語、離間語、粗惡語、綺語所生之無表業。貪慾、嗔恚、邪見也是如此。 問:有既是非律儀又是色法者嗎?答:有,即殺生、不與取、邪淫、妄語、離間語、粗惡語、綺語。 問:有是非律儀而非色法者嗎?答:有,即貪慾、嗔恚、邪見。
།སྡོམ་པ་མ་ཡིན་པ་ཡང་ཡིན་ལ། ཐོགས་པ་དང་བཅས་པ་ཡང་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། སྲོག་གཅོད་པ་ལས་བྱུང་བའི་རྣམ་པར་རིག་བྱེད་དེ། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་ སྨྲ་བ་དང་།ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་ལས་བྱུང་བའི་རྣམ་པར་རིག་བྱེད་དོ། །སྡོམ་པ་མ་ཡིན་པ་ཡང་ཡིན་ལ། ཐོགས་པ་ཡང་མེད་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའོ། །སྡོམ་པ་མ་ཡིན་པ་ཡང་ཡིན་ལ། སེམས་ལས་བྱུང་བ་ཡང་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ་ཡོད་དེ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའོ། །སྡོམ་པ་མ་ཡིན་པ་ཡིན་ལ། སེམས་ལས་བྱུང་བ་ནི་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ ལ་ལོག་པར་གཡེམ་པ་དང་།བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པའོ། །ལུས་ཀྱི་སྡོམ་པ་མ་ཡིན་པ་ནི་རྣམ་པ་གསུམ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པའོ། །ལུས་ཀྱི་སྡོམ་པ་མ་ཡིན་པ་ཡང་ཡིན་ ལ།ལས་ཀྱང་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། ཐམས་ཅད་དོ། ལུས་ཀྱི་སྡོམ་པ་མ་ཡིན་པ་ཡིན་ལ། ལས་ནི་མ་ཡིན་པ་ཡང་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། ལུས་ཀྱི་སྡོམ་པ་ཡང་ཡིན་ལ། རྣམ་པར་རིག་བྱེད་ཀྱང་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། སྲོག་གཅོད་པ་ལས་བྱུང་བའི་རྣམ་པར་རིག་བྱེད་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་ལས་བྱུང་བའི་རྣམ་པར་རིག་བྱེད་དོ། །ལུས་ཀྱི་སྡོམ་པ་མ་ཡིན་ལ། རྣམ་པར་རིག་བྱེད་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། སྲོག་གཅོད ལས་བྱུང་བའི་རྣམ་པར་རིག་བྱེད་མ་ཡིན་པ་དང་།མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་ལས་བྱུང་བའི་རྣམ་པར་རིག་བྱེད་མ་ཡིན་པའོ། །ལུས་ཀྱི་སྡོམ་པ་མ་ཡིན་པ་ཡང་ཡིན་ལ། གཟུགས་ཀྱང་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། ཐམས་ཅད་ དོ།།ལུས་ཀྱི་སྡོམ་པ་མ་ཡིན་པ་ཡིན་ལ། གཟུགས་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། །ལུས་ཀྱི་སྡོམ་པ་མ་ཡིན་པ་ཡང་ཡིན་ལ། ཐོགས་པ་དང་བཅས་པ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། སྲོག་གཅོད་པ་ལས་བྱུང་བའི་རྣམ་པར་རིག་བྱེད་དང་། མ་བྱིན་ པར་ལེན་པ་དང་།འདོད་པ་ལ་ལོག་པར་གཡེམ་པ་ལས་བྱུང་བའི་རྣམ་པར་རིག་བྱེད་དོ། །ལུས་ཀྱི་སྡོམ་པ་མ་ཡིན་པ་ཡིན་ལ། ཐོགས་པ་ནི་མེད་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། སྲོག་གཅོད་པ་ལས་བྱུང་བའི་རྣམ་པར་རིག་བྱེད་མ་ཡིན་པ་དང་། མ་བྱིན་པར་ལེན་པ་ དང་།འདོད་པ་ལ་ལོག་པར་གཡེམ་པ་ལས་བྱུང་བའི་རྣམ་པར་རིག་བྱེད་མ་ཡིན་པའོ། །ལུས་ཀྱི་སྡོམ་པ་མ་ཡིན་པ་ཡང་ཡིན་ལ། སེམས་ལས་བྱུང་བ་ཡང་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། །ལུས་ཀྱི་སྡོམ་པ་མ་ཡིན་པ་ཡིན་ལ། སེམས་ལས་བྱུང་བ་ནི་མ་ཡིན་པ་ ཡོད་དམ་ཞེ་ན།སྨྲས་པ། ཡོད་དེ། ཐམས་ཅད་དོ། །ངག་གི་སྡོམ་པ་མ་ཡིན་པ་ནི་རྣམ་པ་བཞི་སྟེ། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པའོ། །ངག་གི་སྡོམ་པ་མ་ཡིན་པ་ཡང་ཡིན་ལ། ལས་ཀྱང་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། ཐམས་ཅད་དོ། །ངག་གི་སྡོམ་པ་མ་ཡིན་པ་ཡིན་ལ། ལས་ནི་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། །ངག་གི་སྡོམ་པ་མ་ཡིན་པ་ཡང་ཡིན་ལ། རྣམ་པར་རིག་བྱེད་ཀྱང་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། བརྫུན་དུ་སྨྲ་བ་ལས་བྱུང་བའི་རྣམ་པར་རིག་བྱེད་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་ལས་བྱུང་བའི་རྣམ་པར་རིག་བྱེད་དོ། །ངག་གི་སྡོམ་པ་མ་ཡིན་པ་ཡིན་ལ། རྣམ་པར་རིག་བྱེད་ནི་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། བརྫུན་དུ་སྨྲ་བ་ལས་བྱུང་བའི་རྣམ་པར་རིག་བྱེད་མ་ཡིན་པ་དང་། ཕྲ་མ་དང་། ཚིག རྩུབ་པོ་དང་།ཚིག་ཀྱལ་པ་ལས་བྱུང་བའི་རྣམ་པར་རིག་བྱེད་མ་ཡིན་པའོ། །ངག་གི་སྡོམ་པ་མ་ཡིན་པ་ཡང་ཡིན་ལ། གཟུགས་ནི་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། ཐམས་ཅད་དོ། །ངག་གི་སྡོམ་པ་མ་ཡིན་ལ། གཟུགས་ནི་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། མེད་དོ།
問:是否有既是非律儀又是有對礙的?答:有,即殺生所生的表業,不與取、欲邪行、妄語、離間語、粗惡語、綺語所生的表業。 問:是否有既是非律儀又是無對礙的?答:有,即貪慾、害心、邪見。 問:是否有既是非律儀又是心所的?答:有,即貪慾、害心、邪見。 問:是否有是非律儀而非心所的?答:有,即殺生、不與取、欲邪行、妄語、離間語、粗惡語、綺語。 身體的非律儀有三種:殺生、不與取、欲邪行。 問:是否有既是身體非律儀又是業的?答:有,即全部。 問:是否有是身體非律儀而非業的?答:沒有。 問:是否有既是身體非律儀又是表業的?答:有,即殺生所生的表業、不與取、欲邪行所生的表業。 問:是否有是身體非律儀而非表業的?答:有,即殺生所生的無表業、不與取、欲邪行所生的無表業。 問:是否有既是身體非律儀又是色法的?答:有,即全部。 問:是否有是身體非律儀而非色法的?答:沒有。 問:是否有既是身體非律儀又是有對礙的?答:有,即殺生所生的表業、不與取、欲邪行所生的表業。 問:是否有是身體非律儀而無對礙的?答:有,即殺生所生的無表業、不與取、欲邪行所生的無表業。 問:是否有既是身體非律儀又是心所的?答:沒有。 問:是否有是身體非律儀而非心所的?答:有,即全部。 語言的非律儀有四種:妄語、離間語、粗惡語、綺語。 問:是否有既是語言非律儀又是業的?答:有,即全部。 問:是否有是語言非律儀而非業的?答:沒有。 問:是否有既是語言非律儀又是表業的?答:有,即妄語所生的表業、離間語、粗惡語、綺語所生的表業。 問:是否有是語言非律儀而非表業的?答:有,即妄語所生的無表業、離間語、粗惡語、綺語所生的無表業。 問:是否有既是語言非律儀又是色法的?答:有,即全部。 問:是否有是語言非律儀而非色法的?答:沒有。
། ངག་གི་སྡོམ་པ་མ་ཡིན་པ་ཡང་ཡིན་ལ། ཐོགས་པ་དང་བཅས་པ་ཡང་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། བརྫུན་དུ་སྨྲ་བ་ལས་བྱུང་བའི་རྣམ་པར་རིག་བྱེད་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་ལས་བྱུང་བའི་རྣམ་པར་རིག་བྱེད་དོ། །ངག་གི་སྡོམ་པ་མ་ཡིན་ལ། ཐོགས་པ་ནི་མེད་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དོ། །བརྫུན་དུ་སྨྲ་བ་ལས་བྱུང་བའི་རྣམ་པར་རིག་བྱེད་མ་ཡིན་པ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་རྐྱལ་པ་ལས་བྱུང་བའི་རྣམ་པར་རིག་བྱེད་མ་ཡིན་པའོ། །ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡིན་ལ། སེམས་ལས བྱུང་བ་ཡང་ཡིན་པ་ཡོད་དམ་ཞེ་ན།སྨྲས་པ། མེད་དོ། །ངག་གི་སྡོམ་པ་མ་ཡིན་པ་ཡིན་ལ། སེམས་ལས་བྱུང་བ་ནི་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། ཐམས་ཅད་དོ། །ཡིད་ཀྱི་སྡོམ་པ་མ་ཡིན་པ་ནི་རྣམ་པ་གསུམ་སྟེ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའོ། །ཡིད་ཀྱི་སྡོམ་པ་མ་ཡིན་པ་ཡང་ཡིན་ལ། ལས་ཀྱང་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། །ཡིད་ཀྱི་སྡོམ་པ་མ་ཡིན་པ་ཡིན་ལ། ལས་ནི་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། ཐམས་ཅད་དོ། །ཡིད་ཀྱི་སྡོམ་པ་མ་ཡིན་པ་ཡང་ཡིན་ལ། རྣམ པར་རིག་བྱེད་ཀྱང་མ་ཡིན་པ་ཡོད་དམ་ཞེ་ན།སྨྲས་པ། མེད་དོ། །ཡིད་ཀྱི་སྡོམ་པ་མ་ཡིན་པ་ཡིན་ལ་རྣམ་པར་རིག་བྱེད་ནི་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། ཐམས་ཅད་དོ། །ཡིད་ཀྱི་སྡོམ་པ་མ་ཡིན་པ་ཡང་ཡིན་ལ། གཟུགས་ཀྱང་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། །ཡིད་ཀྱི་སྡོམ་པ་མ་ཡིན་པ་ཡིན་ལ་གཟུགས་ནི་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། ཐམས་ཅད་དོ། །ཡིད་ཀྱི་སྡོམ་པ་མ་ཡིན་པ་ཡང་ཡིན་ལ། ཐོགས་པ་དང་བཅས་པ་ཡང་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། །ཡིད་ཀྱི་སྡོམ་པ་མ་ཡིན་པ་ཡིན་ལ། ཐོགས པ་ནི་མེད་པ་ཡོད་དམ་ཞེ་ན།སྨྲས་པ། ཡོད་དེ་ཐམས་ཅད་དོ། །ཡིད་ཀྱི་སྡོམ་པ་མ་ཡིན་པ་ཡང་ཡིན་ལ་སེམས་ལས་བྱུང་བ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། ཐམས་ཅད་དོ། །ཡིད་ཀྱི་སྡོམ་པ་མ་ཡིན་པ་ཡང་ཡིན་ལ། སེམས་ལས་བྱུང་བའི་ནི་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། །ལས་གདགས་པ་ཚིགས་དྲུག་པའོ།། །།སྡོམ་ནི། སྡོམ་པ་མ་ཡིན་ལྔ་ཚན་བཞི། །དྲུག་ཚན་དག་ཀྱང་རབས་ལྔར་བཅད། །སྡོམ་མིན་རྣམས་ནི་ལྔ་དང་དགུ། །བཅོ་ལྔ་དང་ནི་དགུ་བཅུ་བརྒྱད། །ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ནི་ལྔ་ཡོད་དེ། ལྔ་གང་ཞེ་ན། སྨྲས་པ། ལུས་ཀྱི་སྒོ་ནས་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། ངག་གི་སྒོ་ནས་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། ཡིད་ཀྱི་སྒོ་ནས་རྣམ་པར་རིག་བྱེད་མ་ཡིན་པའོ། །གཞན་ཡང་ཡང་དག་པར་མ་བསྡམས་པའི་སྡོམ་པ་ལྔ ཡོད་དེ།ལུས་ཀྱི་སྒོ་ནས་ཐོགས་པ་དང་བཅས་པ་དང་། ཐོགས་པ་མེད་པ་དང་། ངག་གི་སྒོ་ནས་ཐོགས་པ་དང་བཅས་པ་དང་། ཐོགས་པ་མེད་པ་དང་། ཡིད་ཀྱི་སྒོ་ནས་ཐོགས་པ་མེད་པའོ། །གཞན་ཡང་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ལྔ་ཡོད་དེ། འདོད་པ་དང་ མཚུངས་པར་ལྡན་པའི་ཐོགས་པ་དང་བཅས་པ་དང་།ཐོགས་པ་མེད་པ་དང་། གཟུགས་དང་མཚུངས་པར་ལྡན་པའི་ཐོགས་པ་དང་བཅས་པ་དང་། ཐོགས་པ་མེད་པ་དང་། གཟུགས་མེད་པ་དང་། མཚུངས་པར་ལྡན་པའི་ཐོགས་པ་མེད་པའོ། །གཞན་ཡང་ཡང་དག་པར་མ་བསྡམས་ པའི་སྡོམ་པ་མ་ཡིན་པ་ལྔ་ཡོད་དེ།འདོད་པ་དང་མཚུངས་པར་ལྡན་པའི་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། གཟུགས་དང་མཚུངས་པར་ལྡན་པའི་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། གཟུགས་མེད་པ་དང་མཚུངས་པར་ལྡན་པའི་རྣམ་པར་ རིག་བྱེད་མ་ཡིན་པའོ།།ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་དྲུག་ཡོད་དེ། འདོད་པ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་དང་། སེམས་ལས་བྱུང་བ་མ་ཡིན་པ་དང་། གཟུགས་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་དང་། སེམས་ ལས་བྱུང་བ་མ་ཡིན་པ་དང་།གཟུགས་མེད་པ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་དང་། སེམས་ལས་བྱུང་བ་མ་ཡིན་པའོ།
問:是否有既是不律儀又是有對礙的語言?答:有,即妄語所生的表業、離間語、粗惡語、綺語所生的表業。 問:是否有語言不律儀而無對礙的?答:有,即妄語所生的無表業、離間語、粗惡語、綺語所生的無表業。 問:是否有既是語言無表業又是心所的?答:沒有。 問:是否有是語言不律儀而非心所的?答:有,即一切。 意的不律儀有三種:貪慾、害心、邪見。 問:是否有既是意的不律儀又是業的?答:沒有。 問:是否有是意的不律儀而非業的?答:有,即一切。 問:是否有既是意的不律儀又非表業的?答:沒有。 問:是否有是意的不律儀而非表業的?答:有,即一切。 問:是否有既是意的不律儀又是色法的?答:沒有。 問:是否有是意的不律儀而非色法的?答:有,即一切。 問:是否有既是意的不律儀又是有對礙的?答:沒有。 問:是否有是意的不律儀而無對礙的?答:有,即一切。 問:是否有既是意的不律儀又是心所的?答:有,即一切。 問:是否有是意的不律儀而非心所的?答:沒有。 這是業施設第六品。 總偈:不律儀四個五組,六組亦分五類,不律儀有五、九、十五及九十八。 不正律儀的不律儀有五種,哪五種?答:從身門的表業和無表業,從語門的表業和無表業,從意門的無表業。 又有五種不正律儀:從身門的有對礙和無對礙,從語門的有對礙和無對礙,從意門的無對礙。 又有五種不正律儀:與欲界相應的有對礙和無對礙,與色界相應的有對礙和無對礙,與無色界相應的無對礙。 又有五種不正律儀:與欲界相應的表業和無表業,與色界相應的表業和無表業,與無色界相應的無表業。 不正律儀有六種:與欲界相應的心所和非心所,與色界相應的心所和非心所,與無色界相應的心所和非心所。
།གཞན་ཡང་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་དྲུག་ཡོད་དེ། འདོད་པ་དང་མཚུངས་པར་ལྡན་པའི་སེམས་དང་ལྡན་པ་དང་། སེམས་ དང་མི་ལྡན་པ་དང་།གཟུགས་དང་མཚུངས་པར་ལྡན་པའི་སེམས་དང་ལྡན་པ་དང་། སེམས་དང་མི་ལྡན་པ་དང་། གཟུགས་མེད་པ་དང་མཚུངས་པར་ལྡན་པའི་སེམས་དང་ལྡན་པ་དང་། སེམས་དང་མི་ལྡན་པའོ། །གཞན་ཡང་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་དྲུག་ ཡོད་དེ།འདོད་པ་དང་མཚུངས་པར་ལྡན་པའི་དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པ་དང་། གཟུགས་དང་མཚུངས་པར་ལྡན་པའི་དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པ་དང་། གཟུགས་མེད་པ་དང་མཚུངས་པར་ལྡན་པའི་དམིགས་པ་དང་བཅས་པ་དང་ དམིགས་པ་མེད་པའོ།།གཞན་ཡང་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་དྲུག་ཡོད་དེ། འདོད་པ་དང་མཚུངས་པར་ལྡན་པའི་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་དང་། གཟུགས་དང་མཚུངས་པར་ལྡན་པའི་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་དང་། གཟུགས་མེད་པ་དང་མཚུངས་པར་ལྡན་པའི་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའོ། །གཞན་ཡང་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་དྲུག་ཡོད་དེ། མིག་གི་སྡོམ་པ་མ་ཡིན་པ་དང་། རྣ་བ་དང་། སྣ་དང་། ལྕེ དང་།ལུས་དང་། ཡིད་ཀྱི་སྡོམ་པ་མ་ཡིན་པའོ། །གང་མིག་གི་སྡོམ་པ་མ་ཡིན་པ་དང་ལྡན་པ་དེ། རྣ་བའི་སྡོམ་པ་མ་ཡིན་པ་དང་ཡང་ལྡན་ནམ་ཞེ་ན། སྨྲས་པ། དེ་ཡིན་ནོ། །གང་རྣ་བའི་སྡོམ་པ་མ་ཡིན་པ་དང་ལྡན་པ་དེ། མིག་གི་སྡོམ་པ་མ་ཡིན་པ་དང་ལྡན་ནམ་ཞེ་ན། སྨྲས་པ། དེ་ ཡིན་ནོ།།མིག་གི་སྡོམ་པ་མ་ཡིན་པ་དང་། རྣ་བའི་སྡོམ་པ་མ་ཡིན་པ་ཇི་ལྟ་བ་བཞིན་དུ་ལུས་ཀྱི་སྡོམ་པ་མ་ཡིན་པ་ཡང་དེ་དང་འདྲའོ། །གང་མིག་གི་སྡོམ་པ་མ་ཡིན་པ་དང་ལྡན་པ་དེ། སྣའི་སྡོམ་པ་མ་ཡིན་པ་དང་ཡང་ལྡན་ནམ་ཞེ་ན། སྨྲས་པ། གང་སྣའི་སྡོམ་པ་མ་ཡིན་པ་ དང་ལྡན་པ་དེ་ནི་མིག་གི་སྡོམ་པ་མ་ཡིན་པ་དང་ལྡན་ནོ།།མིག་གི་སྡོམ་པ་མ་ཡིན་པ་དང་ལྡན་ལ། སྣའི་སྡོམ་པ་མ་ཡིན་པ་དང་ནི་མི་ལྡན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། དཔེར་ན་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ། ཚངས་པའི་འཇིག་རྟེན་ལས་ནི་འདོད་ ཆགས་དང་མ་བྲལ་བ་ལྟ་བུའོ།།མིག་གི་སྡོམ་པ་མ་ཡིན་པ་དང་། སྣའི་སྡོམ་པ་མ་ཡིན་པ་ཇི་ལྟ་བ་བཞིན་དུ་ལྕེའི་སྡོམ་པ་མ་ཡིན་པ་ཡང་དེ་དང་འདྲའོ། །གང་མིག་གི་སྡོམ་པ་མ་ཡིན་པ་དང་ལྡན་པ་དེ། ཡིད་ཀྱི་སྡོམ་པ་མ་ཡིན་པ་དང་ལྡན་ནམ་ཞེ་ན། སྨྲས་པ། གང་མིག་གི་སྡོམ་ པ་མ་ཡིན་པ་དང་ལྡན་པ་དེ་ནི།ཡིད་ཀྱི་སྡོམ་པ་མ་ཡིན་པ་དང་ལྡན་ནོ། །ཡིད་ཀྱི་སྡོམ་པ་མ་ཡིན་པ་དང་ལྡན་ལ། མིག་གི་སྡོམ་པ་མ་ཡིན་པ་དང་ནི་མི་ལྡན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། དཔེར་ན་ཚངས་པའི་འཇིག་རྟེན་ལས་འདོད་ཆགས་དང་བྲལ་ལ། གོང་མའི་འདོད་ ཆགས་དང་མ་བྲལ་བ་ལྟ་བུའོ།།ཇི་ལྟར་མིག་གི་སྡོམ་པ་མ་ཡིན་པ་དང་། སྔ་མ་བཞིན་དུ་སྦྱར་བ་དེ་བཞིན་དུ། རྣ་བ་དང་ལུས་ཀྱི་སྡོམ་པ་མ་ཡིན་པ་དང་ཡང་སྔ་མ་བཞིན་དུ་སྦྱར་རོ། །གང་སྣའི་སྡོམ་པ་མ་ཡིན་པ་དང་ལྡན་པ་དེ། ལྕེའི་སྡོམ་པ་མ་ཡིན་པ་དང་ལྡན་ནམ་ཞེ་ན། སྨྲས་པ། དེ་ནི་མ་ཡིན་ནོ། །གང་ལྕེའི་སྡོམ་པ་མ་ཡིན་པ་དང་ལྡན་པ་དེ་སྣའི་སྡོམ་པ་མ་ཡིན་པ་དང་ཡང་ལྡན་ནམ་ཞེ་ན། སྨྲས་པ། དེ་ཡིན་ནོ། །གང་སྣའི་སྡོམ་པ་མ་ཡིན་པ་དང་ལྡན་པ་དེ། ཡིད་ཀྱི་སྡོམ་པ་མ་ཡིན་པ་དང་ལྡན་ནམ་ཞེ་ན། སྨྲས་པ། གང་སྣའི་སྡོམ་པ་མ་ཡིན་པ་དང ལྡན་པ་དེ་ནི་ཡིད་ཀྱི་སྡོམ་པ་མ་ཡིན་པ་དང་ཡང་ལྡན་ནོ།།ཡིད་ཀྱི་སྡོམ་པ་མ་ཡིན་པ་དང་ལྡན་པ་དེ། སྣའི་སྡོམ་པ་མ་ཡིན་པ་དང་ལྡན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། དཔེར་ན་འདོད་པ་རྣམས་ལ་འདོད་ཆགས་དང་བྲལ་ལ། གཟུགས་རྣམས་ལ་ནི་འདོད་ཆགས་དང་མ་བྲལ་བ་ལྟ་བུའོ། ། ཇི་ལྟར་སྣའི་སྡོམ་པ་མ་ཡིན་པ་སྔ་མ་བཞིན་དུ་སྦྱར་བ་དེ་བཞིན་དུ་ལྕེའི་སྡོམ་པ་མ་ཡིན་པ་ཡང་སྔ་མ་བཞིན་དུ་སྦྱར་རོ།
此外還有六種不正確約束的非律儀:與欲界相應的有心的和無心的,與色界相應的有心的和無心的,與無色界相應的有心的和無心的。 此外還有六種不正確約束的非律儀:與欲界相應的有所緣的和無所緣的,與色界相應的有所緣的和無所緣的,與無色界相應的有所緣的和無所緣的。 此外還有六種不正確約束的非律儀:與欲界相應的見斷和修斷,與色界相應的見斷和修斷,與無色界相應的見斷和修斷。 此外還有六種不正確約束的非律儀:眼的非律儀、耳的、鼻的、舌的、身的和意的非律儀。 若具有眼的非律儀者,是否也具有耳的非律儀?答:是的。若具有耳的非律儀者,是否具有眼的非律儀?答:是的。 如同眼的非律儀和耳的非律儀一樣,身的非律儀也是如此。 若具有眼的非律儀者,是否也具有鼻的非律儀?答:若具有鼻的非律儀者,則具有眼的非律儀。 是否有人具有眼的非律儀而不具有鼻的非律儀?答:有,例如已離欲界貪而未離梵世貪者。 如同眼的非律儀和鼻的非律儀一樣,舌的非律儀也是如此。 若具有眼的非律儀者,是否具有意的非律儀?答:若具有眼的非律儀者,則具有意的非律儀。 是否有人具有意的非律儀而不具有眼的非律儀?答:有,例如已離梵世貪而未離上界貪者。 如同眼的非律儀前述般配對,耳和身的非律儀也如前述般配對。 若具有鼻的非律儀者,是否具有舌的非律儀?答:不是。若具有舌的非律儀者,是否也具有鼻的非律儀?答:是的。 若具有鼻的非律儀者,是否具有意的非律儀?答:若具有鼻的非律儀者,則也具有意的非律儀。 是否有人具有意的非律儀而具有鼻的非律儀?答:有,例如已離欲界貪而未離色界貪者。 如同鼻的非律儀前述般配對,舌的非律儀也如前述般配對。
།ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ནི་ལྔ་སྟེ། ལྔ་གང་ཞེ་ན། སྨྲས་པ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཡང་དག་པར མ་བསྡམས་པའི་སྡོམ་པ་མ་ཡིན་པ་དང་།ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པའོ། །ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ནི་དགུ་སྟེ། དགུ་གང་ཞེ་ན། སྨྲས་པ། སྡུག་བསྔལ་ལ་ཆོས་ཤེས་པས་སྤང་བར་བྱ་བའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པས་སྤང་བར་བྱ་བ་དང་། ཀུན་འབྱུང་བ་ལ་ཆོས་ཤེས་པས་སྤང་བར་བྱ་བ་དང་། ཀུན་འབྱུང་བ་ལ་རྗེས་སུ་ཤེས་པས་སྤང་བར་བྱ་བ་དང་། འགོག་པ་ལ་ཆོས ཤེས་པས་སྤང་བར་བྱ་བ་དང་།འགོག་པ་ལ་རྗེས་སུ་ཤེས་པས་སྤང་བར་བྱ་བ་དང་། ལམ་ལ་ཆོས་ཤེས་པས་སྤང་བར་བྱ་བ་དང་། ལམ་ལ་རྗེས་སུ་ཤེས་པས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པའོ། །ཡང་དག་པར་མ་ བསྡོམས་པའི་སྡོམ་པ་མ་ཡིན་པ་ནི་བཅོ་ལྔ་སྟེ།བཅོ་ལྔ་གང་ཞེ་ན། སྨྲས་པ། འདོད་པ་དང་མཚུངས་པར་ལྡན་པ་ལྔ་དང་གཟུགས་དང་མཚུངས་པར་ལྡན་པ་ལྔ་དང་། གཟུགས་མེད་པ་དང་མཚུངས་པར་ལྡན་པ་ལྔའོ། །འདོད་པ་དང་མཚུངས་པར་ལྡན་པའི་ཡང་དག་པར་མ་བསྡམས་ པའི་སྡོམ་པ་མ་ཡིན་པ་ལྔ་གང་ཞེ་ན།སྨྲས་པ། འདོད་པ་དང་མཚུངས་པར་ལྡན་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་གང་ཡིན་པ་དང་། འདོད་པ་དང་མཚུངས་པར་ལྡན་པ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་ པས་སྤང་བར་བྱ་བའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པའོ།།འདོད་པ་དང་མཚུངས་པར་ལྡན་པ་ཇི་ལྟ་བ་བཞིན་དུ། གཟུགས་དང་། གཟུགས་མེད་པ་དང་མཚུངས་པར་ལྡན་པ་ཡང་དེ་དང་འདྲའོ། །ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ནི་དགུ་བཅུ་རྩ་ བརྒྱད་དེ།དགུ་བཅུ་རྩ་བརྒྱད་གང་ཞེ་ན། སྨྲས་པ། འདོད་པ་དང་མཚུངས་པར་ལྡན་པ་སུམ་ཅུ་རྩ་དྲུག་དང་། གཟུགས་དང་མཚུངས་པར་ལྡན་པ་སུམ་ཅུ་རྩ་གཅིག་དང་། གཟུགས་མེད་པ་དང་མཚུངས་པར་ལྡན་པ་སུམ་ཅུ་རྩ་གཅིག་གོ། །འདོད་པ་དང་མཚུངས་པར་ལྡན་པའི་ཡང་དག་ པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་སུམ་ཅུ་རྩ་དྲུག་གང་ཞེ་ན།སྨྲས་པ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་དང་། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་བདུན་དང་། འགོག་པ་མཐོང་བས་སྤང་བར་བྱ་བ་བདུན་དང་། ལམ་མཐོང་བས་སྤང་བར་བྱ་བ་བརྒྱད་དང་། བསྒོམ་ པས་སྤང་བར་བྱ་བ་བཞིའོ།།གཟུགས་དང་མཚུངས་པར་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་སུམ་ཅུ་རྩ་གཅིག་གང་ཞེ་ན། སྨྲས་པ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དགུ་དང་། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་དྲུག་དང་། འགོག་པ་ མཐོང་བས་སྤང་བར་བྱ་བ་དྲུག་དང་།ལམ་མཐོང་བས་སྤང་བར་བྱ་བ་བདུན་དང་། བསྒོམ་པས་སྤང་བར་བྱ་བ་གསུམ་མོ། །གཟུགས་དང་མཚུངས་པར་ལྡན་པ་རྣམས་ཇི་ལྟ་བ་བཞིན་དུ། གཟུགས་མེད་པ་དང་མཚུངས་པར་ལྡན་པ་རྣམས་ཀྱང་དེ་དང་འདྲའོ། །འདོད་པ་དང་ མཚུངས་པར་ལྡན་པའི་མ་བསྡམས་པའི་སྡོམ་པ་མ་ཡིན་པ་བཅུ་གང་ཞེ་ན།སྨྲས་པ། འདོད་པ་དང་མཚུངས་པར་ལྡན་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པའོ། །འདོད་པ་དང་མཚུངས་པར་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་བདུན་གང་ཞེ་ན། སྨྲས་པ། འདོད་པ་དང་མཚུངས པར་ལྡན་པ་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང་།ལྟ་བ་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པའོ།
