sakyapalam0109_吉祥上師文殊傳記具三殊勝善說.g2.0f|sakyapalam0109_吉祥上師文殊傳記具三殊勝善說.g2.0f(續2)
【現代漢語翻譯】 他完成了所有無內(指空性)的誓言次第。 1-637 在夜晚的時刻,他獻上了與黑金剛(藏文:རྡོ་རྗེ་ནག་པོ་ཆེན་པོ།,多吉那波欽波)的防護和遣除相關的唸誦瑜伽,以及廣大的供養和食子。依靠燈的光明,他以無垢的慧眼觀視諸佛的教言,包括經和釋。他持續不斷地進行甚深的禪定瑜伽,直至黎明。在睡眠時,他安住于光明的狀態。他日夜不間斷地處於這種狀態。有時,他通過極其嚴格的閉關,主要修持度母如意輪(藏文:སྒྲོལ་དཀར་ཡིད་བཞིན་གྱི་འཁོར་ལོ།,卓嘎益西涅吉闊洛)和黑金剛(藏文:རྡོ་རྗེ་ནག་པོ་ཆེན་པོ།,多吉那波欽波)的近修和修持,並非僅僅一次,而是像螞蟻搬運蜂蜜一樣,按照手寫原本的《桑布扎》(梵文:Saṃbhāra,資糧)的各個部分進行修持。 在所有這些修持中,總數超過了千萬億,無法估量。此外,他還修持了長壽金剛佛母(藏文:འཆི་མེད་རྡོ་རྗེ་ལྷ་མོ།,企美多吉拉姆)、尊勝佛母(藏文:གཙུག་ཏོར་རྣམ་པར་རྒྱལ་མ།,祖朵南巴嘉瑪)、勝樂金剛七字明(藏文:བདེ་མཆོག་ཡི་གེ་བདུན་པ།,德巧益格敦巴) 1-638 和黑汝嘎百字明(藏文:ཧེ་རུ་ཀའི་ཡིག་བརྒྱ།,黑汝嘎益嘉)等,數量也如上述一樣不可估量。特別是在他二十七八歲時,在瑞沃切(藏文:རི་བོ་ཆེ།,瑞沃切)的勝樂金剛壇城等處,他按照續部所說,在時間、數量和徵兆上圓滿了喜金剛(藏文:དགྱེས་པ་རྡོ་རྗེ།,給巴多吉)和勝樂金剛(藏文:འཁོར་ལོ་སྡོམ་པ།,闊洛多巴)等本尊的基礎近修,以及火供。通過本尊加持的力量,他對清凈的見修行果生起了堅定的信心,從而弘揚了清凈的薩迦(梵文:Sakya)教法。當時,由於時代的力量,出現了無數的邪修,但他以毫不動搖的偉大菩提心,以大乘的方式,沒有絲毫動搖。正如前面所說:『時代的力量帶來了邪惡的幻變,但他對無上大乘毫不動搖,像保護眼睛一樣守護三學,我向這位擁有解脫寶藏的智者頂禮。』因此,在五濁惡世的強大力量下,眾生都被邪惡的幻變所困擾。
【English Translation】 He completed each of the stages of vows within the non-existent (referring to emptiness). 1-637 In the evening sessions, he offered the yoga of recitation associated with the protection and reversal of the Great Black Vajra (Tibetan: རྡོ་རྗེ་ནག་པོ་ཆེན་པོ།), along with extensive offerings and tormas. Relying on the light of lamps, he contemplated the words of the Victorious Ones, including the scriptures and their commentaries, with immaculate eyes of wisdom. He continuously engaged in profound meditative yoga until dawn. During sleep, he remained in the state of luminosity. He constantly spent his time in this manner, day and night. Occasionally, through extremely strict retreats, he primarily practiced the approaching and accomplishment of White Tara Wish-Fulfilling Wheel (Tibetan: སྒྲོལ་དཀར་ཡིད་བཞིན་གྱི་འཁོར་ལོ།) and the Great Black Vajra (Tibetan: རྡོ་རྗེ་ནག་པོ་ཆེན་པོ།), not just once, but like ants carrying honey, following each part of the handwritten original of the Saṃbhāra (Sanskrit: Saṃbhāra, collection of merit). In all these practices, the total number exceeded billions and millions, beyond measure. Furthermore, he practiced the Immortal Vajra Goddess (Tibetan: འཆི་མེད་རྡོ་རྗེ་ལྷ་མོ།), the Victorious Ushnishavijaya (Tibetan: གཙུག་ཏོར་རྣམ་པར་རྒྱལ་མ།), the Seven-Letter Hevajra (Tibetan: བདེ་མཆོག་ཡི་གེ་བདུན་པ།) 1-638 and the Hundred Syllable Mantra of Heruka (Tibetan: ཧེ་རུ་ཀའི་ཡིག་བརྒྱ།), etc., in immeasurable numbers as mentioned above. Especially when he reached the end of his twenty-seventh and twenty-eighth years, in places such as the Chakrasamvara palace of Riwoché (Tibetan: རི་བོ་ཆེ།), he completed the foundational approaching practice of Hevajra (Tibetan: དགྱེས་པ་རྡོ་རྗེ།) and Chakrasamvara (Tibetan: འཁོར་ལོ་སྡོམ་པ།), etc., along with fire offerings, as described in the tantras, in terms of time, number, and signs. Through the power of the blessings of the yidam deities, he developed unwavering faith in the meaning of pure view, practice, and result, and thus propagated the activities of upholding and preserving the immaculate Sakya (Sanskrit: Sakya) teachings. At that time, due to the power of the times, countless heretical practices arose, but he, with his unwavering great bodhicitta, in the manner of the Great Vehicle, showed no wavering even for a moment. As mentioned earlier: ‘The power of the times brings about evil transformations, but he does not waver in the unsurpassed Great Vehicle, and protects the three trainings like the apple of his eye. I prostrate to this wise one who possesses the treasury of liberation.’ Therefore, under the powerful force of the degenerate age, all beings are afflicted by evil transformations.
1-639 གཞན་ངོར་གང་གི་ཐུགས་བླ་ན་མེད་པའི་ཐེག་པ་ཆེ་ལས་མི་གཡོ་ཞིང་། ལྷག་པ་ཚུལ་ཁྲིམས། ཏིང་ངེ་འཛིན། ཤེས་རབ་ཀྱི་བསླབ་གསུམ་མིག་གི་འབྲས་བུ་ལྟར་འཚོ་བའི་ཚུལ་སྟོན་པའི་བློ་ལྡན་ རིག་པ་དང་གྲོལ་བའི་མཛོད་ལ་མངའ་བརྙེས་པ་ཁྱེད་ཀྱི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། ། ཞེས་སྙིགས་མ་ལྔ་བརྡོ་བའི་དུས་ཀྱིས་འགྱུར་བ་ཉིན་རེ་ལ་ཡང་ལན་གྲངས་དུ་མར་སྟོན་ པའི་དུས་འདིར་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བའི་ཐུགས་རླབས་པོ་ཆེ་སར་གནས་ཚུལ་སྟོན་པའི་བདག་ཉིད་ཆེན་པོ་ཉིད་ཀྱིས་རང་གི་རྟོགས་པ་བརྗོད་པ། ས་ལོ་གཉིས་པ་ལ་གནང་བའི་ནང་ ན་ཡང་། རྩོད་དུས་ཆུ་སྲིན་སྟོང་ཕྲག་ཁ་གདངས་ཤིང་། །མི་བསྲུན་གདུག་པའི་རླབས་ཆེན་གནམ་དུ་འཐོར། །དུས་ཀྱི་རླུང་ཤུགས་དྲག་པོ་གནམ་འཐོར་ཡང་། །རང་ཉིད་ཞི་བའི་གླིང་ཙམ་དོན་གཉེར་མིན། །ཞེས་གསུངས་ པའི་དོན་ལ་སྐད་ཅིག་ཀྱང་གཡེལ་བ་མི་མངའ་བར་སྒོ་དུ་མའི་སྒོ་ནས་ཕྱག་བཞེས་ལ་ཐེབས་པར་མཛད་ཅིང་། དེའི་ཚུལ་རྒྱས་པར་འོག་ཏུ་འཆད་ལ། དེ་ལྟའི་སྐབས་ནས་མི་སྲུན་པ་སྙིགས་མའི་ འགྲོ་བ་དེ་དག་གིས་རྗེས་སུ་བསྐྱོད་པའི་ཆེན་པོའི་གནས་ནས་ཀྱང་ལོག་སྒྲུབ་ཀྱི་ཟེར་མ་དུ་མ་འཕྲོ་བ་ན། མདོ་སྡེ་དག་ལས་ཀྱང་། གང་ན་འཐབ་རྩོད་མི་ཟད་ཡོད་པ་ན། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག ། 1-640 ཅེས་གསུངས་པ་ལྟར་དང་། སྔོན་དཔལ་ལྡན་ས་སྐྱར་གདུང་བརྒྱུད་སོ་སོའི་འཁོར་ཕན་ཚུན་རྩོད་པའི་འཁྲུག་ལོང་མི་ཟད་པ་བྱུང་བའི་ཚེ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་ བཟང་པོ་གདན་ས་བོར་ནས་དྭགས་ཀོང་ལ་སོགས་པ་ང་བདག་དང་ཕྱོགས་རིས་མེད་པའི་ས་ཕྱོགས་དག་ཏུ་གཤེགས་ནས་སྐྱེས་བུ་དམ་པའི་རིང་ལུགས་བསྐྱངས་པའི་རྗེས་སུ་འཇུག་པའི་སྤོབས་པ་ཁྱད་པར་ ཅན་གྱི་སྒོ་ནས། རང་སྲིད་ཀྱི་བདེ་བ་ལ་མ་ཆགས་པའི་ཐུགས་ཀྱི་མངའ་ཐང་མི་གཅིག་པའི་ཉི་མ་ཤར་ཕྱོགས་ཀྱི་རྒྱལ་ཁམས་ལ་ཕེབས་པའི་ལམ་མུས་ལ་མཛད། ཆོས་རྗེ་སེམས་དཔའ་ཆེན་པོའི་ བཞུགས་གནས་ཀུན་ལ་མཇལ་ནས་ཐུབ་བསྟན་རྣམ་རྒྱལ་གྱི་ཆོས་གྲྭར་ཕེབས། རེ་ཤིག་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་ཆོས་ཀྱི་སྒོ་དུ་མའི་བཀའ་དྲིན་སྩལ། སླར་ཨེ་ཝཾ་ཆོས་ལྡན་ཡོན་ཏན་ རིན་པོ་ཆེ་དུ་མའི་འབྱུང་གནས་ཉིད་དུ་ཕེབས་ཏེ། དེའི་དུས་སུ་ཨེ་ཝཾ་གྱི་གནས་ལ་བསྟོད་པ་མཛད་པ་དེའི་ནང་ན་ཡང་། ཨེ་ཝཾ་ཐམས་ཅད་ཤེས་ཡིག་རྒྱལ་པོ་ནི། །ཟབ་ཡང་དམ་ཆོས་ ཇི་སྙེད་འབྱུང་བའི་གནས། །སངས་རྒྱས་རིན་ཆེན་ཁང་བཟང་ཟ་མ་ཏོག །དོན་ཀུན་གྲུབ་བྱེད་བདེ་ཆེན་ལྡན་པ་ལགས། །ཞེས་དང་། རྟག་པར་གསུང་དབྱངས་ཡན་ལག་དྲུག་ཅུ་ཡི། །རྒྱ་ཆེན་ཆོས་འཁོར་རིང་དུ་བསྐོར་བ་འདི། ། 1-641 ཀུན་གཟིགས་ཞིང་དང་འོག་མིན་བདེ་བ་ཅན། །འདི་ཉིད་ཐ་དད་ཙམ་
【現代漢語翻譯】 對於他人,您的心從至高無上的大乘教法中毫不動搖,並且以如愛護眼珠般的方式守護著增上戒律、禪定和智慧這三學,您是擁有智慧、精通知識和解脫寶藏的智者,我以極大的恭敬向您頂禮。 在五濁惡世日益衰敗的時代,每天都在發生無數次變化,您以偉大的精神將逆境轉化為菩提道,展現了聖者的風範。您在兩年前所作的自述中寫道:『爭鬥時代,千條巨鱷張開大口,不馴順的惡毒波濤瀰漫天空,時代狂風肆虐,我卻不為自己尋求寂靜的島嶼。』 您時刻不忘這些話的含義,並通過多種方式付諸實踐。下面將詳細闡述這些情況。在這種情況下,那些不馴順的末法時代的眾生,即使追隨偉大的上師,也會散佈許多邪說的光芒。正如經部中所說:『哪裡有無盡的爭鬥,那裡就遠離聖者一百由旬。』 過去,在薩迦(Sakya,藏傳佛教薩迦派主寺)發生各家族之間無休止的爭端時,法王帕丹喇嘛丹巴索南堅贊(Chosje Paldan Lama Dampa Sonam Gyaltsen,法王 帕丹 喇嘛 索南 堅贊)放棄了寺院,前往多康(Dwags Kong,地名)等地,在不分彼此的地區保持著聖人的傳統。您以非凡的勇氣追隨他的足跡,不執著于自身政權的安樂,懷著偉大的心胸,踏上了前往東方國家的道路。您拜訪了法王大菩薩(Chosje Semsdpa Chenpo,法王 大菩薩)的所有駐錫地,並前往圖丹南嘉寺(Thubten Namgyal,寺廟名)。在那裡,您暫時以多種方式向有緣的弟子們傳授佛法。之後,您再次前往埃旺寺(Ewam Monastery,寺廟名),那裡是功德珍寶的源泉。當時,您在讚頌埃旺寺時寫道:『埃旺寺是遍知者之王,是深奧正法涌現之地,是如意寶般的珍寶殿堂,是成就一切願望、充滿大樂的地方。』 『此處常有六十支分的天籟之音,長久地轉動著廣大的法輪,此地與普賢剎土(Kunzigh Zhing,梵文:Samantabhadra,一切賢善),與色究竟天(Ogmin,梵文:Akaniṣṭha),與極樂世界(Dewachen,梵文:Sukhavati)並無差別。』
【English Translation】 For others, your mind does not waver from the supreme Great Vehicle, and you cherish the three trainings of higher discipline, concentration, and wisdom like the apple of your eye. You are a wise person who possesses the treasury of knowledge and liberation. I prostrate to your feet with great reverence. In this age of the five degenerations, where changes occur countless times every day, you transform adverse conditions into the path to enlightenment with a great spirit, demonstrating the conduct of a Bodhisattva. In your self-narration given two years ago, you said: ‘In the age of strife, a thousand crocodiles open their mouths, and the great waves of untamed malice scatter into the sky. Even when the fierce winds of time rage, I do not seek a mere island of peace for myself.’ You never forget the meaning of these words and put them into practice in many ways. These circumstances will be explained in detail below. In such a situation, even those unruly beings of the degenerate age who follow a great master will emit many rays of false teachings. As stated in the Sutras: ‘Where there is endless strife, the supreme being is a hundred yojanas away.’ In the past, when endless disputes arose among the families in Sakya, Chosje Paldan Lama Dampa Sonam Gyaltsen abandoned the monastery and went to places like Dwags Kong, maintaining the tradition of a holy person in impartial regions. With extraordinary courage, you followed in his footsteps, not clinging to the comfort of your own regime, and with a great mind, you embarked on the path to the eastern countries. You visited all the residences of the great compassionate Chosje and went to Thubten Namgyal Monastery. There, you temporarily bestowed the Dharma in many ways upon fortunate disciples. Later, you went again to Ewam Monastery, the source of precious qualities. At that time, in your praise of Ewam Monastery, you wrote: ‘Ewam is the king of all knowers, the place where profound Dharma arises, a precious palace like a wish-fulfilling gem, a place that fulfills all wishes and is endowed with great bliss.’ ‘Here, the sound of sixty qualities of speech constantly turns the vast wheel of Dharma. This place is no different from the Pure Land of Samantabhadra, Akaniṣṭha, and Sukhavati.’