不正確的非律儀有五種,哪五種呢?答曰:見苦所斷的不正確非律儀、見集所斷的、見滅所斷的、見道所斷的、修所斷的不正確非律儀。 不正確的非律儀有九種,哪九種呢?答曰:苦法智所斷的不正確非律儀、苦類智所斷的、集法智所斷的、集類智所斷的、滅法智所斷的、滅類智所斷的、道法智所斷的、道類智所斷的、修所斷的不正確非律儀。 不正確的非律儀有十五種,哪十五種呢?答曰:與欲界相應的五種、與色界相應的五種、與無色界相應的五種。與欲界相應的不正確非律儀五種是哪些呢?答曰:與欲界相應的見苦所斷的不正確非律儀、與欲界相應的見集所斷的、見滅所斷的、見道所斷的、修所斷的不正確非律儀。如同與欲界相應的一樣,與色界、無色界相應的也是如此。 不正確的非律儀有九十八種,哪九十八種呢?答曰:與欲界相應的三十六種、與色界相應的三十一種、與無色界相應的三十一種。與欲界相應的不正確非律儀三十六種是哪些呢?答曰:見苦所斷的十種、見集所斷的七種、見滅所斷的七種、見道所斷的八種、修所斷的四種。 與色界相應的不正確非律儀三十一種是哪些呢?答曰:見苦所斷的九種、見集所斷的六種、見滅所斷的六種、見道所斷的七種、修所斷的三種。如同與色界相應的一樣,與無色界相應的也是如此。 與欲界相應的不正確非律儀十種是哪些呢?答曰:與欲界相應的見苦所斷的薩迦耶見、邊執見、邪見、見取見、戒禁取見、疑、貪慾、嗔恚、慢、無明。 與欲界相應的不正確非律儀七種是哪些呢?答曰:與欲界相應的見集所斷的邪見、見取見、疑、貪慾、嗔恚、慢、無明。
།འདོད་པ་དང་མཚུངས་པར་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ བདུན་གང་ཞེ་ན།སྨྲས་པ། འདོད་ཆགས་དང་མཚུངས་པར་ལྡན་པའི་འོག་པ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པའོ། །འདོད་པ་ དང་མཚུངས་པར་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་བརྒྱད་གང་ཞེ་ན།འདོད་པ་དང་མཚུངས་པར་ལྡན་པའི་ལམ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ ཚོམ་དང་།འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པའོ། །འདོད་པ་དང་མཚུངས་པར་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་བཞི་གང་ཞེ་ན། སྨྲས་པ། འདོད་པ་དང་མཚུངས་པར་ལྡན་པ་བསྒོམ་པས་སྤང་བར་བྱ་བའི་འདོད་ཆགས་དང་། ཁོང་ ཁྲོ་བ་དང་།ང་རྒྱལ་དང་། མ་རིག་པའོ། །འདོད་པ་དང་མཚུངས་པར་ལྡན་པ་ཇི་ལྟ་བ་བཞིན་དུ་གཟུགས་དང་། གཟུགས་མེད་པ་དང་མཚུངས་པར་ལྡན་པ་ཡང་དེ་དང་འདྲ་སྟེ། ཁོང་ཁྲོ་བ་ནི་མ་གཏོགས་སོ། །ཅིའི་ཕྱིར་འདོད་པ་དང་མཚུངས་བར་ལྡན་པའི་འཇིག་ཚོགས་ལ་ལྟ་བ་ཡང་ དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ཞེས་བྱ་ཞེ་ན།སྨྲས་པ། ཀུན་ནས་དཀྲིས་པའི་ཕྱིར་ནི་དམིགས་པ་ལ་ཡང་དག་པར་མ་བསྡམས་ལ་མ་སྤངས་པའི་ཕྱིར་ནི། འདོད་པའི་ཁམས་ཐམས་ཅད་ལ་ཡང་དག་པར་མ་བསྡམས་པ་ཞེས་བྱའོ། །འཇིག་ཚོགས་ལ་ལྟ་བ་ཇི་ལྟ་བ་ བཞིན་དུ་མཐར་འཛིན་པར་ལྟ་བ་དང་།སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། མ་རིག་པ་ཀུན་དུ་འགྲོ་བ་རྣམས་ཀྱང་དེ་དང་འདྲའོ། །ཅིའི་ཕྱིར་འདོད་པ་དང་ མཚུངས་པར་ལྡན་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་འདོད་ཆགས་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ཞེས་བྱ་ཞེ་ན།སྨྲས་པ། ཀུན་ནས་དཀྲིས་པའི་ཕྱིར་ནི་དམིགས་པ་ལ་ཡང་དག་པར་མ་བསྡམས་ལ། མ་སྤངས་པའི་ཕྱིར་ནི་འདོད་པ་དང་མཚུངས་པར་ལྡན་པའི་ སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཆོས་རྣམས་ལ་ཡང་དག་པར་མ་བསྡམས་པ་ཞེས་བྱའོ།།འདོད་པ་དང་མཚུངས་པར་ལྡན་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་འདོད་ཆགས་ཇི་ལྟ་བ་བཞིན་དུ་ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་རྣམས་ཀྱང་དེ་དང་འདྲའོ། །ཐམས་ ཅད་དུ་འགྲོ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་ཇི་ལྟ་བ་བཞིན་དུ།ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་དེ་དང་འདྲ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་ནི་མ་གཏོགས་སོ། །ཅིའི་ཕྱིར་འདོད་པ་དང་མཚུངས་པར་ལྡན་པ་འགོག་ པ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ཞེས་བྱ་ཞེ་ན།སྨྲས་པ། ཀུན་ནས་དཀྲིས་པའི་ཕྱིར་ནི་དམིགས་པ་ལ་ཡང་དག་པར་མ་བསྡམས་ལ། མ་སྤངས་པའི་ཕྱིར་ནི་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱིས་ཡང་དག་ པར་མ་བསྡམས་པ་ཞེས་བྱའོ།།འདོད་པ་དང་མཚུངས་པར་ལྡན་པ་འགོག་པ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་ཇི་ལྟ་བ་བཞིན་དུ་ཐེ་ཚོམ་དང་། མ་རིག་པ་ཟག་པ་མེད་པ་ལ་དམིགས་པ་ཡང་དེ་དང་འདྲའོ། །ཅིའི་ཕྱིར་འདོད་པ་དང་མཚུངས་པར་ལྡན་པ་འགོག་པ་ མཐོང་བས་སྤང་བར་བྱ་བའི་ལྟ་བ་མཆོག་ཏུ་འཛིན་པ་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ཞེས་བྱ་ཞེ་ན།སྨྲས་པ། ཀུན་ནས་དཀྲིས་པའི་ཕྱིར་ནི་དམིགས་པ་ལ་ཡང་དག་པར་མ་བསྡམས་ལ། མ་སྤངས་པའི་ཕྱིར་ནི་འདོད་པ་དང་མཚུངས་པར་ལྡན་པ་འགོག་པ་མཐོང་ བས་སྤང་བར་བྱ་བའི་ཆོས་རྣམས་ཀྱིས་ཡང་དག་པར་མ་བསྡམས་པ་ཞེས་བྱའོ།།འདོད་པ་དང་མཚུངས་པར་ལྡན་པ་འགོག་པ་མཐོང་བས་སྤང་བར་བྱ་བའི་ལྟ་བ་མཆོག་ཏུ་འཛིན་པ་ཇི་ལྟ་བ་བཞིན་དུ་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་ཟག་པ་དང་བཅས་པ་ ལ་དམིགས་པ་རྣམས་ཀྱང་དེ་དང་འདྲའོ།
什麼是與欲界相應的七種不正禁制的非律儀?答:與貪慾相應的見道所斷的邪見、見取見、疑惑、貪慾、嗔恚、我慢和無明。 什麼是與欲界相應的八種不正禁制的非律儀?與欲界相應的修道所斷的邪見、見取見、戒禁取見、疑惑、貪慾、嗔恚、我慢和無明。 什麼是與欲界相應的四種不正禁制的非律儀?答:與欲界相應的修道所斷的貪慾、嗔恚、我慢和無明。 如同與欲界相應的一樣,與色界、無色界相應的也是相同的,只是除去嗔恚。 為什麼說與欲界相應的身見是不正禁制的非律儀呢?答:由於煩惱的緣故,對所緣境不能正確禁制,由於未斷除的緣故,對欲界一切不能正確禁制。 如同身見一樣,邊執見、苦諦所斷的邪見、見取見、戒禁取見、疑惑和遍行無明等也是如此。 為什麼說與欲界相應的苦諦所斷的貪慾是不正禁制的非律儀呢?答:由於煩惱的緣故,對所緣境不能正確禁制,由於未斷除的緣故,對與欲界相應的苦諦所斷諸法不能正確禁制。 如同與欲界相應的苦諦所斷的貪慾一樣,嗔恚、我慢和無明也是如此。 如同苦諦所斷的遍行煩惱一樣,集諦所斷的也是相同的,只是除去身見和邊執見。 為什麼說與欲界相應的滅諦所斷的邪見是不正禁制的非律儀呢?答:由於煩惱的緣故,對所緣境不能正確禁制,由於未斷除的緣故,對與之相應的諸法不能正確禁制。 如同與欲界相應的滅諦所斷的邪見一樣,疑惑和緣無漏的無明也是如此。 為什麼說與欲界相應的滅諦所斷的見取見是不正禁制的非律儀呢?答:由於煩惱的緣故,對所緣境不能正確禁制,由於未斷除的緣故,對與欲界相應的滅諦所斷諸法不能正確禁制。 如同與欲界相應的滅諦所斷的見取見一樣,緣有漏的貪慾、嗔恚、我慢和無明也是如此。
།འགོག་པ་མཐོང་བས་སྤང་བར་བྱ་བ་རྣམ་མ་ཇི་ལྟ་བ་བཞིན་དུ་ལམ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་དེ་དང་འདྲ་སྟེ། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པར་བསྟན་པར་བྱའོ། །ཅིའི་ཕྱིར་འདོད་པ་དང་མཚུངས་པར་ ལྡན་པ་བསྒོམ་པས་སྤང་བར་བྱ་བའི་འདོད་ཆགས་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ཞེས་བྱ་ཞེ་ན།སྨྲས་པ། ཀུན་ནས་དཀྲིས་པའི་ཕྱིར་ནི་དམིགས་པ་ལ་ཡང་དག་པར་མ་བསྡམས་ལ། མ་སྤངས་པའི་ཕྱིར་ནི་འདོད་པ་དང་མཚུངས་པར་ལྡན་ པ་བསྒོམ་པས་སྤང་བར་བྱ་བའི་ཆོས་རྣམས་ཀྱིས་ཡང་དག་པར་མ་བསྡམས་པ་ཞེས་བྱའོ།།འདོད་པ་དང་མཚུངས་པར་ལྡན་པ་བསྒོམ་པས་སྤང་བར་བྱ་བའི་འདོད་ཆགས་ཇི་ལྟ་བ་བཞིན་དུ་ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་ཡང་དེ་དང་འདྲའོ། །འདོད་པ་དང་མཚུངས་པར་ ལྡན་པ་རྣམས་ཇི་ལྟ་བ་བཞིན་དུ།གཟུགས་དང་གཟུགས་མེད་པ་དང་མཚུངས་པར་ལྡན་པ་རྣམས་ཀྱང་དེ་དང་འདྲ་བར་བརྗོད་པར་བྱའོ། །ལས་གདགས་པ་ཚིགས་བདུན་པའོ།། །།སྡོམ་ནི། ཡང་དག་མ་བསྡམས་སྡོམ་མིན་ནི། །སུམ་ཅུ་རྩ་དྲུག་བསྟན་པ་སྟེ། །ཁམས་ཀྱི་སྒོ་ནས་ སྡོམ་མིན་གསུམ།།སེམས་དང་མི་ལྡན་དྲུག་པོ་ལས། །སྡོམ་པ་མ་ཡིན་ཐ་མ་རྣམས། །དེ་བཞིན་དཀར་པོའི་ཕྱོགས་ལ་ཡང་། །རྒྱས་པ་དྲག་ཏུ་སྦྱར་བར་བྱ། །རྩ་བ་གསུམ་ལས་བཟུང་ནས་ཀྱང་། །དེ་ཡི་རྗེས་ལ་དྲི་བར་བྱ། །ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་སུམ་ ཅུ་རྩ་དྲུག་གང་ཞེ་ན།སྨྲས་པ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་དང་། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་བདུན་དང་། འགོག་པ་མཐོང་བས་སྤང་བར་བྱ་བ་བདུན་དང་། ལམ་མཐོང་བས་སྤང་བར་བྱ་བ་བརྒྱད་དང་། བསྒོམ་པས་སྤང་བར་བྱ་བ་བཞིའོ། །སྡུག་བསྔལ་ མཐོང་བས་སྤང་བར་བྱ་བའི་ཡང་དག་པར་མ་བསྡོམས་པའི་སྡོམ་པ་མ་ཡིན་པ་བཅུ་གང་ཞེ་ན།སྨྲས་པ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། སྡུག་བསྔལ་མཐོང་བས་སྤང་བ་བྱ་བའི་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ ཞུགས་མཆོག་ཏུ་འཛིན་པ་དང་།ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པའོ། །ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་བདུན་གང་ཞེ་ན། སྨྲས་པ། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ ལོག་པར་ལྟ་བ་དང་།ལྟ་བ་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པའོ། །འགོག་པ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་དེ་དང་འདྲའོ། །ལམ་མཐོང་བས་སྤང་བར་བྱ་བའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་ མ་ཡིན་པ་བརྒྱད་གང་ཞེ་ན།སྨྲས་པ། ལམ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པའོ། །བསྒོམ་ པས་སྤང་བར་བྱ་བའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་བཞི་གང་ཞེ་ན།སྨྲས་པ། བསྒོམ་པས་སྤང་བར་བྱ་བའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པའོ། །ཅིའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ ཞེས་བྱ་ཞེ་ན།སྨྲས་པ། ཀུན་ནས་དཀྲིས་པའི་ཕྱིར་ནི་དམིགས་པ་ཡང་དག་པར་མ་བསྡམས་ལ། མ་སྤངས་པའི་ཕྱིར་ནི་འདོད་པའི་ཁམས་ཐམས་ཅད་དུ་ཡང་དག་པར་མ་བསྡམས་པ་ཞེས་བྱའོ། །འཇིག་ཚོགས་ལ་ལྟ་བ་ཇི་ལྟ་བ་བཞིན་དུ་མཐར་འཛིན་པར་ལྟ་བ་དང་། སྡུག་བསྔལ་མཐོང་ བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང་།ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། མ་རིག་པ་ཀུན་དུ་འགྲོ་བ་ཡང་དེ་དང་འདྲའོ། །ཅིའི་ཕྱིར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་འདོད་ཆགས་ཡང་དག་པར་མ་ བསྡམས་པའི་སྡོམ་པ་མ་ཡིན་པ་ཞེས་བྱ་ཞེ་ན།སྨྲས་པ། ཀུན་ནས་དཀྲིས་པའི་ཕྱིར་ནི་དམིགས་པ་ལ་ཡང་དག་པར་མ་བསྡམས་ལ་མ་སྤངས་པའི་ཕྱིར་ནི། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཆོས་རྣམས་ཀྱི་ཡང་དག་པར་མ་བསྡམས་པ་ཞེས་བྱའོ།
如同見滅所斷那樣,見道所斷諸法也是如此,應當宣說執著戒禁取見。 為何說欲界系修所斷的貪慾是不防護的非律儀呢? 答:由於煩惱纏縛故於所緣不防護,由於未斷除故於欲界系修所斷諸法不防護。 如同欲界系修所斷的貪慾一樣,瞋恚、我慢、無明也是如此。 如同欲界系諸法一樣,色界系和無色界系諸法也應當如是說。 這是業施設第七品。 偈頌:不防護非律儀,宣說三十六,界門非律儀三,不相應法六,非律儀最後,如是白品中,廣大當配合,從三根本起,隨後當詢問。 什麼是三十六種不防護的非律儀? 答:見苦所斷十種,見集所斷七種,見滅所斷七種,見道所斷八種,修所斷四種。 什麼是見苦所斷的十種不防護非律儀? 答:薩迦耶見、邊執見、見苦所斷的邪見、見取見、戒禁取見、疑、貪慾、瞋恚、我慢、無明。 什麼是見集所斷的七種不防護非律儀? 答:見集所斷的邪見、見取見、疑、貪慾、瞋恚、我慢、無明。 見滅所斷諸法也是如此。 什麼是見道所斷的八種不防護非律儀? 答:見道所斷的邪見、見取見、戒禁取見、疑、貪慾、瞋恚、我慢、無明。 什麼是修所斷的四種不防護非律儀? 答:修所斷的貪慾、瞋恚、我慢、無明。 為何說薩迦耶見是不防護的非律儀? 答:由於煩惱纏縛故於所緣不防護,由於未斷除故於欲界一切不防護。 如同薩迦耶見一樣,邊執見、見苦所斷的邪見、見取見、戒禁取見、疑、遍行無明也是如此。 為何說見苦所斷的貪慾是不防護的非律儀? 答:由於煩惱纏縛故於所緣不防護,由於未斷除故於見苦所斷諸法不防護。
།སྡུག་བསྔལ་མཐོང་ བས་སྤང་བར་བྱ་བའི་འདོད་ཆགས་པ་ཇི་ལྟ་བ་བཞིན་དུ་ཁོང་ཁྲོ་བ་དང་།ང་རྒྱལ་དང་། མ་རིག་པ་ཀུན་དུ་འགྲོ་བ་མ་ཡིན་པ་ཡང་དེ་དང་འདྲའོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་ཇི་ལྟ་བ་བཞིན་དུ་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་དེ་དང་འདྲ་སྟེ། འཇིག་ ཚོགས་ལ་ལྟ་བ་དང་།མཐར་འཛིན་པར་ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་མ་གཏོགས་སོ། །ཅིའི་ཕྱིར་འགོག་པ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ཞེས་བྱ་ ཞེ་ན།སྨྲས་པ། ཀུན་ནས་དཀྲིས་པའི་ཕྱིར་ནི་དམིགས་པ་ལ་ཡང་དག་པར་མ་བསྡམས་ལ། མ་སྤངས་པའི་ཕྱིར་ནི་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་ཡང་དག་པར་མ་བསྡམས་པ་ཞེས་བྱའོ། །འགོག་པ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་ཇི་ལྟ་བ་ བཞིན་དུ་ཐེ་ཚོམ་དང་།མ་རིག་པ་ཟག་པ་མེད་པ་ལ་དམིགས་པ་ཡང་དེ་དང་འདྲའོ། །ཅིའི་ཕྱིར་འགོག་པ་མཐོང་བས་སྤང་བར་བྱ་བའི་ལྟ་བ་མཆོག་ཏུ་འཛིན་པ་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། ཀུན་ནས་དཀྲིས་པའི་ཕྱིར་ནི་ དམིགས་པ་ཡང་དག་པར་མ་བསྡམས་ལ།མ་སྤངས་པའི་ཕྱིར་ནི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཆོས་རྣམས་ཀྱིས་ཡང་དག་པར་མ་བསྡམས་པ་ཞེས་བྱའོ། །འགོག་པ་མཐོང་བས་སྤང་བར་བྱ་བའི་ལྟ་བ་མཆོག་ཏུ་འཛིན་པ་ཇི་ལྟ་བ་བཞིན་དུ་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་ཟག་པ་དང་བཅས་པ་ལ་དམིགས་པ་ཡང་དེ་དང་འདྲའོ། །འགོག་པ་མཐོང་བས་སྤང་བར་བྱ་བ་རྣམས་ཇི་ལྟ་བ་བཞིན་དུ། ལམ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་དེ་དང་འདྲ་སྟེ། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་བསྟན་པར་བྱའོ། །ཅིའི ཕྱིར་བསྒོམ་པས་སྤང་བར་བྱ་བའི་འདོད་ཆགས་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ཞེས་བྱ་ཞེ་ན།སྨྲས་པ། ཀུན་ནས་དཀྲིས་པའི་ཕྱིར་ནི་དམིགས་པ་ལ་ཡང་དག་པར་མ་བསྡམས་ལ། མ་སྤངས་བའི་ཕྱིར་ནི་བསྒོམ་པས་སྤང་བར་བྱ་བའི་ཆོས་རྣམས་ཀྱིས་ཡང་དག་པར་ མ་བསྡམས་པ་ཞེས་བྱའོ།།བསྒོམ་པས་སྤང་བར་བྱ་བའི་འདོད་ཆགས་ཇི་ལྟ་བ་བཞིན་དུ་ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་ཡང་དེ་དང་འདྲའོ། །ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་གསུམ་ཡོད་དེ། འདོད་པ་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་ སྡོམ་པ་མ་ཡིན་པ་དང་།གཟུགས་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་དང་། གཟུགས་མེད་པ་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པའོ། །གང་གི་འདོད་པ་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་མ་ སྤངས་ཤིང་ཡོངས་སུ་མ་ཤེས་པ་དེའི་ནི་གཟུགས་དང་ལྡན་པའི་ཡང་དག་པར་མ་བསྡོམས་པའི་སྡོམ་པ་མ་ཡིན་པ་ཡང་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན་ནམ།གཟུགས་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་མ་སྤངས་ཤིང་ཡོངས་སུ་མ་ཤེས་ པ་གང་ཡིན་པ་དེའི་ནི་འདོད་པ་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ཡང་དག་པར་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན་ནམ་ཞེ་ན།སྨྲས་པ། གང་གི་འདོད་པ་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་མ་སྤངས་ཤིང་ཡོངས་སུ་ མ་ཤེས་པ་དེའི་ནི་གཟུགས་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ཡང་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན་ནོ།།གཟུགས་དང་ལྡན་པ་ཡིན་ལ་འདོད་པ་དང་ལྡན་པ་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། དཔེར་ན་འདོད་པ་རྣམས་ལས་ འདོད་ཆགས་དང་བྲལ་ལ།གཟུགས་རྣམས་ལས་འདོད་ཆགས་དང་མ་བྲལ་བ་ལྟ་བུའོ།
如同見苦所斷的貪慾一樣,瞋恚、我慢以及非遍行的無明也是如此。如同見苦所斷諸法一樣,見集所斷諸法也是如此,除了身見、邊執見以及戒禁取見。 為何說見滅所斷的邪見是不正禁的非律儀呢?答:由於煩惱纏縛故對所緣不正禁,由於未斷故對與之相應的諸法不正禁。如同見滅所斷的邪見一樣,對無漏所緣的疑和無明也是如此。 為何說見滅所斷的見取是不正禁的非律儀呢?答:由於煩惱纏縛故對所緣不正禁,由於未斷故對見滅所斷諸法不正禁。如同見滅所斷的見取一樣,對有漏所緣的貪慾、瞋恚、我慢和無明也是如此。 如同見滅所斷諸法一樣,見道所斷諸法也是如此,應當宣說戒禁取見。為何說修所斷的貪慾是不正禁的非律儀呢?答:由於煩惱纏縛故對所緣不正禁,由於未斷故對修所斷諸法不正禁。 如同修所斷的貪慾一樣,瞋恚、我慢和無明也是如此。不正禁的非律儀有三種:欲界系不正禁的非律儀、色界系不正禁的非律儀、無色界系不正禁的非律儀。 若有人未斷未遍知欲界系不正禁的非律儀,他是否也未斷未遍知色界系不正禁的非律儀?若有人未斷未遍知色界系不正禁的非律儀,他是否也未斷未遍知欲界系不正禁的非律儀? 答:若有人未斷未遍知欲界系不正禁的非律儀,他也未斷未遍知色界系不正禁的非律儀。是否有人是色界系而非欲界系呢?答:有,譬如已離欲界貪而未離色界貪者。
།གང་གི་འདོད་པ་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་དེའི་ནི་གཟུགས་མེད་པ་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་ སྡོམ་པ་མ་ཡིན་པ་ཡང་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན་ནམ།གཟུགས་མེད་པ་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་གང་ཡིན་པ་དེའི་ནི་འདོད་པ་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་ པ་ཡང་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན་ནམ་ཞེ་ན།སྨྲས་པ། གང་གི་འདོད་པ་དང་ལྡན་པའི་ཡང་དག་པར་མ་བསྡམ་པའི་སྡོམ་པ་མ་ཡིན་པ་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་དེའི་ནི་གཟུགས་མེད་པ་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ ཡང་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན་ནོ།།གཟུགས་མེད་པ་དང་ལྡན་ལ་འདོད་པ་དང་མི་ལྡན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། དཔེར་ན་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ལྟ་བུའོ། །གང་གི་གཟུགས་དང་ལྡན་པའི་ཡང་ དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་གང་ཡིན་པ་དེའི་ནི་གཟུགས་མེད་པ་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ཡང་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན་ནམ།གཟུགས་མེད་པ་དང་ལྡན་པའི་ཡང་དག་པར་མ་ བསྡམས་པའི་སྡོམ་པ་མ་ཡིན་པ་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་དེའི་ནི་གཟུགས་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ཡང་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན་ནམ་ཞེ་ན།སྨྲས་པ། གང་གི་གཟུགས་དང་ལྡན་པའི་ཡང་དག་པར་མ་བསྡམས་ པའི་སྡོམ་པ་མ་ཡིན་པ་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་དེའི་ནི་གཟུགས་མེད་པ་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ཡང་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན་ནོ།།གཟུགས་མེད་པ་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ལ།གཟུགས་དང་ལྡན་པའི་ནི་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། དཔེར་ན་གཟུགས་རྣམས་ལས་འདོད་ཆགས་དང་བྲལ་ལ་གཟུགས་མེད་པ་རྣམས་ལས་ནི་འདོད་ཆགས་དང་བྲལ་བ་ལྟ་བུའོ། ། ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་དྲུག་ཡོད་དེ། དྲུག་གང་ཞེ་ན། སྨྲས་པ། འདོད་པ་དང་ལྡན་པའི་སེམས་དང་མཚུངས་པར་ལྡན་པ་དང་། སེམས་དང་མི་ལྡན་པ་དང་། གཟུགས་དང་ལྡན་པའི་སེམས་དང་མཚུངས་པར་ལྡན་པ་དང་། སེམས་དང་མི་ལྡན་པ་དང་། གཟུགས་མེད་པ་དང་ལྡན་པའི་སེམས་དང་མཚུངས་པར་ལྡན་པ་དང་། སེམས་དང་མི་ལྡན་པའོ། །འདོད་པ་དང་མཚུངས་པར་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་མངོན་སུམ་དུ་བྱེད་པ་ན་སྡོམ་པ་མ་ཡིན་པ་དུ་ཞིག་གིས་མ་བསྡམས་ཞེས་བྱ། གཟུགས་དང་ལྡན པ་དང་།གཟུགས་མེད་པ་དང་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་མངོན་སུམ་དུ་བྱེད་པ་ན་སྡོམ་པ་མ་ཡིན་པ་དུ་ཞིག་གིས་མ་བསྡམས་ཞེས་བྱ་ཞེ་ན། སྨྲས་པ། འདོད་པ་དང་ལྡན་པའི་སེམས་དང་མཚུངས་པར་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་ མ་ཡིན་པ་མངོན་སུམ་དུ་བྱེད་པ་ན་ནི་སྡོམ་པ་མ་ཡིན་པ་བཞིས་མ་བསྡམས་པ་ཞེས་བྱ་སྟེ།འདོད་པ་དང་ལྡན་པའི་སེམས་དང་མཚུངས་པར་ལྡན་པ་དང་། སེམས་དང་མི་ལྡན་པ་དང་། གཟུགས་དང་ལྡན་པའི་སེམས་དང་མི་ལྡན་པ་དང་། གཟུགས་མེད་པ་དང་ལྡན་པའི་སེམས་དང་ མི་ལྡན་པས་སོ།།གཟུགས་དང་ལྡན་པའི་མཚུངས་པར་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་མངོན་སུམ་དུ་བྱེད་པ་ན་ནི་སྡོམ་པ་མ་ཡིན་པ་གསུམ་གྱིས་མ་བསྡམས་པ་ཞེས་བྱ་སྟེ། གཟུགས་དང་ལྡན་པའི་སེམས་དང་མཚུངས་པར་ལྡན་པ་དང་། སེམས་ དང་མི་ལྡན་པ་དང་།གཟུགས་མེད་པ་དང་ལྡན་པའི་སེམས་དང་མི་ལྡན་པས་སོ། །གཟུགས་མེད་པ་དང་ལྡན་པའི་སེམས་དང་མཚུངས་པར་ལྡན་པའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་མངོན་སུམ་དུ་བྱེད་པ་ན་ནི་སྡོམ་པ་མ་ཡིན་པ་གཉིས་ཀྱིས་མ་བསྡམས་པ་ཞེས་ བྱ་སྟེ།གཟུགས་མེད་པ་དང་ལྡན་པའི་སེམས་དང་མཚུངས་པར་ལྡན་པ་དང་། སེམས་དང་མི་ལྡན་པས་སོ།