སྟེ་ཁྱད་པར་ཅི། །ཞེས་འབྱུང་ངོ་། །རིགས་དྲུག་པ་རྡོ་རྗེ་འཆང་གི་མི་འཇིགས་སེང་གེའི་ཁྲི་ལ་མངོན་པར་བཞུགས་པ་ཨེ་ཝཾ་ གདན་ས་དྲུག་པ་རྗེ་བཙུན་དཀོན་མཆོག་འཕེལ་བ་གདན་ཆགས་པ་དང་ལེགས་པར་མཇལ་ཏེ། རྗེ་དེ་ཉིད་ལ་སྔ་ཕྱིར་ཆོས་གསན་པ་ལ་རྡོ་རྗེ་འཇིགས་བྱེད་ས་ལུགས་ཀྱི་དབང་། ཐུགས་རྗེ་ཆེན་པོའི་ རིགས་གཏད་སྐྱེར་སྒང་ལུགས། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་གི་བསྒྲིགས་པའི་བློ་སྦྱོང་གླེགས་བམ་གྱི་ལུང་། མན་ངག་རྣམ་བཤད་ཀྱི་སྦྱང་གཞི་སྦྱོང་བྱེད་ཀྱི་ཐད་དེ་ལུང་ཟུར་དུ་བཀོལ་བ་དང་། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་པའི་རྗེས་གནང་། སྒྲུབ་ཐབས་རྒྱ་མཚོའི་ནང་ནས་རྗེས་གནང་དམར་བསྡུས་འགའ་ཞིག་སོགས་གསན་ཞིང་། བདག་ཉིད་ཆེན་པོ་འདི་ཉིད་ཀྱིས་ཀྱང་། ཆོས་ཀྱི་རྗེ་ཀུན་མཁྱེན་ གྱི་རྣམ་ཐར་ངོ་མཚར་ཕུལ་དུ་བྱུང་བ་དེ་ལ་སོགས་པའི་ཐུགས་རྩོམ་དུ་མ་དང་། རྗེ་བཙུན་རྡོ་རྗེ་འཆང་གི་ཐུགས་དམ་ཐང་ཀ་བཅུ་གཅིག་བཞུགས་ལམ་འབྲས་བརྒྱུད་པ་སོགས་མཐའ་དག་ལ་གཟིགས་ ནས་བཀོད་པ་རྣམས་ཀྱང་རེ་རེ་ནས་ཡི་གེར་འགོད་པར་མཛད་ཅིང་། ཁྱད་པར་ཕྱག་དཔེ་མ་ལུས་པ་ལ་དགོངས་པའི་ཆ་རྨད་དུ་བྱུང་བས་ལེགས་པར་མཐའ་ཆོད་པའི་གཟིགས་ཡུལ་ལ་ནན་ཏན་དུ་འགྲུས་པར་མཛད་དེ། 1-642 ཕྱིས་དགུང་གི་ལོ་མཐོན་པོར་སོན་པ་ན་ཡང་། ཡིག་ཕྲེང་ཕྲ་མོ་ཚུན་འདི་ན་འདི་ཡོད་ཀྱི་གསུང་འཕྲོས་ཞིབ་རྒྱས་མཛད་པ་དངོས་སུ་མཐོང་ལ། དེ་ལྟར་མཛད་པའི་སྒོ་དེ་དག་དང་འོས་སུ་ གྱུར་པའི་གདུལ་བྱ་འགའ་ལ་ཡང་ཆོས་ཚུལ་མང་པོ་སྤེལ་བར་མཛད་པ་སོགས་མཐའ་ཡས་པའི་བགྱི་བ་དུ་མ་སྒྲུབ་པར་མཛད་པའི་སྐབས་ནས། རྗེ་རྡོ་རྗེ་འཆང་གི་གཟིམ་ཆུང་དུ་སྐུ་མཚམས་ཤིན་ ཏུ་དམ་པའི་ཐུགས་དམ་ཞིག་གནང་བའི་དུས་ཀྱི་མནལ་ལྟས་ལ། ས་སྐྱའི་དཔོན་པོ་རི་ཡིན་ཟེར་བ་མངའ་རིས་ཚུན་མཐོང་བ་ཞིག་གི་རྩེར་ཕེབས་པ་ན། དེས་ན་འཆམས་སྐུའི་མགོན་པོ་ཤིན་ཏུ་ ཆེ་བ་ཞིག་ཀྱང་བཞུགས་འདུག་ལ། བཙུན་པ་ཞྭ་དམར་བ་མང་པོས་ཕྱག་འཚལ་དང་། གསོལ་ཇ་ཞུ་བ་སོགས་ཀྱི་མཚན་ལྟས་བྱུང་བ་ལ། རེ་ཞིག་ནས་འཁོན་ས་སྐྱ་པའི་གདུང་རྒྱུད་རིན་པོ་ཆེ་ རྣམས་ཀྱི་སྤྱན་འདྲེན་བྱུང་པ་ན་མནལ་ལྟས་དང་མཐུན་པར་དགོངས་ཤིང་མནལ་ལྟས་ཀྱི་མགོན་པོའི་སྐུ་སོགས་ཀྱི་མཚན་ལྟས་ལ་བརྟེན་གདུང་བརྒྱུད་དྲི་མ་མེད་པའི་ཐུགས་ངེས་ཤེས་ཁྱད་པར་ཅན་དང་བཅས། བསྟན་པ་སྤྱི་སྒོས་ལ་དགོངས་ནས། ཐུགས་དགྱེས་པ་ཆེན་པོས་དཔལ་རྩེ་གདོང་ཕྱོགས་ལས་རྣམ་རྒྱལ་གྱི་གནས་མཆོག་དམ་པར་ཕྱག་ཕེབས་ཏེ། གདུང་བརྒྱུད་འཇམ་པའི་དབྱངས་སྐུ་མཆེད་རྣམས་དང་མཇལ། དེའི་ཚེ་ཆོས་ཀྱི་སྒོ་ཐོག་མར་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་རྗེས་སུ་གནང་བ་དེ་ཉིད་ཆོས་ཀྱི་སྒོ་འབྱེད་དུ་སྩལ་ཞིང་། 1-643
【現代漢語翻譯】 有何區別?』等內容。第六世是金剛持,以無畏獅子座顯現安住的艾旺(Ewam)。 第六世座主杰尊袞卻貝瓦(Jetsun Kunchok Pelwa)建立法座后,與其妥善會面。前後向杰尊(Jetsun)請法,接受薩迦派的金剛怖畏灌頂、 嘉樣派的大悲傳承、大菩薩香努嘉岑(Shonnu Gyaltsok)所著的《修心論》的傳承,以及口訣釋難的修習基礎和修習方法,並將其作為旁證引用。 還接受了四面黑金剛的隨許,以及《成就法海》中的一些紅色簡略隨許等。這位大士也 對昆欽(Kunkhyen)法王的殊勝傳記等諸多著作,以及杰尊金剛持的本尊唐卡十一幅,竹巴噶舉傳承等一切進行觀察,並將所見一一記錄下來。特別是在參考所有手稿時,其見解之精妙令人驚歎,因此他認真地將所有內容都徹底研究了一遍。 後來,即使到了高齡,他仍然會詳細地講述『這個在這裡』等細節,這些我都親眼所見。通過這些方式,他也對一些合適的弟子傳授了許多佛法。在進行無數事業的過程中, 杰尊金剛持在靜修室裡進行非常嚴格的閉關時,夢中出現這樣的景象:據說薩迦的官員瑞延(Riyin)到達了包括阿里在內的一個地方的山頂。那裡有一尊非常巨大的護法神像, 許多紅帽僧侶向其頂禮,並供養茶水等。不久之後,當迎請昆氏薩迦派的各位仁波切時,他認為這與夢境相符,並通過夢中護法神像等預兆,確信昆氏血統的純正,並懷著特殊的認知, 爲了整個教法,他非常高興地前往吉祥策東(Tse Dong)地區的朗嘉(Namgyal)聖地,與昆氏血脈的文殊菩薩昆仲會面。當時,他首先賜予了開啟佛法之門的本尊——世尊佛母頂髻尊勝佛母九尊的隨許。
【English Translation】 What is the difference?’ etc. The sixth is Vajradhara, manifestly dwelling on the fearless lion throne of Ewam. The sixth throne holder, Jetsun Kunchok Pelwa, after establishing the seat, met with him properly. He listened to the Dharma from Jetsun at various times, receiving the Vajrabhairava empowerment of the Sakya tradition, the Mahakaruna lineage of the Kyergang tradition, the transmission of the Lojong text compiled by the great Bodhisattva Shonnu Gyaltsok, and the study of the explanation of the oral instructions, using the study base and the means of study as collateral evidence. He also received the subsequent permission of the four-faced Black Vajra, and some red condensed subsequent permissions from within the Ocean of Sadhanas, etc. This great being also observed the extraordinary biography of the Dharma Lord Kunkhyen and many other compositions, as well as the eleven Thangkas of Jetsun Vajradhara’s personal deity, the Lamdre lineage, etc., and recorded each of them. In particular, his consideration of all the manuscripts was astonishing, so he diligently and thoroughly examined everything. Later, even when he reached old age, he would still explain in detail, ‘This is here,’ etc., which I saw with my own eyes. Through these means, he also propagated many Dharma teachings to some suitable disciples. In the course of accomplishing countless activities, when Jetsun Vajradhara was doing a very strict retreat in his hermitage, he had a dream vision: It is said that the Sakya official Riyin reached the summit of a place including Ngari. There was also a very large protector statue, and many red-hat monks were prostrating and offering tea, etc. Soon after, when the precious scions of the Khon Sakya lineage were invited, he thought that this was in accordance with the dream, and based on the omens of the protector statue in the dream, he had a special certainty of the immaculate Khon lineage, considering the general and particular teachings, he happily went to the sacred site of Namgyal in the Pal Tsedong area, and met with the Manjushri brothers of the Khon lineage. At that time, he first bestowed the subsequent permission of the nine deities of the Victorious Ushnishavijaya, the Blessed Mother, as the opening of the Dharma gate.
དེ་ནས་རིམ་པ་བཞིན་དུ་རྣམ་གྲངས་དུ་མའི་ཆོས་ཀྱི་འཁོར་ལོ་རྨད་དུ་བྱུང་བ་རྐང་གཉིས་གཙོ་བོས་ཝ་ར་ཎ་སིར་རྗེས་སུ་བསྐོར་བ་བཞིན་དུ་མཛད་དེ། དབང་བཀའ་བཤད་བཀའ་ལུང་གི་ ཚོགས་རབ་ཏུ་མང་པོ་སྤེལ་བར་མཛད་པའི་སྐབས་ནས་དགུང་གི་ལོ་སུམ་ཅུའི་མཐར་སོན་པ་ན། སྨོན་ཐང་རྒྱལ་པོའི་ཁབ་ནས་སྤྱན་འདྲེན་གྱི་ཕོ་ཉ་བས་གདན་དྲངས་ཏེ་མངའ་རིས་ཀྱི་གདུལ་བྱ་ ལ་དགོངས་ནས་ཕྱོགས་འདིར་ཕེབས་པ་མཛད། བྲག་དཀར་ཐེག་ཆེན་དར་རྒྱས་གླིང་དུ། རྒྱུད་སྡེ་བཞི་དང་འབྲེལ་བའི་ཟུར་དཀའ་རྣམ་པར་དག་པ་མཐའ་དག་གི་དབང་དཀའ་གྲངས་ལས་འདས་པ་སྟོད་མངའ་རིས་ ནས། སྨད་མདོ་ཁམས་ཀྱི་བར་གྱི་གདུལ་བྱ་སྣ་ཚོགས་འདུས་པ་ལ་རྒྱུན་ལྡན་དུ་རྗེས་སུ་སྩལ་ཞིང་། དེ་དག་གི་བར་སྐབས་སུ་ས་སྐྱོང་ཡབ་སྲས་བཙུན་མོར་བཅས་པ་རྣམ་ལ་རྗེས་གནང་ཟུར་ བཀའ་དུ་མས་མཚོན་པའི་ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་དང་། འབངས་ཀྱི་སྐྱེ་བོ་མཐའ་དག་ལའང་ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་སོགས་པ་ཚོགས་ཆོས་དུ་མ་སྩལ་ནས། སའི་ཕྱོགས་འདིར་རྫོགས་ ལྡན་གྱི་དུས་བཞིན་དུ་ཆོས་ཀྱི་ཆར་ཆེན་པོ་ཕབ་སྟེ། སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་མཛད་ཅིང་། ཁྱད་པར་རི་བོ་ཆེ་འཁོར་ལོ་སྡོམ་པའི་ཕོ་བྲང་མཁའ་སྤྱོད་འཕྲུལ་སྤེ་དཀར་པོར། 1-644 དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་ཤ་སྟག་ལ་ལོ་རེ་བཞིན་དུ། ཚུལ་བཞི་སྔོན་དུ་སོང་བའི་རྒྱུད་ཀྱི་བཤད་པ་མཐའ་ཆོད་པར་མཛད་ནས། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་མཛད་ པའི་རྣམ་བཤད་ཉི་མའི་འོད་ཟེར་དང་། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་འགྲེལ་པ་དག་ལྡན་གྱི་སྟེང་ནས་རེ་མོས་སུ་མཛད་དེ་སྐྱར་ཆོས་དང་བཅས་པའི་འཆད་ཉན་ཡུན་ རིང་མོར་མཛད། དེ་ལྟའི་སྐབས་ནས། དགུང་གི་ལོ་ལྔ་བཅུའི་མཐར་སོན་པ་ན་ཕྱོགས་འདིར་སེམས་ཅན་གྱི་སྤྱི་མཐུན་གྱི་བསོད་ནམས་ལ་རྟེན་ས་གཡོ་བའི་འཇིགས་པ་ཆེན་པོས་ཀུན་ཏུ་ཉེན་ཏེ་སེམས་ ཅན་ཁྲི་ཁྲག་མང་པོའི་ཚེའི་ཉིང་མཚམས་སྦྱར། གནས་དགོན་ཐམས་ཅད་ནི་འབྲོག་དགོན་པ་ལྟ་བུར་གྱུར། སེམས་ཅན་ཐམས་ཅད་ཡིད་འབྱུང་སྐྱོ་ཤས་ཀྱི་སྣང་བ་ཆེན་པོ་ལ་བཀོད་པ་དེའི་དུས་བདག་ཉིད་ ཆེན་པོ་འདི་ཡང་སྐྱེས་རྩ་དཔལ་གྱི་དགོན་པ་ན་གདན་ཆགས་པ་ན། རྗེ་ཉིད་ཀྱི་ཐུགས་རྗེའི་མཐུ་ལ་རྟེན་ཞབས་འབྲིང་ན་གནས་པའི་འགྲོ་བ་མཐའ་དག་ལ་ཉེས་པའི་སྐྱོན་མེད་ཅིང་། ཁྱད་པར་ རྗེ་ཉིད་སྐུ་ཚེའི་རྒྱལ་མཚན་བརྟན་པ་དང་གདུལ་བྱའི་དཔལ་དུ་བརྟན་པར་བྱིན་གྱིས་བརླབས་ནས་ཀུན་གྱི་ཡིད་གསོས་ཀྱི་སྨན་དུ་མཛད་དེ། གང་ལ་གང་འཇུག་གི་ཐབས་སྣ་ཚོགས་པས་ཉམས་ཐག་པའི་འགྲོ་བ་དེ་དག་གི་དབུགས་ཕྱུང་བར་མཛད། 1-645 བསྟན་པའི་རྩ་བ་དཀོན་མཆོག་རིན་པོ་ཆེའི་རྟེན་ཉེས་པ་ཐམས་ཅ
【現代漢語翻譯】 此後,如同雙足之尊(指佛陀)在瓦拉納西(Varanasi,古印度城市,釋迦牟尼初轉法輪之地)次第轉動多種殊勝的法輪一樣,他(指傳記中的人物)也做了同樣的事情。在廣泛傳播灌頂、教誡、講解和口傳的場合,當他年滿三十歲時,斯芒塘(Smongthang)國王派遣使者迎請他,考慮到阿里(Ngari,西藏西部地區)的受化眾生,他來到了這個地區。在扎嘎爾特欽達杰林(Dragkar Thegchen Dargyeling)寺,他不斷地向聚集的上阿里(Upper Ngari)到下多康(Lower Dokham)的各種受化眾生,傳授與四部密續相關的無數純凈無瑕的灌頂和教誡。在此期間,他還向薩迦(Sakya)的統治者父子及其王妃,以及所有臣民,傳授了無數不可思議的佛法之門,包括隨許灌頂和特別教誡,並向所有民眾傳授了大乘發心等多種法會。因此,他像圓滿時代一樣,在這片土地上降下了佛法的甘霖,使有緣的受化眾生得以成熟。特別是在瑞沃切(Riwoché)的勝樂金剛(Chakrasamvara)壇城,即空行幻化白宮(Khaö Chuk Trulpe Karpo),他每年都向所有精通三藏的善知識,完整地講授四種次第的密續,並結合索南孜莫(Sonam Tsemo)大師所著的《釋論·日光》(Namshé Nyimai Özer)和扎巴堅贊(Grakpa Gyaltsen)尊者所著的《釋疏·達丹》(Dagtän),輪流進行講解和辯論,長期進行講修。在那樣的時期,當他年滿五十歲時,這個地區普遍面臨著巨大的地震災害,這源於眾生共同的業力,導致成千上萬的眾生喪生。所有的寺廟都變得像牧民的營地一樣荒涼。所有眾生都處於一種沮喪和悲傷的狀態。那時,這位偉大的聖者居住在吉扎巴吉(Kyetsal Palgyi)寺,依靠他慈悲的力量,所有居住在他附近的眾生都免受了災難的侵害。特別是,他加持自己長壽,併爲了受化眾生的利益而保持堅定,成爲了所有人的精神食糧。他用各種方便法門,拯救了那些受苦的眾生。 佛教的根本,三寶(Triratna)的所依,一切罪惡的根源……