若有人未斷除且未完全了知欲界相應的不正禁戒,那麼他是否也未斷除且未完全了知無色界相應的不正禁戒?若有人未斷除且未完全了知無色界相應的不正禁戒,那麼他是否也未斷除且未完全了知欲界相應的不正禁戒? 答:若有人未斷除且未完全了知欲界相應的不正禁戒,那麼他也未斷除且未完全了知無色界相應的不正禁戒。 問:是否有人相應無色界而不相應欲界? 答:有,比如已離欲界貪者。 若有人未斷除且未完全了知色界相應的不正禁戒,那麼他是否也未斷除且未完全了知無色界相應的不正禁戒?若有人未斷除且未完全了知無色界相應的不正禁戒,那麼他是否也未斷除且未完全了知色界相應的不正禁戒? 答:若有人未斷除且未完全了知色界相應的不正禁戒,那麼他也未斷除且未完全了知無色界相應的不正禁戒。 問:對於未斷除且未完全了知無色界相應的不正禁戒者,是否有未斷除且未完全了知色界相應者? 答:有,比如已離色界貪而未離無色界貪者。 不正禁戒有六種。何為六種?答:欲界相應的心相應及心不相應、色界相應的心相應及心不相應、無色界相應的心相應及心不相應。 現前欲界相應的不正禁戒時,以幾種不正禁戒稱為不禁?現前色界相應及無色界相應的不正禁戒時,以幾種不正禁戒稱為不禁? 答:現前欲界相應心相應的不正禁戒時,以四種不正禁戒稱為不禁,即:欲界相應的心相應及心不相應、色界相應的心不相應、無色界相應的心不相應。 現前色界相應心相應的不正禁戒時,以三種不正禁戒稱為不禁,即:色界相應的心相應及心不相應、無色界相應的心不相應。 現前無色界相應心相應的不正禁戒時,以二種不正禁戒稱為不禁,即:無色界相應的心相應及心不相應。
།ཇི་ལྟར་ཚིགས་བདུན་པ་ལས་ནག་པོའི་ཕྱོགས་ཀྱི་སྒོ་ནས་བསྟན་པ་དེ་བཞིན་དུ། དཀར་པོའི་ཕྱོགས་ལ་ཡང་དགེ་བའི་རྩ་བ་གསུམ་ལས་བཟུང་སྟེ་ཐམས་ཅད་བརྗོད་པར་ བྱའོ།།ལས་གདགས་པ་ཚིགས་བརྒྱད་པའོ།། །།སྡོམ་ནི། འདས་པ་འདས་པའི་རྒྱུ་ལས་བྱུང་། །འདྲེས་པའི་དྲི་བ་དེ་དང་གཉིས། །ཆོས་གང་དགེ་བའི་རྒྱུ་ལས་བྱུང་། །རྣམ་པར་སྨིན་ལ་གནས་བཞི་ཡོད། །འདས་པའི་སེམས་པ་འདས་པའི་རྒྱུ་ལས་བྱུང་བ་ཡིན་ལ། མ་འོངས་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན། ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་པ་ཡོད་དམ། འདས་པའི་སེམས་པ་མ་འོངས་པའི་རྒྱུ་ལས་བྱུང་བ་ཡང་ཡིན་ལ། འདས་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན། ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་པ་ཡོད་དམ། འདས པའི་སེམས་པ་ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡིན་ལ།འདས་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན། མ་འོངས་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་པ་ཡོད་དམ། འདས་པའི་སེམས་པ་འདས་པ་དང་ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡིན་ལ། མ་འོངས་པའི་རྒྱུ་ལས་ བྱུང་བ་མ་ཡིན་པ་ཡོད་དམ།འདས་པའི་སེམས་པ་མ་འོངས་པ་དང་ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡིན་ལ། འདས་པའི་རྒྱུ་ལས་བྱུང་བ་མ་ཡིན་པ་ཡོད་དམ། འདས་པའི་སེམས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡོད་དམ། འདས་པ་ཇི་ལྟ་བ་ བཞིན་དུ་མ་འོངས་པ་དང་།ད་ལྟར་བྱུང་བའི་ཡང་དེ་དང་འདྲ་བར་སྦྱར་ཏེ། དེ་ལས་འདས་པའི་སེམས་པ་ཐམས་ཅད་ནི་འདས་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །མུ་ལྷག་མ་རྣམས་ནི་མེད་དོ། །མ་འོངས་པའི་སེམས་པ་འདས་པའི་རྒྱུ་ལས་བྱུང་བ་ཡིན་ལ། མ་འོངས་པའི་རྒྱུ་ལས་བྱུང་བ་ཡང་མ་ ཡིན།ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། །མ་འོངས་པའི་སེམས་པ་མ་འོངས་པའི་རྒྱུ་ལས་བྱུང་བ་ཡིན་ལ་འདས་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན། ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་ དེ།ཡང་དག་པའི་ངེས་པ་ལ་ཞུགས་པའི་གང་ཟག་གི་མ་འོངས་པའི་ཟག་པ་མེད་པའི་སེམས་པ་གང་ཡིན་པའོ། །དེའི་མ་འོངས་པའི་རྒྱུ་གང་ཞེ་ན། སྨྲས་པ། ལྷན་ཅིག་འབྱུང་བ་དང་། མཚུངས་པར་ལྡན་པའི་ཆོས་རྣམས་སོ། །མ་འོངས་པའི་སེམས་པ་འདས་པའི་རྒྱུ་ལས་བྱུང་བ་ ཡིན་ལ།མ་འོངས་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན། ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། །མ་འོངས་པའི་སེམས་པ་ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡིན་ལ། འདས་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན། མ་འོངས་པའི་རྒྱུ་ལས་བྱུང་བ་ ཡང་མ་ཡིན་པ་ཡོད་དམ་ཞེ་ན།སྨྲས་པ། མེད་དོ། །མ་འོངས་པའི་སེམས་པ་མ་འོངས་པ་དང་། ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡིན་ལ། འདས་པའི་རྒྱུ་ལས་བྱུང་བ་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་མངོན་སུམ་དུ་གྱུར་པ་ ན་དེ་ལས་གཞན་པའི་མ་འོངས་པའི་སེམས་པ་གང་ཡིན་པའོ།།དེའི་མ་འོངས་པའི་རྒྱུ་གང་ཞེ་ན། སྨྲས་པ། ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །དེའི་ད་ལྟར་བྱུང་བའི་རྒྱུ་གང་ཞེ་ན། སྨྲས་པ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། དེ་དང་མཚུངས་ པར་ལྡན་པའི་ཆོས་རྣམས་སོ།།མ་འོངས་པའི་སེམས་པ་འདས་པ་དང་། མ་འོངས་པའི་རྒྱུ་ལས་བྱུང་བ་ཡིན་ལ། ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། དེའི་མ་འོངས་པའི་རྒྱུ་གང་ཞེ་ན། སྨྲས་པ། ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་ ཆོས་རྣམས་སོ།།དེའི་འདས་པའི་རྒྱུ་གང་ཞེ་ན། སྨྲས་པ། འདས་པའི་ཆོས་གང་ཡིན་པ་རྣམས་ཀྱིས་ནི་སེམས་པ་དེ་དང་འདྲ་བའམ་རྣམ་པར་སྨིན་པ་ཡིན་གྱི། ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་ནི་སེམས་པ་དེ་དང་འདྲ་བའམ། རྣམ་པར་སྨིན་པ་མ་ཡིན་ནོ། །མ་འོངས་པའི་སེམས་པ་ འདས་པ་དང་།མ་འོངས་པ་དང་ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། དེའི་མ་འོངས་པའི་རྒྱུ་གང་ཞེ་ན། སྨྲས་པ། ལྷན་ཅིག་འབྱུང་བ་དང་། མཚུངས་པར་ལྡན་པའི་ཆོས་རྣམས་སོ།
正如七句中從黑暗面所說的那樣,對於白凈面也應從三種善根開始全部宣說。這是第八業施設。總偈:過去從過去因生,混合問題有二種,任何法從善因生,異熟住於四處所。 過去的思是從過去因所生,而非從未來因所生,也非從現在因所生,有嗎?過去的思是從未來因所生,而非從過去因所生,也非從現在因所生,有嗎?過去的思是從現在因所生,而非從過去因所生,也非從未來因所生,有嗎? 過去的思是從過去和現在因所生,而非從未來因所生,有嗎?過去的思是從未來和現在因所生,而非從過去因所生,有嗎?過去的思是從過去、未來和現在因所生,有嗎? 如同過去一樣,未來和現在也應如是類推。其中一切過去的思都是從過去因所生。其餘諸邊際都不存在。 未來的思是從過去因所生,而非從未來因所生,也非從現在因所生,有嗎?答:沒有。未來的思是從未來因所生,而非從過去因所生,也非從現在因所生,有嗎?答:有,即已入正性決定的補特伽羅的未來無漏思。其未來因是什麼?答:俱生和相應諸法。 未來的思是從過去因所生,而非從未來因所生,也非從現在因所生,有嗎?答:沒有。未來的思是從現在因所生,而非從過去因所生,也非從未來因所生,有嗎?答:沒有。 未來的思是從未來和現在因所生,而非從過去因所生,有嗎?答:有,即現前苦法忍時,除此之外的未來思。其未來因是什麼?答:俱生和相應諸法。其現在因是什麼?答:苦法忍及與之相應諸法。 未來的思是從過去和未來因所生,而非從現在因所生,有嗎?答:有。其未來因是什麼?答:俱生和相應諸法。其過去因是什麼?答:過去諸法對於該思是同類或異熟,而現在諸法對於該思非同類亦非異熟。 未來的思是從過去、未來和現在因所生,有嗎?答:有。其未來因是什麼?答:俱生和相應諸法。
།དེའི་འདས་པ་དང་ད་ལྟར་བྱུང་བའི་རྒྱུ་གང་ཞེ་ན། སྨྲས་པ། འདས་པ་དང་ ད་ལྟར་བྱུང་བའི་ཆོས་གང་ཡིན་པ་རྣམས་ཀྱི་ནི་སེམས་པ་དེ་འདྲ་བའམ།རྣམ་པར་སྨིན་པ་ཡིན་ནོ། །ད་ལྟར་བྱུང་བའི་སེམས་པ་ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡིན་ལ། མ་འོངས་པའི་རྒྱུ་ལས་བྱུང་བ་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་ པ་མངོན་སུམ་དུ་གྱུར་པ་དང་མཚུངས་པར་ལྡན་པའི་སེམས་པའོ།།དེའི་ད་ལྟར་བྱུང་བའི་རྒྱུ་གང་ཞེ་ན། སྨྲས་པ། ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །ད་ལྟར་བྱུང་བའི་སེམས་པ་འདས་པའི་རྒྱུ་ལས་བྱུང་བ་ཡིན་ལ། མ་འོངས་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན། ད་ ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་པ་ཡོད་དམ་ཞེ་ན།སྨྲས་པ། མེད་དེ། ད་ལྟར་བྱུང་བའི་སེམས་པ་མ་འོངས་པའི་རྒྱུ་ལས་བྱུང་བ་ཡིན་ལ། འདས་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན། ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། །ད་ལྟར་བྱུང་བའི་ སེམས་པ་འདས་པ་དང་ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡིན་ལ།མ་འོངས་པའི་རྒྱུ་ལས་བྱུང་བ་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། དེའི་ད་ལྟར་བྱུང་བའི་རྒྱུ་གང་ཞེ་ན། སྨྲས་པ། ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ སོ།།དེའི་འདས་པའི་རྒྱུ་གང་ཞེ་ན། སྨྲས་པ། འདས་པའི་རྒྱུ་གང་ཡིན་པ་རྣམས་ཀྱི་ནི་སེམས་པ་དེ་དང་འདྲ་བའམ། རྣམ་པར་སྨིན་པ་ཡིན་ནོ། །ད་ལྟར་བྱུང་བའི་སེམས་པ་མ་འོངས་པ་དང་། ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། །འདས་པ་དང་མ་ འོངས་པའི་རྒྱུ་ལས་བྱུང་བ་ཡང་མེད་དོ།།འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་རྒྱུ་ལས་བྱུང་བ་ཡང་མེད་དོ། །ཆོས་གསུམ་ཡོད་དེ། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་རྣམས་སོ། །དགེ་བའི་ཆོས་རྣམས་དགེ་བའི་རྒྱུ་ལས་བྱུང་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། དགེ་བའི་འདུས་བྱས་ཀྱི་ཆོས་རྣམས་སོ། །དགེ་བའི་ཆོས་རྣམས་མི་དགེ་བའི་རྒྱུ་ལས་བྱུང་བ་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། །དགེ་བའི་ཆོས་རྣམས་ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བ་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། །མི་དགེ་བའི་ཆོས་རྣམས་མི་དགེ་བའི་རྒྱུ་ལས བྱུང་བ་ཡོད་དམ་ཞེ་ན།སྨྲས་པ། ཡོད་དེ། ཐམས་ཅད་དོ། །མི་དགེ་བའི་ཆོས་རྣམས་དགེ་བའི་རྒྱུ་ལས་བྱུང་བ་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། །མི་དགེ་བའི་ཆོས་རྣམས་ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། ཐམས་ཅད་དོ། །ལུང་དུ་མ་ བསྟན་པའི་ཆོས་རྣམས་ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བ་ཡོད་དམ་ཞེ་ན།སྨྲས་པ། ཡོད་དེ། ལུང་དུ་མ་བསྟན་པའི་འདུས་བྱས་ཀྱི་ཆོས་རྣམས་སོ། །ལུང་དུ་མ་བསྟན་པའི་ཆོས་རྣམས་དགེ་བའི་རྒྱུ་ལས་བྱུང་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། དགེ་བའི་རྣམ་པར་སྨིན་པ་ལས་ བྱུང་བའི་ཆོས་རྣམས་སོ།།ལུང་དུ་མ་བསྟན་པའི་ཆོས་རྣམས་མི་དགེ་བའི་རྒྱུ་ལས་བྱུང་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། མི་དགེ་བའི་རྣམ་པར་སྨིན་པ་ལས་བྱུང་བའི་ཆོས་རྣམས་དང་། འདོད་པ་དང་ལྡན་པའི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་མཚུངས་ པར་ལྡན་པའི་ཆོས་རྣམས་སོ།།ཆོས་གསུམ་ཡོད་དེ། དགེ་བའི་ཆོས་རྣམས་དང་། མི་དགེ་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་ཆོས་རྣམས་སོ། །དགེ་བའི་ཆོས་རྣམས་དགེ་བའི་རྒྱུ་འབའ་ཞིག་ལས་བྱུང་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། བྱང་ཆུབ་ཀྱི་ཡན་ལག་དང་ མཚུངས་པར་ལྡན་པའི་སེམས་པའོ།།དགེ་བའི་ཆོས་རྣམས་མི་དགེ་བའི་རྒྱུ་འབའ་ཞིག་ལས་བྱུང་བ་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། །ལུང་དུ་མ་བསྟན་པའི་རྒྱུ་འབའ་ཞིག་ལས་བྱུང་བ་ཡང་མེད་དོ། །མི་དགེ་བའི་ཆོས་རྣམས་མི་དགེ་བའི་རྒྱུ་འབའ་ཞིག་ལས་བྱུང་བ་ཡོད་དམ་ཞེ་ན། སྨྲས་ པ།ཡོད་དེ། འདོད་པའི་འདོད་ཆགས་དང་བྲལ་བའི་འཕགས་པའི་གང་ཟག་འདོད་པའི་འདོད་ཆགས་དང་བྲལ་བ་དེ་ལས་ཡོངས་སུ་ཉམས་པར་གྱུར་ན་ཉོན་མོངས་པ་ཅན་གྱི་སེམས་དང་པོ་མངོན་སུམ་དུ་བྱེད་པ་གང་ཡིན་པའོ།
問:其過去和現在的因是什麼?答:過去和現在諸法的思維或異熟是如此。現在的思維是從現在因而生,有無從未來因而生者?答:有,即與現前苦法忍相應的思維。 問:其現在因是什麼?答:共生和相應諸法。現在思維是從過去因而生,非從未來因而生,也非從現在因而生者有無?答:無。現在思維是從未來因而生,非從過去因而生,也非從現在因而生者有無?答:無。 問:現在思維是從過去和現在因而生,非從未來因而生者有無?答:有。問:其現在因是什麼?答:共生和相應諸法。問:其過去因是什麼?答:過去因即是與彼相似的思維或異熟。問:現在思維有無從未來和現在因而生者?答:無。從過去和未來因而生者亦無。從過去、未來和現在因而生者亦無。 有三法:善、不善和無記。問:善法有無從善因而生者?答:有,即有為善法。問:善法有無從不善因而生者?答:無。問:善法有無從無記因而生者?答:無。 問:不善法有無從不善因而生者?答:有,一切皆是。問:不善法有無從善因而生者?答:無。問:不善法有無從無記因而生者?答:有,一切皆是。 問:無記法有無從無記因而生者?答:有,即有為無記法。問:無記法有無從善因而生者?答:有,即從善業異熟而生諸法。問:無記法有無從不善因而生者?答:有,即從不善業異熟而生諸法,以及與欲界有身見、邊執見相應諸法。 有三法:善法、不善法和無記法。問:善法有無唯從善因而生者?答:有,即與菩提分相應的思維。問:善法有無唯從不善因而生者?答:無。唯從無記因而生者亦無。 問:不善法有無唯從不善因而生者?答:有,即已離欲界貪的聖者,從離欲界貪退失時,初次現前的煩惱心。
།མི་དགེ་བའི་ཆོས་རྣམས་དགེ་བའི་རྒྱུ་འབའ་ཞིག་ལས་ བྱུང་བ་ཡོད་དམ་ཞེ་ན།སྨྲས་པ། མེད་དོ། །ལུང་དུ་མ་བསྟན་པའི་རྒྱུ་འབའ་ཞིག་ལས་བྱུང་བ་ཡང་མེད་དོ། །ལུང་དུ་མ་བསྟན་པའི་ཆོས་རྣམས་ལུང་དུ་མ་བསྟན་པའི་རྒྱུ་འབའ་ཞིག་ལས་བྱུང་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། སྤྱོད་ལམ་ལས་བྱུང་བ་རྣམས་དང་། བཟོའི་གནས་ལས་ བྱུང་བ་རྣམས་དང་།གཟུགས་དང་གཟུགས་མེད་པ་དང་ལྡན་པའི་ཉོན་མོངས་པ་ཅན་རྣམས་སོ། །ལུང་དུ་མ་བསྟན་པའི་ཆོས་རྣམས་དགེ་བའི་རྒྱུ་འབའ་ཞིག་ལས་བྱུང་བ་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། །མི་དགེ་བའི་རྒྱུ་འབའ་ཞིག་ལས་བྱུང་བ་ཡང་མེད་དོ། །ཆོས་གསུམ་ཡོད་དེ། དགེ་བའི་ཆོས་རྣམས་དང་། མི་དགེ་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་ཆོས་རྣམས་སོ། །ཆོས་གང་དག་དགེ་བ་ཡང་ཡིན་ལ། ཆོས་དེ་དག་དགེ་བའི་རྒྱུ་ལས་བྱུང་བ་ཡིན་ནམ་ཞེ་ན། སྨྲས་པ། ཆོས་རྣམས་ལ་དགེ་བ་ཡིན་ལ། ཆོས་དེ་དག་དགེ་བའི་རྒྱུ་ལས་བྱུང་བ་ནི་མ་ཡིན་པ་ཡང་ཡོད དོ།།ཆོས་རྣམས་ལས་དགེ་བའི་རྒྱུ་ལས་བྱུང་བ་ཡིན་ལ། དགེ་བ་མ་ཡིན་པ་དག་ཀྱང་ཡོད་དོ། །ཆོས་རྣམས་ལ་དགེ་བ་ཡང་ཡིན་ལ། ཆོས་དེ་དག་དགེ་བའི་རྒྱུ་ལས་བྱུང་བ་ཡང་ཡོད་དོ། །ཆོས་རྣམས་ལ་དགེ་བ་ཡང་མ་ཡིན་ལ། ཆོས་དེ་དག་དགེ་བའི་རྒྱུ་ལས་བྱུང་བ་མ་ཡིན་པ་ཡང་ ཡོད་དོ།།ཆོས་རྣམས་ལ་དགེ་བ་ཡིན་ལ། ཆོས་དེ་དག་དགེ་བའི་རྒྱུ་ལས་བྱུང་བ་ནི་མ་ཡིན་པ་དེ་དག་གང་ཞེ་ན། སྨྲས་པ། སོ་སོར་བརྟགས་ཏེ་འགོག་པ་སྟེ། ཆོས་དེ་དག་ནི་དགེ་བ་ཡིན་ལ། ཆོས་དེ་དག་ནི་དགེ་བའི་རྒྱུ་ལས་བྱུང་བ་མ་ཡིན་ནོ། །ཆོས་རྣམས་ལས་ དགེ་བའི་རྒྱུ་ལས་བྱུང་བ་ཡིན་ལ།ཆོས་དེ་དག་དགེ་བ་ནི་མ་ཡིན་པ་གང་ཞེ་ན། སྨྲས་པ། དགེ་བའི་རྣམ་པར་སྨིན་པ་ལས་བྱུང་བའི་ཆོས་རྣམས་ཏེ། ཆོས་དེ་དག་ནི་དགེ་བའི་རྒྱུ་ལས་བྱུང་བ་ཡིན་ལ། ཆོས་དེ་དག་ནི་དགེ་བ་མ་ཡིན་ནོ། །ཆོས་རྣམས་ལ་དགེ་བ་ཡང་ཡིན་ལ། དགེ་བའི་ རྒྱུ་ལས་བྱུང་བ་ཡང་ཡིན་པ་རྣམས་གང་ཞེ་ན།སྨྲས་པ། དགེ་བ་འདུས་བྱས་ཀྱི་ཆོས་རྣམས་ཏེ། ཆོས་དེ་དག་ནི་དགེ་བ་ཡང་ཡིན་ལ། དགེ་བའི་རྒྱུ་ལས་བྱུང་བ་ཡང་ཡིན་ནོ། །ཆོས་རྣམས་ལ་དགེ་བ་ཡང་མ་ཡིན། དགེ་བའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་པ་གང་ཞེ་ན། སྨྲས་པ། དགེ་ བའི་རྣམ་པར་སྨིན་པ་ལུང་དུ་མ་བསྟན་པའི་ཆོས་རྣམས་མ་གཏོགས་པ་དེ་མ་ཡིན་པའི་ལུང་དུ་མ་བསྟན་པའི་ཆོས་རྣམས་དང་མི་དགེ་བ་རྣམས་ཏེ།ཆོས་དེ་དག་ནི་དགེ་བ་ཡང་མ་ཡིན། དགེ་བའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་ནོ། །ཆོས་གང་དག་མི་དགེ་བ་ཡིན་ལ། ཆོས་དེ་དག་ མི་དགེ་བའི་རྒྱུ་ལས་བྱུང་བ་ཡང་ཡིན་པ་ཡོད་དམ་ཞེ་ན།སྨྲས་པ། ཆོས་གང་དག་མི་དགེ་བ་ཡིན་པའི་ཆོས་དེ་དག་ནི་མི་དགེ་བའི་རྒྱུ་ལས་བྱུང་བ་ཡང་ཡིན་ནོ། །ཆོས་རྣམས་ལ་མི་དགེ་བའི་རྒྱུ་ལས་བྱུང་བ་ཡིན་ལ། ཆོས་དེ་དག་མི་དགེ་བ་ཡང་མ་ཡིན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། མི་དགེ་བའི་རྣམ་པར་སྨིན་པ་ལས་བྱུང་བའི་ཆོས་རྣམས་དང་། འདོད་པ་དང་ལྡན་པའི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། མཚུངས་པར་ལྡན་པའི་ཆོས་རྣམས་སོ། །ཆོས་གང་དག་ལུང་དུ་མ་བསྟན་པ་ཡང་ཡིན་ལ། ཆོས་དེ་དག་ལུང་དུ་མ་བསྟན པའི་རྒྱུ་ལས་བྱུང་བ་ཡང་ཡིན་པ་ཡོད་དམ་ཞེ་ན།སྨྲས་པ། ཆོས་རྣམས་ལ་ལུང་དུ་མ་བསྟན་པ་ཡང་ཡིན་ལ། ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བ་ཡང་ཡིན་པ་དག་ཡོད་དོ། །ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བ་ཡིན་ལ། ལུང་དུ་མ་བསྟན་པ་ནི་མ་ཡིན་པ་དག་ཀྱང་ཡོད་དོ། །ལུང་ དུ་མ་བསྟན་པ་ཡང་ཡིན་ལ།ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བ་མ་ཡིན་པ་དག་ཀྱང་ཡོད་དོ། །ཆོས་རྣམས་ལ་ལུང་དུ་མ་བསྟན་པ་ཡང་ཡིན་ལ། ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་པ་དག་ཀྱང་ཡོད་དོ། །ཆོས་རྣམས་ལ་ལུང་དུ་མ་བསྟན་པ་ཡང་ཡིན་ལ། ཆོས་ དེ་དག་ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བ་ཡང་ཡིན་པ་རྣམས་གང་ཞེ་ན།སྨྲས་པ། ནམ་མཁའ་དང་སོ་སོར་བརྟགས་ཏེ་འགོག་པ་མ་ཡིན་པ་སྟེ། ཆོས་དེ་དག་ནི་ལུང་དུ་མ་བསྟན་པ་ནི་ཡིན་ལ། ཆོས་དེ་དག་ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བ་ནི་མ་ཡིན་ནོ།
問:不善法是否僅從善因而生?答:不是。也不是僅從無記因而生。 問:無記法是否僅從無記因而生?答:是的。即從威儀路所生,從工巧處所生,以及與色界、無色界相應的煩惱。 問:無記法是否僅從善因而生?答:不是。也不是僅從不善因而生。 有三種法:善法、不善法和無記法。 問:哪些法既是善法又從善因而生?答:諸法中有些是善法但不從善因而生,有些從善因而生但不是善法,有些既是善法又從善因而生,有些既不是善法也不從善因而生。 問:哪些法是善法但不從善因而生?答:擇滅,這些法是善法但不從善因而生。 問:哪些法從善因而生但不是善法?答:從善業異熟所生的諸法,這些法從善因而生但不是善法。 問:哪些法既是善法又從善因而生?答:有為善法,這些法既是善法又從善因而生。 問:哪些法既不是善法也不從善因而生?答:除了善業異熟無記法之外的其他無記法和不善法,這些法既不是善法也不從善因而生。 問:是否有法既是不善又從不善因而生?答:凡是不善法都是從不善因而生。 問:是否有法從不善因而生但不是不善法?答:有,即從不善業異熟所生的諸法,以及與欲界相應的身見、邊執見和相應法。 問:是否有法既是無記又從無記因而生?答:諸法中有些既是無記又從無記因而生,有些從無記因而生但不是無記,有些是無記但不從無記因而生,有些既不是無記也不從無記因而生。 問:哪些法既是無記又從無記因而生?答:虛空和非擇滅,這些法是無記但不從無記因而生。
།ཆོས་རྣམས་ ལ་ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བ་ཡིན་ལ།ལུང་དུ་མ་བསྟན་པ་ནི་མ་ཡིན་པ་རྣམས་གང་ཞེ་ན། སྨྲས་པ། མི་དགེ་བའི་ཆོས་རྣམས་ཏེ། ཆོས་དེ་དག་ནི་ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བ་ཡིན་ལ། ཆོས་དེ་དག་ལུང་དུ་མ་བསྟན་པ་ནི་མ་ཡིན་ནོ། །ཆོས་རྣམས་ལ་ལུང་དུ་ མ་བསྟན་པ་ཡང་ཡིན་ལ།ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བ་ཡིན་པ་རྣམས་གང་ཞེ་ན། སྨྲས་པ། ལུང་དུ་མ་བསྟན་པའི་འདུས་བྱས་ཀྱི་ཆོས་རྣམས་ཏེ། ཆོས་དེ་དག་ནི་ལུང་དུ་མ་བསྟན་པ་ཡང་མ་ཡིན། ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བ་ཡང་ཡིན་ནོ། །ཆོས་རྣམས་ལ་ ལུང་དུ་མ་བསྟན་པ་ཡང་མ་ཡིན།ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་པ་གང་ཞེ་ན། སྨྲས་པ། དགེ་བའི་ཆོས་རྣམས་ཏེ། ཆོས་དེ་དག་ནི་ལུང་དུ་མ་བསྟན་པ་ཡང་མ་ཡིན། ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་ནོ།
諸法中從無記因所生而非無記者是什麼?答曰:不善諸法,彼等諸法是從無記因所生,而彼等諸法非無記。 諸法中是無記也是從無記因所生者是什麼?答曰:無記有為諸法,彼等諸法是無記也是從無記因所生。 諸法中非無記也非從無記因所生者是什麼?答曰:善諸法,彼等諸法非無記也非從無記因所生。
།དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་དགེ་བའི་ སེམས་སམ།མི་དགེ་བའི་སེམས་སམ། ལུང་དུ་མ་བསྟན་པའི་སེམས་ཀྱིས་ཉམས་སུ་མྱོང་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། དཔེར་ན་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་རིང་བ་དང་། མདོག་བཟང་བ་དང་། རིགས་མཐོ་བ་དང་། ལོངས་སྤྱོད་ཆེ་བ་དང་། ཆེ་བར་གྲགས་པ་ དང་།ཚིག་བརྩན་པ་ཐོབ་པ་ནི་དེ་གལ་ཏེ་དགེ་བའི་སེམས་དང་ལྡན་པར་གྱུར་ན་ནི་དགེ་བའི་སེམས་ཀྱིས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་། །དེ་སྟེ་མི་དགེ་བའི་སེམས་དང་ལྡན་པར་གྱུར་ན་ནི་མི་དགེ་བའི་སེམས་ཀྱིས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་། །དེ་སྟེ་ལུང་དུ་མ་བསྟན་པའི་ སེམས་དང་ལྡན་པར་གྱུར་པ་ན་ནི་ལུང་དུ་མ་བསྟན་པའི་སེམས་ཀྱིས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་།།མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་དགེ་བའི་སེམས་སམ། མི་དགེ་བའི་སེམས་སམ། ལུང་དུ་མ་བསྟན་པའི་སེམས་ཀྱིས་ཉམས་སུ་མྱོང་བ་ཡོད་དམ། ཞེ་ན། སྨྲས་པ། ཡོད་དེ། དཔེར་ན་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་ཐུང་བ་དང་། མདོག་ངན་པ་དང་། རིགས་དམའ་བ་དང་། ལོངས་སྤྱོད་ཆུང་བ་དང་། ཆུང་བར་གྲགས་པ་དང་། ཚིག་མི་བརྩན་པ་ཐོབ་པར་གྱུར་པ་ན་དེ་གལ་ཏེ་དགེ་བའི་སེམས་དང་ལྡན་པར་གྱུར ན་ནི་དགེ་བའི་སེམས་ཀྱིས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་།།དེ་སྟེ་མི་དགེ་བའི་སེམས་དང་ལྡན་པར་གྱུར་ན་ནི། མི་དགེ་བའི་སེམས་ཀྱིས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་། །དེ་སྟེ་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པར་གྱུར་ན་ནི་ལུང་དུ་མ་བསྟན་པའི་སེམས་ཀྱིས་རྣམ་པར་སྨིན་པ་ ཉམས་སུ་མྱོང་ངོ་།།དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་དགེ་བའི་སེམས་སམ། མི་དགེ་བའི་སེམས་སམ། ལུང་དུ་མ་བསྟན་པའི་སེམས་ཀྱིས་ཉམས་སུ་མྱོང་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། དཔེར་ན་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་རིང་བ་དང་། མདོག་བཟང་ པ་དང་།རིགས་མཐོ་བ་ཐོབ་པར་གྱུར་ལ། མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ལོངས་སྤྱོད་ཆུང་བ་དང་། ཆུང་བར་གྲགས་པ་དང་། ཚིག་མི་བརྩན་པ་ཐོབ་པར་གྱུར་ཏམ། ཡང་ན་མི་དགེ་བའི་རྣམ་པར་སྨིན་པས་ཚེ་ཐུང་བ་དང་། མདོག་ངན་པ་དང་། རིགས་དམའ་བ་ཐོབ་པར་གྱུར་ལ། དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ལོངས་སྤྱོད་ཆེ་བ་དང་། ཆེ་བར་གྲགས་པ་དང་། ཚིག་བརྩན་པ་ཐོབ་པར་གྱུར་པ་ན་དེ་གལ་ཏེ་དགེ་བའི་སེམས་པ་དང་ལྡན་པར་གྱུར་ན་ནི་དགེ་བའི་སེམས་ཀྱིས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་། །དེ་སྟེ་མི་དགེ་བའི་སེམས་དང་ལྡན་པར་གྱུར་ན་ནི་མི་དགེ་བའི སེམས་ཀྱིས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་།།དེ་སྟེ་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པར་གྱུར་ན་ནི་ལུང་དུ་མ་བསྟན་པའི་སེམས་ཀྱིས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་། །དགེ་བའི་རྣམ་པར་སྨིན་པ་མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པ་དང་། བསྒོམ་ པས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པ་ཉམས་སུ་མྱོང་བ་ཡོད་དམ་ཞེ་ན།སྨྲས་པ། ཡོད་དེ། དཔེར་ན་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས། ཚེ་རིང་བ་དང་། མདོག་བཟང་བ་དང་། རིགས་མཐོ་བ་དང་། ལོངས་སྤྱོད་ཆེ་བ་དང་། ཆེ་བར་གྲགས་པ་དང་། ཚིག་བརྩན་པ་ཐོབ་པར་གྱུར་ལ། དེ་གལ་ཏེ་མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པར་གྱུར་ན་ནི་དེས་མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་། །དེ་སྟེ་བསྒོམ་པས་སྤང་བར་བྱ་བའི་ཀུན་ནས དཀྲིས་པས་ཀུན་ནས་དཀྲིས་པར་གྱུར་ན་ནི་དེས་བསྒོམ་པས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་།།མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པས་དང་། བསྒོམ་པས་སྤང་ བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པས་ཉམས་སུ་མྱོང་བ་ཡོད་དམ་ཞེ་ན།སྨྲས་པ། ཡོད་དེ། དཔེར་ན་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་ཐུང་བ་དང་། མདོག་ངན་པ་དང་། རིགས་དམའ་བ་དང་། ལོངས་སྤྱོད་ཆུང་བ་དང་། ཆུང་བར་གྲགས་པ་དང་། ཚིག་མི་ བརྩན་པ་ཐོབ་པར་གྱུར་པ་ན།
問:善業的異熟果是以善心、不善心還是無記心來感受的嗎?答:是有的。比如說,由善業的異熟果而獲得長壽、容貌端正、種姓高貴、受用豐富、名聲顯赫、言語威重,如果此時具有善心,則以善心感受異熟果;如果具有不善心,則以不善心感受異熟果;如果具有無記心,則以無記心感受異熟果。 問:不善業的異熟果是以善心、不善心還是無記心來感受的嗎?答:是有的。比如說,由不善業的異熟果而獲得短壽、容貌醜陋、種姓低賤、受用貧乏、名聲低微、言語輕浮,如果此時具有善心,則以善心感受異熟果;如果具有不善心,則以不善心感受異熟果;如果具有無記心,則以無記心感受異熟果。 問:善業與不善業的異熟果是以善心、不善心還是無記心來感受的嗎?答:是有的。比如說,由善業的異熟果而獲得長壽、容貌端正、種姓高貴,由不善業的異熟果而獲得受用貧乏、名聲低微、言語輕浮;或者由不善業的異熟果而獲得短壽、容貌醜陋、種姓低賤,由善業的異熟果而獲得受用豐富、名聲顯赫、言語威重,如果此時具有善心,則以善心感受異熟果;如果具有不善心,則以不善心感受異熟果;如果具有無記心,則以無記心感受異熟果。 問:善業的異熟果是以見斷煩惱所纏縛和修斷煩惱所纏縛來感受的嗎?答:是有的。比如說,由善業的異熟果而獲得長壽、容貌端正、種姓高貴、受用豐富、名聲顯赫、言語威重,如果此時為見斷煩惱所纏縛,則以見斷煩惱所纏縛感受異熟果;如果為修斷煩惱所纏縛,則以修斷煩惱所纏縛感受異熟果。 問:不善業的異熟果是以見斷煩惱所纏縛和修斷煩惱所纏縛來感受的嗎?答:是有的。比如說,由不善業的異熟果而獲得短壽、容貌醜陋、種姓低賤、受用貧乏、名聲低微、言語輕浮。
ཚིག་མི་ བརྩན་པ་ཐོབ་པར་གྱུར་པ་ན།དེ་གལ་ཏེ་མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པར་གྱུར་ན་ནི་མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་། །དེ་སྟེ་བསྒོམ་པས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ ནས་དཀྲིས་པར་གྱུར་ན་ནི་དེས་བསྒོམ་པས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་།།དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པ་དང་། བསྒོམ་པས་སྤང་བར་བྱ་བའི་ ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པས་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན།སྨྲས་པ། ཡོད་དེ། དཔེར་ན་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་རིང་བ་དང་། མདོག་བཟང་བ་དང་། རིགས་མཐོ་བ་ཐོབ་པར་གྱུར་ལ། མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ལོངས་སྤྱོད་ཆུང་བ་དང་། ཆུང་ བར་གྲགས་པ་དང་།ཚིག་མི་བརྩན་པ་ཐོབ་པར་གྱུར་ཏམ། ཡང་ན་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་ཐུང་བ་དང་། མདོག་ངན་པ་དང་། རིགས་དམའ་བ་ཐོབ་པར་གྱུར་ལ། དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ལོངས་སྤྱོད་ཆེ་བ་དང་། ཆེ་བར་གྲགས་པ་དང་། ཚིག་ བརྩན་པ་ཐོབ་པར་གྱུར་པ་ན།དེ་གལ་ཏེ་མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པར་གྱུར་ན་ནི་མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་། །དེ་སྟེ་བསྒོམ་པས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་ དཀྲིས་པར་གྱུར་ན་ནི་བསྒོམ་པས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་།།མཐོང་བས་སྤང་བར་བྱ་བའི་ལས་ཀྱི་རྣམ་པར་སྨིན་པ་དགེ་བའི་སེམས་སམ། མི་དགེ་བའི་སེམས་སམ། ལུང་དུ་མ་བསྟན་པའི་སེམས་ཀྱིས་ཉམས་སུ་མྱོང་བ་ ཡོད་དམ་ཞེ་ན།སྨྲས་པ། ཡོད་དེ། དཔེར་ན་མཐོང་བས་སྤང་བར་བྱ་བའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་ཐུང་བ་དང་། མདོག་ངན་པ་དང་། རིགས་དམའ་བ་དང་། ལོངས་སྤྱོད་ཆུང་བ་དང་། ཆུང་བར་གྲགས་པ་དང་། ཚིག་མི་བརྩན་པ་ཐོབ་པ་ན། དེ་གལ་ཏེ་དགེ་བའི་སེམས་དང་ལྡན་ པར་གྱུར་ན་ནི་དགེ་བའི་སེམས་ཀྱིས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་།།དེ་སྟེ་མི་དགེ་བའི་སེམས་དང་ལྡན་པར་གྱུར་ན་ནི་མི་དགེ་བའི་སེམས་ཀྱིས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་། །དེ་སྟེ་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པར་གྱུར་ན་ནི་ལུང་དུ་མ་བསྟན་པའི་སེམས་ཀྱིས་རྣམ་པར་སྨིན་པ་ ཉམས་སུ་མྱོང་ངོ་།།བསྒོམ་པས་སྤང་བར་བྱ་བའི་ལས་ཀྱི་རྣམ་པར་སྨིན་པ་དགེ་བའི་སེམས་སམ། མི་དགེ་བའི་སེམས་སམ། ལུང་དུ་མ་བསྟན་པའི་སེམས་ཀྱིས་ཉམས་སུ་མྱོང་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། དཔེར་ན་བསྒོམ་པས་སྤང་བར་བྱ་བའི་མི་དགེ་བའི་ལས་ཀྱི་རྣམ་ པར་སྨིན་པས་ཚེ་ཐུང་བ་དང་།མདོག་ངན་པ་དང་། རིགས་དམའ་བ་ཐོབ་པར་གྱུར་ལ། དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ལོངས་སྤྱོད་ཆེ་བ་དང་། ཆེ་བར་གྲགས་པ་དང་། ཚིག་བརྩན་པ་ཐོབ་པར་གྱུར་ཏམ། ཡང་ན་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་རིང་བ་དང་། མདོག་ བཟང་བ་དང་།རིགས་མཐོ་བ་ཐོབ་པར་གྱུར་ལ། བསྒོམ་པས་སྤང་བར་བྱ་བའི་ལས་ཀྱི་རྣམ་པར་སྨིན་པས་ལོངས་སྤྱོད་ཆུང་བ་དང་། ཆུང་བར་གྲགས་པ་དང་། ཚིག་མི་བརྩན་པ་ཐོབ་པར་གྱུར་པ་ན། དེ་གལ་ཏེ་དགེ་བའི་སེམས་དང་ལྡན་པར་གྱུར་ན་ནི་དགེ་བའི་སེམས་ཀྱིས་རྣམ་པར་སྨིན་ པ་ཉམས་སུ་མྱོང་ངོ་།།དེ་སྟེ་མི་དགེ་བའི་སེམས་དང་ལྡན་པར་གྱུར་ན་ནི་མི་དགེ་བའི་སེམས་ཀྱིས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་། །དེ་སྟེ་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པར་གྱུར་ན་ནི་ལུང་དུ་མ་བསྟན་པའི་སེམས་ཀྱིས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་། །མཐོང་བས་སྤང་བར་ བྱ་བ་དང་།བསྒོམ་པས་སྤང་བར་བྱ་བའི་ལས་ཀྱི་རྣམ་པར་སྨིན་པ་དགེ་བའི་སེམས་སམ། མི་དགེ་བའི་སེམས་སམ། ལུང་དུ་མ་བསྟན་པའི་སེམས་ཀྱིས་རྣམ་པར་སྨིན་པ་ཉམས་སུ་མྱོང་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། དཔེར་ན་མཐོང་བས་སྤང་བར་བྱ་བ་དང་།
當獲得言語不堅固時,如果被見所斷的煩惱所纏縛,則由見所斷的煩惱纏縛而感受異熟果報。如果被修所斷的煩惱所纏縛,則由修所斷的煩惱纏縛而感受異熟果報。 問:是否有善業與不善業的異熟果報被見所斷煩惱所纏縛和修所斷煩惱所纏縛而感受? 答:有。例如,由善業的異熟果報獲得長壽、妙色、高貴種姓,由不善業的異熟果報獲得少財、名聲小、言語不堅固。或者由不善業的異熟果報獲得短壽、醜陋、低賤種姓,由善業的異熟果報獲得大財、大名聲、言語堅固。 當如是時,如果被見所斷的煩惱所纏縛,則由見所斷的煩惱纏縛而感受異熟果報。如果被修所斷的煩惱所纏縛,則由修所斷的煩惱纏縛而感受異熟果報。 問:是否有見所斷業的異熟果報由善心、不善心或無記心來感受? 答:有。例如,由見所斷業的異熟果報獲得短壽、醜陋、低賤種姓、少財、名聲小、言語不堅固時,如果與善心相應,則以善心感受異熟果報。如果與不善心相應,則以不善心感受異熟果報。如果與無記心相應,則以無記心感受異熟果報。 問:是否有修所斷業的異熟果報由善心、不善心或無記心來感受? 答:有。例如,由修所斷不善業的異熟果報獲得短壽、醜陋、低賤種姓,由善業的異熟果報獲得大財、大名聲、言語堅固。或者由善業的異熟果報獲得長壽、妙色、高貴種姓,由修所斷業的異熟果報獲得少財、名聲小、言語不堅固時。 如果與善心相應,則以善心感受異熟果報。如果與不善心相應,則以不善心感受異熟果報。如果與無記心相應,則以無記心感受異熟果報。 問:是否有見所斷和修所斷業的異熟果報由善心、不善心或無記心感受異熟果報? 答:有。例如見所斷和…
དཔེར་ན་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་ བྱ་བའི་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་ཐུང་བ་དང་།མདོག་ངན་པ་དང་། རིགས་དམའ་བ་ཐོབ་པར་གྱུར་ལ། དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ལོངས་སྤྱོད་ཆེ་བ་དང་། ཆེ་བར་གྲགས་པ་དང་། ཚིག་བརྩན་པ་ཐོབ་པར་གྱུར་ཏམ། ཡང་ན་དགེ་བའི་ལས་ཀྱི་རྣམ་པར་སྨིན་ པས་ཚེ་རིང་བ་དང་།མདོག་བཟང་བ་དང་། རིགས་མཐོ་བ་ཐོབ་པར་གྱུར་ལ་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའི་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ལོངས་སྤྱོད་ཆུང་བ་དང་། ཆུང་བར་གྲགས་པ་དང་། ཚིག་མི་བརྩན་པ་ཐོབ་པར་གྱུར་པ་ན། དེ་གལ་ཏེ་དགེ་ བའི་སེམས་དང་ལྡན་པར་གྱུར་ན་ནི་དགེ་བའི་སེམས་ཀྱིས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་།།དེ་སྟེ་མི་དགེ་བའི་སེམས་དང་ལྡན་པར་གྱུར་ན་ནི་མི་དགེ་བའི་སེམས་ཀྱིས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་། །དེ་སྟེ་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པར་གྱུར་ན་ནི་ལུང་དུ་མ་བསྟན་པའི་ སེམས་ཀྱིས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་།།མཐོང་བས་སྤང་བར་བྱ་བའི་ལས་ཀྱི་རྣམ་པར་སྨིན་པ་མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པ་དང་། བསྒོམ་པས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པས་ཉམས་སུ་མྱོང་བ་ཡོད་དམ་ཞེ་ན། སྨྲས་ པ།ཡོད་དེ། དཔེར་ན་མཐོང་བས་སྤང་བར་བྱ་བའི་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་ཐུང་བ་དང་། མདོག་ངན་པ་དང་། རིགས་དམའ་བ་དང་། ལོངས་སྤྱོད་ཆུང་བ་དང་། ཆུང་བར་གྲགས་པ་དང་། ཚིག་མི་བརྩན་པ་ཐོབ་པར་འགྱུར་པ་ན། དེ་གལ་ཏེ་ མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པར་གྱུར་ན་ནི་མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་།།དེ་སྟེ་བསྒོམ་པས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པར་གྱུར་ན་ནི་བསྒོམ་པས་ སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་།།བསྒོམ་པས་སྤང་བར་བྱ་བའི་ལས་ཀྱི་རྣམ་པར་སྨིན་པ་མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པ་དང་། བསྒོམ་པས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་ དཀྲིས་པས་ཉམས་སུ་མྱོང་བ་ཡོད་དམ་ཞེ་ན།སྨྲས་པ། ཡོད་དེ། དཔེར་ན་བསྒོམ་པས་སྤང་བར་བྱ་བའི་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་ཐུང་བ་དང་། མདོག་ངན་པ་དང་། རིགས་དམའ་བར་གྱུར་ལ། དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ལོངས་སྤྱོད་ཆེ་བ་དང་། ཆེ་བར་གྲགས་པ་ དང་།ཚིག་བརྩན་པ་ཐོབ་པར་གྱུར་ཏམ། ཡང་ན་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་རིང་བ་དང་། མདོག་བཟང་བ་དང་། རིགས་མཐོ་བ་ཐོབ་པར་གྱུར་ལ། བསྒོམ་པས་སྤང་བར་བྱ་བའི་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ལོངས་སྤྱོད་ཆུང་བ་དང་། ཆུང་བར་གྲགས་པ་དང་། ཚིག་མི་ བརྩན་པ་ཐོབ་པར་གྱུར་ན།དེ་གལ་ཏེ་མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པར་གྱུར་ན་ནི། མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་། །དེ་སྟེ་བསྒོམ་པས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་ དཀྲིས་པར་གྱུར་ན་ནི་བསྒོམ་པས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་།།མཐོང་བས་སྤང་བར་བྱ་བའི་ལས་ཀྱི་རྣམ་པར་སྨིན་པ་མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པ་དང་། བསྒོམ་པས་སྤང་བར་བྱ་བའི་ཀུན་ནས་ དཀྲིས་པས་ཀུན་ནས་དཀྲིས་པས་ཉམས་སུ་མྱོང་བ་ཡོད་དམ་ཞེ་ན།སྨྲས་པ། ཡོད་དེ། དཔེར་ན་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའི་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་ཐུང་བ་དང་། མདོག་ངན་པ་དང་། རིགས་དམའ་བ་ཐོབ་པར་གྱུར་ལ། དགེ་བའི་ལས་ ཀྱི་རྣམ་པར་སྨིན་པས་ལོངས་སྤྱོད་ཆེ་བ་དང་།ཆེ་བར་གྲགས་པ་དང་། ཚིག་བརྩན་པ་ཐོབ་པར་གྱུར་ཏམ། ཡང་ན་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་རིང་བ་དང་། མདོག་བཟང་བ་དང་། རིགས་མཐོ་བ་ཐོབ་པར་གྱུར་ལ། མཐོང་བས་སྤང་བར་བྱ་བ་དང་།
例如,由見所斷和修所斷的不善業的異熟果報而獲得短壽、醜陋、低賤種姓,由善業的異熟果報而獲得大受用、廣大名聲、言語威嚴,或者由善業的異熟果報而獲得長壽、端正、高貴種姓,由見所斷和修所斷的不善業的異熟果報而獲得小受用、微小名聲、言語不威嚴時,如果具有善心,則以善心感受異熟果報。如果具有不善心,則以不善心感受異熟果報。如果具有無記心,則以無記心感受異熟果報。 見所斷業的異熟果報是否有以見所斷煩惱所纏縛和以修所斷煩惱所纏縛而感受呢?答:有。例如由見所斷的不善業的異熟果報而獲得短壽、醜陋、低賤種姓、小受用、微小名聲、言語不威嚴時,如果為見所斷煩惱所纏縛,則以見所斷煩惱所纏縛感受異熟果報。如果為修所斷煩惱所纏縛,則以修所斷煩惱所纏縛感受異熟果報。 修所斷業的異熟果報是否有以見所斷煩惱所纏縛和以修所斷煩惱所纏縛而感受呢?答:有。例如由修所斷的不善業的異熟果報而獲得短壽、醜陋、低賤種姓,由善業的異熟果報而獲得大受用、廣大名聲、言語威嚴,或者由善業的異熟果報而獲得長壽、端正、高貴種姓,由修所斷的不善業的異熟果報而獲得小受用、微小名聲、言語不威嚴時,如果為見所斷煩惱所纏縛,則以見所斷煩惱所纏縛感受異熟果報。如果為修所斷煩惱所纏縛,則以修所斷煩惱所纏縛感受異熟果報。 見所斷業的異熟果報是否有以見所斷煩惱所纏縛和以修所斷煩惱所纏縛而感受呢?答:有。例如由見所斷和修所斷的不善業的異熟果報而獲得短壽、醜陋、低賤種姓,由善業的異熟果報而獲得大受用、廣大名聲、言語威嚴,或者由善業的異熟果報而獲得長壽、端正、高貴種姓,由見所斷和
རིགས་མཐོ་བ་ཐོབ་པར་གྱུར་ལ། མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའི་ མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ལོངས་སྤྱོད་ཆུང་བ་དང་།ཚེ་ཐུང་བ་དང་། ཚིག་མི་བརྩན་པ་ཐོབ་པར་གྱུར་པ་ན། དེ་གལ་ཏེ་མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པར་གྱུར་ན་ནི་མཐོང་བས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པས་རྣམ་པར་ སྨིན་པ་ཉམས་སུ་མྱོང་ངོ་།།དེ་སྟེ་བསྒོམ་པས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པར་གྱུར་ན་ནི་བསྒོམ་པས་སྤང་བར་བྱ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པས་རྣམ་པར་སྨིན་པ་ཉམས་སུ་མྱོང་ངོ་། །ལས་གདགས་པ་ཚིགས་དགུ་པའོ།། །།སྡོམ་ནི། རྩ་བ་ཟད་ དང་ཟག་བཅས་དང་།།ཁ་ན་མ་ཐོ་བཅས་དང་གནག་།ཆོས་ཀྱི་སྒོ་ནས་གསུམ་དུ་བྱ། །སྐྱེ་བ་ལས་ནི་གཉིས་སུ་བྱ། །ལས་རྩ་བ་ཟད་པས་ཟད་པར་འགྱུར་ལ། རྣམ་པར་སྨིན་པ་ཟད་པས་ཟད་པར་མི་འགྱུར་བ་ཡོད་དམ། རྣམ་པར་སྨིན་པ་ཟད་པས་ཟད་པར་འགྱུར་ལ། རྩ་བ་ཟད་པས་ཟད་པར་མི་འགྱུར་ བ་ཡོད་དམ།རྩ་བ་ཡང་ཟད་ལ་རྣམ་པར་སྨིན་པ་ཡང་ཟད་པས་ཟད་པར་འགྱུར་བ་ཡོད་དམ། ལས་རྩ་བ་ཡང་ཟད་ལ་རྣམ་པར་སྨིན་པ་ཡང་ཟད་པས་ཀྱང་ཟད་པར་མི་འགྱུར་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། ལས་རྩ་བ་ཟད་པས་ཟད་པར་འགྱུར་ལ། རྣམ་པར་སྨིན་པ་ཟད་པས་ཟད་པར་མི་འགྱུར་བ་གང་ ཞེ་ན།སྨྲས་པ། དགེ་བའི་རྩ་བ་ཆད་པའི་གང་ཟག་གི་ལས་དགེ་བ་ཟག་པ་དང་བཅས་པ་རྣམ་པར་སྨིན་པ་མ་སྨིན་པ་གང་ཡིན་པ་དང་། དགེ་བའི་རྩ་བ་ཆད་པའི་གང་ཟག་གི་ལས་མི་དགེ་བ་རྣམ་པར་སྨིན་པ་མ་སྨིན་པ་གང་ཡིན་པ་སྟེ། འདི་ནི་ལས་རྩ་བ་ཟད་པར་འགྱུར་ལ། རྣམ་པར་སྨིན་པ་ ཟད་པས་ཟད་པར་མི་འགྱུར་བའོ།།ལས་རྣམ་པར་སྨིན་པ་ཟད་པས་ཟད་པར་འགྱུར་ལ། རྩ་བ་ཟད་པས་ཟད་པར་མི་འགྱུར་བ་གང་ཞེ་ན། སྨྲས་པ། དགེ་བའི་རྩ་བ་ཆད་པའི་གང་ཟག་གི་ལས་མི་དགེ་བ་རྣམ་པར་སྨིན་པ་སྨིན་ཟིན་པ་གང་ཡིན་པ་དང་། དགེ་བའི་རྩ་བ་ཆད་ པའི་གང་ཟག་གི་ལས་དགེ་བ་ཟག་པ་དང་བཅས་པ་རྣམ་པར་སྨིན་པ་སྨིན་ཟིན་པ་གང་ཡིན་པ་སྟེ།འདི་ནི་ལས་རྣམ་པར་སྨིན་པ་ཟད་པས་ཟད་པར་འགྱུར་ལ། རྩ་བ་ཟད་པས་ཟད་པར་མི་འགྱུར་བའོ། །ལས་རྩ་བ་ཡང་ཟད་ལ་རྣམ་པར་སྨིན་པ་ཡང་ཟད་པར་འགྱུར་བ་གང་ཞེ་ན། སྨྲས་པ། དགེ་བའི་རྩ་བ་ཆད་པའི་གང་ཟག་གི་ལས་དགེ་བ་ཟག་པ་དང་བཅས་པ་རྣམ་པར་སྨིན་པ་སྨིན་ཟིན་པ་གང་ཡིན་པ་དང་། དགེ་བའི་རྩ་བ་ཆད་པའི་གང་ཟག་གི་ལས་རྣམ་པར་སྨིན་པ་མ་སྨིན་པ་གང་ཡིན་པ་སྟེ། འདི་ནི་ལས་རྩ་བ་ཡང་ཟད་ལ་རྣམ་པར་སྨིན་པ་ཡང་ཟད་པས་ཟད པར་འགྱུར་བའོ།།ལས་རྩ་བ་ཡང་ཟད་ལ་རྣམ་པར་སྨིན་པ་ཡང་ཟད་པས་ཀྱང་ཟད་པར་མི་འགྱུར་བ་གང་ཞེ་ན། སྨྲས་པ། དགེ་བའི་རྩ་བ་ཆད་པའི་གང་ཟག་གི་ལས་མི་དགེ་བ་རྣམ་པར་སྨིན་པ་མ་སྨིན་པ་གང་ཡིན་པ་དང་། དགེ་བའི་རྩ་བ་ཆད་པའི་གང་ཟག་གི་ལས་དགེ་བ་རྣམ་པར་སྨིན་ པ་མ་སྨིན་པ་གང་ཡིན་པ་སྟེ།འདི་ནི་ལས་རྩ་བ་ཡང་ཟད་ལ་རྣམ་པར་སྨིན་པ་ཡང་ཟད་པས་ཀྱང་ཟད་པར་མི་འགྱུར་བའོ། །ལས་ཡོངས་སུ་ཤེས་པས་ཟད་པར་འགྱུར་ལ། རྣམ་པར་སྨིན་པ་ཟད་པས་ཟད་པར་མི་འགྱུར་བ་ཡོད་དམ། རྣམ་པར་སྨིན་པ་ཟད་པས་ཟད་པར་འགྱུར་ལ། ཡོངས་སུ་ ཤེས་པས་ཟད་པར་མི་འགྱུར་བ་ཡོད་དམ།ཡོངས་སུ་ཤེས་ལ་རྣམ་པར་སྨིན་པ་ཡང་ཟད་པས་ཟད་པར་འགྱུར་བ་ཡོད་དམ། ལས་ཡོངས་སུ་ཤེས་ལ་རྣམ་པར་སྨིན་པ་ཡང་ཟད་པས་ཀྱང་ཟད་པར་མི་འགྱུར་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། ལས་ཡོངས་སུ་ཤེས་པས་ཟད་པར་འགྱུར་ལ་རྣམ་ པར་སྨིན་པ་ཟད་པས་ཟད་པར་མི་འགྱུར་བ་གང་ཞེ་ན།སྨྲས་པ། དགྲ་བཅོམ་པ་དང་ཕྱིར་མི་འོང་བའི་ལས་མི་དགེ་བ་དང་། དགེ་བ་ཟག་པ་དང་བཅས་པ་རྣམ་པར་སྨིན་པ་མ་སྨིན་པ་གང་ཡིན་པ་སྟེ། འདི་ནི་ལས་ཡོངས་སུ་ཤེས་པ་ཟད་པས་ཟད་པར་འགྱུར་ལ། རྣམ་པར་སྨིན་པ་ཟད་པས་ཟད་ པར་མི་འགྱུར་བའོ།
獲得高貴種姓后,由見所斷和修所斷的不善業的異熟果報而獲得少量受用、短壽和言語無威嚴。如果被見所斷的煩惱所纏縛,則會感受見所斷煩惱纏縛的異熟果報。如果被修所斷的煩惱所纏縛,則會感受修所斷煩惱纏縛的異熟果報。這是業施設第九品。 總攝:根本斷盡與有漏,及有過失與黑暗,從法門中分為三,從生起業分為二。 問:是否有業由根本斷盡而滅盡,而不由異熟果報斷盡而滅盡?是否有業由異熟果報斷盡而滅盡,而不由根本斷盡而滅盡?是否有業由根本斷盡且異熟果報斷盡而滅盡?是否有業既不由根本斷盡也不由異熟果報斷盡而滅盡? 答:有。什麼是業由根本斷盡而滅盡,而不由異熟果報斷盡而滅盡?答:斷善根者的未成熟異熟果報的有漏善業,以及斷善根者的未成熟異熟果報的不善業,這就是業由根本斷盡而滅盡,而不由異熟果報斷盡而滅盡。 什麼是業由異熟果報斷盡而滅盡,而不由根本斷盡而滅盡?答:斷善根者已成熟異熟果報的不善業,以及斷善根者已成熟異熟果報的有漏善業,這就是業由異熟果報斷盡而滅盡,而不由根本斷盡而滅盡。 什麼是業由根本斷盡且異熟果報斷盡而滅盡?答:斷善根者已成熟異熟果報的有漏善業,以及斷善根者未成熟異熟果報的業,這就是業由根本斷盡且異熟果報斷盡而滅盡。 什麼是業既不由根本斷盡也不由異熟果報斷盡而滅盡?答:斷善根者未成熟異熟果報的不善業,以及斷善根者未成熟異熟果報的善業,這就是業既不由根本斷盡也不由異熟果報斷盡而滅盡。 問:是否有業由遍知而滅盡,而不由異熟果報斷盡而滅盡?是否有業由異熟果報斷盡而滅盡,而不由遍知而滅盡?是否有業由遍知且異熟果報斷盡而滅盡?是否有業既不由遍知也不由異熟果報斷盡而滅盡? 答:有。什麼是業由遍知而滅盡,而不由異熟果報斷盡而滅盡?答:阿羅漢和不還者未成熟異熟果報的不善業和有漏善業,這就是業由遍知而滅盡,而不由異熟果報斷盡而滅盡。