【English Translation】 Then, just as the Lord of Two Feet (referring to the Buddha) turned the wondrous Wheel of Dharma of various kinds in Varanasi (an ancient Indian city, where Shakyamuni first turned the Wheel of Dharma), he (referring to the person in the biography) did the same. On occasions of extensively propagating empowerments, instructions, explanations, and oral transmissions, when he reached the end of his thirtieth year, he was invited by messengers sent by the King of Smongthang, and considering the beings to be tamed in Ngari (western Tibetan region), he came to this area. At Dragkar Thegchen Dargyeling Monastery, he continuously bestowed countless pure and flawless empowerments and instructions related to the four classes of tantra to various beings to be tamed gathered from Upper Ngari to Lower Dokham. During this time, he also bestowed countless inconceivable Dharma doors, including subsequent permissions and special instructions, to the Sakya rulers, father and son, and their queen, as well as to all the subjects, and he bestowed many Dharma gatherings such as the generation of the mind of great enlightenment to all the people. Therefore, he poured down a great rain of Dharma on this land like in the age of perfection, causing the fortunate beings to be tamed to fully ripen. Especially at the Chakrasamvara mandala of Riwoché, the White Palace of Magical Emanation of the Dakinis (Khaö Chuk Trulpe Karpo), he annually gave complete explanations of the tantra with the four orders preceding to all the virtuous spiritual friends who were masters of the Tripitaka, and he conducted long-term teachings and practices by alternating between the commentary ‘Rays of Sunlight’ (Namshé Nyimai Özer) composed by Master Sonam Tsemo and the commentary ‘Dagtän’ composed by Jetsun Grakpa Gyaltsen. During such times, when he reached the end of his fiftieth year, this area was universally threatened by a great earthquake disaster due to the common karma of sentient beings, causing the death of tens of thousands of sentient beings. All the monasteries became desolate like nomadic camps. All sentient beings were placed in a state of great depression and sadness. At that time, this great being was residing at Kyetsal Palgyi Monastery, and relying on the power of his compassion, all the beings residing near him were free from the harm of the disaster. In particular, he blessed himself to have a long life and to remain steadfast for the benefit of the beings to be tamed, becoming a source of spiritual nourishment for all. He used various skillful means to save those suffering beings. The root of the teachings, the support of the precious Three Jewels (Triratna), the root of all evils…
ད་གསོས། རྒྱུད་སྡེ་དང་མཐུན་པའི་རབ་ཏུ་གནས་པའི་བྱིན་ཕབ་བཀྲ་ཤིས་དཔལ་འབར་མཛད་ཅིང་། དེ་ལྟའི་སྐབས་ན་ཡང་གཞན་ངོར་ཐོས་ བསམ་གྱི་མཛད་པ་རྨད་དུ་བྱུང་བ་ལ་སྐད་གཅིག་ཀྱང་གཡེལ་བ་མི་མངའ་བར་རྒྱལ་བའི་བཀའ་དགོངས་འགྲེལ་དང་བཅས་པའི་དོན་ལ་རྗེས་སུ་དཔྱད་པའི་ཐོས་པའི་བདུད་རྩི་བསམ་བྱུང་གི་སྙིམ་པས་ ཉེ་བར་བླངས་ནས། སྒོམ་བྱུང་གི་སྒོ་ནས་ཐུགས་ཉམས་སུ་བསྟར་བར་མཛད་དེ། ཐོས་བསམ་སྒོམ་གསུམ་གཞི་ཕན་ཚུན་འགལ་བ་མ་ཡིན་པར་མཁས་པ་དང་གྲུབ་པའི་སྣང་ཆ་མཚུངས་ལྡན་དུ་སྟོན་པར་ མཛད་པ་ཞིག་གོ །གཏིང་མཐའ་མི་མངོན་ལུང་གི་ཆུ་གཏེར་ལས། །ཉེ་བར་དྲངས་པའི་ཐོས་པའི་རྒྱ་མཚོ་ནི། །རབ་དུལ་ཞི་བའི་རླབས་ཕྲེང་གཡོ་བ་ཅན། །མ་ཕམ་ཆོས་ཀྱི་རྒྱ་མཚོ་མ་ལགས་སམ། ། ཐོས་པའི་ཆ་ཤས་རྣམ་གྲངས་ཕྲ་མོ་ལའང་། །བསམ་བྱུང་རིགས་པས་རྗེས་སུ་དྲངས་པའི་ཚུལ། །གཅིག་ལ་གཅིག་ཏུ་སྦྱངས་པ་ལྟ་བུ་སྟེ། །ཀུན་ལའང་མཁྱེན་པའི་སྤྱན་སྟོང་མངའ་བ་ལགས། །ངེས་དོན་རྒྱ་མཚོའི་ ཕ་མཐར་སོན་པ་ཡིས། །དྲང་ངེས་འབྱེད་ལ་སྙེམས་པ་མི་མངའ་བར། །ཆོས་དོན་རྨད་དུ་བྱུང་བའི་བདུད་རྩི་ནི། །སྒོམ་བྱུང་སྣང་བའི་དཔལ་དུ་ཁྱེད་ཀྱིས་མཛད། །མཁས་དང་གྲུབ་པའི་ས་ལ་བཞུགས་པ་ཡི། ། 1-646 ཆ་ཤས་མ་འདྲེས་མཚུངས་པར་ལྡན་གྱུར་པ། །དེ་འདྲ་སྲིད་ན་དཀོན་པའི་ལེགས་བྱས་ཏེ། །གདུལ་བྱའི་དཔལ་དུ་དེང་འདིར་གསལ་བར་བསྟན། །ལ་ལ་མཁས་ཀྱང་གྲུབ་པའི་བགྱི་བས་དབེན། །འགའ་ཞིག་གྲུབ་ཀྱང་ མཁས་པའི་ཚུལ་ལ་ཉམས། །མཁས་དང་གྲུབ་པ་གཉིས་སུ་མ་མཆིས་པའི། །ཁྱོད་ཞབས་ཆུ་སྐྱེས་ཆེན་པོའི་གཙུག་ཏུ་བླངས། །གང་གིས་ཉིན་མཚན་ཁོར་མོར་མཛད་པ་ཡི། །ལེགས་བྱས་གྲུབ་པ་གཟུངས་སྔགས་བགྲང་ཡས་ དང་། །རྣམ་མང་ཏིང་འཛིན་འཁོར་ལོ་མཆོད་པའི་ཚུལ། །གསང་སྔགས་འཛིན་པ་གཞན་ལ་སྔོན་མ་མཐོང་། །ཐོས་བསམ་སྒོམ་པ་མཐར་ཕྱིན་ཆོས་ཀྱི་རྗེའི། །ཕུལ་བྱུང་མཛད་པའི་ཆ་ཤས་ཕྲ་མོ་ལའང་། །རྗེས་སུ་བསྙད་ ན་གྲངས་མེད་བསྐལ་པ་བརྒྱར། །ཤུགས་དྲག་ལྕེ་ཡིས་བརྗོད་ཀྱང་ག་ལ་ལངས། །དེ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱིས་མཛད་པའི་ལམ་པོ་ཆེ་ནི་ཐོས་བསམ་སྒོམ་གསུམ་ཡིན་ནོ་ཞེས་ཐོས་བསམ་སྒོམ་ གསུམ་གྱི་རྒྱ་ཆེར་བསྔགས་པ་ལ་ཡང་སྦྱར་བར་བྱའོ། །མཆོག་གི་དཔལ་ལྡན་བླ་མའི་ཡོན་ཏན་བརྗོད་པའི་ཚུལ་ལས། ཐོས་བསམ་སྒོམ་གསུམ་གྱི་སྐབས་ལས་རྗེས་སུ་གྲགས་པའི་རབ་ཏུ་བྱེད་པ་སྟེ་བདུན་ པའོ།། །། ༄། །གྲུབ་པ་མཆོག་གི་རིང་ལུགས་ལས་རྗེས་སུ་བསྒྲགས་པའི་རབ་ཏུ་བྱེད་པ་སྟེ་བརྒྱད་པ། དེ་ལྟའི་སྐབས་ནས་དགུང་གི་ལོ་མཐོན་པོར་སོན་པ་ན། འཁོན་རིགས་ཟླ་བའི་ཐིག་ལེར་འཛིན་པ་གདུང་བརྒྱུད་རིན་པོ་ཆེ་འཇམ་པའི་དབྱངས་སྐུ་མཆེད་ཀྱིས་སྤྱན་འདྲེན་པའི་ཕོ་ཉ་བས་ཉེ་བར་སླེབ་པའི་ཚེ། 1-64
【現代漢語翻譯】 再說,上師的行為符合密宗,能作加持和吉祥,光輝燦爛。即使在這種情況下,他對他人精湛的聞思事業也片刻不放鬆,以聞所成的智慧,用思所成的雙手捧取如來言教及其註釋的意義,並通過修所成的途徑在心中實踐。聞、思、修三者並非相互矛盾,而是同時展現智者和成就者的風采。深不可測的經論之水庫中,汲取而來的聞法之海洋,伴隨著調柔寂靜的波浪,不就是瑪法(མི་ཕམ་,梵文:अजित,羅馬:Ajita,無能勝)之法海嗎? 對於聞法極其微小的部分,也以思辨推理來引導,就像將一物融入另一物般精熟,對一切都擁有如千眼般的智慧。通達了究竟意義的海洋彼岸,卻不因此而自滿於區分了義和不了義。您將殊勝的佛法真諦,化為修所成證悟的光輝。安住于智者和成就者的境界,其各個方面都完美融合,如此功德在世間實屬罕見,如今卻清晰地展現在所化眾生面前。有些人雖精通學問,卻缺乏實修;有些人雖有所成就,卻不擅長講經說法。您卻能將學問與實修融為一體,因此我將您的蓮足置於頭頂之上。 日日夜夜精進不懈,所成就的功德,如持誦無量的陀羅尼和真言,以及進行各種三摩地、壇城供養等,這種修持密法的方式,在其他人身上從未見過。對於圓滿完成聞思修的法王,即使只是追述他卓越事業的微小部分,用強勁的舌頭在無數劫中讚頌也無法窮盡。因此,聖者們所走的偉大道路就是聞思修三者,所以也要將此與對聞思修三者的廣泛讚頌結合起來。這是從讚頌至尊上師功德的方式中,關於聞思修的第七部分。 這是從成就者殊勝傳統中宣講的第八部分。 在這種情況下,當他年事已高時,迎請使者帶著薩迦法王(འཁོན་རིགས་ཟླ་བའི་ཐིག་ལེར་འཛིན་པ་གདུང་བརྒྱུད་རིན་པོ་ཆེ་འཇམ་པའི་དབྱངས་སྐུ་མཆེད་,意為持有昆氏家族月亮精華的昆氏後裔,妙音化身)的邀請函前來。
【English Translation】 Furthermore, the master’s actions are in accordance with the tantras, bestowing blessings and auspiciousness, radiant and glorious. Even in such circumstances, he never neglects his remarkable activities of listening and contemplating for others, taking the nectar of learning from the meaning of the Buddha’s teachings and their commentaries with the hands of contemplation, and practicing them in his heart through the path of meditation. The three, listening, contemplating, and meditating, are not mutually contradictory, but simultaneously display the splendor of both the wise and the accomplished. From the unfathomable reservoir of scriptural teachings, the ocean of learning drawn forth, accompanied by waves of subdued peace, is it not the Dharma ocean of Ajita (Mipham)? Even for the smallest part of listening to the Dharma, he guides it with contemplative reasoning, as if merging one thing into another with proficiency, possessing wisdom like a thousand eyes for everything. Having reached the far shore of the ocean of definitive meaning, he does not become arrogant in distinguishing between definitive and provisional meanings. You transform the extraordinary essence of the Dharma into the splendor of meditative realization. Abiding in the realm of the wise and the accomplished, whose aspects are perfectly integrated, such merit is rare in the world, yet now it is clearly displayed before those to be tamed. Some are learned but lack the practice of accomplishment; some are accomplished but not skilled in expounding the Dharma. You, however, can integrate learning and practice, therefore I place your lotus feet upon the crown of my head. Diligently working day and night, the merits accomplished, such as reciting countless dharanis and mantras, and performing various samadhis, mandala offerings, and so on, such a way of practicing the secret mantra has never been seen in others. For the Dharma Lord who has perfectly completed listening, contemplating, and meditating, even if only recounting the smallest part of his excellent deeds, even with a strong tongue, it would not be exhausted in countless eons. Therefore, the great path walked by the noble ones is the three, listening, contemplating, and meditating, so this should also be combined with the extensive praise of the three, listening, contemplating, and meditating. This is the seventh part, following from the section on listening, contemplating, and meditating, from the way of praising the qualities of the supreme glorious master. This is the eighth part, proclaimed from the supreme tradition of the accomplished ones. In this situation, when he was advanced in years, the messenger bringing the invitation from Sakya Phakpa (Khon lineage, the essence of the moon, the reincarnation of Manjushri) approached.
7 ཆོས་རྗེ་རྭ་སྟོན་ཡོན་ཏན་དཔལ་བཟང་པོའི་གསུང་ལས། ཆོས་རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསུང་སྒྲོས་གཅིག་ན་མ་འོངས་པའི་དུས་ན་གློ་བོའི་ས་ཕྱོགས་འདི་ནས་བསྟན་པའི་མེ་རོ་ཅུང་ ཟད་དབུས་གཙང་དུ་འཕེལ་བར་འདུག་གོ་གསུང་པའི་ལུང་བསྟན་དེ། འདི་ལ་དགོངས་པར་འདྲ་བས་ཅི་ནས་ཀྱང་འབྱོན་པ་འཐད་གསུང་བའི་བཀའ་ཡིས་རྗེས་སུ་བསྐུལ་བར་མཛད། བླ་མ་འདི་ལ་སྔ་ཕྱིར་ ཆོས་གསན་ཚུལ་ལ། རྒྱུ་ཕ་རོལ་དུ་ཕྱིན་པའི་གཞུང་ལུགས་ལ། ཕར་ཚད་རོང་ཊཱིཀ་སྟེང་ནས་དང་རང་འགྲེལ་གྱི་སྟེང་ནས་རིག་གཏེར་གྱི་བཤད་པ། ཆོས་རྗེ་ས་སྐྱ་པཎྜི་ཏ་ལས་འཇམ་དབྱངས་ཤེས་ རབ་རྒྱ་མཚོས་དངོས་སུ་གསན་པའི་ཉེ་བརྒྱུད། སློབ་དཔོན་དབྱིག་གཉེན་ལ་ས་པཎ་གྱིས་གསན་པའི་མངོན་པ་མཛོད་ཀྱི་བཤད་རྒྱུན། འཇམ་དབྱངས་ཆོས་རྗེའི་བསླབ་བྱ་སོགས་བཤད་བཀའ་མཐའ་དག་དང་། བསླབ་སྤྱོད་སོགས་ བཀའ་གདམ་གྱི་སྐོར་གྱི་ལུང་མང་པོ། རྒྱལ་སྲས་བཀའ་འབུམ། འབུམ་ཊཱིཀ སྒྲུབ་ཐབས་བརྒྱ་རྩ། སྦྱོང་དཀྱིལ་བཅུ་གཉིས། ཀྱེ་རྡོར་བཀའ་བབས་ཕྱི་མ། ཌོཾ་བྷི་ལུགས། མཚོ་སྐྱེས་ལུགས། ནག་པོ་ལུགས་རྣམས་ཀྱི་དབང་། ཀྱེ་རྡོར་བཅུ་བདུན་མ། བདེ་མཆོག་དྲིལ་བུ་ལྷ་ལྔ། གཤེད་དམར་ལྷ་ལྔའི་དབང་། བསྐྱེད་རྫོགས་བསྒྲེས་མའི་སྤྲོས་མེད་ཀྱི་ཁྲིད། རྟོགས་ལྡན་དཔལ་ལྡན་བཟང་པོའི་ཡིག་ཆའི་སྟེང་ནས་གཅོད་སྐོར་རྣམས་གསན། ཤར་ཕྱོགས་ལ་ཕེབས་ཁར་གོས་ཆེན་གྱི་ན་བཟའ་ལུ་ཧམ་ཞིག་རྗེ་ཉིད་ཀྱི་སྐུ་ལ་གསོལ་བར་མཛད་པ་སོགས་སྲིད་ཞུ་དུ་མ་མཛད་ཅིང་། 1-648 རྗེ་རྭ་སྟོན་ཆེན་པོའི་གསུང་ལས་ཀྱང་། མར་ལམ་ཅིས་ཀྱང་དཔལ་མོ་དཔལ་ཐང་དུ་ཞག་ས་ཕོག་པ་གཅིག་མཛད་དགོས། དེ་ངའི་བླ་མ་འཇམ་དབྱངས་ཤེས་རབ་རྒྱ་མཚོ་གྲགས་པ་དཔལ་བའི་སྦྱོར་ལམ་ ཆོས་མཆོག་ཆེན་པོའི་རྟོགས་པ་བརྙེས་སའི་ས་ཡིན་པས་ཕྱི་ནང་གི་རྟེན་འབྲེལ་ཆེན་པོ་ཡོད་གསུང་བ་ལ་སོགས་པ་ཡབ་སྲས་ཐུགས་དགྱེས་བཞིན་པའི་གསུང་སྒྲོས་དཔག་ཏུ་མེད་པ་མཛད་ནས། ལ་སྟོད་ ལྷོ་ལམ་ལ་བརྒྱུད་དབུས་གཙང་གི་ཕྱོགས་ལ་ཉེ་བར་ཕེབས་ཏེ། ཐོག་མར་བོད་ཡུལ་གྱི་རྡོ་རྗེ་གདན་དཔལ་ས་སྐྱའི་གནས་སུ་ཟླ་གཅིག་ཙམ་གདན་ཆགས་པར་མཛད། དེ་ཡང་སྤྱིར་བདག་ཉིད་ཆེན་པོ་ འདི་ཉིད་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་ཐུགས་མི་ཕྱེད་པའི་དད་པ་ཁྱད་པར་ཅན་རྙེད་ཅིང་དེ་ལས་ཀྱང་ཉིང་གོས་དཔལ་ལྡན་ས་སྐྱ་པ་ཡབ་སྲས་བརྒྱུད་པ་དང་བཅས་པ་ལ་ གུས་པ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཚུལ་སྟོན་པར་མཛད་དེ། དེ་དེ་ཉིད་ཀྱི་བཀའ་སྲོལ་རྨད་དུ་བྱུང་བ་ལ་འཛིན་སྐྱོང་སྤེལ་བར་མཛད་པའི་ཚུལ་ཡང་། གོང་གི་འཕྲོས་ལས། ཀུན་མཁྱེན་དགའ་ བཞི་བརྙེས་པ་སྙིང་པོའི་དོན། །ལེགས་བཤད་བསོད་ནམས་མཆོག་གི་རྩེར་སོན་ཞིང་། །ས་གསུམ་གྲགས་པའི་རྒྱལ་མཚན་འཛིན་མཁས
【現代漢語翻譯】 在ཆོས་རྗེ་རྭ་སྟོན་ཡོན་ཏན་དཔལ་བཟང་པོ(Chos-rje rwa-ston yon-tan dpal-bzang-po)的著作中記載,ཆོས་རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ(Chos-rje rdo-rje-‘chang kun-dga’-bzang-po)曾說過,未來在གློ་བོ(Glo-bo)這個地方,佛法的火苗會逐漸向衛藏地區 распространяться。這個預言似乎應驗了,所以無論如何都應該去那裡。他還用自己的話語鼓勵他。 關於這位上師 слушание佛法的方式:在關於般若波羅蜜多的論著方面,他聽取了榮氏評註的《現觀莊嚴論》以及自釋,以及རིག་གཏེར(rig gter)的講解。這是從ཆོས་རྗེ་ས་སྐྱ་པཎྜི་ཏ་(Chos-rje sa-skya paN-di-ta)處,由འཇམ་དབྱངས་ཤེས་རབ་རྒྱ་མཚོ(‘jam-dbyangs shes-rab rgya-mtsho)親自聽聞的近傳傳承。他還聽取了世親論師處,由薩班聽聞的《阿毗達磨俱舍論》的講解傳承,以及འཇམ་དབྱངས་ཆོས་རྗེ(‘jam-dbyangs chos-rje)的教誨等所有講解和教導,以及《道次第》等噶當派的許多教言,རྒྱལ་སྲས་བཀའ་འབུམ(rgyal-sras bka’-‘bum),《十萬頌般若經》的評註,《百法儀軌》,《十二修法》,以及喜金剛的後傳傳承,多比派,海生派,黑派的灌頂。 喜金剛十七尊,《勝樂金剛》鈴派五尊,《怖畏金剛》紅尊五尊的灌頂,生圓次第雙運的無戲論引導,以及從རྟོགས་ལྡན་དཔལ་ལྡན་བཟང་པོ(rtogs-ldan dpal-ldan bzang-po)的文獻中聽取了斷法。在前往東方之前,他還將一件錦緞的衣服獻給了上師本人,並做了許多侍奉。 རྗེ་རྭ་སྟོན་ཆེན་པོ(rje rwa-ston chen-po)也說過:無論如何,至少要在དཔལ་མོ་དཔལ་ཐང(dpal-mo dpal-thang)停留一晚。因為那是我的上師འཇམ་དབྱངས་ཤེས་རབ་རྒྱ་མཚོ(‘jam-dbyangs shes-rab rgya-mtsho)證悟雙運道法的地方,所以有非常殊勝的內外緣起。父子二人非常高興地說了許多這樣的話。然後,他們經過拉堆洛,接近衛藏地區,首先在西藏的菩提伽耶,即吉祥的薩迦地方住了一個月左右。 總的來說,這位偉人對佛法懷有堅定不移的信心,尤其是對ཉིང་གོས་དཔལ་ལྡན་ས་སྐྱ་པ(nying-gos dpal-ldan sa-skya-pa)父子傳承及其所有傳承者懷有無比的敬意。他以這種方式展示了對他們的尊敬,並以這種方式維護、支援和傳播了他們非凡的教規。正如上面所說:證悟一切智者喜樂之本義,善說 достигает功德之頂峰,善於樹立三界聞名的勝幢。
【English Translation】 In the words of Chos-rje rwa-ston yon-tan dpal-bzang-po, Chos-rje rdo-rje-‘chang kun-dga’-bzang-po once said that in the future, from this region of Glo-bo, the flame of the Dharma would gradually spread to Ü-Tsang. This prophecy seems to be fulfilled, so it is appropriate to go there no matter what. He encouraged him with his own words. Regarding how this lama listened to the Dharma: In terms of treatises on the Perfection of Wisdom, he listened to the Explanation of the Ornament of Clear Realization from Rong’s commentary, as well as the self-commentary, and the explanation of rig gter. This is the close transmission lineage personally heard by ‘jam-dbyangs shes-rab rgya-mtsho from Chos-rje sa-skya paN-di-ta. He also listened to the transmission lineage of the Abhidharmakosha, which was heard by Sa-paN from Master Vasubandhu, and all the explanations and teachings of ‘jam-dbyangs chos-rje, as well as many teachings of the Kadampa school such as the Lamrim, rgyal-sras bka’-‘bum, the commentary on the Hundred Thousand Verses of the Prajnaparamita, the Hundred Methods Ritual, the Twelve Practices, and the empowerment of the later transmission lineage of Hevajra, the Dombi tradition, the Ocean-Born tradition, and the Black tradition. The empowerment of the Seventeen Deities of Hevajra, the Five Deities of Chakrasamvara Ghantapada, the Five Deities of Red Yamari, the non-conceptual guidance of the combined generation and completion stages, and the Chöd practices from the texts of rtogs-ldan dpal-ldan bzang-po. Before going to the East, he also offered a brocade robe to the lama himself and performed many services. rje rwa-ston chen-po also said: In any case, you must stay at dpal-mo dpal-thang for at least one night. Because that is the place where my lama ‘jam-dbyangs shes-rab rgya-mtsho realized the path of union, so there are very auspicious internal and external connections. The father and son said many such things with great joy. Then, they passed through Lato Lho and approached the Ü-Tsang region, first staying for about a month at the sacred site of Sakya, the Bodh Gaya of Tibet. In general, this great being had unwavering faith in the precious teachings of the Buddha, and especially showed immeasurable respect to the Nyingma Palden Sakya fathers and sons lineage and all its successors. He showed his respect in this way, and in this way maintained, supported, and propagated their extraordinary monastic rules. As mentioned above: Realizing the essential meaning of the joy of omniscient beings, the well-spoken reaches the peak of merit, and is skilled in holding the victory banner famous in the three realms.
་པ། །གྲུབ་པ་མཆོག་གི་སྲོལ་འཛིན་ཁྱོད་ཕྱག་འཚལ། །ཞེས་སྨྲོས་ཏེ། ཕྱི་ནང་ཆོས་ཀྱི་དེ་ཉིད་ཀུན་མཁྱེན་ཞིང་དགའ་བཞི་བརྙེས་པ་སྙིང་པོའི་དོན་གྱི་རྣམ་རོལ་ས་སྐྱ་པ་ཆེན་པོ་དེའི་སྐུ་གསུང་ཐུགས་ཀྱི་ལེགས་བྱས་ལས་འཁྲུངས་པ་བསོད་ནམས་ཡེ་ཤེས་མཆོག་གི་རྩེ་མོར་སོན་ཞིང་། 1-649 སྦྱང་དཀའ་ཟླ་བའི་རྣམ་འཕྲུལ་སློབ་དཔོན་རིན་པོ་ཆེ། དེའི་གཅུང་ས་གསུམ་ན་གྲགས་པའི་རྒྱལ་མཚན་འཛིན་མཁས་པ་རྗེ་བཙུན་རིན་པོ་ཆེ་དང་། ཤུགས་ལས་ཚིག་འབྲུ་སྔ་མའི་ཀུན་དགའ་དང་། ཚིག་འབྲུ་ གསུམ་པའི་རྒྱལ་མཚན་ཟུང་དུ་སྡེབས་ནས་ས་སྐྱ་པཎ་ཆེན་སྟེ། གྲུབ་པ་མཆོག་གི་སྐྱེས་ཆེན་དེ་དག་གི་བཀའ་སྲོལ་འཛིན་པ་ཁྱོད་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཞེས་བརྗོད་པའི་དོན་དང་ མཚུངས་པར། བདག་ཅག་གི་འདྲེན་པ་དཔལ་ལྡན་བླ་མ་འཇམ་པའི་དབྱངས་འདི་ཉིད། ས་སྐྱའི་རྗེ་བཙུན་གོང་མ་དག་གི་ཐུགས་རྒྱུད་ཡེ་ཤེས་ཀྱི་རོལ་པ་དང་གཉིས་སུ་མ་མཆིས་པའི་ངོ་མཚར་བའི་ རྣམ་འཕྲུལ་དག་གིས་རྗེས་སུ་རྩེན་པར་མཛད་དེ། དེ་ཡང་ཁམས་གསུམ་གྱི་བླ་མ་རྗེ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ཉིད་ཀྱི་རིགས་ཀྱི་སྲས་ཆོས་ཀྱི་རྒྱལ་ཚབ། མི་འཕྲོགས་པའི་མཁྱེན་ རབ་ཅན། སྦྱངས་དཀའ་ཟླ་བ་བསོད་ནམས་རྩེ་མོས་བྲག་དཀར་ཐེག་ཆེན་དར་རྒྱས་གླིང་དུ་འཇའ་འོད་ཀྱི་གུར་ཁང་བཀོད་པའི་ཁྱད་པར་གཞལ་བའི་ཡུལ་ལས་འདས་པའི་དབུས་སུ་དགྱེས་པའི་འཛུམ་ཞལ་སྟོན་ པར་མཛད་ལ། དེའི་གཅུང་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་དབོན་དུ་གྱུར་པ། ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཞེས་སྙན་པའི་གྲགས་པས་ཉི་འོག་གི་ཁྱོན་མཐའ་དག་ཁྱབ་པར་གྱུར་པ་དེ་ཉིད་ངེས་པའི་དོན་དུ་ན། 1-650 བདག་ཉིད་ཆེན་པོ་འདི་ཉིད་ཡིན་པའི་ཚུལ་གཏན་ཚིགས་དང་བཅས་པ་གོང་དུ་བརྗོད་ཟིན་པ་ལྟར་ཡིན་ལ། གཞན་ངོར་རྗེ་བཙུན་ཉིད་ཀྱི་མཛད་པ་ལ་ཡང་དུས་རྣམས་ཀུན་ཏུ་བསྟོད་བཀུར་བསྔགས་གསུམ་ གྱིས། ས་སྐྱའི་པཎ་ཆེན་གང་གི་རིང་ལུགས་ཉེ་བར་བཟུང་ཞིང་། གདུལ་བྱ་དག་ཀྱང་དེ་ཉིད་ལ་འགོད་པའི་རྨད་དུ་བྱུང་བའི་དགོངས་པས་ཆོས་རྗེ་ས་སྐྱ་པཎ་ཆེན་གྱི་གསུང་མཐའ་དག་ལ། ལུང་ འབོགས་པ་དང་། ཁ་ཏོན་དུ་བགྱི་བ་དང་། ནན་ཏན་དུ་སྒྲུབ་པ་ལ་རྗེས་སུ་བསྐུལ་བར་མཛད་དེ། དྲུང་དུ་རིག་གཏེར་རང་འགྲེལ་བློ་ལ་འདོན་མི་འབྱུང་ན་ཡོན་དུ་གསེར་གྱི་རྙེད་པ་གནང་ བའི་བཀའ་སྲོལ་ཁྱད་པར་ཅན་གྱི་དྲིལ་བསྒྲགས་ཏེ་དེ་ལྟ་བུའི་སྙན་པ་ལ་བརྟེན་ནས་དབུས་གཙང་གི་གྲྭ་པ་སོ་སོ་ནས་རིག་གཏེར་རང་འགྲེལ་གྱི་རྒྱུགས་འབུལ་བ་ལ་རྐང་གཏད་དུ་ཡོང་པའི་ དགེ་བཤེས་ཡང་གྲངས་ལས་འདས་པ་བྱུང་ཞིང་། གཞན་སྐྱེ་བོ་མི་ནག་གི་འགྲོ་བ་དག་ལ་ཡང་ས་སྐྱ་ལེགས་བཤད་སོགས་ཀྱི་སྒོ་ནས་ལེགས་ཉེས་ཀྱི་གསལ་བར་སྟོན་པའི་བློ་
【現代漢語翻譯】 向持有殊勝成就傳承的您致敬!』如此說道。通曉內外佛法的一切,證得四喜(藏文:དགའ་བཞི་,指喜、勝喜、異喜、俱生喜)的,是心要之義的化身,薩迦派大尊者,他的身語意之善行所生的索南耶喜(藏文:བསོད་ནམས་ཡེ་ཤེས།,人名)達到了頂峰。 難以調伏的月亮化身,蓮花生大師(藏文:སློབ་དཔོན་རིན་པོ་ཆེ།,Padmasambhava)。他的弟弟,在三界聞名的法幢持有者,大學者至尊仁波切(藏文:རྗེ་བཙུན་རིན་པོ་ཆེ།)。將『殊勝』一詞與前一句的『貢噶』(藏文:ཀུན་དགའ།,人名)以及第三個詞的『堅贊』(藏文:རྒྱལ་མཚན།)組合起來,即是薩迦班智達(藏文:ས་སྐྱ་པཎ་ཆེན།)。向持有這些殊勝成就之大士的教法的您,致以極大的敬意!』 正如所說,我們之導師,吉祥上師文殊菩薩(藏文:འཇམ་པའི་དབྱངས།,Manjushri),與薩迦至尊上師們的智慧心髓無二無別,以不可思議的化身來追隨。而且,三界之導師,薩迦派大尊者貢噶寧波(藏文:ཀུན་དགའ་སྙིང་པོ།,人名)之法嗣,不被奪走的智慧之士,難以調伏的月亮索南孜摩(藏文:བསོད་ནམས་རྩེ་མོ།,人名),在扎嘎爾大乘興盛洲(藏文:བྲག་དཀར་ཐེག་ཆེན་དར་རྒྱས་གླིང་།,寺廟名)佈置彩虹光帳篷的殊勝景象,超越了衡量之處,于其中心展現喜悅的笑容。 他的弟弟,至尊仁波切扎巴堅贊(藏文:གྲགས་པ་རྒྱལ་མཚན།,人名)的外甥,法之主,吉祥薩迦班智達(藏文:ས་སྐྱ་པཎྜི་ཏ་།),其美名傳遍整個世界,實際上,這位大士就是上述以理證說明的情況。此外,對於其他人,至尊本人之事業,也時時以讚頌、恭敬、稱揚三者,親近薩迦班智達之宗風,並將所化之眾安置於此。 以不可思議之意,對於法主薩迦班智達的一切教言,勸勉受持、唸誦、精進修持。如果在座者不能背誦《理藏自釋》(藏文:རིག་གཏེར་རང་འགྲེལ།,書名),則賞賜黃金作為酬勞,以此特別的宣告,使得衛藏(藏文:དབུས་གཙང་།,西藏的兩個地區)的僧人紛紛前來應試《理藏自釋》,前來應試的格西(藏文:དགེ་བཤེས།,佛學博士)多不勝數。此外,對於普通百姓,也通過《薩迦格言》(藏文:ས་སྐྱ་ལེགས་བཤད།,書名)等,清晰地展示善惡。