།ལས་རྣམ་པར་སྨིན་པ་ཟད་པས་ཟད་པར་འགྱུར་ལ། ཡོངས་སུ་ཤེས་པས་ཟད་པར་མི་འགྱུར་བ་གང་ཞེ་ན། སྨྲས་པ། འཆིང་བ་ཐམས་ཅད་དང་ལྡན་པའི་གང་ཟག་གི་ལས་མི་དགེ་བ་དང་། དགེ་བ་ཟག་པ་དང་བཅས་པ་རྣམ་པར་སྨིན་པ་སྨིན་ཟིན་པ་གང་ཡིན་པ་སྟེ། འདི་ ནི་ལས་རྣམ་པར་སྨིན་པ་ཟད་པས་ཟད་པར་འགྱུར་ལ།ཡོངས་སུ་ཤེས་པས་ཟད་པར་མི་འགྱུར་བའོ། །ལས་ཡོངས་སུ་ཤེས་ལ་རྣམ་པར་སྨིན་པས་ཡང་ཟད་པར་འགྱུར་བ་གང་ཞེ་ན། སྨྲས་པ། དགྲ་བཅོམ་པ་དང་ཕྱིར་མི་འོང་བའི་ལས་མི་དགེ་བ་དང་། དགེ་བ་ཟག་པ་དང་བཅས་པ་རྣམ་པར་ སྨིན་པ་སྨིན་ཟིན་པ་གང་ཡིན་པ་སྟེ།འདི་ནི་ལས་ཡོངས་སུ་ཤེས་ལ། རྣམ་པར་སྨིན་པ་ཡང་ཟད་པས་ཟད་པར་འགྱུར་བའོ། །ལས་ཡོངས་སུ་ཤེས་ལ་རྣམ་པར་སྨིན་པ་ཡང་ཟད་པས་ཀྱང་ཟད་པར་མི་འགྱུར་བ་གང་ཞེ་ན། སྨྲས་པ། འཆིང་བ་ཐམས་ཅད་དང་ལྡན་པའི་གང་ཟག་གི་ལས་ མི་དགེ་བ་དང་།དགེ་བ་ཟག་པ་དང་བཅས་པའི་རྣམ་པར་སྨིན་པ་དང་མ་སྨིན་པ་གང་ཡིན་པ་སྟེ། འདི་ནི་ལས་ཡོངས་སུ་ཤེས་ལ། རྣམ་པར་སྨིན་པ་ཡང་ཟད་པས་ཀྱང་ཟད་པར་མི་འགྱུར་བའོ། །ཟག་པ་དང་བཅས་པའི་ལས་ཀྱི་ཟག་པ་དང་བཅས་པའི་འབྲས་བུ་ཡོད་དམ་ཞེ་ན། སྨྲས་པ། ཡོད་ དེ།རྒྱུ་དང་མཐུན་པའི་འབྲས་བུ་དང་། རྣམ་པར་སྨིན་པའི་འབྲས་བུའོ། །ཟག་པ་དང་བཅས་པའི་ལས་ཀྱི་ཟག་པ་མེད་པའི་འབྲས་བུ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། བྲལ་བའི་འབྲས་བུའོ། །ཟག་པ་དང་བཅས་པའི་ལས་ཀྱི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་འབྲས་བུ་ཡོད་དམ་ ཞེ་ན།སྨྲས་པ། ཡོད་དེ། རྒྱུ་དང་མཐུན་པའི་འབྲས་བུ་དང་། རྣམ་པར་སྨིན་པའི་འབྲས་བུ་དང་བྲལ་བའི་འབྲས་བུའོ། །ཟག་པ་མེད་པའི་ལས་ཀྱི་ཟག་པ་མེད་པའི་འབྲས་བུ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། རྒྱུ་དང་མཐུན་པའི་འབྲས་བུ་དང་། བྲལ་བའི་འབྲས་བུའོ། །ཟག་པ་མེད་པའི་ ལས་ཀྱི་ཟག་པ་དང་བཅས་པའི་འབྲས་བུ་ཡོད་དམ་ཞེ་ན།སྨྲས་པ། མེད་དོ། །ཟག་པ་དང་བཅས་པའི་ལས་ཀྱི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་འབྲས་བུ་ཡོད་དམ་ཞེ་ན། སྨྲས་པ། མེད་དོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ལས་ཀྱི་ཟག་པ་དང་བཅས་པའི་ལས་ཀྱི་ འབྲས་བུ་ཡོད་དམ་ཞེ་ན།སྨྲས་པ། མེད་དོ། །ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ལས་ཀྱི་ཟག་པ་མེད་པའི་འབྲས་བུ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། བྲལ་བའི་འབྲས་བུའོ། །ཁ་ན་མ་ཐོ་བ་དང་བཅས་པའི་ལས་ཀྱིས་སྐྱེས་ལ། ཁ་ན་མ་ཐོ་བ་དང་བཅས་པ་ཉིད་ཀྱི་ལས་ཀྱི་ རྣམ་པར་སྨིན་པ་ཉམས་སུ་མྱོང་བ་ཡོད་དམ་ཞེ་ན།སྨྲས་པ། ཉམས་སུ་མྱོང་བ་ཡོད་དེ། གླང་པོ་ཆེའི་རྒྱལ་པོས་སྲུང་གི་བུ་དང་། གླང་པོ་ཆེའི་རྒྱལ་པོ་རབ་བརྟན་དང་། རྒྱལ་པོ་གཤིན་རྗེ་ལྟ་བུའོ། །ཁ་ན་མ་ཐོ་བ་དང་བཅས་པའི་ལས་ཀྱིས་སྐྱེས་ལ། གནོད་པ་དང་བཅས་པ་དང་གནོད་པ་མེད་ པའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བ་ཡོད་དམ་ཞེ་ན།སྨྲས་པ། ཉམས་སུ་མྱོང་བ་ཡོད་དེ། གླང་པོ་ཆེ་ཅང་ཤེས་སྐྱིད་དེ་བར་འདུག་པ་དང་། རྟ་ཅང་ཤེས་སྐྱིད་དེ་བར་འདུག་པ་ལས་དང་པོ་ཁ་ལྕགས་ལ་སོགས་པའི་གནོད་པས་གནོད་པར་བྱ་བ་གང་ཡིན་པ་དེ་ནི་གནོད་པ་དང་བཅས་པའི་ལས་ ཀྱི་འབྲས་བུའོ།།ཕྱིས་དུལ་ཞིང་བྱང་བར་གྱུར་ནས་གླང་པོ་ཆེའི་རྒྱན་རྣམས་དང་། རྟའི་རྒྱན་རྣམས་དང་། བཟའ་བ་དང་། བཏུང་བ་དང་ཆས་ལ་སོགས་པ་ཐོབ་པ་གང་ཡིན་པ་དེ་ནི་གནོད་པ་མེད་པའི་ལས་ཀྱི་འབྲས་བུའོ། །གནོད་པ་མེད་པའི་ལས་ཀྱིས་སྐྱེས་ལ། གནོད་པ་མེད་པ་ཉིད་ཀྱི་ལས་རྣམ་པར་ སྨིན་པ་ཉམས་སུ་མྱོང་བ་ཡོད་དམ་ཞེ་ན།སྨྲས་པ། ཉམས་སུ་མྱོང་བ་ཡོད་དེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་ཐམས་ཅད་དང་། མི་ཁ་ཅིག་དང་། འདོད་པ་ན་སྤྱོད་པའི་ལྷ་ཁ་ཅིག་གོ། །གནོད་པ་མེད་པའི་ལས་ཀྱིས་སྐྱེས་ལ། གནོད་པ་དང་བཅས་པའི་ལས་ཀྱི་རྣམ་པར་སྨིན་པ་ ཉམས་སུ་མྱོང་བ་ཡོད་དམ་ཞེ་ན།སྨྲས་པ། ཉམས་སུ་མྱོང་བ་ཡོད་དེ། དཔེར་ན་མི་ཁ་ཅིག་དང་། འདོད་པ་ན་སྤྱོད་པའི་ལྷ་ཁ་ཅིག་གནོད་པ་དང་བཅས་པའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་ཐུང་བ་དང་། མདོག་ངན་པ་དང་། རིགས་དམའ་བ་དང་། ལོངས་སྤྱོད་ཆུང་བ་དང་། ཆུང་བར་གྲགས་པ་ དང་།ཚིག་མི་བརྩན་པ་ཐོབ་པར་གྱུར་པ་ལྟ་བུའོ།
什麼是由業的異熟滅盡而滅盡,而不由遍知而滅盡呢?答曰:具有一切束縛的補特伽羅的不善業和有漏善業,其異熟已成熟者,這就是由業的異熟滅盡而滅盡,而不由遍知而滅盡。 什麼是由遍知業而且由異熟滅盡而滅盡呢?答曰:阿羅漢和不還者的不善業和有漏善業,其異熟已成熟者,這就是由遍知業而且由異熟滅盡而滅盡。 什麼是由遍知業而不由異熟滅盡而滅盡呢?答曰:具有一切束縛的補特伽羅的不善業和有漏善業,其異熟已成熟和未成熟者,這就是由遍知業而不由異熟滅盡而滅盡。 有漏業是否有有漏果?答曰:有,即等流果和異熟果。 有漏業是否有無漏果?答曰:有,即離系果。 有漏業是否有有漏和無漏果?答曰:有,即等流果、異熟果和離系果。 無漏業是否有無漏果?答曰:有,即等流果和離系果。 無漏業是否有有漏果?答曰:沒有。 有漏業是否有有漏和無漏果?答曰:沒有。 有漏和無漏業是否有有漏果?答曰:沒有。 有漏和無漏業是否有無漏果?答曰:有,即離系果。 是否有由有過失業而生,並感受有過失業異熟者?答曰:有感受者,如護子象王、堅固象王和閻魔王等。 是否有由有過失業而生,並感受有害和無害業異熟者?答曰:有感受者,如良象和良馬初時受勒等傷害時,那是有害業果;後來調馴熟練后獲得象飾、馬飾、飲食衣物等,那是無害業果。 是否有由無害業而生,並感受無害業異熟者?答曰:有感受者,如色界、無色界一切天眾,以及某些人和欲界天眾。 是否有由無害業而生,並感受有害業異熟者?答曰:有感受者,如某些人和欲界天眾由有害業異熟而獲得短壽、醜陋、低賤種姓、少財、名聲小、言語無威等。
།གནོད་པ་མེད་པའི་ལས་ཀྱིས་སྐྱེས་ལ། གནོད་པ་དང་བཅས་པ་དང་། གནོད་པ་མེད་པའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བ་ཡོད་དམ་ཞེ་ན། སྨྲས་པ། ཉམས་སུ་མྱོང་བ་ཡོད་དེ། དཔེར་ན་མི་ཁ་ཅིག་དང་། འདོད་པ་ན་སྤྱོད་པའི་ལྷ་ཁ་ ཅིག་གནོད་པ་དང་བཅས་པའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་ཐུང་བ་དང་།མདོག་ངན་པ་དང་། རིགས་དམའ་བ་ཐོབ་པར་གྱུར་ལ། ཁ་ན་མ་ཐོ་བ་མེད་པའི་ལས་ཀྱི་རྣམ་པར་སྨིན་པས་ལོངས་སྤྱོད་ཆེ་བ་དང་། ཆེ་བར་གྲགས་པ་དང་། ཚིག་བརྩན་པ་ཐོབ་པར་གྱུར་ཏམ། ཡང་ན་གནོད་པ་མེད་ པའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་རིང་བ་དང་།མདོག་བཟང་བ་དང་། རིགས་མཐོ་བ་ཐོབ་པར་གྱུར་ལ། ཁ་ན་མ་ཐོ་བ་དང་བཅས་པའི་ལས་ཀྱི་རྣམ་པར་སྨིན་པས་ལོངས་སྤྱོད་ཆུང་བ་དང་། ཆུང་བར་གྲགས་པ་དང་། ཚིག་མི་བརྩན་པ་ཐོབ་པར་གྱུར་པ་ལྟ་བུའོ། །གླེང་གཞི་ནི་མཉན་དུ་ཡོད་ པ་ན་བཞུགས་སོ།།ལས་ནི་བཞི་སྟེ། བཞི་གང་ཞེ་ན། ལས་ཀྱང་གནག་ལ་རྣམ་པར་སྨིན་པ་ཡང་གནག་པ་ཡང་ཡོད་དོ། །ལས་ཀྱང་དཀར་ལ་རྣམ་པར་སྨིན་པ་ཡང་དཀར་བ་ཡང་ཡོད་དོ། །ལས་ཀྱང་དཀར་གནག་འདྲེས་ལ་རྣམ་པར་སྨིན་པ་ཡང་དཀར་གནག་འདྲེས་པ་ཡང་ཡོད་དོ། །ལས་ གནག་པ་ཡང་མ་ཡིན་དཀར་བ་ཡང་མ་ཡིན་རྣམ་པར་སྨིན་པ་ཡང་མེད་པ་ཡང་ཡོད་དོ།།ལས་ཐམས་ཅད་ཟད་པར་འགྱུར་ཞེས་བྱ་བ་ནས་རྒྱས་པར་ཡང་དག་པར་འགྲོ་བའི་རྣམ་གྲངས་ལས་ཇི་སྐད་འབྱུང་བ་བཞིན་དུ་བརྗོད་པར་བྱའོ། །ཆོས་ཡང་དག་པར་བླང་བ་ནི་བཞི་སྟེ། བཞི་གང་ཞེ་ན། ཆོས་ ཡང་དག་པར་བླང་བ་ད་ལྟར་བྱུང་བ་དེ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཞེས་བྱ་བ་ནས།རྒྱས་པར་ཡང་དག་པར་འགྲོ་བའི་རྣམ་གྲངས་ལས་ཇི་སྐད་འབྱུང་བ་བཞིན་དུ་སྦྱར་རོ། །གཞན་ཡང་ཆོས་ཡང་དག་པར་བླང་བ་བཞི་སྟེ། བཞི་གང་ཞེ་ན། ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བས་ དཀར་བས་དཀར་ལ་རྣམ་པར་སྨིན་པ་དཀར་བས་དཀར་བ་མ་ཡིན་པ་ཡང་ཡོད་དོ།།ཆོས་ཡང་དག་པར་བླང་བ་རྣམ་པར་སྨིན་པ་དཀར་བས་དཀར་བ་ལ། ཡིད་དུ་འོང་བ་དཀར་བས་དཀར་བ་ཡང་མ་ཡིན་པ་ཡོད་དོ། །ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་དཀར་བས་ཀྱང་དཀར་ལ་རྣམ་པར་སྨིན་པ་དཀར་བས་ ཀྱང་དཀར་བ་ཡང་ཡོད་དོ།།ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་དཀར་བས་ཀྱང་དཀར་བ་མ་ཡིན་ལ། རྣམ་པར་སྨིན་པ་དཀར་བས་ཀྱང་དཀར་བ་མ་ཡིན་པ་ཡང་ཡོད་དོ། །ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་དཀར་བས་དཀར་ལ་རྣམ་པར་སྨིན་པ་དཀར་བས་དཀར་བ་མ་ཡིན་པ་གང་ཞེ་ན། སྨྲས་པ། ཆོས་ཡང་དག་པར་བླང་བ་དང་པོ་སྟེ། འདི་ནི་ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་དཀར་བས་དཀར་ལ་རྣམ་པར་སྨིན་པ་དཀར་བས་དཀར་བ་མ་ཡིན་པའོ། །ཆོས་ཡང་དག་པར་བླང་བ་རྣམ་པར་སྨིན་པ་དཀར་བས་དཀར་ལ་ཡིད་དུ་འོང་བས་དཀར་བས་དཀར་བ་མ་ཡིན་པ གང་ཞེ་ན།སྨྲས་པ། ཆོས་ཡང་དག་པར་བླང་བ་གཉིས་པ་སྟེ། འདི་ནི་ཆོས་ཡང་དག་པར་བླང་བ་རྣམ་པར་སྨིན་པ་དཀར་བས་དཀར་ལ་ཡིད་དུ་འོང་བ་དཀར་བས་དཀར་བ་མ་ཡིན་པའོ། །ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་དཀར་བས་ཀྱང་དཀར་ལ་རྣམ་པར་སྨིན་པ་དཀར་བས་ཀྱང་དཀར་ བ་གང་ཞེ་ན།སྨྲས་པ། ཆོས་ཡང་དག་པར་བླང་བ་གསུམ་པ་སྟེ། འདི་ནི་ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་དཀར་བས་ཀྱང་དཀར་ལ་རྣམ་པར་སྨིན་པ་དཀར་བས་ཀྱང་དཀར་བའོ། །ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་དཀར་བས་ཀྱང་དཀར་བ་མ་ཡིན་ལ། རྣམ་པར་སྨིན་པ་དཀར་བས་ ཀྱང་དཀར་བ་མ་ཡིན་པ་གང་ཞེ་ན།སྨྲས་པ། ཆོས་ཡང་དག་པར་བླང་བ་བཞི་པ་སྟེ། འདི་ནི་ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་དཀར་བས་ཀྱང་དཀར་བ་མ་ཡིན་ལ། རྣམ་པར་སྨིན་པ་དཀར་བས་ཀྱང་དཀར་བ་མ་ཡིན་པའོ། །གཞན་ཡང་ཆོས་ཡང་དག་པར་བླང་བ་ནི་བཞི་སྟེ། བཞི་གང་ ཞེ་ན།ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་གནག་པས་གནག་ལ་རྣམ་པར་སྨིན་པ་གནག་པས་གནག་པ་མ་ཡིན་པ་ཡང་ཡོད་དོ། །ཆོས་ཡང་དག་པར་བླང་བ་རྣམ་པར་སྨིན་པ་གནག་པས་གནག་ལ་ཡིད་དུ་འོང་བ་གནག་པས་གནག་པ་མ་ཡིན་པ་ཡང་ཡོད་དོ། །ཆོས་ཡང་དག་པར་ བླང་བ་ཡིད་དུ་འོང་བ་གནག་པས་ཀྱང་གནག་ལ་རྣམ་པར་སྨིན་པ་གནག་པས་ཀྱང་གནག་པ་ཡང་ཡོད་དོ།
有人問:由無害業而生,是否會感受有害和無害業的異熟果報?答:是會感受的。例如有些人和欲界諸天,由有害業的異熟果報而獲得短壽、醜陋、低賤種姓,但由無過失業的異熟果報而獲得大受用、廣大名聲、言語威嚴。或者由無害業的異熟果報而獲得長壽、端正、高貴種姓,但由有過失業的異熟果報而獲得少受用、微小名聲、言語無威。 緣起在舍衛城。業有四種,何為四種?有業黑且異熟黑,有業白且異熟白,有業黑白相雜且異熟黑白相雜,有業非黑非白且無異熟。 一切業皆盡,如廣說正趣數中所說。正法受持有四種,何為四種?正法受持現在生起,後世異熟苦,如廣說正趣數中所說。 復有四種正法受持,何為四種?有正法受持可意白而白,異熟非白而白;有正法受持異熟白而白,可意非白而白;有正法受持可意白而白,異熟亦白而白;有正法受持可意非白而白,異熟亦非白而白。 何為正法受持可意白而白,異熟非白而白?答:第一種正法受持,此為正法受持可意白而白,異熟非白而白。 何為正法受持異熟白而白,可意非白而白?答:第二種正法受持,此為正法受持異熟白而白,可意非白而白。 何為正法受持可意白而白,異熟亦白而白?答:第三種正法受持,此為正法受持可意白而白,異熟亦白而白。 何為正法受持可意非白而白,異熟亦非白而白?答:第四種正法受持,此為正法受持可意非白而白,異熟亦非白而白。 復有四種正法受持,何為四種?有正法受持可意黑而黑,異熟非黑而黑;有正法受持異熟黑而黑,可意非黑而黑;有正法受持可意黑而黑,異熟亦黑而黑。
།ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་གནག་པས་ཀྱང་གནག་པ་མ་ཡིན་ལ་རྣམ་པར་སྨིན་པ་གནག་པས་ཀྱང་གནག་པ་མ་ཡིན་པ་ཡང་ཡོད་དོ། །ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་ བས་གནག་པས་གནག་ལ།རྣམ་པར་སྨིན་པ་གནག་པས་གནག་པ་མ་ཡིན་པ་གང་ཞེ་ན། སྨྲས་པ། ཆོས་ཡང་དག་པར་བླང་བ་དང་པོ་སྟེ། འདི་ནི་ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་གནག་པས་གནག་ལ་རྣམ་པར་སྨིན་པ་གནག་པས་གནག་པ་མ་ཡིན་པའོ། །ཆོས་ཡང་དག་པར་བླང་བ་ རྣམ་པར་སྨིན་པ་གནག་པས་གནག་ལ་ཡིད་དུ་འོང་བ་གནག་པས་གནག་པ་མ་ཡིན་པ་གང་ཞེ་ན་སྨྲས་པ།ཆོས་ཡང་དག་པར་བླང་བ་གཉིས་པ་སྟེ། འདི་ནི་ཆོས་ཡང་དག་པར་བླང་བ་རྣམ་པར་སྨིན་པ་གནག་པས་གནག་ལ་ཡིད་དུ་འོང་བ་གནག་པས་གནག་པ་མ་ཡིན་པའོ། །ཆོས་ཡང་དག་པར་ བླང་བ་ཡིད་དུ་འོང་བ་གནག་པས་ཀྱང་གནག་ལ་རྣམ་པར་སྨིན་པ་གནག་པས་ཀྱང་གནག་པ་གང་ཞེ་ན།སྨྲས་པ། ཆོས་ཡང་དག་པར་བླང་བ་གསུམ་པ་སྟེ། འདི་ནི་ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་གནག་པས་ཀྱང་གནག་ལ། རྣམ་པར་སྨིན་པ་གནག་པས་ཀྱང་གནག་པའོ། །ཆོས་ཡང་དག་ པར་བླང་བ་ཡིད་དུ་འོང་བ་གནག་པས་གནག་པ་མ་ཡིན་ལ་རྣམ་པར་སྨིན་པ་གནག་པས་ཀྱང་གནག་པ་མ་ཡིན་པ་གང་ཞེ་ན།སྨྲས་པ། ཆོས་ཡང་དག་པར་བླང་བ་བཞི་པ་སྟེ། འདི་ནི་ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་པ་གནག་པས་ཀྱང་གནག་པ་མ་ཡིན་ལ་རྣམ་པར་སྨིན་པ་གནག་པས་ ཀྱང་གནག་པ་མ་ཡིན་པའོ།།ལས་ནི་བཞི་སྟེ། བཞི་གང་ཞེ་ན། མངོན་པར་འགྲུབ་པའི་རྣམ་པར་སྨིན་པ་ཡིན་ལ་སྐྱེ་བའི་རྣམ་པར་སྨིན་པ་མ་ཡིན་པའི་ལས་ཀྱང་ཡོད་དོ། །སྐྱེ་བའི་རྣམ་པར་སྨིན་པ་ཡིན་ལ་མངོན་པར་འགྲུབ་པའི་རྣམ་པར་སྨིན་པ་མ་ཡིན་པའི་ལས་ཀྱང་ཡོད་དོ། །མངོན་པར་ འགྲུབ་པའི་རྣམ་པར་སྨིན་པ་ཡང་ཡིན་ལ།སྐྱེ་བའི་རྣམ་པར་སྨིན་པ་ཡང་ཡིན་པའི་ལས་ཀྱང་ཡོད་དོ། །མངོན་པར་འགྲུབ་པའི་རྣམ་པར་སྨིན་པ་ཡང་མ་ཡིན་ལ། སྐྱེ་བའི་རྣམ་པར་སྨིན་པ་ཡང་མ་ཡིན་པའི་ལས་ཀྱང་ཡོད་དོ། །མངོན་པར་འགྲུབ་པའི་རྣམ་པར་སྨིན་པ་ཡིན་ལ། སྐྱེ་བའི་རྣམ་ པར་སྨིན་པ་མ་ཡིན་པའི་ལས་གང་ཞེ་ན།སྨྲས་པ། ལས་གང་གི་རྣམ་པར་སྨིན་པས་བར་མདོའི་སྲིད་པར་མངོན་པར་འགྲུབ་པ་ལས་དེའི་རྣམ་པར་སྨིན་པས་སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱོར་བར་མི་བྱེད་པ་སྟེ། འདི་ནི་མངོན་པར་འགྲུབ་པའི་རྣམ་པར་སྨིན་པ་ཡིན་ལ། སྐྱེ་བའི་རྣམ་པར་ སྨིན་པ་མ་ཡིན་པའི་ལས་སོ།།སྐྱེ་བའི་རྣམ་པར་སྨིན་པ་ཡིན་ལ། མངོན་པར་འགྲུབ་པའི་རྣམ་པར་སྨིན་པ་མ་ཡིན་པའི་ལས་གང་ཞེ་ན། སྨྲས་པ། ལས་གང་གི་རྣམ་པར་སྨིན་པས་སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱོར་ལ་ལས་དེའི་རྣམ་པར་སྨིན་པས་བར་མ་དོའི་སྲིད་པར་ཉིང་མཚམས་སྦྱོར་བར་མི་ འགྱུར་བ་སྟེ།འདི་ནི་སྐྱེ་བའི་རྣམ་པར་སྨིན་པ་ཡིན་ལ། མངོན་པར་འགྲུབ་པའི་རྣམ་པར་སྨིན་པ་མ་ཡིན་པའི་ལས་སོ། །མངོན་པར་འགྲུབ་པའི་རྣམ་པར་སྨིན་པ་ཡིན་ལ། སྐྱེ་བའི་རྣམ་པར་མིན་པ་ཡང་ཡིན་པའི་ལས་གང་ཞེ་ན། སྨྲས་པ། ལས་གང་གི་རྣམ་པར་སྨིན་པས་བར་ མ་དོའི་སྲིད་པ་ཡང་མངོན་པར་འགྲུབ་ལ།ལས་དེའི་རྣམ་པར་སྨིན་པས་སྐྱེ་བའི་སྲིད་པ་ཉིང་མཚམས་སྦྱོར་བ་སྟེ། འདི་ནི་མངོན་པར་འགྲུབ་པའི་རྣམ་པར་སྨིན་པ་ཡང་ཡིན་ལ། སྐྱེ་བའི་རྣམ་པར་སྨིན་པ་ཡང་ཡིན་པའི་ལས་སོ། །མངོན་པར་འགྲུབ་པའི་རྣམ་པར་སྨིན་པ་ཡང་མ་ཡིན་ལ། སྐྱེ་བའི་རྣམ་ པར་སྨིན་པ་ཡང་མ་ཡིན་པའི་ལས་གང་ཞེ་ན།སྨྲས་པ། ལས་གང་གི་རྣམ་པར་སྨིན་པས་བར་མ་དོའི་སྲིད་པ་ཡང་མངོན་པར་འགྲུབ་པར་མི་འགྱུར་ལ། སྐྱེ་བའི་སྲིད་པ་ཡང་ཉིང་མཚམས་སྦྱོར་བར་མི་འགྱུར་བ་སྟེ། འདི་ནི་མངོན་པར་འགྲུབ་པའི་རྣམ་པར་སྨིན་པ་ཡང་མ་ཡིན་ལ། སྐྱེ་བའི་རྣམ་པར་ སྨིན་པ་ཡང་མ་ཡིན་པའི་ལས་སོ།།གཞན་ཡང་ལས་ནི་བཞི་སྟེ། བཞི་གང་ཞེ་ན། སྐྱེ་བའི་རྣམ་པར་སྨིན་པ་ཡིན་ལ། སྐྱེས་ནས་རྣམ་པར་ཡིན་པ་མ་ཡིན་པའི་ལས་ཀྱང་ཡོད་དོ། །སྐྱེས་ནས་རྣམ་པར་སྨིན་པ་ཡིན་ལ། སྐྱེ་བའི་རྣམ་པར་སྨིན་པ་མ་ཡིན་པའི་ལས་ཀྱང་ཡོད་དོ། །སྐྱེ་བའི་རྣམ་པར་ སྨིན་པ་ཡང་ཡིན་ལ།སྐྱེས་ནས་རྣམ་པར་སྨིན་པ་ཡང་ཡིན་པའི་ལས་ཀྱང་ཡོད་དོ།
有正法受持,既不是以可意而黑暗,也不是以異熟而黑暗。有正法受持,以可意而黑暗,而不是以異熟而黑暗的是什麼呢?答曰:第一種正法受持,這是正法受持以可意而黑暗,而不是以異熟而黑暗的。 正法受持,以異熟而黑暗,而不是以可意而黑暗的是什麼呢?答曰:第二種正法受持,這是正法受持以異熟而黑暗,而不是以可意而黑暗的。 正法受持,既以可意而黑暗,又以異熟而黑暗的是什麼呢?答曰:第三種正法受持,這是正法受持既以可意而黑暗,又以異熟而黑暗的。 正法受持,既不是以可意而黑暗,也不是以異熟而黑暗的是什麼呢?答曰:第四種正法受持,這是正法受持既不是以可意而黑暗,也不是以異熟而黑暗的。 業有四種,是哪四種呢?有業是現前成就的異熟,而不是生的異熟。有業是生的異熟,而不是現前成就的異熟。有業既是現前成就的異熟,又是生的異熟。有業既不是現前成就的異熟,也不是生的異熟。 什麼是現前成就的異熟,而不是生的異熟的業呢?答曰:某業的異熟使中陰身現前成就,而該業的異熟不使生有結生相續,這是現前成就的異熟,而不是生的異熟的業。 什麼是生的異熟,而不是現前成就的異熟的業呢?答曰:某業的異熟使生有結生相續,而該業的異熟不使中陰身結生相續,這是生的異熟,而不是現前成就的異熟的業。 什麼是既是現前成就的異熟,又是生的異熟的業呢?答曰:某業的異熟既使中陰身現前成就,該業的異熟又使生有結生相續,這是既是現前成就的異熟,又是生的異熟的業。 什麼是既不是現前成就的異熟,也不是生的異熟的業呢?答曰:某業的異熟既不使中陰身現前成就,也不使生有結生相續,這是既不是現前成就的異熟,也不是生的異熟的業。 另外,業有四種,是哪四種呢?有業是生的異熟,而不是生后的異熟。有業是生后的異熟,而不是生的異熟。有業既是生的異熟,又是生后的異熟。
།སྐྱེ་བའི་རྣམ་པར་སྨིན་པ་ཡང་མ་ཡིན་ལ། སྐྱེས་ནས་རྣམ་པར་སྨིན་པ་ཡང་མ་ཡིན་པའི་ལས་ཀྱང་ཡོད་དོ། །སྐྱེ་བའི་རྣམ་པར་སྨིན་པ་ཡིན་ལ། སྐྱེས་ནས་རྣམ་པར་སྨིན་པ་མ་ཡིན་པའི་ལས་གང་ཞེ་ན། སྨྲས་པ། ལས་གང་གི་རྣམ་པར་སྨིན་པས་སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱོར་ལ། སྐྱེས་པའི་འོག་ཏུ་ལས་དེའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་སྟེ། འདི་ནི་སྐྱེ་བའི་རྣམ་པར་སྨིན་པ་ཡིན་ལ། སྐྱེས་ནས་རྣམ་པར་སྨིན་པ་མ་ཡིན་པའི་ལས་སོ། །སྐྱེས་ནས་རྣམ་པར་སྨིན་པ་ཡིན་ལ། སྐྱེ་བའི་རྣམ་པར སྨིན་པ་མ་ཡིན་པའི་ལས་གང་ཞེ་ན།སྨྲས་པ། སྐྱེས་པའི་འོག་ཏུ་ལས་གང་གི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་ལ། ལས་དེའི་རྣམ་པར་སྨིན་པས་སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱོར་བར་ནི་མི་བྱེད་པ་སྟེ། འདི་ནི་སྐྱེས་ནས་རྣམ་པར་སྨིན་པ་ལ། སྐྱེ་བའི་རྣམ་པར་སྨིན་པ་མ་ཡིན་པའི་ལས་སོ། ། སྐྱེ་བའི་རྣམ་པར་སྨིན་པ་ཡང་ཡིན་ལ། སྐྱེས་ནས་རྣམ་པར་སྨིན་པ་ཡང་ཡིན་པའི་ལས་གང་ཞེ་ན། སྨྲས་པ། ལས་གང་གི་རྣམ་པར་སྨིན་པས་སྐྱེ་བའི་སྲིད་པར་ཡང་ཉིང་མཚམས་སྦྱོར་བར་བྱེད་ལ་སྐྱེས་པའི་འོག་ཏུ་ལས་དེའི་རྣམ་པར་སྨིན་པ་ཡང་ཉམས་སུ་མྱོང་བར་འགྱུར་བ་སྟེ། འདི་ནི་སྐྱེ་བའི རྣམ་པར་སྨིན་པ་ཡང་ཡིན་ལ།སྐྱེས་ནས་རྣམ་པར་སྨིན་པ་ཡང་ཡིན་པའི་ལས་སོ། །སྐྱེ་བའི་རྣམ་པར་སྨིན་པ་ཡང་མ་ཡིན་ལ། སྐྱེས་ནས་རྣམ་པར་སྨིན་པ་ཡང་མ་ཡིན་པའི་ལས་གང་ཞེ་ན། སྨྲས་པ། ལས་གང་གི་རྣམ་པར་སྨིན་པས་སྐྱེ་བའི་སྲིད་པར་ཡང་ཉིང་མཚམས་སྦྱོར་བར་མི་བྱེད་ལ། སྐྱེས་པའི་འོག་ཏུ་ལས་དེའི་རྣམ་པར་སྨིན་པ་ཡང་ཉམས་སུ་མྱོང་བར་མི་འགྱུར་བ་སྟེ། འདི་ནི་སྐྱེ་བའི་རྣམ་པར་སྨིན་པ་ཡང་མ་ཡིན་ལ། སྐྱེས་ནས་རྣམ་པར་སྨིན་པ་ཡང་མ་ཡིན་པའི་ལས་སོ། །ལས་གདགས་པ་ཚིགས་བཅུ་པའོ།། །།སྡོམ་ནི། ཚེ་ཟད་པ་དང་འོད་སྲུངས་དང་། ། བདེ་དང་སྡུག་བསྔལ་ལུས་བཞི་དང་། །སྦྱིན་པ་བཞི་དང་བརྒྱད་ཚན་གསུམ། །ལས་གསུམ་གྱིས་ནི་སྡེ་ཚན་གསུམ། །གཅེར་བུ་རྣམས་ནི་སྔོན་བྱས་དང་། །མཚམས་མེད་པ་ནི་ཐ་མ་ཡིན། །ཚེ་ཟད་པས་ནི་ཤི་འཕོས་ལ་བསོད་ནམས་ཟད་པས་ཤི་འཕོ་བ་མ་ཡིན་པ་ཞེས་བྱ་བ་ཡང་ཡོད་དོ། ། བསོད་ནམས་ཟད་པས་ཤི་འཕོས་ལ་ཚེ་ཟད་པས་ཤི་འཕོས་པ་མ་ཡིན་པ་ཡང་ཡོད་དོ། །ཚེ་ཡང་ཟད་ལ་བསོད་ནམས་ཀྱང་ཟད་པས་ཤི་འཕོས་པ་ཡང་ཡོད། ཚེ་ཡང་མ་ཟད་བསོད་ནམས་ཀྱང་མ་ཟད་པར་ཤི་འཕོས་པ་ཞེས་བྱ་བ་ཡང་ཡོད་དོ། །ཚེ་ཟད་པས་ཤི་འཕོས་ལ་བསོད་ནམས་ཟད་པས་ཤི་འཕོས པ་མ་ཡིན་པ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན།སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་གིས་ཚེའི་རྣམ་པར་སྨིན་པའི་ལས་ཆུང་ངུ་བྱས་ཤིང་བསྩགས་ལ། ལོངས་སྤྱོད་ཀྱི་རྣམ་པར་སྨིན་པའི་ལས་རྒྱ་ཆེན་པོ་བྱས་ཤིང་བསྩགས་པས། དེའི་ཚེ་གཏུགས་པར་བྱེད་ཀྱི། ལོངས་སྤྱོད་རྣམས་གཏུགས་པར་མི་བྱེད་དེ། དེ་ ནི་ཚེ་གཏུགས་པས་འཆི་བའི་དུས་བྱེད་ཀྱི་ལོངས་སྤྱོད་གཏུགས་པས་ནི་མ་ཡིན་ཏེ།དེ་ལྟར་ན་ཚེ་ཟད་པས་ཤི་འཕོས་ལ། བསོད་ནམས་ཟད་པས་ཤི་འཕོས་པ་མ་ཡིན་པ་ཞེས་བྱའོ། །བསོད་ནམས་ཟད་པས་ཤི་འཕོས་ལ་ཚེ་ཟད་པས་ཤི་འཕོས་པ་མ་ཡིན་པ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་ འདི་ན་ཁ་ཅིག་གིས་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པའི་ལས་ཆུང་ངུ་བྱས་ཤིང་བསྩགས་ལ།ཚེའི་རྣམ་པར་སྨིན་པའི་ལས་རྒྱ་ཆེན་པོ་བྱས་ཤིང་བསྩགས་པས་དེའི་ལོངས་སྤྱོད་རྣམས་གཏུགས་པར་བྱེད་ཀྱི་ཚེ་གཏུགས་པར་མི་བྱེད་དེ། དེ་ནི་ལོངས་སྤྱོད་གཏུགས་པས་འཆི་བའི་དུས་ བྱེད་ཀྱི་ཚེ་གཏུགས་པས་མ་ཡིན་ཏེ།དེ་ལྟར་ན་ལོངས་སྤྱོད་ཟད་པས་ཤི་འཕོས་ལ་ཚེ་ཟད་པས་ཤི་འཕོས་པ་མ་ཡིན་པ་ཞེས་བྱའོ།