【English Translation】 I prostrate to you, the holder of the lineage of supreme accomplishment!’ Thus he spoke. Knowing all the realities of inner and outer Dharma, attaining the four joys, the great Sakya master, the embodiment of the essential meaning, Sonam Yeshe (Tibetan: བསོད་ནམས་ཡེ་ཤེས།, personal name) born from the virtuous deeds of his body, speech, and mind, reached the pinnacle. The reincarnation of the difficult-to-tame moon, the precious teacher Padmasambhava (Tibetan: སློབ་དཔོན་རིན་པོ་ཆེ།). His younger brother, the banner holder famous in the three realms, the learned Jetsun Rinpoche (Tibetan: རྗེ་བཙུན་རིན་པོ་ཆེ།). Combining the word ‘supreme’ with ‘Kunga’ (Tibetan: ཀུན་དགའ།, personal name) from the previous phrase and ‘Gyaltsen’ (Tibetan: རྒྱལ་མཚན།) from the third phrase, it becomes Sakya Pandita (Tibetan: ས་སྐྱ་པཎ་ཆེན།). I prostrate with great reverence to you, who hold the teachings of those great beings of supreme accomplishment!’ As it is said, our guide, the glorious Lama Manjushri (Tibetan: འཇམ་པའི་དབྱངས།, Manjushri), is no different from the wisdom mindstream of the Sakya Jetsun Lamas, and he follows them with wondrous manifestations. Moreover, the Lama of the three realms, the great Sakya master Kunga Nyingpo (Tibetan: ཀུན་དགའ་སྙིང་པོ།, personal name) himself, the Dharma successor of the lineage, the one with unseizable wisdom, the difficult-to-tame moon Sonam Tsemo (Tibetan: བསོད་ནམས་རྩེ་མོ།, personal name), in Drakar Tekchen Dargyeling (Tibetan: བྲག་དཀར་ཐེག་ཆེན་དར་རྒྱས་གླིང་།, monastery name), arranged a rainbow light tent, a unique scene beyond measure, and showed a joyful smile in the center. His younger brother, the nephew of Jetsun Rinpoche Drakpa Gyaltsen (Tibetan: གྲགས་པ་རྒྱལ་མཚན།, personal name), the Dharma Lord, the glorious Sakya Pandita (Tibetan: ས་སྐྱ་པཎྜི་ཏ་།), whose fame spread throughout the world, in the definitive sense, this great being is as described above with reasoning. Furthermore, for others, the actions of Jetsun himself are always praised, honored, and extolled, closely following the tradition of Sakya Pandita, and placing disciples in it. With an inconceivable intention, he encourages the upholding, recitation, and diligent practice of all the teachings of Dharma Lord Sakya Pandita. If those present cannot recite the ‘Rigter Rangdrel’ (Tibetan: རིག་གཏེར་རང་འགྲེལ།, book title) from memory, they are rewarded with gold, and with this special proclamation, monks from U-Tsang (Tibetan: དབུས་གཙང་།, two regions of Tibet) come to take the exam on ‘Rigter Rangdrel’, and countless Geshes (Tibetan: དགེ་བཤེས།, Buddhist doctorate) come to take the exam. Moreover, for ordinary black-haired people, he clearly shows the good and bad through ‘Sakya Lekshey’ (Tibetan: ས་སྐྱ་ལེགས་བཤད།, book title) and other means.
གྲོས་བསྐྱེད་པར་མཛད་ ལ། སྐུ་རིམ་ལྟ་བུ་ལ་ཡང་བསྟོད་པ་ཆོས་ཀྱི་རྒྱལ་པོ་ཉིད་གཙོ་བོར་མཛད། ཐུན་པ་དག་ལ་ཡང་ཆོས་རྒྱལ་མའི་རྒྱུན་གྲངས་སུ་བཏབ་པ་དུས་ཉིན་མཚན་མ་མཆིས་པར་ཁ་ཏོན་བགྱིད་པའི་བཀའ་སྩལ་གྱི་བཅའ་ཁྲིམས་མཛད་ཅིང་ས་སྐྱོང་མིའི་དབང་པོ་ཨ་སེང་རྡོ་རྗེ་བརྟན་པ་ལ་གནང་བའི་ཕྱག་རྟགས་ན་ཡང་། 1-651 སྤྱིར་ཆོས་རྗེ་ས་སྐྱ་པཎ་ཆེན་གྱི་ཐུགས་རྗེ་རྨད་དུ་བྱུང་བས་གདུལ་བྱའི་ལམ་འདྲེན་མཛད་ཚུལ་ཞིབ་རྒྱས་རིན་པོ་ཆེ་ཚོགས་སྒོམ་པ་སོགས་ཀྱིས་གསོལ་བ་བཏབ་པ་ཙམ་གྱིས་སྙུང་བ་ལས་གྲོལ་ ཚུལ་སོགས་ལོ་རྒྱུས་མང་པོ་དང་། ཁྱད་པར་རྗེ་ཉིད་ལ་ཡང་ཉམས་མྱོང་ཚད་མ་འཆི་ངེས་པ་གསུམ་ལས་སྲོག་སྐྱབས་སོ་ཞེས་སོགས་ཡིད་ཆེས་ཀྱི་གཏན་ཚིགས་དུ་མ་ལས་བརྩད་པའི་བཀའ་ཤོག་གནང་ བ་དང་། གསོལ་ཇའི་གྲལ་ལ་རྒྱུན་ལྡན་གྱི་ཞལ་འཕྲོས་ལ་ཡང་། ཡང་ཡང་དུ་ཆོས་ཀྱི་རྗེ་ཀུན་མཁྱེན་རིན་པོ་ཆེ་སེ་རུ་སྐར་ཁུང་གི་ཆུའི་ནང་དུ་ཆོས་རྒྱལ་མ་ཉི་ཤུ་རྩ་བཞིའི་རིང་ བཞུགས་པའི་འཕྲོས་སོགས་མདོར་ན་ཡིད་གཉིས་མེད་པར་གསོལ་བ་བཏབ་ན། གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མ་ལུས་པ་བསྐྱེད་པའི་གསུང་འབའ་ཞིག་སྩོལ་བར་མཛད་པས་དུས་རྒྱུན་གྱི་ཞབས་འབྲིང་པ་ རྣམས་དང་། རྗེ་འདི་ལ་གུས་པའི་གདུལ་བྱ་ཐམས་ཅད་ཀྱང་ཡིད་ཆེས་ཀྱི་གདུང་ཤུགས་ཆེན་པོས། ན་ཚ་ཤི་ཆད་ལ་སོགས་པ་རྐྱེན་གང་བྱུང་གི་གཉེན་པོར་གེགས་སེལ་ལམ་གྱི་གོ་ཆར་བགྱིད་པ་ འདི་ཉིད་ཡིན་ལ། གསུང་ངག་དང་རྒྱུད་སོགས་གསུང་ཆོས་གང་གསུང་ན་ཡང་། རྗེ་གོང་མ་དག་གི་ཕྱག་བཞེས་ལ་ཡོན་ཏན་རྒྱ་མཚོ་མ་མཛད་ཀྱང་། རྗེ་འདི་ཉིད་ཆོས་རྒྱལ་མ་འབའ་ཞིག་མཛད་པ་སོགས་དུས་དང་གནས་སྐབས་ཀྱི་མཛད་པའི་ཚུལ་ཀུན་ཏུ་ས་སྐྱའི་འཇིགས་མེད་དཔའ་བོ་ཉིད་ལས་ཐུགས་ཀྱི་ཡུལ་དུ་གཞན་མ་མཆིས་པ་ལྟ་བུའི་མི་བརྗེད་པའི་དད་པ་སྲ་བརྟན་རྡོ་ལ་རི་མོ་བགྱིས་པ་ལྟར་རྐྱེན་གང་གིས་ཀྱང་གཡོ་བར་མི་ནུས་པའི་ཚུལ་སྟོན་པར་མཛད་དེ། 1-652 ཇི་སྐད་དུ་ཡང་། དཔེར་ན་སངས་རྒྱས་སྤྲུལ་པ་སངས་རྒྱས་མཛད་པ་བྱེད། །བྱེད་པ་དེ་ལ་དྲེགས་པ་ཅུང་ཟད་སྐྱེ་མི་འགྱུར། །དེ་བཞིན་ཤེས་རབ་ཏུ་སྤྱོད་མཁས་པ་བྱང་ཆུབ་སེམས་དཔའ་ཡང་། །སྤྲུལ་ པ་སྒྱུ་མ་བཞིན་དུ་བྱ་བ་ཐམས་ཅད་སྟོན། །ཞེས་དང་། ཉོན་མོངས་བསལ་བར་གྱུར་ཀྱང་སྐྱེ་བ་སྟོན་པར་བྱེད། །རྒ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། །ཞེས་གསུངས་པ་ལྟར། གཞན་སྣང་ དུ་སྣ་ཚོགས་ཀྱི་ཟློས་གར་གྱི་སྒོ་ནས། རྣམ་འཕྲུལ་དུ་མ་སྟོན་པའི་ཕྱོགས་རེ་ལ་མ་འཐས་པར་སྔར་བཤད་པ་ལྟར་གཅིག་པུ་གཉིས་སུ་མེད་པའི་དོན་ལ་རྗེས་སུ་སྤོབས་པར་བྱོས་ཤིག དེ་ ལྟའི་སྐབས་ནས་ཞབས་འབྲིང་པ་འབྲུམ་བུ་མ་ཐར་བ་དུ་མ་ཡོད་པ་དང་། དེ་དུས་དཔལ་ལྡན་ས་སྐྱ་ན་འབྲུམ་པ་སྡུག་
【現代漢語翻譯】 他發起倡議,在諸如供養儀式之類的活動中,以讚頌法王(chos kyi rgyal po)為主。對於僧眾,他還制定了規章,要求他們日夜不停地念誦法王經(chos rgyal ma),並將其作為日常功課的一部分。他還將此作為禮物贈予薩迦統治者阿僧格多杰堅贊(A seng rdo rje brtan pa)。 總的來說,薩迦班智達(sa skya paṇ chen)的慈悲是不可思議的,他引導眾生的方式非常詳盡。僅憑仁波切措吉貢巴(rin po che tshogs sgom pa)等人的祈禱,他就能從疾病中解脫,這樣的故事有很多。特別是,對於他自己來說,他給予了基於可信理由的教言,例如,從經驗、衡量和必死無疑這三者中拯救生命。在茶會上,他經常提到,法王至尊一切智者仁波切(chos kyi rje kun mkhyen rin po che)在色如卡孔(se ru skar khung)的水中待了二十四天。總之,如果毫無懷疑地祈禱,他會賜予能帶來暫時和究竟利益的教言。因此,他所有的侍從和所有對他有信心的弟子,都以強烈的信仰,將此作為對治疾病和死亡等障礙的盔甲。無論他講授什麼,無論是口頭教導還是密續,即使沒有像前代上師那樣創作《功德海》(yon tan rgya mtsho),他也只是修持法王經。因此,在所有時機和場合,他的行為都像薩迦無畏勇士(sa skya’i ‘jigs med dpa’ bo)一樣,心中沒有其他,就像在石頭上刻畫一樣,任何因緣都無法動搖他堅定不移的信念。 正如所說:『例如,佛陀的化身會做佛陀的事蹟,做這些事蹟時不會產生絲毫的驕傲。同樣,精通智慧的菩薩,也會像幻術一樣示現一切行為。』以及『即使已經清除了煩惱,也會示現出生;即使沒有衰老、疾病和死亡,也會示現死亡和轉世。』正如這些話所說,在其他人看來,他通過各種戲劇性的方式,示現了許多化身,不要執著于任何一方面,而要像之前所說的那樣,追隨那無二的真諦。在那樣的時刻,有很多侍從沒有從天花中痊癒,那時,薩迦地區的天花非常嚴重。
【English Translation】 He initiated the practice of prioritizing the praise of the Dharma King (chos kyi rgyal po) in activities such as offering ceremonies. For the Sangha, he also established regulations requiring them to recite the Dharma King Sutra (chos rgyal ma) day and night as part of their daily practice. He also presented this as a gift to the Sakya ruler, Aseng Dorje Tenzin (A seng rdo rje brtan pa). In general, the compassion of Sakya Paṇḍita (sa skya paṇ chen) is inconceivable, and the way he guides sentient beings is very detailed. Just by the prayers of Rinpoche Tsokye Gompa (rin po che tshogs sgom pa) and others, he could be freed from illness, and there are many such stories. In particular, for himself, he gave teachings based on credible reasons, such as saving lives from experience, measurement, and the certainty of death. At tea parties, he often mentioned that the Dharma Lord Omniscient Rinpoche (chos kyi rje kun mkhyen rin po che) stayed in the water of Seru Karkhung (se ru skar khung) for twenty-four days. In short, if one prays without any doubt, he will grant teachings that bring temporary and ultimate benefits. Therefore, all his attendants and all the disciples who had faith in him, with strong faith, used this as armor against obstacles such as illness and death. No matter what he taught, whether it was oral teachings or tantras, even if he did not compose the ‘Ocean of Merit’ (yon tan rgya mtsho) like the previous masters, he only practiced the Dharma King Sutra. Therefore, in all times and occasions, his actions were like a fearless Sakya warrior (sa skya’i ‘jigs med dpa’ bo), with nothing else in his mind, just like drawing on a stone, no circumstances could shake his unwavering faith. As it is said: ‘For example, the incarnation of the Buddha will do the deeds of the Buddha, and will not have any pride in doing these deeds. Similarly, the Bodhisattva who is skilled in wisdom will also show all actions like an illusion.’ And ‘Even though he has cleared away the afflictions, he will show birth; even though he has no old age, sickness, and death, he will show death and rebirth.’ As these words say, to others, he showed many manifestations through various dramatic ways, do not cling to any one aspect, but follow the non-dual truth as mentioned before. At that time, there were many attendants who had not recovered from smallpox, and at that time, smallpox was very severe in the Sakya region.