有既不是生的異熟也不是生后異熟的業。什麼是生的異熟而非生后異熟的業呢?答曰:凡是由業的異熟而結生於有,但生后不會感受該業異熟的,這就是生的異熟而非生后異熟的業。 什麼是生后異熟而非生的異熟的業呢?答曰:凡是生後會感受業的異熟,但該業的異熟不會結生於有的,這就是生后異熟而非生的異熟的業。 什麼是既是生的異熟也是生后異熟的業呢?答曰:凡是由業的異熟而結生於有,且生后也會感受該業異熟的,這就是既是生的異熟也是生后異熟的業。 什麼是既非生的異熟也非生后異熟的業呢?答曰:凡是業的異熟既不結生於有,生后也不感受該業異熟的,這就是既非生的異熟也非生后異熟的業。 這是業施設第十品。 總說偈:壽盡與迦葉,樂與苦四身,四種佈施與三個八法,三業分三類,裸形者前業,無間業為末。 有由壽盡而死而非福盡而死的,有由福盡而死而非壽盡而死的,有壽盡且福盡而死的,有壽未盡且福未盡而死的。 什麼是壽盡而死而非福盡而死呢?答曰:如有人造作積累了少量壽報業,而造作積累了廣大受用報業,其壽命會窮盡,但受用不會窮盡。此人是由壽盡而死,而非受用盡而死,這就是壽盡而死而非福盡而死。 什麼是福盡而死而非壽盡而死呢?答曰:如有人造作積累了少量受用報業,而造作積累了廣大壽報業,其受用會窮盡,但壽命不會窮盡。此人是由受用盡而死,而非壽盡而死,這就是福盡而死而非壽盡而死。
།ཚེ་ཡང་ཟད་ལ་ལོངས་སྤྱོད་ཀྱང་ཟད་པས་ཤི་འཕོས་པ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་གིས་ཚེའི་ཚད་རྣམ་པར་སྨིན་པའི་ལས་ཀྱང་ཆུང་ངུ་ བྱས་ཤིང་བསགས་ལ།ལོངས་སྤྱོད་ཀྱི་རྣམ་པར་སྨིན་པའི་ལས་ཀྱང་ཆུང་ངུ་བྱས་ཤིང་བསྩགས་པས་དེའི་ཚེ་ཡང་གཏུགས་པར་བྱེད་ལ་ལོངས་སྤྱོད་ཀྱང་གཏུགས་པར་བྱེད་དེ། དེ་ནི་ཚེ་ཡང་གཏུགས་པ་ལ་ལོངས་སྤྱོད་ཀྱང་གཏུགས་པས་འཆི་བའི་དུས་བྱེད་དེ། དེ་ལྟར་ན་ཚེ་ཡང་ཟད་ལ་ལོངས་སྤྱོད་ ཀྱང་ཟད་པས་ཤི་འཕོས་པ་ཞེས་བྱའོ།།ཚེ་ཡང་མ་ཟད་ལ་བསོད་ནམས་ཀྱང་མ་ཟད་པར་ཤི་འཕོས་པ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་གིས་ཚེའི་རྣམ་པར་སྨིན་པའི་ལས་ཀྱང་རྒྱ་ཆེན་པོ་བྱས་ཤིང་བསྩགས་ལ། ལོངས་སྤྱོད་ཀྱི་རྣམ་པར་སྨིན་པའི་ལས་ཀྱང་རྒྱ་ཆེན་པོ་བྱས་ཤིང་ བསྩགས་པས་དེའི་ཚེ་ཡང་གཏུགས་པར་མི་བྱེད་ལ་ལོངས་སྤྱོད་ཀྱང་གཏུགས་པར་མི་བྱེད་དེ།དེ་ནི་ཚེ་གཏུགས་པ་དང་ལོངས་སྤྱོད་གཏུགས་པས་ཀྱང་འཆི་བའི་དུས་མི་བྱེད་མོད་ཀྱི། འོན་ཀྱང་མི་མཐུན་པ་མ་སྤངས་པ་གང་ཡང་རུང་བ་འགའ་ཞིག་གིས་འཆི་བའི་དུས་བྱེད་དེ། དེ་ལྟར་ན་ཚེ་ཡང་ མ་ཟད་ལ་བསོད་ནམས་ཀྱང་མ་ཟད་པར་ཤི་འཕོས་པ་ཞེས་བྱའོ།།བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་སྨད་གཡོགས་དང་། ཆོས་གོས་བསྣམས་ཏེ་ལྷུང་བཟེད་བསྣམས་ནས་རྒྱལ་པོའི་ཁབ་ཏུ་བསོད་ སྙོམས་ལ་གཤེགས་སོ།།དེའི་ཚེ་འོད་སྲུངས་ཀྱི་རིགས་གོས་མེད་ཀྱང་རྒྱལ་པོའི་ཁབ་ཏུ་སྤྱོད་ཡུལ་ལྐུལ་ཞུགས་ཏེ། འོད་སྲུངས་ཀྱི་རིགས་གོས་མེད་ཀྱིས་བཅོམ་ལྡན་འདས་ཐག་རིང་པོ་ཁོ་ན་ཞིག་ནས་མཐོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་ལྷན་ཅིག་མངོན་ སུམ་དུ་ཡང་དག་པར་དགའ་བར་འགྱུར་བ་དང་།ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་ཀྱིས་འདྲེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་ཕྱེ་ན་བཅོམ་ལྡན་འདས་གཽ་ཏ་མ་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ ཅེས་གསོལ་ནས།བཅོམ་ལྡན་འདས་ཀྱིས་འོད་སྲུངས་ཀྱི་རིགས་གོས་མེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུངས་བསོད་སྙོམས་ལ་ཁྱིམ་གྱི་ནང་དུ་ཞུགས་པས་རེ་ཞིག་དྲི་བ་ལུང་བསྟན་པའི་དུས་ལ་མ་བབ་ཀྱི། ཕྱི་རོལ་གྱི་ཀུན་དགའ་ར་བར་དྲིས་ཤིག་དང་། དེར་ཁྱོད་ཀྱི་དྲི་བ་ལུང་དུ་བསྟན་པའི་ དུས་ལ་བབ་བོ།།ཀྱེ་གཽ་ཏ་མ་བདག་ལ་ཡང་བར་ཆད་འགའ་ཞིག་འབྱུང་བར་འགྱུར་གདའ་ལ། གཽ་ཏ་མ་ཁྱོད་ཀྱང་གཞན་དུ་འགྱུར་གདའ་བས། གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་ཕྱེ་ན་འདི་ཉིད་དུ་བཅོམ་ལྡན་འདས་གཽ་ཏ་མ་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །ལན་གཉིས་ལན་གསུམ་ གྱི་བར་དུ་བཅོམ་ལྡན་འདས་ལ་འོད་སྲུངས་ཀྱི་རིགས་གོས་མེད་ཀྱིས་འདི་སྐད་ཅེས་གསོལ་ཏོ།།གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་ཕྱེ་ན་བཅོམ་ལྡན་འདས་གཽ་ཏ་མ་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལན་གཉིས་ལན་གསུམ་གྱི་དབར་དུ་འོད་སྲུངས་ཀྱི་རིགས་ གོས་མེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།འོད་སྲུངས་ང་བསོད་སྙོམས་ལ་ཁྱིམ་གྱི་ནང་དུ་ཞུགས་པས་རེ་ཞིག་དྲི་བ་ལུང་བསྟན་པའི་དུས་ལ་མ་བབ་ཀྱི། ཕྱི་རོལ་གྱི་ཀུན་དགའ་ར་བར་དྲིས་ཤིག་དང་། དེར་ཁྱོད་ཀྱི་དྲི་བ་ལུང་བསྟན་པའི་དུས་ལ་བབ་བོ། །ཀྱེ་གཽ་ཏ་མ་བདག་ལ་ཡང་བར་ཆད་འགའ་ཞིག་ འབྱུང་བར་འགྱུར་གདའ་ལ།གཽ་ཏ་མ་ཁྱོད་ཀྱང་གཞན་དུ་འགྱུར་གདའ་བས། གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་ཕྱེ་ན་འདི་ཉིད་དུ་བཅོམ་ལྡན་འདས་གཽ་ཏ་མ་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །འོད་སྲུངས་ལན་གསུམ་གྱི་བར་དུ་སྐབས་མ་ཐོབ་པར་ངེས་ཀྱི། །དེའི་ཕྱིར་འོད་སྲུངས་ཁྱོད་ཅི་དང་ ཅི་འདོད་པ་དྲིས་ཤིག་།ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་རང་གིས་བགྱིས་པ་ལགས་སམ། འོད་སྲུངས་འདི་ལྟ་སྟེ། སྡུག་བསྔལ་རང་གིས་བྱས་པ་འདི་ནི་ངས་ལུང་མ་བསྟན་ཏོ།
什麼是壽命和受用都耗盡而死亡轉生?答曰:譬如此處有人造作並積累了少量成熟壽命的業,也造作並積累了少量成熟受用的業,因此他的壽命會耗盡,受用也會耗盡,這就是壽命耗盡且受用耗盡而死亡轉生。 什麼是壽命未盡且福德未盡而死亡轉生?答曰:譬如此處有人造作並積累了廣大成熟壽命的業,也造作並積累了廣大成熟受用的業,因此他的壽命不會耗盡,受用也不會耗盡。他不是因為壽命耗盡和受用耗盡而死亡,而是因為某些未斷除的違緣而死亡,這就是壽命未盡且福德未盡而死亡轉生。 世尊住在王舍城竹林迦蘭陀園。那時世尊清晨披上下衣和法衣,持缽前往王舍城化緣。 當時裸體外道迦葉也進入王舍城游化,裸體外道迦葉從遠處看見世尊,就往世尊所在處走去。到達后,與世尊互相問候,相互交談種種愉悅歡喜之語后,對世尊如是說道:‘如果允許請教並開示的話,我想向喬達摩世尊請教一些問題。’ 說完這些話后,世尊對裸體外道迦葉如是說道:‘迦葉,我正要入村化緣,現在不是回答問題的時候,請到外面的園林中問吧,那裡是回答你問題的適當時候。’ ‘喬達摩啊,我可能會遇到一些障礙,您也可能會有變化,如果允許請教並開示的話,我想就在這裡向喬達摩世尊請教一些問題。‘裸體外道迦葉如是再三向世尊請求。 世尊也再三對裸體外道迦葉如是說道:‘迦葉,我正要入村化緣,現在不是回答問題的時候,請到外面的園林中問吧,那裡是回答你問題的適當時候。’ ‘喬達摩啊,我可能會遇到一些障礙,您也可能會有變化,如果允許請教並開示的話,我想就在這裡向喬達摩世尊請教一些問題。’ 迦葉三次未得到機會,因此世尊說道:‘迦葉,你想問什麼就問吧。’ ‘喬達摩啊,請問苦是自作的嗎?’ ‘迦葉,苦是自作的這一點,我未作開示。’
།ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་གཞན་གྱིས་བགྱིས་པ་ལགས་སམ། འོད་སྲུངས་འདི་ལྟ་སྟེ། སྡུག་བསྔལ གཞན་གྱིས་བྱས་པ་འདི་ཡང་ངས་ལུང་མ་བསྟན་ཏོ།།ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་རང་གིས་བགྱིས་པ་ཡང་ལགས་ལ། གཞན་གྱིས་བགྱིས་པ་ཡང་ལགས་སམ། རང་གིས་བགྱིས་པ་ཡང་མ་ལགས་ལ། གཞན་གྱིས་བགྱིས་པ་ཡང་མ་ལགས་ཏེ། རྒྱུ་ མ་མཆིས་པ་ལས་བྱུང་བ་ལགས་སམ།འོད་སྲུངས་འདི་ལྟ་སྟེ། སྡུག་བསྔལ་རང་གིས་བྱས་པ་ཡང་ཡིན་ལ། གཞན་གྱིས་བྱས་པ་ཡང་ཡིན་པ་དང་། རང་གིས་བྱས་པ་ཡང་མ་ཡིན་ལ། གཞན་གྱིས་བྱས་པ་ཡང་མ་ཡིན་ཏེ། རྒྱུ་མེད་པ་ལས་བྱུང་བ་འདི་ཡང་ངས་ལུང་མ་བསྟན་ཏོ། །ཀྱེ་ གཽ་ཏ་མ་ཅི་ལགས།སྡུག་བསྔལ་རང་གིས་བགྱིས་སམ་ཞེས་ཞུས་ན་ཡང་ལུང་མ་བསྟན་ཞེས་གསུང་ངམ། ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་གཞན་གྱིས་བགྱིས་སམ་ཞེས་ཞུས་ན་ཡང་ལུང་དུ་མ་བསྟན་ཞེས་གསུང་ངམ། ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་རང་གིས་བགྱིས་པ་ ཡང་ལགས་ལ།གཞན་གྱིས་བགྱིས་པ་ཡང་ལགས་སམ། རང་གིས་བགྱིས་པ་ཡང་མ་ལགས་ལ། གཞན་གྱིས་བགྱིས་པ་ཡང་མ་ལགས་ཏེ། རྒྱུ་མ་མཆིས་པ་ལས་བྱུང་བ་ལགས་སམ་ཞེས་ཞུས་ན་ཡང་ལུང་མ་བསྟན་ཞེས་གསུང་ངམ། ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་མ་མཆིས་ སམ་འོད་སྲུངས་ང་ནི་སྡུག་བསྔལ་མེད་དོ་ཞེས་མི་ཟེར་གྱི།འོད་སྲུངས་སྡུག་བསྔལ་ནི་ཡོད་པ་ཁོ་ནའོ། །ཀྱེ་གཽ་ཏ་མ་ཅི་ནས་བདག་གི་སྡུག་བསྔལ་རྟོགས་པར་འགྱུར་བ་དང་། སྡུག་བསྔལ་མཐོང་བར་འགྱུར་བ་དེ་ལྟ་བུའི་ཆོས་བདག་ལ་བཀའ་སྩལ་ན་ལེགས་སོ་ལེགས་སོ། །འོད་སྲུངས་དེའི་ ཕྱིར་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་གྱིས་ཤིག་དང་ངས་བསྟན་ཏོ།།འོད་སྲུངས་ཚོར་བར་བྱེད་པ་དེ་ཉིད་མྱོང་བར་བྱེད་པ་ཡིན་ན་ནི། དེ་ལྟ་ན་དེའི་སྡུག་བསྔལ་རང་གིས་བྱས་པར་འགྱུར་ཏེ། འོད་སྲུངས་ང་ནི་དེ་སྐད་མི་ཟེར་རོ། །འོད་སྲུངས་གཞན་ཞིག་གིས་ཚོར་བ་གཞན་ཞིག་གིས་མྱོང་ན་ནི་དེ་ལྟར་ ན་དེའི་སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར་ཏེ།འོད་སྲུངས་ང་ནི་དེ་སྐད་ཀྱང་མི་ཟེར་རོ། །བདག་ཚོར་བས་ཟིལ་གྱིས་ནོན་ལ་གཞན་ཞིག་སྡུག་བསྔལ་སྒྲུབ་པར་བྱེད་ན་ཡང་། དེ་ལྟར་ན་དེའི་སྡུག་བསྔལ་རང་གིས་བྱས་པ་ཡང་ཡིན་ལ། གཞན་གྱིས་བྱས་པ་ཡང་ཡིན་པར་འགྱུར་ཏེ། འོད་སྲུངས་ ང་ནི་དེ་སྐད་ཀྱང་མི་ཟེར་རོ།།རྐྱེན་རྣམས་མེད་པ་ལས་སྡུག་བསྔལ་སྐྱེས་སོ་ཞེས་བྱས་ན་ཡང་དེ་ལྟ་ན་དེའི་སྡུག་བསྔལ་རང་གིས་བྱས་པ་ཡང་མ་ཡིན་ལ། གཞན་གྱིས་བྱས་པ་ཡང་མ་ཡིན་ཏེ། རྒྱུ་མེད་པ་ལས་སྐྱེས་པར་འགྱུར་ན། འོད་སྲུངས་ང་ནི་དེ་སྐད་ཀྱང་མི་ཟེར་རོ། །འོད་སྲུངས་དེ་བཞིན་ གཤེགས་པ་ནི་མཐའ་འདི་གཉིས་ཁས་མི་ལེན་པར་དབུ་མའི་ལམ་གྱི་ཆོས་བསྟན་ཏེ།འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་ལ། འདི་སྐྱེས་པས་འདི་སྐྱེ་ཞེས་བྱ་བ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་ རྐྱེན་གྱིས་མིང་དང་གཟུགས།མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་།སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ་དང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ དང་།མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཀྱང་འབྱུང་བར་འགྱུར་རོ།
‘噢,喬達摩是什麼?痛苦是他人所造作的嗎?’ ‘迦葉,如是,痛苦是他人所造作這一點我也未作解答。’ ‘噢,喬達摩是什麼?痛苦是自己造作的也是他人造作的嗎?還是非自作非他作,是無因而生的嗎?’ ‘迦葉,如是,痛苦是自作也是他作,以及非自作也非他作,是無因而生這一點我也未作解答。’ ‘噢,喬達摩是什麼?若問痛苦是自作,您也說未作解答嗎?噢,喬達摩是什麼?若問痛苦是他作,您也說未作解答嗎?噢,喬達摩是什麼?若問痛苦是自作也是他作,或非自作非他作,是無因而生,您也說未作解答嗎?’ ‘噢,喬達摩是什麼?痛苦是不存在的嗎?’ ‘迦葉,我不說痛苦不存在,迦葉,痛苦確實是存在的。’ ‘噢,喬達摩,若能開示令我理解痛苦、見到痛苦的這樣的法,那就太好了太好了。’ ‘迦葉,因此你要好好聽,要特別用心,我來開示。’ ‘迦葉,若是感受者即是經歷者,如此則其痛苦成為自作,迦葉,我不作如是說。迦葉,若是一者感受另一者經歷,如此則其痛苦成為他作,迦葉,我也不作如是說。若自身被感受所壓制而他人造作痛苦,如此則其痛苦既是自作也是他作,迦葉,我也不作如是說。若說無諸緣而痛苦生起,如此則其痛苦既非自作也非他作,是無因而生,迦葉,我也不作如是說。’ ‘迦葉,如來不取這兩邊而說中道法,即是:此有故彼生,此生故彼生。即是:以無明為緣而有諸行,以行為緣而有識,以識為緣而有名色,以名色為緣而有六處,以六處為緣而有觸,以觸為緣而有受,以受為緣而有愛,以愛為緣而有取,以取為緣而有有,以有為緣而有生,以生為緣而有老死、憂愁、悲嘆、痛苦、不悅、煩惱等生起。如是唯有此大苦蘊生起。’
།འདི་ལྟ་སྟེ། འདི་མེད་ན་འདི་མི་འབྱུང་ལ། འདི་འགགས་པས་ འདི་འགག་པར་འགྱུར་བ།འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག་།འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་།རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་།མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་།སྐྱེ་མཆེད་དྲུག་འགགས་ པས་རེག་པ་འགག་།རེག་པ་འགགས་པས་ཚོར་བ་འགག་།ཚོར་བ་འགགས་པས་སྲེད་པ་འགག་།སྲིད་པ་འགགས་པས་ལེན་པ་འགག་།ལེན་པ་འགགས་པས་སྲིད་པ་འགག་།སྲིད་པ་འགགས་པས་སྐྱེ་བ་འགག་།སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས འདོན་པ་དང་།སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཀྱང་འགག་པར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། འོད་སྲུངས་ཀྱི་རིགས་གོས་མེད་རྡུལ་མེད་ཅིང་དྲི་མ་དང་བྲལ་ ཏེ།ཆོས་རྣམས་ལ་ཆོས་ཀྱི་མིག་སྐྱེས་སོ། །དེ་ནས་འོད་སྲུངས་ཀྱི་རིགས་གོས་མེད་ཆོས་མཐོང་བ་དང་། ཆོས་རིག་པ་དང་། ཆོས་ཐོབ་པ་དང་། ཆོས་ཀྱི་གཏིང་སླེབས་པ་དང་། སོམ་ཉི་ལ་ས་རྒལ་བ་དང་། ཐེ་ཚོམ་ལས་རྒལ་བ་དང་། གཞན་གྱི་དྲིང་འཇོག་པ་དང་། གཞན་གྱིས་མི་བཀྲི་བ་དང་། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ་དང་། འབྲས་བུ་ལ་གནས་པར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ནི་ཞུགས ལགས་སོ།།བཙུན་པ་བདེ་བར་གཤེགས་པ་བདག་ནི་ཞུགས་སོ། །བདག་ནི་བཙུན་པ་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །ཆོས་དང་དགེ་སློང་གི་དགེ་འདུན་ལ་ཡང་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་བདག་དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་ལ་སོགས་པ་སྤངས་པ་ དང་།སྐྱབས་སུ་མཆིས་པ་དང་། མངོན་པར་དགའ་བར་གྱུར་པའི་དགེ་བསྙེན་ལགས་པར་གཟུང་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་སྲུངས་ཀྱི་རིགས་གོས་མེད་ལ་ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན་ཅིང་ཡང་དག་པར་འཛིན་དུ་བཅུག་ལ། ཡང་དག་ པར་གཟེངས་བསྟོད་དེ།ཡང་དག་པར་དགའ་བར་མཛད་ནས་གཤེགས་སོ། །དེ་ནས་འོད་སྲུངས་ཀྱི་རིགས་གོས་མེད་ཐ་གི་ཟད་ཙམ་གྱི་བར་དུ་བཅོམ་ལྡན་འདས་ཀྱི་སླད་བཞིན་དུ་ཞམ་རིང་བྱས་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་ སོང་ངོ་།།དེ་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ནས། རིང་པོ་མ་ལོན་པར་བ་དྲུས་མ་ཞིག་གིས་བསད་དེ་འཆི་བའི་དུས་ཀྱི་ཚེ། དབང་པོ་རྣམས་ནི་རྣམ་པར་དང་བར་གྱུར། བཞིན་གྱི་མདོག་ནི་ཡོངས་སུ་དག་པར་གྱུར། པགས་པའི་མདོག་ནི་ཡོངས་སུ་གསལ་བར་གྱུར་ཏོ། །དེ་ནས་དགེ་ སློང་མང་པོ་དག་སྔ་དྲོ་ཤམ་ཐབས་དང་།ཆོས་གོས་བགོས། ལྷུང་བཟེད་ཁྱེར་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་དོང་ངོ་། །དེ་ནས་དགེ་སློང་མང་པོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་རྒྱུ་བདག་གིས་འོད་སྲུངས་ཀྱི་རིགས་གོས་མེད་དེས་བཅོམ་ལྡན་འདས་ལ་སྡུག་བསྔལ་གྱི་ཆོས་ལ་ཞུ་བ་ཞུས་ཏེ། ཞུས་ནས་དེ་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ནས། རིང་པོ་མ་ལོན་པར་བ་དྲུས་མ་ཞིག་གིས་བསད་དེ། དེ་འཆི་བའི་དུས་ཀྱི་ཚེ། དབང་པོ་རྣམས་ནི་རྣམ་པར་དང་བར་གྱུར། བཞིན་གྱི་མདོག་ནི་ཡོངས་སུ་དག་པར་གྱུར། པགས་པའི་མདོག་ནི་ཡོངས་སུ་གསལ་བར་གྱུར་ཏོ་ཞེས་ཐོས་སོ། །ཐོས ནས་ཀྱང་དགེ་སློང་མང་པོ་རྣམས་ཀྱི་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བསྐོར་ནས་ཁ་ཟས་ཀྱི་བྱ་བ་བྱས་ཏེ་ཁ་ཟས་ཕྱིས་ཟ་བ་སྤངས་ནས།ལྷུང་བཟེད་དང་ཆོས་གོས་གནས་སུ་བཞག་སྟེ། རྐང་པ་བཀྲུས་ནས་ནང་དུ་ཡང་དག་འཇོག་པའི་ཕྱིར་གཙུག་ལག་ཁང་དུ་ཞུགས་སོ། །དེ་ནས་དགེ་ སློང་མང་པོ་དག་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་ལངས་ནས།བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་དགེ་སློང་མང་པོ་དག་གིས་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ།
也就是說,此無則彼不生,此滅故彼滅,也就是說:無明滅故行滅,行滅故識滅,識滅故名色滅,名色滅故六處滅,六處滅故觸滅,觸滅故受滅,受滅故愛滅,愛滅故取滅,取滅故有滅,有滅故生滅,生滅故老死、憂愁、悲嘆、痛苦、不悅、煩惱等滅。如是,唯此大苦蘊亦將滅盡。 當說此法門時,光護種姓的裸形者遠塵離垢,于諸法中生起法眼。此後,光護種姓的裸形者見法、知法、得法、通達法義、度疑、越猶豫、不依他轉、不為他引導、于佛所說法獲得無畏、住于果位后,向世尊所在方向合掌頂禮,對世尊如是說道:‘尊者世尊,我已入流,尊者善逝,我已入流。我于尊者世尊處皈依,於法及比丘僧眾亦皈依。世尊,從今日起乃至命終,愿攝受我為斷殺生等、皈依、歡喜的近事男。’ 此後,世尊以種種法語如理教導光護種姓的裸形者,令其如理受持,如理讚歎,如理令其歡喜后離去。此後,光護種姓的裸形者目送世尊遠去,向世尊繞行三匝,從世尊處離去。 從世尊處離去後不久,被一頭母牛殺死。臨終之時,諸根清凈,面色純凈,膚色明亮。此後,眾多比丘晨早披衣持缽入王舍城乞食。眾多比丘于王舍城乞食時聞:光護種姓的裸形者向世尊請問苦法,請問后從世尊處離去不久,被一頭母牛殺死,其臨終之時,諸根清凈,面色純凈,膚色明亮。 聞已,眾多比丘于王舍城乞食回返,用齋畢,收起缽盂法衣,洗足已,為午休入精舍。眾多比丘午休起后,往詣世尊所在處,到已,頂禮世尊雙足,坐於一面。坐於一面已,眾多比丘對世尊如是說道。
།བཙུན་པ་འདིར་བདག་ཅག་དགེ་སློང་མང་པོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་འཚལ་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་མཆིས་ནས་བདག་ཅག་གིས་ཐོས་པ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་གཤེགས་ པ་ན།འོད་སྲུངས་ཀྱི་རིགས་གོས་མེད་དེས་བཅོམ་ལྡན་འདས་ལ་སྡུག་བསྔལ་གྱི་ཆོས་ལ་ཞུ་བ་ཞུས་ནས། དེ་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་མཆིས་ནས་རིང་པོ་མ་ལོན་པར་བ་དྲུས་མ་ཞིག་གིས་བཀུམ་སྟེ། དེ་འགུམས་པའི་དུས་ཀྱི་ཚེ་དབང་པོ་རྣམས་ནི་རྣམ་པར་དང་བར་གྱུར། བཞིན་ གྱི་མདོག་ནི་ཡོངས་སུ་དག་པར་གྱུར།པགས་པའི་མདོག་ནི་ཡོངས་སུ་གསལ་བར་གྱུར་ཞེས་ཐོས་ལགས་ན། བཙུན་པ་དེའི་འགྲོ་བ་ནི་གང་ལགས། གང་དུ་ནི་སྐྱེས་ལགས། འཇིག་རྟེན་ཕ་རོལ་ནི་གང་ལགས། དགེ་སློང་དག་རིགས་ཀྱི་བུ་དེ་ནི་ནོར་དུ་འགྱུར་ཏེ། ཆོས་ཀྱི་རྗེས་ སུ་མཐུན་པའི་ཆོས་མངོན་པར་རྟོགས་སོ།།ཆོས་ཀྱི་སྐབས་ནས་ང་ལ་ཅུང་ཟད་ཀྱང་མཐོ་བཙམས་པ་མེད་དོ། །དགེ་སློང་དག་རིགས་ཀྱི་བུ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་ཀྱི་དེའི་ལུས་ལ་ལུས་ཀྱི་མཆོད་པ་གྱིས་ཤིག་ཅེས། དེར་བཅོམ་ལྡན་འདས་ཀྱིས་འོད་སྲུངས་ཀྱི་རིགས་གོས་མེད་དགེ་ སློང་གི་དགེ་འདུན་གྱི་མདུན་དུ་མཆོག་ཏུ་ལུང་བསྟན་ཏེ་དེ་སྐད་ཅེས་བཀའ་སྩལ་ཏོ།།ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་རང་གིས་བགྱིས་པ་ལགས་སམ་ཞེས་སྨྲས་པ་ནི། ཀྱེ་གཽ་ཏ་མ་ཅི་ལགས། རང་གི་བདག་སྡུག་བསྔལ་གྱི་རྒྱུ་དང་། རྩ་བ་དང་། སྐྱེད་པ་དང་། གཞི་དང་། བྱེད་རྒྱུ་དང་། འབྱིན་པ་དང་། རྐྱེན་དང་། ཀུན་འབྱུང་བ་དང་། སློང་བ་ལགས་སམ་ཞེས་བྱ་བའི་དོན་ཏེ། དེ་བས་ན་ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་རང་གིས་བགྱིས་པ་ལགས་སམ་ཞེས་སྨྲས་སོ། །ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་གཞན་གྱིས་བགྱིས་པ་ལགས སམ་ཞེས་སྨྲས་པས་ནི།ཀྱེ་གཽ་ཏ་མ་ཅི་ལགས། གཞན་དག་གི་སྡུག་བསྔལ་གྱི་རྒྱུ་དང་། རྩ་བ་དང་། སྐྱེད་པ་དང་། གཞི་དང་། བྱེད་རྒྱུ་དང་། འབྱིན་པ་དང་། རྐྱེན་དང་། ཀུན་འབྱུང་བ་དང་། སློང་བ་ལགས་སམ་ཞེས་བྱ་བའི་དོན་ཏེ། དེ་བས་ན་ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་ གཞན་གྱིས་བགྱིས་པ་ལགས་སམ་ཞེས་སྨྲས་སོ།།ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་རང་གིས་བགྱིས་པ་ཡང་ལགས་ལ། གཞན་གྱིས་བགྱིས་པ་ཡང་ལགས་སམ་ཞེས་སྨྲས་པ་ནི། ཀྱེ་གཽ་ཏ་མ་ཅི་ལགས། རང་གི་བདག་དང་། གཞན་གྱི་བདག་ཀྱང་སྡུག་བསྔལ་གྱི་རྒྱུ་དང་། རྩ་བ་དང་། སྐྱེད་ པ་དང་།གཞི་དང་། བྱེད་རྒྱུ་དང་། འབྱིན་པ་དང་། རྐྱེན་དང་། ཀུན་འབྱུང་བ་དང་། སློང་བ་ལགས་སམ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་རང་གིས་བགྱིས་པ་ཡང་ལགས་ལ། གཞན་གྱིས་བགྱིས་པ་ཡང་ལགས་སམ་ཞེས་སྨྲས་སོ། །ཀྱེ་གཽ་ཏ་ མ་ཅི་ལགས།སྡུག་བསྔལ་རང་གིས་བགྱིས་པ་ཡང་མ་ལགས་ལ། གཞན་གྱིས་བགྱིས་པ་ཡང་མ་ལགས་ཏེ། རྒྱུ་མ་མཆིས་པ་ལས་བྱུང་བ་ལགས་སམ་ཞེས་སྨྲས་པ་ནི། ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་རྒྱུ་མེད་ལགས་སམ་ཞེས་བྱ་བའི་དོན་ཏེ། དེ་བས་ན་ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་རང་གིས་བགྱིས་པ་ཡང་མ་ལགས་ལ། གཞན་གྱིས་བགྱིས་པ་ཡང་མ་ལགས་ཏེ། རྒྱུ་མ་མཆིས་པ་ལས་བྱུང་བ་ལགས་སམ་ཞེས་སྨྲས་སོ།
尊者,在此我等眾多比丘清晨披上下裙和法衣,持缽前往王舍城化緣。我等聽聞,世尊前往王舍城化緣時,迦葉種姓的裸形者向世尊請問苦法,從世尊處離開不久即被母牛殺死。他命終之時,諸根清凈,面色純凈,膚色明亮。 尊者,他的去處是什麼?投生何處?來世如何?比丘們,這位善男子已證得無上菩提,如法證悟正法。於法門中對我毫無傲慢。比丘們,這位善男子已完全涅槃,你們當對其遺體行供養禮。 於是世尊在比丘僧團前授記迦葉種姓裸形比丘為最上,如是宣說。 ‘喬答摩,云何?苦是自作嗎?‘此言即是:‘喬答摩,云何?自我是苦的因、根本、生起、基礎、作因、產生、緣、集起、發起嗎?‘是故說:‘喬答摩,云何?苦是自作嗎?’ ‘喬答摩,云何?苦是他作嗎?‘此言即是:‘喬答摩,云何?他人是苦的因、根本、生起、基礎、作因、產生、緣、集起、發起嗎?‘是故說:‘喬答摩,云何?苦是他作嗎?’ ‘喬答摩,云何?苦是自作也是他作嗎?‘此言即是:‘喬答摩,云何?自我和他人都是苦的因、根本、生起、基礎、作因、產生、緣、集起、發起嗎?‘是故說:‘喬答摩,云何?苦是自作也是他作嗎?’ ‘喬答摩,云何?苦非自作非他作,是無因而生嗎?‘此言即是:‘喬答摩,云何?苦是無因嗎?‘是故說:‘喬答摩,云何?苦非自作非他作,是無因而生嗎?’
།དེ་ལ་ནི་འདི་སྐད་ཅེས་བྱ་སྟེ། འོད་སྲུངས་རང་གི་བདག་སྡུག་བསྔལ་གྱི་རྒྱུ་དང་། རྩ་བ་དང་། སྐྱེད་པ་དང་། གཞི་དང་། བྱེད་རྒྱུ དང་།འབྱིན་པ་དང་། རྐྱེན་དང་། ཀུན་འབྱུང་བ་དང་། སློང་བ་ཡིན་དུ་ཟིན་ན། དེ་ལྟར་ན་ནི་རང་གི་བདག་མ་ཆད་ཀྱི་བར་དུ་སྡུག་བསྔལ་ཡང་དག་པར་ཟད་པ་དང་། སྡུག་བསྔལ་མཐར་བྱེད་པ་མེད་པར་འོང་ངོ་། །འོད་སྲུངས་གཞན་གྱི་བདག་སྡུག་བསྔལ་གྱི་རྒྱུ་དང་། རྩ་བ་དང་། སྐྱེད་པ་དང་། གཞི་དང་། བྱེད་རྒྱུ་དང་། འབྱིན་པ་དང་། རྐྱེན་དང་། ཀུན་འབྱུང་བ་དང་། སློང་བ་ཡིན་དུ་ཟིན་ན། དེ་ལྟར་ན་ཡང་གཞན་གྱི་བདག་མ་ཆད་ཀྱི་བར་དུ་སྡུག་བསྔལ་ཡང་དག་པར་ཟད་པ་དང་། སྡུག་བསྔལ་མཐར་བྱེད་པ་མེད་པར་འོང་ངོ་། །འོད་སྲུངས་རང་གི བདག་དང་གཞན་གྱི་བདག་སྡུག་བསྔལ་གྱི་རྒྱུ་དང་།རྩ་བ་དང་། སྐྱེད་པ་དང་། གཞི་དང་། བྱེད་རྒྱུ་དང་། འབྱིན་པ་དང་། རྐྱེན་དང་། ཀུན་འབྱུང་བ་དང་། སློང་བ་ཡིན་དུ་ཟིན་ན། དེ་ལྟར་ན་ཡང་རང་གི་བདག་དང་གཞན་གྱི་བདག་མ་ཆད་ཀྱི་བར་དུ་སྡུག་བསྔལ་ཡང་དག་པར་ ཟད་པ་དང་།སྡུག་བསྔལ་མཐར་བྱེད་པ་མེད་པར་འོང་ངོ་། །འོད་སྲུངས་སྡུག་བསྔལ་རྒྱུ་མེད་པ་ལས་བྱུང་བ་ཡིན་དུ་ཟིན་ན། དེ་ལྟ་ན་ཡང་དེའི་རྒྱུ་གང་ཟད་པར་བྱས་པས་སྡུག་བསྔལ་ཡང་དག་པར་ཟད་པ་དང་། སྡུག་བསྔལ་མཐར་བྱེད་པར་འགྱུར་བའི་རྒྱུ་མེད་པར་འོང་ངོ་། །འོད་སྲུངས་ དེ་བས་ན་རང་གིས་བྱས་པ་དང་།གཞན་གྱིས་བྱས་པ་དང་། རང་གིས་ཀྱང་བྱས་ལ་གཞན་གྱིས་ཀྱང་བྱས་པ་དང་། རང་གིས་ཀྱང་མ་བྱས་ལ་གཞན་གྱིས་ཀྱང་མ་བྱས་ཏེ། རྒྱུ་མེད་པ་ཡང་མ་ཡིན་པ་ནི་འདི་ལྟར་ཁས་བླང་བར་བྱ་སྟེ། རང་གིས་བྱས་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ ལྟར་འདི་ན་ཁ་ཅིག་རང་གིས་རང་གི་སྐྲ་འབལ་བའམ།ཁ་སྤུ་འབལ་བའམ། སྐྲ་དང་། ཁ་སྤུ་འབལ་བའམ། ལྕག་གིས་འཇུ་བའམ། ལྕུག་མས་འཇུ་བའམ། འབྲེང་པས་འཇུ་བའམ། ལག་པ་གཅོད་པའམ། རྐང་པ་གཅོད་པའམ། རྣ་བ་གཅོད་པའམ། སྣ་གཅོད་པའམ། གཏན་འཆི་བར་བྱེད་པའམ། གྲངས་ནས་གྲང་སར་འགྲོ་བའམ། ཚ་བའི་ས་ནས་ཚ་བའི་སར་འགྲོ་བར་བྱེད་ལ། དེའི་རྐྱེན་གྱིས་ཀྱང་དེའི་སྡུག་བསྔལ་སྐྱེ་བར་འགྱུར་བ་ལྟ་བུ་སྟེ། དེ་ལྟར་ན་རང་གིས་བྱས་པ་ཡིན་ནོ། །གཞན་གྱིས་བྱས་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག གཞན་གྱིས་དེའི་སྐྲ་འབལ་བའམ།ཁ་སྤུ་འབལ་བའམ། སྐྲ་དང་ཁ་སྤུ་འབལ་བའམ། ལྕག་གིས་འཇུ་བའམ། ལྕུག་མས་འཇུ་བའམ། འབྲེང་པས་འཇུ་བའམ། ལག་པ་གཅོད་པའམ། རྐང་པ་གཅོད་པའམ། རྣ་བ་གཅོད་པའམ། སྣ་གཅོད་པའམ། གཏན་འཆི་བར་བྱེད་པའམ། གྲངས་ནས་གྲང་སར་གཏོང་བའམ། ཚ་བའི་ས་ནས་ཚ་བའི་སར་གཏོང་བར་བྱེད་ལ། དེའི་རྐྱེན་གྱིས་ཀྱང་དེའི་སྡུག་བསྔལ་སྐྱེ་བར་འགྱུར་བ་ལྟ་བུ་སྟེ། དེ་ལྟར་ན་གཞན་གྱིས་བྱས་པ་ཡིན་ནོ། །གཉི་གས་བྱས་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་འདི ན་ཁ་ཅིག་བདག་ཉིད་དང་།གཞན་གྱིས་དེའི་སྐྲ་འབལ་བ་དང་། ཁ་སྤུ་འབལ་བ་དང་། སྐྲ་དང་ཁ་སྤུ་འབལ་བ་དང་། ལྕག་གིས་འཇུ་བའམ། ལྕུག་མས་འཇུ་བའམ། འབྲེང་བས་འཇུ་བའམ། ལག་པ་གཅོད་པའམ། རྐང་པ་གཅོད་པའམ། རྣ་བ་གཅོད་པའམ། སྣ་ གཅོད་པའམ།གཏན་འཆི་བར་བྱེད་པའམ། གྲངས་ནས་གྲང་སར་གཏོང་བའམ། ཚ་བའི་ས་ནས་ཚ་བའི་སར་གཏོང་བར་བྱེད་ལ། དེའི་རྐྱེན་གྱིས་ཀྱང་དེའི་སྡུག་བསྔལ་སྐྱེ་བར་འགྱུར་བ་ལྟ་བུ་སྟེ། དེ་ལྟར་ན་རང་གིས་བྱས་པ་ཡང་ཡིན་ལ། གཞན་གྱིས་བྱས་པ་ཡང་ཡིན་ནོ།
關於這個,是這樣說的:迦葉,如果自我是痛苦的因、根本、生起、基礎、作因、產生、緣、集起和引發,那麼,如此則自我未斷絕之前,就不會有真實的痛苦滅盡和痛苦的終結。 迦葉,如果他我是痛苦的因、根本、生起、基礎、作因、產生、緣、集起和引發,那麼,如此則他我未斷絕之前,就不會有真實的痛苦滅盡和痛苦的終結。 迦葉,如果自我和他我是痛苦的因、根本、生起、基礎、作因、產生、緣、集起和引發,那麼,如此則自我和他我未斷絕之前,就不會有真實的痛苦滅盡和痛苦的終結。 迦葉,如果痛苦是無因而生,那麼,如此則無有因可滅盡而成就真實的痛苦滅盡和痛苦的終結。 迦葉,因此,應當如是承許:非自作、非他作、非自他俱作,也非無因。何為自作?答曰:譬如此處有人自拔頭髮或拔鬚發或拔頭鬚髮,或以鞭抽打,或以杖抽打,或以繩抽打,或砍手,或砍腳,或割耳,或割鼻,或致死,或從寒處往寒處,或從熱處往熱處,以此緣故而生其痛苦,如是即是自作。 何為他作?答曰:譬如此處有人,他人拔其頭髮或拔鬚發或拔頭鬚髮,或以鞭抽打,或以杖抽打,或以繩抽打,或砍手,或砍腳,或割耳,或割鼻,或致死,或從寒處遣往寒處,或從熱處遣往熱處,以此緣故而生其痛苦,如是即是他作。 何為俱作?答曰:譬如此處有人,自己和他人拔其頭髮或拔鬚發或拔頭鬚髮,或以鞭抽打,或以杖抽打,或以繩抽打,或砍手,或砍腳,或割耳,或割鼻,或致死,或從寒處遣往寒處,或從熱處遣往熱處,以此緣故而生其痛苦,如是即是自作亦是他作。
།རང་ གིས་ཀྱང་མ་བྱས་གཞན་གྱིས་ཀྱང་མ་བྱས་ལ།རྒྱུ་མེད་པ་ལས་བྱུང་བ་ནི་མ་ཡིན་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། དཔེར་ན་རླུང་ལྡང་བ་དང་། ཆར་པ་འབབ་པ་དང་། ཐོག་ཐོག་འབབ་པ་ན་ཁྱིམ་རྡིབ་པར་བྱེད་པའམ། ཤིང་རྣམས་གཅོད་པར་བྱེད་པའམ། བྲག་གི་རྩེ་མོ་རྣམས་ འཇོམས་པར་བྱེད་དེ།དེས་ན་ཁ་ཅིག་གི་ནི་ལག་པ་གཅོད་པར་བྱེད། ཁ་ཅིག་གི་ནི་རྐང་པ་གཅོད་པར་བྱེད། ཁ་ཅིག་གི་ནི་རྣ་བའམ། སྣ་ཆད་པར་བྱེད་དེ། ཁ་ཅིག་ནི་གཏན་འཆི་བར་བྱེད་པ་ལྟ་བུ་སྟེ། རླུང་དེ་དང་། ཆར་པ་དེ་དང་། ཐོག་ཐོག་དེ་ནི་ཁྱིམ་དེ་དག་རྡིབ་པར་བྱེད་པ་ དང་།ཤིང་རྣམས་ཆག་པར་བྱེད་པ་དང་། བྲག་གི་རྩེ་མོ་རྣམས་འཇོམས་པར་བྱེད་པའི་རྒྱུ་ཁོ་ན་ཡིན་ཏེ། དེ་ལྟར་ན་རང་གིས་ཀྱང་མ་བྱས། གཞན་གྱིས་ཀྱང་མ་བྱས་པའི་རིགས་དང་རྒྱུ་ལས་བྱུང་བ་ཡིན་ནོ། །འོད་སྲུངས་སེམས་ཅན་རྣམས་ཀྱི་བདེ་བ་དང་། སྡུག་བསྔལ་སྐྱེ་བ་ཅི་ཡང་ རུང་བ་དེ་དག་ཐམས་ཅད་ནི་རང་གིས་བྱས་པ་དང་།གཞན་གྱིས་བྱས་པ་དང་། གཉི་གས་བྱས་པ་དང་། དུས་ཚིགས་འགྱུར་བའི་རྐྱེན་བཞིས་སྐྱེ་བར་འགྱུར་རོ། །བདག་གིས་བྱས་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། འདི་ན་ཁ་ཅིག་རང་གིས་རང་གི་སྐྲ་འབལ་བའམ། ཁ་སྤུ་འབལ་བའམ། སྐྲ་ དང་ཁ་སྤུ་འབལ་བའམ།ལྕག་གིས་འཇུ་བའམ། ལྕུག་མས་འཇུ་བའམ། འགྲེང་བས་འཇུ་བའམ། ལག་པ་གཅོད་པའམ། རྐང་པ་གཅོད་པའམ། རྣ་བ་གཅོད་པའམ། སྣ་གཅོད་པའམ། གཏན་འཆི་བར་བྱེད་པའམ། གྲངས་ནས་གྲང་སར་འགྲོ་བའམ། ཚ་ བའི་ས་ནས་ཚ་བའི་སར་འགྲོ་བའམ།ལུས་སྣུམ་གྱིས་བསྐུ་ཞིང་དྲིལ་བ་དང་། ཁྲུས་བྱེད་པའམ་མཉེ་བར་བྱེད་ལ། དེའི་རྐྱེན་གྱིས་ཀྱང་དེའི་བདེ་བ་དང་སྡུག་བསྔལ་སྐྱེ་བར་འགྱུར་བ་ལྟ་བུ་སྟེ། དེ་ལྟར་ན་བདག་གིས་བྱས་པ་ཡིན་ནོ། །གཞན་གྱིས་བྱས་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། དཔེར་ ན་འདི་ན་ཁ་ཅིག་གཞན་གྱིས་དེའི་སྐྲ་འབལ་བ་ནས།གཏན་འཆི་བའི་བར་དུ་བྱེད་པ་དང་། གྲང་ས་ནས་གྲང་སར་གཏོང་བའམ། ཚ་བའི་ས་ནས་ཚ་བའི་སར་གཏོང་བའམ། ལུས་སྣུམ་གྱིས་བསྐུ་ཞིང་དྲིལ་བ་དང་། ཁྲུས་བྱེད་པ་དང་། ལུས་མཉེ་བར་བྱེད་ལ་དེའི་རྐྱེན་གྱིས་ཀྱང་ དེའི་བདེ་བ་དང་།སྡུག་བསྔལ་སྐྱེ་བར་འགྱུར་བ་ལྟ་བུ་སྟེ། དེ་ལྟར་ན་གཞན་གྱིས་བྱས་པ་ཡིན་ནོ། །གཉི་གས་བྱས་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། དཔེར་ན་འདི་ན་ཁ་ཅིག་བདག་ཉིད་དང་། གཞན་གྱིས་ཀྱང་དེའི་སྐྲ་འབལ་བ་ནས། གཏན་འཆི་བའི་བར་དུ་བྱེད་པ་དང་། གྲང་ས་ ནས་གྲང་སར་གཏོང་བའམ།ཚ་བའི་ས་ནས་ཚ་བའི་སར་གཏོང་བའམ། ལུས་སྣུམ་གྱིས་བསྐུ་ཞིང་དྲིལ་བ་དང་། ཁྲུས་བྱེད་པ་དང་མཉེ་བར་བྱེད་ལ། དེའི་རྐྱེན་གྱིས་ཀྱང་དེའི་བདེ་བ་དང་། སྡུག་བསྔལ་སྐྱེ་བར་འགྱུར་བ་ལྟ་བུ་སྟེ། དེ་ལྟར་ན་གཉི་གས་བྱས་པ་ཡིན་ནོ། །དུས་ཚིགས་ འགྱུར་བ་ཇི་ལྟ་བུ་ཞེ་ན།སྨྲས་པ། དཔེར་ན་རྒྱལ་པོ་དགུན་ཅིག་ཏུ་ངེས་པར་གྲང་བ་དང་། དབྱར་ཅིག་ཏུ་ངེས་པར་ཚ་བ་དང་། སོ་གའི་གྲང་བ་དང་། ཚ་བ་དེ་གཉི་ག་ལས་བདེ་བ་དང་། སྡུག་བསྔལ་སྐྱེ་བར་འགྱུར་བ་ལྟ་བུ་སྟེ། དེ་ལྟར་ན་དུས་ཚིགས་འགྱུར་བ་ལས་གྱུར་པ་ཡིན་ནོ། །ལས་ འཐོབ་པ་ནི་རྣམ་པ་བཞི་སྟེ།རྒྱས་པར་ཡང་དག་པར་འགྲོ་བའི་རྣམ་གྲངས་ལས་ཇི་སྐད་འབྱུང་བ་བཞིན་དུ་བརྗོད་པར་བྱའོ། །སྦྱིན་པ་ནི་བཞི་སྟེ། བཞི་གང་ཞེ་ན། སྦྱིན་པ་པོ་རྣམ་པར་དག་པ་ལེན་པ་པོ་རྣམ་པར་མ་དག་པ་ཡང་ཡོད་དོ་ཞེས་བྱ་བ་ནས། རྒྱས་པར་ ཡང་དག་པར་འགྲོ་བའི་རྣམ་གྲངས་ལས་ཇི་སྐད་འབྱུང་བ་བཞིན་དུ་བརྗོད་པར་བྱའོ།།སྦྱིན་པ་ནི་བརྒྱད་དེ། བརྒྱད་གང་ཞེ་ན། ཉེ་བར་གྱུར་པ་ལ་སྦྱིན་པ་ཞེས་བྱ་བ་ནས། རྒྱས་པར་ཡང་དག་པར་འགྲོ་བའི་རྣམ་གྲངས་ལས་ཇི་སྐད་འབྱུང་བ་བཞིན་དུ་བརྗོད་པར་བྱའོ།
如何是非自作非他作也非無因而生?答曰:譬如颳風、下雨、打雷時,會使房屋倒塌,或砍斷樹木,或摧毀山峰。因此,有些人手被砍斷,有些人腳被砍斷,有些人耳朵或鼻子被割斷,有些人甚至喪命。那風、雨、雷就是導致房屋倒塌、樹木折斷、山峰崩塌的原因。如此,這就是非自作非他作而從因緣所生。 迦葉,眾生的苦樂生起,無論是什麼,這一切都是由自作、他作、共作以及季節變化四種因緣而生。 什麼是自作?答曰:此處有人自己拔自己的頭髮,或拔鬍鬚,或拔頭髮和鬍鬚,或用鞭子抽打,或用竹子抽打,或站立受打,或砍斷手,或砍斷腳,或割斷耳朵,或割斷鼻子,或自取死亡,或從寒處往寒處去,或從熱處往熱處去,或用油塗抹身體並按摩,或沐浴或按摩,因此而生起苦樂,如是即為自作。 什麼是他作?答曰:譬如此處有人被他人拔其頭髮乃至致死,或從寒處送往寒處,或從熱處送往熱處,或用油塗抹身體並按摩,或沐浴或按摩身體,因此而生起苦樂,如是即為他作。 什麼是共作?答曰:譬如此處有人自己和他人一起拔其頭髮乃至致死,或從寒處送往寒處,或從熱處送往熱處,或用油塗抹身體並按摩,或沐浴或按摩,因此而生起苦樂,如是即為共作。 什麼是季節變化?答曰:譬如大王冬季必定寒冷,夏季必定炎熱,春秋季節寒熱適中,由此生起苦樂,如是即為季節變化所致。 業有四種,當如《廣正行品》中所說詳細解說。佈施有四種,何為四種?有施主清凈而受者不清凈等,當如《廣正行品》中所說詳細解說。佈施有八種,何為八種?親近佈施等,當如《廣正行品》中所說詳細解說。
།གཞན་ཡང་སྦྱིན་ པ་ནི་བརྒྱད་དེ།བརྒྱད་གང་ཞེ་ན། གང་ཟག་དད་པ་ཆུང་ངུས་སྦྱིན་པ་ཆུང་ངུ་བྱིན་ལ། ཚུལ་ཁྲིམས་འཆལ་པ་རྣམས་ལ་བྱིན་ཏེ་ཡུན་རིང་དུ་ཐུབ་པ་མ་ཡིན་པ་དང་། གང་ཟག་དད་པ་ཆུང་ངུས་སྦྱིན་པ་ཆེན་པོ་བྱིན་ལ། ཚུལ་ཁྲིམས་འཆལ་པ་རྣམས་ལ་བྱིན་ཏེ་ཡུན་རིང་དུ་མི་ཐུབ་པ་བྱིན་ པ་དང་།གང་ཟག་དད་པ་ཆུང་ངུས་སྦྱིན་པ་ཆེན་པོ་བྱིན་ལ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བྱིན་ཏེ་ཡུན་རིང་དུ་ཐུབ་པ་བྱིན་པ་དང་། གང་ཟག་དད་པ་ཆུང་ངུས་སྦྱིན་པ་ཆེན་པོ་བྱིན་ལ། ཚུལ་ཁྲིམས་ལྡན་པ་རྣམས་ལ་བྱིན་ཏེ་ཡུན་རིང་དུ་ཐུབ་པ་བྱིན་པ་དང་། གང་ཟག་དད་པ་ཆེན་ པོས་སྦྱིན་པ་ཆུང་ངུ་བྱིན་ལ།ཚུལ་ཁྲིམས་འཆལ་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་མི་ཐུབ་པ་བྱིན་པ་དང་། གང་ཟག་དད་པ་ཆེན་པོས་སྦྱིན་པ་ཆེན་པོ་བྱིན་ལ། ཚུལ་ཁྲིམས་འཆལ་བ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་མི་ཐུབ་པ་བྱིན་པ་དང་། གང་ཟག་དད་པ་ཆེན་པོས་སྦྱིན་པ་ཆེན་པོ་ བྱིན་ལ།ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་མི་ཐུབ་པ་བྱིན་པ་དང་། །གང་ཟག་དད་པ་ཆེན་པོས་སྦྱིན་པ་ཆེན་པོ་བྱིན་ལ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་གྲུབ་པ་བྱིན་པའོ། །དེ་ལ་གང་ཟག་དད་པ་ཆུང་ངུས་སྦྱིན་པ་ཆུང་ངུ་བྱིན་ལ། ཚུལ་ཁྲིམས་འཆལ་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་མི་ཐུབ་པ་བྱིན་པ་གང་ཡིན་པའི་སྦྱིན་པ་འདི་ནི་སྦྱིན་པ་དེ་རྣམས་ཀྱི་ནང་ན་ཆུང་ངུ་ཞེས་བརྗོད་དོ། དེ་ལ་གང་ཟག་དད་པ་ཆུང་ངུས་སྦྱིན་པ་ཆེན་པོ་བྱིན་ལ། ཚུལ་ཁྲིམས་འཆལ་བ་རྣམས་ལ་བྱིན་ཏེ། ཡིན་རིང་དུ་མི་ཐུབ་པ་བྱིན་པའི་སྦྱིན་པ གང་ཡིན་པ་དེ་ནི་སྦྱིན་པ་དེ་བས་ཆེ་བར་བརྗོད་དོ།།དེ་ལ་གང་ཟག་དད་པ་ཆུང་ངུས་སྦྱིན་པ་ཆེན་པོ་བྱིན་ལ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་མི་ཐུབ་པ་བྱིན་པ་གང་ཡིན་པའི་སྦྱིན་པ་འདི་ནི་དེ་གཉིས་པས་ཆེ་བར་བརྗོད་དོ། །དེ་ལ་གང་ཟག་དད་པ་ཆུང་ངུས་སྦྱིན་པ་ཆེན་པོ་ བྱིན་ལ།ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་མི་ཐུབ་པ་གང་ཡིན་པའི་སྦྱིན་པ་དེ་ནི་སྦྱིན་པ་དེ་དག་པས་ཆེར་བརྗོད་དོ། །དེ་ལ་གང་ཟག་དད་པ་ཆེན་པོས་སྦྱིན་པ་ཆུང་ངུ་བྱིན་ལ། ཚུལ་ཁྲིམས་འཆལ་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་མི་ཐུབ་པ་གང་ཡིན་པའི་ སྦྱིན་པ་འདི་ནི་སྦྱིན་པ་དེ་དག་པས་ཆེ་བར་བརྗོད་དོ།།དེ་ལ་གང་ཟག་དད་པ་ཆེན་པོས་སྦྱིན་པ་ཆེན་པོ་སྦྱིན་ལ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་མི་ཐུབ་པ་གང་ཡིན་པའི་སྦྱིན་པ་འདི་ནི་སྦྱིན་པ་དེ་དག་པས་ཆེ་བར་བརྗོད་དོ། །དེ་ལ་གང་ཟག་དད་པ་ཆེན་པོས་སྦྱིན་པ་ཆེན་པོ་ བྱིན་ལ།ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་ཐུབ་པ་བྱིན་པ་གང་ཡིན་པའི་སྦྱིན་པ་འདི་ནི་སྦྱིན་པ་དེ་དག་པས་ཆེ་བ་དང་། མཆོག་ཏུ་བརྗོད་པ་དང་། གཙོ་བོ་དང་། ཁྱད་པར་དུ་འཕགས་པ་དང་། བླ་ན་མེད་པར་བརྗོད་དེ། དཔེར་ན་བ་བས་ནི་འོ་མ། འོ་ མ་བས་ནི་ཞོ།།ཞོ་བས་ནི་མར་སར། མར་སར་བས་ནི་ཞུན་མར། ཞུན་མར་བས་ནི་མར་གྱི་ཉིང་གུ་ཆེ་བ་དང་། མཆོག་ཏུ་བརྗོད་པ་དང་། གཙོ་བོ་དང་། ཁྱད་པར་དུ་འཕགས་པ་དང་། བླ་ན་མེད་པར་བརྗོད་པ་དེ་བཞིན་དུ། གང་ཟག་དད་པ་ཆེན་པོས་སྦྱིན་པ་ཆེན་པོ་བྱིན་ ལ།ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་ཐུབ་པ་བྱིན་པ་གང་ཡིན་པའི་སྦྱིན་པ་འདི་ནི་སྦྱིན་པ་དེ་དག་པས་ཆེ་བ་དང་། མཆོག་ཏུ་བརྗོད་པ་དང་། གཙོ་བོ་དང་། ཁྱད་པར་དུ་འཕགས་པ་དང་། བླ་ན་མེད་པར་བརྗོད་དོ། །ལས་ནི་བརྒྱད་དེ། བརྒྱད་གང་ཞེ་ ན།བདེ་བ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་མྱོང་བར་འགྱུར་བ་དང་། ཚེ་འདི་ལ་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་དུ་མྱོང་བར་འགྱུར་བ་དང་། ཆུང་ངུ་མྱོང་བར་འགྱུར་བ་དང་། རྒྱ་ཆེན་པོ་མྱོང་བར་འགྱུར་བ་དང་། ལས་ཡོངས་སུ་མ་སྨིན་པ་དང་། ལས་ཡོངས་སུ་སྨིན་པའོ།
此外佈施有八種。八種是什麼呢?就是:信心小的人做小布施,佈施給破戒的人,不能長久持續; 信心小的人做大布施,佈施給破戒的人,不能長久持續; 信心小的人做大布施,佈施給持戒的人,不能長久持續; 信心小的人做大布施,佈施給持戒的人,能長久持續; 信心大的人做小布施,佈施給破戒的人,不能長久持續; 信心大的人做大布施,佈施給破戒的人,不能長久持續; 信心大的人做大布施,佈施給持戒的人,不能長久持續; 信心大的人做大布施,佈施給持戒的人,能長久持續。 其中,信心小的人做小布施,佈施給破戒的人,不能長久持續的佈施,在這些佈施中稱為最小。 其中,信心小的人做大布施,佈施給破戒的人,不能長久持續的佈施,稱為比前者更大。 其中,信心小的人做大布施,佈施給持戒的人,不能長久持續的佈施,稱為比前二者更大。 其中,信心小的人做大布施,佈施給持戒的人,能長久持續的佈施,稱為比前述佈施更大。 其中,信心大的人做小布施,佈施給破戒的人,不能長久持續的佈施,稱為比前述佈施更大。 其中,信心大的人做大布施,佈施給持戒的人,不能長久持續的佈施,稱為比前述佈施更大。 其中,信心大的人做大布施,佈施給持戒的人,能長久持續的佈施,稱為比前述佈施更大、最殊勝、最主要、最超勝、無上。 譬如牛乳比牛奶更好,酸奶比牛乳更好,生酥比酸奶更好,熟酥比生酥更好,醍醐比熟酥更好、最殊勝、最主要、最超勝、無上。 同樣,信心大的人做大布施,佈施給持戒的人,能長久持續的佈施,比前述佈施更大、最殊勝、最主要、最超勝、無上。 業有八種。八種是什麼呢?即:感受快樂的業、感受痛苦的業、現世感受的業、他世感受的業、感受小果報的業、感受大果報的業、未成熟的業、已成熟的業。
། ལས་གང་བདེ་བ་མྱོང་བར་འགྱུར་བ་དེ་བརྩལ་བའི་རྒྱུའམ། བརྩོན་པའི་རྒྱུས་སྡུག་བསྔལ་མྱོང་བར་འགྱུར་བར་བྱར་རུང་བའི་གནས་དེ་ལྟ་བུར་བསྒྱུར་དུ་རུང་ངམ། འོན་ཏེ་གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ཞེ་ན། སྨྲས་པ། གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ངོ་། །ལས གང་སྡུག་བསྔལ་མྱོང་བར་འགྱུར་བ་དེ་བརྩལ་བའི་རྒྱུའམ།བརྩོན་པའི་རྒྱུས་བདེ་བ་མྱོང་བར་འགྱུར་བར་བྱར་རུང་བའི་གནས་དེ་ལྟ་བུར་བསྒྱུར་དུ་རུང་ངམ། འོན་ཏེ་གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ཞེ་ན། སྨྲས་པ། གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ངོ་། །ལས་གང་ཚེ་འདི་ལ་མྱོང་ བར་འགྱུར་བ་དེ་བརྩལ་བའི་རྒྱུའམ།བརྩོན་པའི་རྒྱུས་ལན་གྲངས་གཞན་ལ་མྱོང་བར་འགྱུར་བར་བྱར་རུང་བའི་གནས་དེ་ལྟ་བུར་བསྒྱུར་དུ་རུང་ངམ། འོན་ཏེ་གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ཞེ་ན། སྨྲས་པ། གནས་དེ་ལྟ་བུར་བསྒྱུར་དུ་རུང་ངོ་། །ལས་གང་ལན་གྲངས་ གཞན་ལ་མྱོང་བར་འགྱུར་བ་དེ་བརྩལ་བའི་རྒྱུའམ།བརྩོན་པའི་རྒྱུས་ཚེ་འདི་ལ་མྱོང་བར་འགྱུར་བར་བྱར་རུང་བའི་གནས་དེ་ལྟ་བུར་བསྒྱུར་དུ་རུང་ངམ། འོན་ཏེ་གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ཞེ་ན། སྨྲས་པ། གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ངོ་། །ལས་གང་ཆུང་ ངུ་མྱོང་བར་འགྱུར་བ་དེ་བརྩལ་བའི་རྒྱུའམ།བརྩོན་པའི་རྒྱུས་རྒྱ་ཆེ་བ་མྱོང་བར་འགྱུར་བར་བྱར་རུང་བའི་གནས་དེ་ལྟ་བུར་བསྒྱུར་དུ་རུང་ངམ། འོན་ཏེ་དེ་ལྟ་བུའི་གནས་སུ་བསྒྱུར་དུ་མི་རུང་ཞེ་ན། སྨྲས་པ། གནས་དེ་ལྟ་བུར་བསྒྱུར་དུ་རུང་ངོ་། །ལས་གང་རྒྱ་ཆེན་པོ་མྱོང་ བར་འགྱུར་བ་དེ་བརྩལ་བའི་རྒྱུའམ།བརྩོན་པའི་རྒྱུས་ཆུང་ངུ་མྱོང་བར་འགྱུར་བར་བྱར་རུང་བའི་གནས་དེ་ལྟ་བུར་བསྒྱུར་དུ་རུང་ངམ། འོན་ཏེ་གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ཞེ་ན། སྨྲས་པ། གནས་དེ་ལྟ་བུར་བསྒྱུར་དུ་རུང་ངོ་། །ལས་གང་ཡོངས་སུ་མ་སྨིན་པ་དེ་བརྩལ་ བའི་རྒྱུའམ།བརྩོན་པའི་རྒྱུས་ཡོངས་སུ་སྨིན་པར་བྱར་རུང་བའི་གནས་དེ་ལྟ་བུར་བསྒྱུར་དུ་རུང་ངམ། འོན་ཏེ་གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ཞེ་ན། སྨྲས་པ། གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་བ་ཡང་ཡོད། བསྒྱུར་དུ་རུང་བ་ཡང་ཡོད་དེ། དཔེར་ན་འདི་ན་ཁ་ཅིག་ཡོངས་སུམ་སྨིན་པའི་ ལས་ཡོངས་སུ་སྨིན་པར་བྱའོ་སྙམ་ནས་རལ་པ་འཆད་པ་དང་།སྐྲ་འབལ་བའམ། ཁ་སྤུ་འབལ་བའམ། སྐྲ་དང་ཁ་སྤུ་འབལ་བའམ། ལམ་ངན་པ་དང་། དཀའ་ཐུབ་ངན་པ་སྣ་ཚོགས་ཀྱིས་བདག་ཉིད་ཀུན་དུ་གདུང་བར་བྱེད་པ་འདི་ནི་བསྒྱུར་དུ་མི་རུང་བའོ། །བསྒྱུར་དུ་རུང་བ་གང་ ཞེ་ན།སྨྲས་པ། དཔེར་ན་འདི་ན་ཁ་ཅིག་ཡོངས་སུ་མ་སྨིན་པའི་ལས་ཡོངས་སུ་སྨིན་པར་བྱའོ་སྙམ་ནས། སྦྱོར་བ་དང་རྩོལ་བ་དང་འབད་པ་བྱས་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། འབྲས་བུའི་ མཆོག་དགྲ་བཅོམ་པ་ཉིད་འཐོབ་པ་འདི་ནི་བསྒྱུར་དུ་རུང་བའོ།།གང་ལས་ཡོངས་སུ་སྨིན་ཟིན་པ་དེ་བརྩལ་བའི་རྒྱུའམ། བརྩོན་པའི་རྒྱུས་གཞན་དུ་བསྒྱུར་དུ་རུང་བའི་གནས་དེ་ལྟ་བུར་བསྒྱུར་དུ་རུང་ངམ། འོན་ཏེ་གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ཞེ་ན། སྨྲས་པ། གནས་ དེ་ལྟ་བུར་བསྒྱུར་དུ་རུང་ངོ་།།ལས་ནི་གསུམ་སྟེ། གསུམ་གང་ཞེ་ན། ཚེ་འདི་ལ་མྱོང་བར་འགྱུར་བ་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའོ། །ཚེ་འདི་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མ་ མྱོང་བར་སྐྱེས་ནས་མྱོང་བར་འགྱུར་བ་དང་།ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། སྨྲས་པ། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་ མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ།