པོ་ཡོད་པ་དུས་མཚུངས་ནས་ཟླ་གཅིག་ཙམ་ལས་མ་བཞུགས་པར། བླ་ མའི་གདན་ས་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ཏེ་རྗེ་གོང་མའི་རྒྱལ་ཚབ་དམ་པ་རྗེ་བཙུན་དཀོན་མཆོག་འཕེལ་ལ་ཆོས་ཀྱི་སྒོ་འགའ་ཞིག་ནོས། མཚམས་ཟླ་བ་གཉིས་སྐུ་མཚམས་ཀྱི་བཅད་ཆ་ཤིན་ཏུ་ དམ་པ་ལ་གདན་ཆགས། དེ་མཚམས་སླར་ཡང་གདུང་བརྒྱུད་རིན་པོ་ཆེ་འཇམ་པའི་དབྱངས་སྐུ་མཆེད་ཀྱི་སྤྱན་འདྲེན་གྱི་ཉེར་བསྐུལ་ཡང་ཡང་མཛད་ནས། རྩེ་གདོང་ཕྱོགས་ལས་རྣམ་རྒྱལ་དུ་ཕེབས། ཡོས་ལོ་ཟླ་བ་དང་པོ་ལ། 1-653 གདུང་བརྒྱུད་རིན་པོ་ཆེ་རྣམས་ཀྱི་ཡབ་བདག་ཆེན་ཆོས་ཀྱི་རྒྱལ་པོ་ནམ་མཁའ་བཀྲ་ཤིས་པའི་ནང་རྟེན་ཐུབ་པ་ཆེན་པོ་བྱིན་རླབས་འོད་འཕྲོ་ལ། ཟླ་བ་དེ་ཉིད་ཀྱི་ཡར་ངོའི་ཆ་ལ་རབ་ ཏུ་གནས་པར་མཛད། དེ་ནས་བཟུང་སྟེ་འབྲུག་ལོ་ཚང་མ་སྦྲུལ་ལོའི་ཟླ་བ་གསུམ་པ་ཡན་ཙམ། རྩེ་གདོང་ཁོ་ནར་གདན་ཕབ་ནས་འཛམ་གླིང་བསྟན་པའི་མངའ་བདག་གདུང་བརྒྱུད་རིན་པོ་ཆེ་འཇམ་པའི་ དབྱངས་ས་ལོ་ཙཱ་བ་གཉིས་པ་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། དེའི་གཅུང་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དང་། སྐུ་མཆེད་ཆུང་བ་ཨ་ཚེ་བ་དང་། འཇམ་དཔལ་བ་སྟེ། དྲི་མ་མེད་པའི་གདུང་བརྒྱུད་རིན་པོ་ཆེ་མཆེད་བཞི་པོ་གཙོ་བོར་གྱུར་པའི་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་མདོ་རྒྱུད་རྒྱ་མཚོ་བསྲུབས་པའི་ཉིང་ཁུ་བརྩོན་ལྡན་ཚེ་ གཅིག་གིས་གྲོལ་བ་སྟེར་བའི་ལམ་མཆོག་རྨ་མེད་པ་སངས་རྒྱས་ནས་ད་ལྟའི་བར་དུ་སྙན་བརྒྱུད་བཞི་ཆུ་བོའི་རྒྱུན་བཞིན་དུ། མ་ཆད་མ་ཉམས་པའི་གདམས་པ་གསུང་ངག་རིན་པོ་ཆེ་ལམ་འབྲས་ བུ་དང་བཅས་པའི་སྨིན་གྲོལ་གྱི་ལམ་པོ་ཆེ་ཉིད་དང་། དེ་ལས་གཞན་དུ་རྒྱུད་སྡེ་བཞི་དང་འབྲེལ་བའི་ཟུར་བཀའ་རྣམ་པར་དག་པ་མཐའ་དག་གི་དཀྱིལ་འཁོར་དུ་དབང་གི་བྱ་བ། སོ་སོའི་ཆོ་ག་ལས་ཇི་ལྟར་འབྱུང་བ། 1-654 དེ་རང་གི་འགྲེལ་བྱེད་དུ་གྱུར་པའི་རྒྱ་བོད་ཀྱི་མཁས་གྲུབ་གོང་མ་དག་གི་ཕྱག་བཞེས་ལས་བྱུང་བའི་རྒྱུན་མ་ཉམས་ཞིང་། ཕན་ཚུན་བསྲེ་བསླད་མེད་པའི་སྒོ་ཉིད་ཀྱིས་རྗེས་སུ་བསྒྲུབ་པར་མཛད་ དེ། དེའང་སྤྱིར་རྒྱུད་སྡེ་བཞི་ལ་དབང་གི་བབས་མི་འདྲ་བ་ཆུ་དང་ཅོད་པན་གྱི་ནི་དབང་། །བྱ་བའི་རྒྱུད་ལ་ཞུགས་པ་ཡིན། །རྡོ་རྗེ་དྲིལ་བུ་མིང་གི་དབང་། །སྤྱོད་པའི་རྒྱུད་ལ་ཞུགས་པ་ ཡིན། །ཕྱིར་མི་ལྡོག་པ་སློབ་དཔོན་དབང་། །རྣལ་འབྱོར་རྒྱུད་ལ་ཞུགས་པ་ཡིན། །བུམ་པ་གསང་བ་ཤེས་རབ་དང་། །བཞི་པ་བླ་ན་མེད་པ་འོ། །ཞེས་གསུང་པ་ལྟར། བཞི་འབྱུང་བ་ལས། བྱ་བའི་རྒྱུད་ ལ་ཆུ་ཅོད་པན་ཙམ་དང་། སྤྱོད་པའི་རྒྱུད་ལ་དེའི་སྟེང་དུ་རྡོ་རྗེ་དྲིལ་བུ་མིང་གི་དབང་ཙམ་དང་། རྣལ་འབྱོར་རྒྱུད་ལ་ཕྱིར་མི་ལྡོག་པ་སློབ་དཔོན་གྱི་དབང་ཙམ་དང་། རྣལ་འབྱོར་བླ་ན་ མེད་
【現代漢語翻譯】 在短暫停留約一個月后,他前往喇嘛的寺院Ewam Choden(艾旺寺),在那裡他從前任攝政王,尊敬的Könchok Phel(貢卻貝)那裡接受了一些佛法。他嚴格地進行了為期兩個月的閉關。之後,由於Gedung(根敦)血統的仁波切Jampel Yang(蔣貝揚)兄弟的再三邀請,他前往Tsedong Phunlok Namgyal(澤當彭洛南杰)。在兔年的一月(1653年1月)。 Gedung(根敦)血統仁波切們的父親,偉大的領主,Dharma(達摩)之王Namkha Tashi(南喀扎西)的內依怙主,偉大的Thukpa Chenpo(大成就者)的祝福之光,在那同一個月的上弦月被完全加持。從那時起,直到龍年結束,蛇年的三月左右,他一直住在Tsedong(澤當),作為Jambel Yang(蔣貝揚)的化身,Jampaling(瞻巴林)的領主,第二位Lovers(譯師)Kunga Sonam Drakpa Gyaltsen Pal Zangpo(貢噶索南扎巴堅贊貝桑波),他的弟弟Ngagi Wangchuk Drakpa Gyaltsen Pal Zangpo(阿旺多吉扎巴堅贊貝桑波),以及年輕的兄弟Atshewa(阿策瓦)和Jampelwa(蔣貝瓦)。這四位純潔血統的仁波切是主要人物,他們為有福的弟子們提供了精華,即從經文和密續的海洋中提取的精華,這是一條無瑕疵的道路,通過勤奮的一生即可獲得解脫,從佛陀到現在,如河流般不間斷的口頭傳承,珍貴的口頭教導,包括Lamdre(道果)及其成果的成熟和解脫之道,以及與四個密續相關的其他純凈的教導,所有壇城的灌頂儀式,以及每個儀軌的進行方式。 正如印度和西藏的偉大成就者們所實踐的那樣,這些實踐沒有被削弱,也沒有相互混合,而是以純粹的方式進行。一般來說,四個密續的灌頂方式不同,如經文所說:‘水和冠冕的灌頂,進入事續;金剛鈴杵是名稱的灌頂,進入行續;不可逆轉的上師灌頂,進入瑜伽續;寶瓶、秘密、智慧,以及第四個無上瑜伽續。‘因此,在四種密續中,事續只有水和冠冕的灌頂;行續在此基礎上增加了金剛鈴杵的名稱灌頂;瑜伽續只有不可逆轉的上師灌頂;無上瑜伽續…
【English Translation】 After a short stay of about a month, he went to the lama’s monastery, Ewam Choden, where he received some Dharma from the former regent, the venerable Könchok Phel. He strictly observed a two-month retreat. After that, due to repeated invitations from the Gedung lineage’s Rinpoche Jampel Yang brothers, he went to Tsedong Phunlok Namgyal. In the first month of the Rabbit year (January 1653). The inner support of the father of the Gedung lineage Rinpoches, the great lord, Dharma king Namkha Tashi, the blessing light of the great Thukpa Chenpo, was fully consecrated on the waxing moon of that same month. From then until the end of the Dragon year, around the third month of the Snake year, he stayed in Tsedong, as an incarnation of Jambel Yang, the lord of Jampaling, the second Lovers Kunga Sonam Drakpa Gyaltsen Pal Zangpo, his younger brother Ngagi Wangchuk Drakpa Gyaltsen Pal Zangpo, and the younger brothers Atshewa and Jampelwa. These four pure lineage Rinpoches were the main figures, providing fortunate disciples with the essence, the quintessence extracted from the ocean of sutras and tantras, a flawless path to liberation in one diligent lifetime, the unbroken oral transmission like a river from the Buddha to the present, the precious oral teachings, including the path of maturation and liberation of Lamdre and its fruits, and other pure teachings related to the four tantras, all the initiation ceremonies of the mandalas, and how each ritual is performed. As practiced by the great Indian and Tibetan accomplished masters, these practices were not weakened or mixed with each other, but followed in a pure manner. In general, the initiations of the four tantras are different, as the scripture says: ‘The initiation of water and crown, enters the Kriya Tantra; the vajra bell is the initiation of name, enters the Charya Tantra; the irreversible master initiation, enters the Yoga Tantra; the vase, secret, wisdom, and the fourth Anuttara Yoga Tantra.’ Therefore, in the four tantras, the Kriya Tantra has only the initiation of water and crown; the Charya Tantra adds the initiation of the vajra bell on top of that; the Yoga Tantra has only the irreversible master initiation; the Anuttara Yoga Tantra…
པར་རྒྱུད་དེ་འོག་མ་དག་ལ་མ་གྲགས་པའི་བུམ་པ་གསང་བ་ཤེས་རབ་ཡེ་ཤེས་དང་བཞི་པ་བླ་ན་མེད་པའི་དབང་གི་བར་དུ་འབྱུང་བ་དེ་དག་གི་སྤྱི་བབས་རྣམས་ཕན་ཚུན་ དུ་མ་འདྲེས་ཤིང་ནང་གསེས་རྣམས་ཅུང་ཟད་ཀྱང་མ་འཁྲུགས་པའི་ཕྱག་ལེན་རྨད་དུ་བྱུང་བའི་སྒོ་ནས་རྗེ་ཉིད་ལ་བཞུགས་པའི་ཟུར་བཀའ་རྣམ་པར་དག་པའི་དབང་བཀའ་མཐའ་དག་དང་། བླ་མེད་ནང་ལ་གྲགས་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་ཅན་ཇི་རྙེད་པའི་ཆོས་ཀྱི་ཚུལ་མཐའ་ཡས་པ་དང་། 1-655 སྒྲུབ་ཐབས་བརྒྱ་རྩ་རྒྱ་མཚོའི་ནང་ནས་ཕྱུང་བ་མ་ཡིན་པའི་རྗེས་གནང་ཟུར་བཀའ་རྣམ་པར་དག་པ་བགྲང་བའི་ཡུལ་ལས་འདས་པ། དོན་ཡོད་ཞགས་པ་ལ་སོགས་རིག་པ་གཏད་པ་ཙམ་གྱི་སྒོ་ ནས་སྒྲུབ་པར་ནུས་པའི་རྣམ་གྲངས་དུ་མ་དང་ཀླུ་དབང་གི་རྒྱལ་པོ་སངས་རྒྱས་སྤྱན་མ། ཁྲོ་བོ་རྨེ་བརྩེགས། འཇམ་དཔལ་ནག་པོ། བདེ་གཤེགས་མཁའ་ལྡིང་། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སོགས་ སྒོམ་ལུང་ཉིད་ཀྱིས་འགྲུབ་པའི་རྣམ་གྲངས་མིང་ཙམ་འཛིན་པ་ལ་ཡང་ངལ་བ་བསྐྱེད་པར་འགྱུར་བའི་དབང་བྱིན་རླབས་རིག་གཏད་སྒོམ་ལུང་རྣམས་དང་། བཤད་བཀའ་གཙོ་བོར་རྗེ་བཙུན་ས་སྐྱ་པ་རང་གི་ ཕ་ཆོས་སུ་གྱུར་པ། ཀྱེ་རྡོར་རྒྱུད་གསུམ་ལ་མཐའ་ཆོད་པའི་འཆད་ཉན་སྐྱར་ཆོས་དང་བཅས་པ་མཛད་ཅིང་། དེའི་དུས་ཀྱི་གསུང་རྒྱུན་ལ་སླར་ཞུ་དག་མགོ་འཇུག་གི་ཚིགས་སུ་བཅད་པས་བརྒྱན་པ་ ཚུལ་དང་པོ་གཉིས་ཀྱི་གསལ་བྱེད་དུ་གྱུར་པའི་བསྟན་བཅོས། སྤྱི་རྣམ་ཟུར་འདེབས་ཟབ་དོན་ཉིན་མོར་བྱེད་པའི་སྣང་བ་དང་། ལྗོན་ཤིང་ཟུར་འདེབས་ཟབ་དོན་བཅུད་ཀྱི་སྙིང་པོ་གཉིས་ཀྱང་མཛད། སྔ་ཕྱིར་ བསྟན་བཅོས་དུ་མའི་གསུང་རྩོམ་ཡང་མང་དུ་མཛད་ཅིང་། བདེ་མཆོག་འཁོར་ལོའི་རྩ་བའི་རྒྱུད་ལེའུ་གཅིག་པའི་བཤད་བཀའ་འགྲེལ་པ་མུ་ཏིག་ཕྲེང་བའི་སྟེང་ནས་གསུངས་ཤིང་། དེའི་ཚེ་རྒྱུད་ཀྱི་དཀྱིལ་འཁོར་གང་དང་གང་སྟོན་བྱེད་ཀྱི་ཐད་ཀྱི་དབང་རྣམས་ཀྱང་དེ་དང་དེ་རུ་སྦྱར་ནས་མཛད་ཅིང་། 1-656 འཁོར་ལོ་བདེ་མཆོག་ནག་པོ་ཞབས་ལུགས་ཀྱི་དབང་ལ་ཆོས་ཀྱི་རྗེ་རིན་པོ་ཆེ་པཎྜི་ཏ་གྲགས་པ་རྒྱལ་མཚན་གྱིས་དང་པོར་གཅིག་དང་དེ་ནས་གསུམ་དང་དེ་ནས་ལྔ་སོགས་བཀའ་བརྒྱ་མཛད་པའི་ ལུགས་ལྟར་འཇམ་དབྱངས་ལོ་ཙཱ་བ་ཆེན་པོ་ཉིད་ལ་སྩལ་ཞེས་གྲགས་ཤིང་། དེའི་ལམ་གྱི་རིམ་པ་ཡང་ཐོག་མར། དབང་གི་སྔོན་འགྲོ་ཇོ་བོ་ནཱ་རོ་ཏ་པ་ལས། དཔལ་ཕ་ན་ཕིང་གུ་པ་ ལ་བརྒྱུད། བླ་ཆེན་མལ་ལས་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པའི་ཕྱག་བཞེས་ཀྱི་རྒྱུན་དེ་ཉིད་ཀྱི་ཆོ་ག་རྨད་དུ་བྱུང་བའི་སྒོ་ནས། སེམས་བསྐྱེད་མཎྜལ་ཚོམ་བུ་ལྔ་ལ་བརྟེན་ ནས་དེ་གནང་ཞིང་། འདི་ཉིད་གསུང་ངག་རིན་པོ་ཆེ་སྣང་བ་གསུམ་ལ་སོགས་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་སྒོ་ནས་རྒྱུད་སྦྱངས་ཏེ། གདོད་རྡོ་ར