問:通過努力或精進的因緣,是否可以將本應感受快樂的業轉變為感受痛苦的狀態?還是說不能轉變為這樣的狀態?答:不能轉變為這樣的狀態。 問:通過努力或精進的因緣,是否可以將本應感受痛苦的業轉變為感受快樂的狀態?還是說不能轉變為這樣的狀態?答:不能轉變為這樣的狀態。 問:通過努力或精進的因緣,是否可以將本應現世感受的業轉變為他世感受的狀態?還是說不能轉變為這樣的狀態?答:可以轉變為這樣的狀態。 問:通過努力或精進的因緣,是否可以將本應他世感受的業轉變為現世感受的狀態?還是說不能轉變為這樣的狀態?答:不能轉變為這樣的狀態。 問:通過努力或精進的因緣,是否可以將本應小量感受的業轉變為大量感受的狀態?還是說不能轉變為這樣的狀態?答:可以轉變為這樣的狀態。 問:通過努力或精進的因緣,是否可以將本應大量感受的業轉變為小量感受的狀態?還是說不能轉變為這樣的狀態?答:可以轉變為這樣的狀態。 問:通過努力或精進的因緣,是否可以將未成熟的業轉變為成熟的狀態?還是說不能轉變為這樣的狀態?答:有的可以轉變,有的不能轉變。 例如,有些人爲了使未成熟的業成熟,而剪斷髮髻、拔頭髮、拔鬍鬚、或拔除頭髮和鬍鬚,或以各種惡劣的道路和苦行折磨自己,這是不能轉變的。 什麼是可以轉變的呢?答:例如,有些人爲了使未成熟的業成熟,通過修行、精進和努力,獲得預流果、一來果、不還果和最高的阿羅漢果位,這是可以轉變的。 問:通過努力或精進的因緣,是否可以將已經成熟的業轉變為其他狀態?還是說不能轉變為這樣的狀態?答:可以轉變為這樣的狀態。 業有三種,哪三種呢?現世受報、生后受報和其他世受報。 問:是否有不經歷現世受報業的果報而經歷生后受報和其他世受報業的果報的情況?答:有這種情況。這是因為在獲得阿羅漢果位時,那些業的果報會顯現併到來。
།སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མ་མྱོང་བར་ཚེ་འདི་ལ་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། སྨྲས་པ། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མངོན་སུམ་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མ་མྱོང་བ་ཚེ་འདི་ལ་མྱོང་བར འགྱུར་བ་དང་།སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ནས། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་ རོ།།གཞན་ཡང་ལས་ནི་གསུམ་སྟེ། གསུམ་གང་ཞེ་ན། བདེ་བ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའོ། །བདེ་བ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་ པ་ཉམས་སུ་མ་མྱོང་བར་སྡུག་བསྔལ་མྱོང་བར་འགྱུར་བ་དང་།སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། སྨྲས་པ། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་ བཅོམ་པ་ཉིད་ཐོབ་པ་ན།ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། །སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་བདེ་བ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་མྱོང་བར་ འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན།སྨྲས་པ། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། །སྡུག་བསྔལ་ཡང་མ་ ཡིན།བདེ་བ་ཡང་མ་ཡིན་པའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མ་མྱོང་བར་བདེ་བ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། སྨྲས་པ། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན།ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་ལས་ནི་གསུམ་སྟེ། གསུམ་གང་ཞེ་ན། འདོད་པ་དང་ལྡན་པའི་ལས་དང་། གཟུགས་དང་ལྡན་པའི་ལས་དང་། གཟུགས་མེད་པ་དང་ལྡན་ པའི་ལས་སོ།།འདོད་པ་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་མ་མྱོང་བར་གཟུགས་དང་ལྡན་པའི་ལས་དང་། གཟུགས་མེད་པ་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། སྨྲས་པ། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་ དགྲ་བཅོམ་པ་ཉིད་ཐོབ་པ་ན།ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། །གཟུགས་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་མ་མྱོང་བར་འདོད་པ་དང་ལྡན་པའི་ལས་དང་། གཟུགས་མེད་པ་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་ བར་འགྱུར་བ་ཡོད་དམ་ཞེ་ན།སྨྲས་པ། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། །གཟུགས་མེད་པ་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མ་མྱོང་ བར་འདོད་པ་དང་ལྡན་པའི་ལས་དང་།གཟུགས་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། སྨྲས་པ། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ ཞིང་འོང་བར་འགྱུར་བའི་ཕྱིར་རོ།
問:生后應感受的業的異熟果報未經感受而在今生感受,以及在其他時候應感受的業的異熟果報是否會被感受?答:會被感受。這是因為在獲得阿羅漢果位時,那些業的異熟果報會顯現併到來。 問:其他時候應感受的業的異熟果報未經感受而在今生感受,以及生后應感受的業的異熟果報是否會被感受?答:會被感受。這是因為在獲得阿羅漢果位時,那些業的異熟果報會顯現併到來。 此外,業有三種。哪三種?即樂受業、苦受業以及非苦非樂受業。 問:樂受業的異熟果報未經感受而感受苦受和非苦非樂受的業的異熟果報是否會被感受?答:會被感受。這是因為在獲得阿羅漢果位時,那些業的異熟果報會顯現併到來。 問:苦受業的異熟果報經感受而感受樂受和非苦非樂受的業的異熟果報是否會被感受?答:會被感受。這是因為在獲得阿羅漢果位時,那些業的異熟果報會顯現併到來。 問:非苦非樂受業的異熟果報未經感受而感受樂受和苦受的業的異熟果報是否會被感受?答:會被感受。這是因為在獲得阿羅漢果位時,那些業的異熟果報會顯現併到來。 此外,業有三種。哪三種?即欲界系業、色界系業和無色界系業。 問:欲界系業的異熟果報未經感受而感受色界系業和無色界系業的異熟果報是否會被感受?答:會被感受。這是因為在獲得阿羅漢果位時,那些業的異熟果報會顯現併到來。 問:色界系業的異熟果報未經感受而感受欲界系業和無色界系業的異熟果報是否會被感受?答:會被感受。這是因為在獲得阿羅漢果位時,那些業的異熟果報會顯現併到來。 問:無色界系業的異熟果報未經感受而感受欲界系業和色界系業的異熟果報是否會被感受?答:會被感受。這是因為在獲得阿羅漢果位時,那些業的異熟果報會顯現併到來。
།གཅེར་བུ་པ་རྣམས་ནི་འདི་སྐད་དུ། སྐྱེས་བུ་གང་ཟག་འདིས་ཉམས་སུ་མྱོང་བ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི། སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་ཟེར་ཏེ། དེ་དག་ལ་ནི་འདི་སྐད་དུ། གཅེར་བུ་པ་ཁྱེད་རྣམས་ཅིའི་ཕྱིར་དཀའ་ ཐུབ་སྤྱོད་པར་བྱེད་ཅེས་བྱའོ།།དེ་དག་འདི་སྐད་དུ། བདག་ཅག་ནི་ཚེ་འདི་ལ་བརྩལ་བའི་ཕྱིར་དཀའ་ཐུབ་སྤྱོད་པར་བྱེད་དོ་ཞེས་ཟེར་ན། དེ་དག་ལ་འདི་སྐད་ཅེས་བྱ་སྟེ། གཅེར་བུ་པ་རྣམས་ཉོན་ཅིག་།དེ་ལྟ་ན་སྐྱེས་བུ་གང་ཟག་འདིས་ཉམས་སུ་མྱོང་བ་ཅི་ཡང་རུང་བ་དེ་དག་ ཐམས་ཅད་ནི།སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ཏེ། བདག་ཅག་ནི་ཚེ་འདི་ལ་བརྩལ་བའི་ཕྱིར་དཀའ་ཐུབ་སྤྱོད་པར་བྱེད་དོ་ཞེས་མ་ཟེར་ཅིག་།དེ་སྟེ་ཁྱེད་ད་ལྟར་བདག་ཅག་གི་ཚེ་འདི་ལ་བརྩལ་བའི་ཕྱིར། དཀའ་ཐུབ་སྤྱོད་པར་བྱེད་དོ་ཞེས་ཟེར་ན་ནི། སྐྱེས་བུ་གང་ཟག་འདིས་ ཉམས་སུ་མྱོང་བར་འགྱུར་བ་ཅི་ཡང་རུང་བ་དེ་དག་ཐམས་ཅད་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་མ་ཟེར་ཅིག་།སྐྱེས་བུ་གང་ཟག་འདིས་ཉམས་སུ་མྱོང་བ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི། སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ཏེ། བདག་ཅག་ནི ཚེ་འདི་ལ་བརྩལ་བའི་ཕྱིར་དཀའ་ཐུབ་སྤྱོད་པར་བྱེད་དོ་ཞེས་བྱར་མི་རུང་ངོ་།།དེ་དག་འདི་སྐད་དུ། བདག་ཅག་གི་རྣམ་པར་སྨིན་པའི་ཡང་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་བྱེད་དོ་ཞེས་ཟེར་ན་ཡང་། དེ་དག་ལ་འདི་སྐད་དུ། ཅི་གཅེར་བུ་པ་ཁྱེད་ལ་དག་པར་འགྱུར་ བ་ཡོད་དམ།གྲོལ་བར་འགྱུར་བ་ཡོད་དམ། མྱ་ངན་ལས་འདས་པར་འགྱུར་བ་ཡོད་དམ་ཞེས་བྱའོ། །དེ་དག་འདི་སྐད་དུ། ཚེ་དང་ལྡན་པ་བདག་ཅག་ལ་དག་པར་འགྱུར་བ་ཡང་ཡོད། གྲོལ་བར་འགྱུར་བ་ཡང་ཡོད། མྱ་ངན་ལས་འདའ་བར་འགྱུར་བ་ཡང་ཡོད་ དོ་ཞེས་ཟེར་ན་ནི།དེ་དག་ལ་འདི་སྐད་ཅེས་བྱ་སྟེ། གཅེར་བུ་པ་རྣམས་ཉོན་ཅིག་།དེ་ལྟར་ན་བདག་ཅག་ནི་རྣམ་པར་སྨིན་པའི་ཡང་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་བྱེད་དེ། བདག་ཅག་ལ་དག་པར་འགྱུར་བ་ཡང་ཡོད། གྲོལ་བར་འགྱུར་བ་ཡང་ཡོད། མྱ་ངན་ ལས་འདའ་བར་འགྱུར་བ་ཡང་ཡོད་དོ་ཞེས་མ་ཟེར་ཅིག་།དེ་སྟེ་ཁྱེད་ད་ལྟར་བདག་ཅག་ལ་དག་པར་འགྱུར་བ་ཡང་ཡོད། གྲོལ་བར་འགྱུར་བ་ཡང་ཡོད། མྱ་ངན་ལས་འདའ་བར་འགྱུར་བ་ཡང་ཡོད་དོ་ཞེས་ཟེར་ན་ནི། བདག་ཅག་ནི་རྣམ་པར་སྨིན་པའི་ཡང་རྣམ་པར་སྨིན་པ ཉམས་སུ་མྱོང་བར་བྱེད་དོ་ཞེས་མ་ཟེར་ཅིག་།བདག་ཅག་ནི་རྣམ་པར་སྨིན་པའི་ཡང་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་བྱེད་དེ། བདག་ཅག་ལ་དག་པར་འགྱུར་བ་ཡང་ཡོད། གྲོལ་བར་འགྱུར་བ་ཡང་ཡོད་དོ། །མྱ་ངན་ལས་འདའ་བར་འགྱུར་བ་ཡང་ཡོད་དོ་ཞེས བྱར་ནི་མི་རུང་ངོ་།།སྤུན་དྲུང་གིས་སྤུན་དྲུང་བཏང་སྟེ་སོང་ལ་མ་སོད་ཅིག་།བདག་ཉིད་ཀྱིས་སོད་ལ་གཞན་གསོད་དུ་མ་གཞུག་ཅིག་ཅེས་བྱས་ན། དེ་གཉི་ག་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་གཅིག་ལྡན་པར་འགྱུར་ཞེ་ན། སྨྲས་པ། གལ་ཏེ་ བདག་ཉིད་ཀྱིས་བསད་ན་ནི།གཉི་ག་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རོ། །དེ་སྟེ་གཞན་གསོད་དུ་བཅུག་སྟེ། བདག་ཉིད་ཀྱིས་མ་བསད་ན་ནི། ཕྱི་མ་ཤོས་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་གྱི། སྔ་མ་ཤོས་ནི་མ་ཡིན་ནོ། །དེ་སྟེ་བདག་དང་ གཞན་གཉི་གས་བསད་ན་ཡང་།ཕྱི་མ་ཤོས་ཉི་ཚེ་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་གྱི། སྔ་མ་ཤོས་ནི་མ་ཡིན་ནོ། །སྤུན་དྲུང་གིས་སྤུན་དྲུང་བཏང་སྟེ་སོང་ལ་མ་སོད་ཅིག་།གཞན་གསོད་དུ་ཆུག་ལ། བདག་ཉིད་ཀྱིས་མ་བསད་ཅིག་ཅེས་བྱས་ན། དེ་ ཅི་གཉི་ག་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ།འོན་ཏེ་གཅིག་ལྡན་པར་འགྱུར་ཞེ་ན། སྨྲས་པ། གལ་ཏེ་གཞན་གསོད་དུ་བཅུག་སྟེ། བདག་ཉིད་ཀྱིས་མ་བསད་ན་ནི་གཉི་ག་མཚམས་མེད་པའི་ལས་དང་ལྡན་པར་འགྱུར། འོན་ཏེ་གཅིག་ལྡན་པར་འགྱུར་ ཞེ་ན།སྨྲས་པ། གལ་ཏེ་གཞན་གསོད་དུ་བཅུག་སྟེ། བདག་ཉིད་ཀྱིས་མ་བསད་ན་ནི། གཉི་ག་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རོ། །དེ་སྟེ་བདག་ཉིད་ཀྱིས་བསད་དེ། གཞན་གསོད་དུ་མ་བཅུག་ན་ནི། ཕྱི་མ་ཤོས་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་ གྱི།སྔ་མ་ཤོས་ནི་མ་ཡིན་ནོ།
裸形外道們這樣說道:‘這個補特伽羅所經歷的一切,都是由過去所造的因而產生的。‘對他們應當這樣說:‘裸形外道們,你們為什麼要修苦行呢?’ 他們這樣說:‘我們是爲了今生的精進而修苦行。‘對他們應當這樣說:‘裸形外道們請聽,既然如此,這個補特伽羅所經歷的一切都是由過去所造的因而產生的,就不要說我們是爲了今生的精進而修苦行。’ 如果你們現在說爲了今生的精進而修苦行,就不要說這個補特伽羅所經歷的一切都是由過去所造的因而產生的。這個補特伽羅所經歷的一切都是由過去所造的因而產生的,就不應該說我們是爲了今生的精進而修苦行。 他們這樣說:‘我們是在經歷業報的果報。‘對他們應當這樣說:‘裸形外道們,你們能獲得清凈嗎?能獲得解脫嗎?能獲得涅槃嗎?’ 他們這樣說:‘具壽者,我們能獲得清凈,也能獲得解脫,也能獲得涅槃。‘對他們應當這樣說:‘裸形外道們請聽,既然如此,就不要說我們是在經歷業報的果報,我們能獲得清凈,也能獲得解脫,也能獲得涅槃。’ 如果你們現在說能獲得清凈,也能獲得解脫,也能獲得涅槃,就不要說我們是在經歷業報的果報。說我們是在經歷業報的果報,我們能獲得清凈,也能獲得解脫,也能獲得涅槃,這是不應理的。 如果比丘派遣比丘去說:‘不要殺母親,自己殺而不要讓他人殺。‘這兩者是否都具有無間業,還是隻有一個具有無間業呢? 回答說:如果自己殺的話,兩者都具有無間業。如果讓他人殺而自己不殺的話,後者具有無間業,前者則不具有。如果自己和他人都殺的話,也只有後者具有無間業,前者則不具有。 如果比丘派遣比丘去說:‘不要殺母親,讓他人殺而自己不要殺。‘這是否兩者都具有無間業,還是隻有一個具有無間業呢? 回答說:如果讓他人殺而自己不殺的話,兩者都具有無間業。如果自己殺而不讓他人殺的話,後者具有無間業,前者則不具有。
།གལ་ཏེ་བདག་དང་གཞན་གཉི་གས་བསད་ན་ཡང་། ཕྱི་མ་ཤོས་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་གྱི། སྔ་མ་ཤོས་ནི་མ་ཡིན་ནོ། །སྤུན་དྲུང་གིས་སྤུན་དྲུང་བཏང་སྟེ། སོང་ལ་མ་སོད་ཅིག་།བདག་དང་གཞན་གཉི་གས་སོད་ ཅིག་ཅེས་བྱས་ན།དེ་ཅི་གཉི་ག་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་མི་འགྱུར་ཞེ་ན། སྨྲས་པ། གལ་ཏེ་བདག་དང་གཉི་གས་བསད་ན་ནི། གཉི་ག་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རོ། །དེ་སྟེ་བདག་ཉིད་ཀྱིས་བསད་དེ་གཞན་གྱིས་ མ་བསད་ན་ནི།ཕྱི་མ་ཤོས་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་གྱི། སྔ་མ་ཤོས་ནི་མ་ཡིན་ནོ། །དེ་སྟེ་གཞན་གྱིས་བསད་དེ། བདག་ཉིད་ཀྱིས་མ་བསད་ན་ནི། ཕྱི་མ་ཤོས་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་གྱི། སྔ་མ་ཤོས་ནི་མ་ཡིན་ནོ། །དེ་བཞིན་ དུ་མཚོན་ཆ་དང་།མེ་དང་། དུག་དང་། དབྱུག་པས་བསྣུན་པ་ལ་སོགས་པ་ཐབས་རྣམ་པ་སྣ་ཚོགས་ཀྱིས་བསད་པ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །སྤུན་དྲུང་གིས་སྤུན་དྲུང་ལ་ཇི་ལྟ་བ་བཞིན་དུ་མིང་པོས་སྲིང་མོ་ལ་བསྒོ་བ་དང་། སྲིང་མོས་མིང་པོ་ལ་བསྒོ་བ་དང་། སྤུན་དྲུང་མོས་སྤུན་དྲུང་མོ་ལ་བསྒོ་བ་ཡང་དེ་དང་འདྲའོ། །མ་ཇི་ལྟ་བ་བཞིན་དུ་ཕ་ཡང་དེ་དང་འདྲའོ། །མར་འདུ་ཤེས་པས་མ་གསད་པར་བྱའོ་སྙམ་སྟེ། ཉེ་དུ་མ་ཡིན་པའི་བུད་མེད་བསད་ན། དེ་ཅི་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་མི་འགྱུར་ཞེ་ན། སྨྲས པ།ལྡན་པར་ནི་མི་འགྱུར་རོ། །ཉེ་དུ་མ་ཡིན་པའི་བུད་མེད་དུ་འདུ་ཤེས་པས། ཉེ་དུ་མ་ཡིན་པའི་བུད་མེད་གསད་པར་བྱའོ་སྙམ་པ་ལས། མ་བསད་པར་གྱུར་ན། དེ་ཅི་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་ལྡན་པར་མི་འགྱུར་ཞེ་ན། སྨྲས་པ། ལྡན་པར་མི་འགྱུར་རོ། །ཉེ་དུ་མ་ཡིན་པའི་བུད་མེད་ཡིན་པར་འདུ་ཤེས་པས། ཉེ་དུ་མ་ཡིན་པའི་བུད་མེད་བསད་ན། དེ་ཅི་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་ལྡན་པར་མི་འགྱུར་ཞེ་ན། སྨྲས་པ། གལ་ཏེ་དགྲ་བཅོམ་མ་བསད་པར་གྱུར་ན་ནི། དེ ལྡན་པར་འགྱུར་རོ།།དེ་ལྟ་མ་ཡིན་ན་ནི་མི་འགྱུར་རོ། །མར་འདུ་ཤེས་པས་མ་ཉིད་བསད་ན། དེ་ཅི་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་མི་འགྱུར་ཞེ་ན། སྨྲས་པ། མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རོ། །མ་ཇི་ལྟ་བ་བཞིན་དུ་ཕ་ཡང་དེ་ དང་འདྲའོ།།སྤྱི་སྡོམ་ནི། ཆེད་དུ་བྱས་དང་རྩ་བ་དང་། །རྒྱུ་མེད་པ་དང་ཆུང་ངུ་དང་། །ལས་དང་ཡང་དག་མ་བསྡམས་པ། །དེ་ཡི་གཞི་དང་སུམ་ཅུ་དྲུག་།འདས་པའི་རྒྱུ་ལས་བྱུང་བ་དང་། །རྩ་བཟད་དང་ཚེ་ཟད་པའོ། །ཆོས་མངོན་པ་ལས་ལས་གདགས་པ་བཤད་པ་ ཚིགས་བཅུ་གཅིག་པའོ།།ལས་གདགས་པ་བཤད་པ་སྟེ་གསུམ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།
如果自己和他人二者都殺了,後者將獲得無間業,前者則不會。比丘對比丘說:‘你去殺吧,不要自殺,要自他二者都殺。‘那麼,這二者是否都將獲得無間業?還是不會獲得? 答曰:如果自己和他人二者都殺了,二者都將獲得無間業。如果自己殺而他人未殺,後者將獲得無間業,前者則不會。如果他人殺而自己未殺,後者將獲得無間業,前者則不會。 同樣,用刀、火、毒、棍棒等各種方式殺害也應如是說。比丘對比丘的情況如何,兄對妹的囑咐、妹對兄的囑咐、比丘尼對比丘尼的囑咐也是如此。如母親的情況,父親也是如此。 若以為是母親而殺了非親屬女人,這是否將獲得無間業?還是不會獲得?答曰:不會獲得。若以為是非親屬女人而想殺非親屬女人,卻殺了母親,這是否將獲得無間業?還是不會獲得?答曰:不會獲得。 若以為是非親屬女人而殺了非親屬女人,這是否將獲得無間業?還是不會獲得?答曰:如果殺了阿羅漢尼,將獲得無間業。若非如此則不會獲得。若以為是母親而殺了母親本人,這是否將獲得無間業?還是不會獲得?答曰:將獲得無間業。如母親的情況,父親也是如此。 總結:故意所作及根本,無因及微小,業及不防護,其基三十六。從過去因所生,及根盡壽盡。 此為阿毗達磨論中業施設論第十一品。業施設論第三品終。 由印度堪布吉那彌札、達那戒、般若瓦瑪,及大譯師班智達耶謝德等人譯校審定。
同部經論
與本文同名或相近的其他版本、科判、譯文與註疏。