【現代漢語翻譯】 至於那些未在其他傳承中流傳的,從寶瓶灌頂、秘密灌頂、智慧灌頂到第四種無上灌頂之間所出現的各種共同之處,都互不混淆,內部細節也絲毫沒有錯亂,以這種卓越的實踐方式,將所有完全純凈的口耳傳承灌頂,以及無上部中流傳的四種灌頂,凡是具有加持性質的無量法門, 以及並非從百種儀軌如海中提取的,完全純凈的口耳傳承隨許,其數量超越了計數。還有許多僅通過授予明咒就能修持的法門,如不空絹索等。此外,還有龍王、佛眼佛母、忿怒尊勝、黑文殊、善逝虛空藏、獅面空行母等,僅是念誦其名號也會感到疲憊的灌頂、加持、明咒授予和修法口訣等。主要以講授傳承為主,尊貴的薩迦派自身傳承的父續法,對《喜金剛三續》進行透徹的講修和複習,並對當時的口頭傳承進行重新校對,用首尾偈頌加以修飾,創作了作為前兩種觀點的闡釋性論著:《總義旁註·照亮深義之日光》和《樹木旁註·深義精華》。前後創作了許多論著。並在《勝樂輪根本續》第一品的講授傳承之上,講述了《珍珠鬘論》,並在當時將續部中所顯示的壇城與相應的灌頂結合起來進行。 關於勝樂金剛黑行派的灌頂,據說最初是法王仁波切班智達扎巴堅贊先授予一個,然後三個,然後五個等,按照這種方式傳授給蔣揚洛扎瓦大師。其道次第最初是:灌頂的前行,源自覺窩那若巴,經由吉祥帕那平古巴,傳至拉欽麥,最終口耳傳承降臨到薩迦派父子手中,以這種卓越的儀軌,依靠五堆生起次第壇城來授予。此傳承通過口頭教授《寶性論》等般若乘的道用以調伏自心。
【English Translation】 As for those not transmitted in other lineages, all the common aspects that arise from the vase initiation, secret initiation, wisdom initiation, to the fourth unsurpassable initiation, are not mixed with each other, and the internal details are not confused in the slightest. With this excellent practice, all the completely pure oral transmission initiations, and the four initiations that are transmitted in the Anuttara-tantra, all the limitless Dharma methods that have the nature of blessings, and the completely pure oral transmission empowerments that are not extracted from the ocean of hundreds of sadhanas, their number exceeds counting. There are also many methods that can be practiced only by granting mantras, such as the Amoghapasha. In addition, there are the Dragon King, Buddha Eye Mother, Wrathful Triumphant, Black Manjushri, Sugata Akashagarbha, Lion-faced Dakini, etc. Even just reciting their names would cause fatigue, such as initiations, blessings, mantra grants, and meditation instructions. Mainly based on the teaching transmission, the venerable Sakya school’s own paternal Dharma, thoroughly lectured and reviewed the three continuations of Hevajra, and re-edited the oral transmission at that time, embellishing it with initial and final verses, creating explanatory treatises that serve as clarifications of the first two views: ‘General Meaning Annotation: Sunlight Illuminating Profound Meaning’ and ‘Tree Annotation: Essence of Profound Meaning’. Before and after, he created many treatises. And on top of the teaching transmission of the first chapter of the Root Tantra of Chakrasamvara, he lectured on the ‘Pearl Garland Treatise’, and at that time, he combined the mandalas shown in the tantra with the corresponding initiations. Regarding the initiation of the Chakrasamvara Black Tradition, it is said that initially Dharma Lord Rinpoche Pandit Drakpa Gyaltsen first granted one, then three, then five, etc., in this way it was transmitted to Jamyang Lotsawa Chenpo. The order of its path was initially: the preliminary practice of initiation, originating from Jowo Naropa, through the auspicious Phanapinggupa, transmitted to Lachen Mel, and finally the oral transmission descended to the Sakya father and sons, with this excellent ritual, relying on the five-heap generation stage mandala to grant it. This lineage uses oral instructions such as the Ratnagotravibhāga to subdue the mind through the path of the Prajnaparamita.
ྗེ་ཐེག་པའི་ལམ་ལ་དཀྲི་བ་ལྟར་འདིར་ཡང་ སེམས་སྐྱེད་ཀྱི་སྒོ་ནས་ལམ་གྱི་རྒྱུད་སྦྱངས་ནས་འོག་ནས་འབྱུང་བའི་བསྐྱེད་རྫོགས་ལ་སློབ་པ་ཡིན་གསུང་། དེ་ནས་སྡོམ་པ་ཉི་ཤུ་རྗེ་བཙུན་རིན་པོ་ཆེའི་འགྲེལ་བའི་སྟེང་ནས་བཤད་པ་མཐིལ་ཕྱིན་ པ་མཛད་ཅིང་། འདི་ཆོས་རྗེ་ས་སྐྱ་པཎ་ཆེན་གྱི་ཐུབ་པ་དགོངས་གསལ་དུ། སྤྱོད་པ་རྒྱ་ཆེན་ཤིན་ཏུ་རྒྱས་པའི་མདོ། །ལྟ་བ་དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །མི་འགལ་གསལ་རབ་སྟོན་པ་ཁོ་བོའི་གཞུང་། ། 1-657 ཞེས་པའི་དགོངས་པ་ལྟར་ཡིན་གསུངས། དེའི་རྗེས་སུ་བླ་མ་ལྔ་བཅུ་པ་ལ་ཇོ་བོ་ག་ཡ་དྷ་རའི་གསུང་སྒྲོས་སུ་གྱུར་པ། འབྲོག་མི་ལོ་ཙཱ་བ་ནས་བརྒྱུད་པའི་འཆད་ཚུལ། དཔལ་དགྱེས་པ་ རྡོ་རྗེ་ལ་སྦྱོར་རྒྱུ་ཞིག་དང་། ཇོ་བོ་ནཱ་རོ་པའི་གསུང་མལ་ལས་བྱུང་བ། བདེ་མཆོག་ཆོས་སྐོར་འཆད་དུས་སྦྱོར་རྒྱུ་གཉིས་དོན་ཐོབ་ལ་ཡོད་པ་ལས་ཕྱོགས་ཕྱི་མའི་ངག་སྒྲོས་ལྟར་མཛད་ཅིང་ དཔེར་མཚོན་ན། བླ་མ་ལྔ་བཅུ་པའི་གཞུང་འདི་འཆད་པའི་དུས་ནམ་ཡིན་ཞེ་ན། བླ་ཆེན་འབྲོག་མིའི་བཞེད་པས་སློབ་མ་སྟ་གོན་གྱི་བྱ་བ་ཚར། དངོས་གཞི་དང་གཉིས་ཀྱི་བར་དུ་ཡིན་ཏེ་ འདི་ཉིད་ལས། བསམ་པ་དག་པའི་སློབ་མ་ནི། །དཀོན་མཆོག་གསུམ་ལ་སྐྱབས་སོང་སྟེ། །བླ་མའི་རྗེས་སུ་འཇུག་པ་ནི། །ཁ་ཏོན་བྱ་བ་སྦྱིན་པར་བྱ། །ཞེས་པ་འབྱུང་བས་སོ་གསུང་། ཇོ་བོ་ནཱ་ རོ་པའི་གསུང་སྒྲོས་འཛིན་པའི་མལ་ལོ་ཙཱ་བ་ནི། འདི་དཔོན་སློབ་གཉིས་ཕན་ཚུན་འབྲེལ་བརྟག་པའི་དུས་སུ་ཡིན་ཏེ། གཞུང་ཉིད་ལས། བླ་མ་དང་ནི་སློབ་མ་དག །མཚུངས་པར་དམ་ཚིག་ཉམས་འགྱུར་ བས། །དཔའ་བོས་དང་པོར་སློབ་དཔོན་དང་། །སློབ་མའི་འབྲེལ་བ་བརྟག་པར་བྱ། །ཞེས་གསུངས་པས་སོ། །ཞེས་བཞེས་སྲོལ་སོ་སོར་འབྱུང་བ་ལས། འདིར་མལ་ལྟར་གྱི་བགྲོས་རྣམས་བླངས་ནས་མཛད་ཅིང་། སྔོན་འགྲོ་རྣམས་སྒྲུབ་པའི་རྗེས་སུ། 1-658 བླ་མས་བསྙེན་པ་ཁ་སྐོང་གི་སྒོ་ནས་ལྷག་པའི་ལྷའི་ཐུགས་རྒྱུད་བསྐུལ་ཞིང་། སློབ་མ་བསག་སྦྱང་གི་རྣལ་འབྱོར་ལ་འཇུག་པར་མཛད། དེ་ནས་དབང་གི་མངོན་པར་རྟོགས་པ་བདུན་དང་ལྡན་པའི་བྱེད་ ཆོས་ཐམས་ཅད་ལེགས་པར་ཚང་བའི་མངོན་པར་དབང་བསྐུར་ཏེ་བསྐྱེད་རིམ་སེམས་འཛིན་དང་བཅས་པ་རྫོགས་རིམ་ལ་རིམ་པ་བཞི་སྤྱིར་བསྟན་པ། དཔྱིད་ཀྱི་ཐིག་ལེ་བྱེ་བྲག་ཏུ་བཤད་པ་སོགས་ཐུན་མོང་ མ་ཡིན་པའི་གནད་ཀྱི་གདམས་པ་མཁས་རློམ་ཀྱི་སྐྱེས་བུ་གཞན་དག་གི་སྤྱོད་ཡུལ་དུ་མ་གྱུར་པའི་སྒོ་ནས་ལེགས་པར་འདོམས་པའི་ལམ་སྲོལ་རྨད་དུ་བྱུང་བ་དེ་ཉིད་རྗེས་སྩལ་བར་མཛད་ཅེས་ ཐོས་ལ། དུས་ཕྱིས་སྐུ་ཚེའི་རྨད་དགུང་གི་ལོ་བདུན་ཅུར་སོན་པའི་ཚེ། སློབ་འབངས་ཀྱི་གྲངས་མ་བདག་གིས་ཀྱང་རྩེ་གཅིག་པའི་ཡིད་ཀྱིས་ལན་གཅིག་མ་ཡིན་པར་གསོལ་བཏབ་རང་ལ་ཡོད་པའི་བ
【現代漢語翻譯】 正如大乘道那樣,這裡也通過生起菩提心的方式來修習道的次第,然後學習下面將要講到的生起次第和圓滿次第,他是這麼說的。之後,詳細講解了二十種律儀,依據宗喀巴大師的釋論,講得非常透徹。 他說,這符合薩迦班智達法王在《顯明能仁密意》中所說的:『行持廣大甚深之經,見解即是般若波羅蜜,我的論典闡明無違背。』的密意。 在那之後,關於《上師五十法》,採用了覺臥·伽耶達ra(藏文,梵文天城體,梵文羅馬擬音,漢語字面意思)的口訣,以及仲彌·羅扎瓦(譯師)傳承下來的講解方式,並結合了吉祥喜金剛的內容。還有覺臥·那若巴(藏文,梵文天城體,梵文羅馬擬音,漢語字面意思)的口訣,在講解《勝樂輪根本續》時結合使用,這兩種口訣實際上已經具備,只是按照後來的口頭傳承方式進行。 例如,什麼時候講解《上師五十法》呢?按照大譯師仲彌的觀點,是在學生完成預備工作,正行和後行之間。因為這部論典中說:『具足清凈意樂之弟子,皈依三寶之後,隨學上師,應行誦讀與佈施。』 持有覺臥·那若巴(藏文,梵文天城體,梵文羅馬擬音,漢語字面意思)口訣的麥·羅扎瓦(譯師)認為,這是師徒之間互相觀察的時候。因為論典中說:『上師與弟子,同樣違犯誓言時,勇士首先應觀察,上師與弟子的關係。』 因此,各自有不同的傳統。這裡採納了麥派的觀點,在完成前行之後,上師通過圓滿唸誦的方式,策勵本尊的意續,讓弟子進入積資凈障的瑜伽。 之後,圓滿地進行具有七種證悟的灌頂,完整地傳授所有行為儀軌,並圓滿地進行生起次第的攝心和圓滿次第的四種次第的共同講解,以及詳細講解明點的特殊竅訣等,這些都是其他自以為是的智者所無法企及的,以這種殊勝的方式善巧地教導,並傳承下來。 據說,後來在他七十歲高齡時,我曾多次以一心一意的虔誠祈請,希望能夠繼承他所擁有的…
【English Translation】 Just like in the Mahayana path, here too, one cultivates the stages of the path through generating Bodhicitta, and then learns the generation and completion stages that will be explained below, he said. After that, he thoroughly explained the twenty vows, based on Je Rinpoche’s commentary. He said that this is in accordance with the intent of Sakya Pandita Dharma King’s ‘Clarifying the Sugata’s Intentions’: ‘The conduct is the vast and profound Sutras, the view is the Prajnaparamita itself, my treatises clearly show that there is no contradiction.’ After that, regarding the ‘Fifty Verses on the Guru’, he adopted the oral instructions of Jowo Gayadhara, and the method of explanation transmitted from Drogmi Lotsawa, and combined it with the content of glorious Hevajra. Also, the oral instructions of Jowo Naropa, which came from Mal Lotsawa, are combined when explaining the Chakrasamvara teachings. These two oral instructions are actually available, but they are followed according to the later oral tradition. For example, when is the ‘Fifty Verses on the Guru’ taught? According to the view of the great translator Drogmi, it is between the completion of the student’s preliminary practices and the main practice. Because this very text says: ‘A student with a pure intention, having taken refuge in the Three Jewels, following the Guru, should engage in recitation and giving.’ Mal Lotsawa, who holds the oral instructions of Jowo Naropa, believes that this is the time when the teacher and student examine each other. Because the text itself says: ‘When the Guru and the disciple, equally violate the vows, the hero should first examine, the relationship between the Guru and the disciple.’ Therefore, there are different traditions. Here, he adopted the views of the Mal tradition, and after completing the preliminaries, the Guru, through the means of fulfilling the recitation, inspires the mind-stream of the chosen deity, and leads the disciple into the yoga of accumulation and purification. After that, he perfectly bestows the empowerment with all the ritual actions that possess the seven realizations of empowerment, and fully explains the common explanation of the generation stage with mind-holding and the four stages of the completion stage, as well as the special key instructions on the bindu, which are not accessible to other self-proclaimed wise individuals, and skillfully teaches and transmits this extraordinary tradition. It is said that later, when he reached the age of seventy, I repeatedly and wholeheartedly prayed that I could inherit what he possessed…
དོག་ པའི་སྙིང་པོ་གོས་གསེར་མའི་རྣམ་སྦྱར་ཐགས་ཐོན་མ་ཞིག་ཀྱང་ཕུལ། དེའི་ཚེ་ཐོག་མར་ཞལ་བཞེས་བཟང་པོ་ཡང་སྩལ། དབང་གི་སྔོན་འགྲོའི་སེམས་བསྐྱེད་སོགས་ཀྱང་གནང་། བདག་ལ་བསགས་སྦྱང་གི་བཀའ་སྩལ་ གནང་ཞིང་། རྗེ་བཙུན་ཉིད་ཁ་གསོའི་བསྙེན་པ་ལ་བཞུགས་པའི་གནང་ཆ་བསྟན་པའི་སྐབས་ནས། ཆོས་ཀྱི་ཆེ་བ་བྱུང་བའམ། བདག་རང་གི་ལས་ངན་སྦྱོང་བ་ལ་རྗེས་སུ་དགོངས་པའི་བཀའ་ལུང་སྔོན་རྗེ་བཙུན་འབྲོག་མི་ཡབ་སྲས་ཀྱི་སེ་མཁར་ཆུང་བ་ལ་མཛད་པ་ལྟར། 1-659 ཁྱེད་རང་གི་རྣམ་སྦྱར་ལོངས་ཤིག་ངའི་ཆོས་ནི་མི་ཡོང་བར་འདུག་གོ་གསུང་པའི་བཀའ་ནན་ཕེབས་པའི་ཚེ་དང་པོར་བདག་སྙིང་ཐོན་པ་ལྟར་བུའི་ཟུག་རྔུ་བྱུང་། དེ་མཚམས་བླ་མ་ལ་ཕུལ་བའི་ དངོས་པོ་ལེན་པ་ག་ནས་ཡོང་། ཆོས་མི་གནང་ན་ཡང་། བདག་རང་གི་ཚོགས་རྫོགས་ཕྱིར་བཞེས་དགོས་ཞུས་ནས་རྣམ་སྦྱར་སླར་ཡང་ཡར་སྐྱར་ནས་ཕུལ་བས། དེ་ལོ་མ་གནང་ཞིང་དེ་ནས་ཀྱང་ཡུན་ རིང་མོར་གང་ལ་ཡང་མ་འཛེམ་པར་གསོལ་བ་དངོས་དང་བརྒྱུད་ནས་བཏབ་པས། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཉིད་དགུང་གི་ལོ་དོན་གཅིག་ཏུ་ཕེབས་པ། ས་ག་ཟླ་བའི་ཡར་ངོའི་བཅུ་བཞིའི་ཉིན་ སྟ་གོན། དངོས་གཞི་བཅོ་ལྔའི་སངས་རྒྱས་ཀྱི་དུས་ཆེན་བཞིའི་ཡ་གྱལ་མངོན་པར་བྱང་ཆུབ་པའི་དུས་བཟང་པོ་དེ་ཉིད་ལ། དཔལ་བསམ་གྲུབ་གླིང་གི་དབང་ཁང་དུ་བཀའ་ཆེན་པོས་རྗེ་ཉིད་ཀྱི་སྐུའི་ དབོན་གཉིས་ཕྱག་ཕྱིར་བདག་རང་དཀྲིས་པའི་དབང་མི་གསུམ་ལ་བསྩལ་བས། བདག་གི་བསམ་དོན་ཐམས་ཅད་དེས་འགྲུབ། གཞན་ཐོབ་རྒྱ་དང་ཤེས་རྒྱའི་སྤྲོས་པ་ཐམས་ཅད་དེས་ཆོད་ནས་སོང་ངོ་། །དེ་ལྟར་ས་ སྐྱ་པའི་རྗེ་བཙུན་མཆོག་རྣམས་ཀྱི་ཐུགས་ཀྱི་བཅུད་དཔལ་དགྱེས་པ་རྡོ་རྗེ་དང་། ཟབ་མོ་འཁོར་ལོ་བདེ་མཆོག་ལ་སོགས་པ་མ་ཚང་བ་མེད་པའི་ལམ་གྱི་སྲོལ་ཤིང་རྟ་ཆེན་པོའི་གཞུང་ལུགས་ཉིད་དུ་གྱུར་པའི་ཆོས་ཀྱི་སྒོ་རྨད་དུ་བྱུང་བའི་རྣམ་གྲངས་ཇི་སྙེད་གཅིག 1-660 གདུང་རྒྱུད་རིན་པོ་ཆེ་ལོ་ཙཱ་བ་ཆེན་པོ་གཙོ་བོར་གྱུར་པའི་སྐུ་མཆེད་རྣམས་ལ་རྗེས་སུ་སྩལ་བར་མཛད་ཅིང་། མདོར་ན་སྔ་རྟིང་གཉིས་བཀའི་སྒོ་ནས་གདམ་ངག་གི་གསང་ཕྲ་མོའི་བར་དུ་ བུམ་པ་གང་བྱོའི་ཚུལ་དུ་གནང་། ཐུགས་སྲས་མཆོག་ཏུ་མངོན་པར་དབང་བསྐུར་ཞིང་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་བཤད་གསར་མཛད་པའི་ཉེར་ལེན་གྱི་བགྱི་བ་ཆོས་དང་ཟང་ཟིང་གི་སྒོ་མཐའ་དག་ གི་སྲིད་ཞུ་དཔག་ཏུ་མེད་པ་མཛད་ཅིང་། རྗེ་ཉིད་ཀྱི་མངའ་རིས་ནས་བསྣམས་ཕེབས་པའི་གསེར་ལས་གྲུབ་པའི་དབུ་རྒྱན་ཤིན་ཏུ་ལེགས་པ་བཟོ་ཁྱད་ཀྱི་ཕུལ་རྒྱ་ནག་གི་བགྱིས་པ་ལ་འགྲན་དུ་ བཟོད་པ་ཞིག་གིས་མཚོན་པའི་དབང་གི་རྫས་ཀུན་ཀྱང་གནང་བར་མཛད་དེ། བསྟན་པ་སྤྱི་དང་ཁྱད་པར་དཔལ་ལྡན་ས་སྐྱ་པའི་བཤད་སྒྲུབ་ཀྱི་རྒྱུན་བཟང་པོ
【現代漢語翻譯】 我還供奉了一件用金線縫製的錦緞法衣。當時,他最初給予了很好的應允,也給予了灌頂的前行發心等。他賜予我積資凈障的教言,當尊者住在閉關房時,我請求開許,尊者開示說,如同以前尊者仲彌父子在色卡瓊瓦所做的那樣, 1-659 『你拿走你的錦緞法衣吧,我的佛法看來是不會傳給你的。』當他發出嚴厲的命令時,我最初感到心如刀絞。在那之後,我怎麼能拿走供養給上師的物品呢?即使不傳法,爲了我自己圓滿資糧,也請您收下。』我再次將錦緞法衣獻上,但他沒有接受。從那以後,我毫不顧忌地通過直接和間接的方式祈請。尊者法王在七十一歲時,在薩嘎月的上弦十四日準備,十五日是佛陀四大節日之一的成道日。在那吉祥的日子裡,在吉祥桑珠林(寺廟名)的灌頂殿中,他以盛大的儀式將灌頂賜予了我和他的兩位侄子(作為侍者)三人。我的所有願望都因此實現了。其他關於獲得傳承和知識的繁瑣之事,也都因此而結束了。如此,薩迦派的尊者們的心髓,吉祥喜金剛(梵文:Śrīhevajra,希熱瓦吉ra),以及甚深的時輪金剛(梵文:Kālacakra,噶拉查克拉),勝樂金剛(梵文:Śrīcakrasaṃvara,希熱瓦吉ra桑瓦ra)等所有無缺的道之命脈,都成爲了偉大的車乘宗派的教法之門,出現了無數奇妙的法類。 1-660 主要以貢噶堅贊(藏文:གོང་དཀའ་རྒྱལ་མཚན།)為首的昆氏家族的後裔,偉大的譯師們,也相繼得到了傳授。簡而言之,從開始到結束,通過口耳相傳的方式,如同傾注滿瓶一般,給予了從教言到秘密竅訣的所有內容。他將我灌頂為殊勝的心子,並在薩迦大寺建立了新的講修制度,在世俗和佛法兩方面都給予了無量的幫助。他還賜予了從他自己的領地帶來的黃金製成的精美頭飾,其精湛的工藝堪比中國製造,以及所有的灌頂物品,從而使總的來說的佛法,特別是薩迦派的講修傳統得以延續。
【English Translation】 I also offered a brocade robe sewn with gold thread. At that time, he initially gave a good promise, and also gave the preliminary generation of bodhicitta for the empowerment, etc. He gave me instructions on accumulating merit and purification, and when Jetsun (尊者) was staying in retreat, I requested permission. Jetsun indicated that, as the previous Jetsun Drogmi (尊者仲彌) and his sons had done in Sekhar Chungwa, 1-659 ‘Take your brocade robe, it seems my Dharma will not come to you.’ When he issued the strict command, I initially felt a pain like my heart was being torn out. After that, how could I take back the things offered to the lama? Even if you don’t give the Dharma, please accept it for the sake of my own accumulation of merit.’ I offered the brocade robe again, but he did not accept it. From then on, I prayed without hesitation through direct and indirect means. When Jetsun Chökyi Gyalpo (尊者法王) was seventy-one years old, on the fourteenth day of the waxing moon of Saga (薩嘎月), in preparation for the fifteenth day, which is one of the four great festivals of the Buddha’s enlightenment. On that auspicious day, in the empowerment hall of Pel Samdrub Ling (吉祥桑珠林), he bestowed the great empowerment upon myself and his two nephews (as attendants), thus fulfilling all my wishes. All other trivial matters concerning obtaining lineage and knowledge were thus resolved. Thus, the essence of the hearts of the Sakya (薩迦) masters, glorious Hevajra (梵文:Śrīhevajra,希熱瓦吉ra), and the profound Kalachakra (梵文:Kālacakra,噶拉查克拉), Chakrasamvara (梵文:Śrīcakrasaṃvara,希熱瓦吉ra桑瓦ra), etc., all the essential paths without exception, became the doctrine of the great vehicle, and countless wonderful categories of Dharma appeared. 1-660 The descendants of the Khon lineage, mainly including Gongkar Gyaltsen (貢噶堅贊), the great translators, were also successively transmitted. In short, from beginning to end, through oral transmission, like pouring a full vase, everything from instructions to secret key points was given. He empowered me as a supreme heart-son and established a new system of teaching and practice in the great Sakya Monastery, providing immeasurable assistance in both worldly and Dharma matters. He also bestowed a beautiful headdress made of gold brought from his own territory, whose exquisite craftsmanship rivaled that of China, as well as all the empowerment items, thereby ensuring the continuation of the general Dharma, and in particular, the tradition of teaching and practice of the Sakya school.
་མ་ཆད་པ་ཉམས་པར་སྤེལ་བའི་བཀའ་ བསྒོ་ཁྱད་པར་ཅན་ཡང་། ཡང་དང་ཡང་དུ་གདུང་བརྒྱུད་འཇམ་པའི་དབྱངས་སྐུ་མཆེད་དག་ལ། སྙན་བསྐུལ་གྱི་མཛད་པ་རླབས་པོ་ཆེ་བུ་གཅིག་པའི་མས་བརྩེ་བའི་བུ་ལ་རྗེས་སུ་སློབ་པ་དེ་བཞིན་ དུ་ངལ་བ་མ་མཆིས་པའི་ཐུགས་ཀྱི་རྗེ་བཙུན་ས་སྐྱ་པའི་རིང་ལུགས་ཉིད་ལ་དགོངས་པའི་སྒོ་ནས་གྲུབ་པར་མཛད་ཅིང་གཞན་ཡང་མཁས་པའི་དབང་པོ་རྭ་དབོན་ཡོན་ཏན་འབྱུང་གནས་པས་གསོལ་བ་བཏབ་ནས། 1-661 རྩེ་གདོང་ཕྱོགས་ལས་རྣམ་རྒྱལ་གྱི་གཟིམ་ཁང་ཉིད་དུ་ཟུར་ཆོས་ཀྱི་ཚུལ་གྱིས་མི་ཉུང་ཤས་གཅིག་ལ་གཅོད་བཀའ་གསར་རྙིང་། རྒྱལ་བ་ཡང་དགོན་པའི་རི་ཆོས་སྐོར་གསུམ་བཀའ་སྲུང་གི་མཐར་བརྟེན་གྱི་ བར་རྫོགས་པར་སྩལ་ཞེས་གྲགས་ལ། གཞན་ཡང་འོས་སུ་གྱུར་པའི་གདུལ་བྱ་དག་ལ་དེ་དང་དེའི་ཞེ་འདོད་ཀྱིས་ཞུས་པའི་ཆོས་ཀྱི་རྣམ་གྲངས་མུ་མཐའ་མ་མཆིས་པས། ཡིད་ལྷག་པར་བརྟས་པར་མཛད་ ཅིང་། འབྲུག་ལོ་དེ་ཉིད་ལ་མུ་གེ་ཆེན་པོས་འགྲོ་བ་ཕལ་ཆེ་བ་ཉེན་པར་གྱུར་ཏེ་སེམས་ཅན་མང་པོ་གུམ་པ་ན། རྗེ་བཙུན་སྙིང་རྗེ་ཆེན་པོ་འདི་ཉིད་ཀྱིས་ཤིན་ཏུ་བཀྲེས་ཤིང་ཉམས་ ཐག་པའི་དབུལ་པོ་བརྒྱ་ཕྲག་མང་པོ་ལ་རྒྱུན་དུ་བཟའ་བཏུང་གིས་ཚིམ་པར་མཛད་ཅིང་། ཞབས་འབྲིང་བ་དག་གིས་ཀྱང་རང་རང་གི་བཟའ་བ་དང་བཅའ་བ་ལས་ཕྱེད་དང་སུམ་གཉིས་སུ་སྤྱད་པའི་ ཆ་སོ་སོ་ནས་འཕོངས་པའི་འགྲོ་བ་དག་ལ། དུས་རྒྱུན་ལྡན་དུ་སྩལ་བས་འགྲོ་བ་དེ་དག་གི་སྲོག་གི་ལྷག་མ་བཟུང་ནས་དབུགས་ཕྱུང་སྟེ། རང་རང་གི་ཕ་མའི་ཁྱིམ་ག་ལ་བ་དེར་ སོང་ངོ་ཞེས་ཀྱང་ཐོས་ལ། དེ་ནས་སྦྲུལ་ལོའི་ཟླ་བ་བཞི་པ་ལ། བླ་མའི་གདན་ས་དཔལ་ཨེ་ཝཾ་ཆོས་ལྡན་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དེ་ཉིད་དུ་སླར་ཕེབས་ཏེ། སྔར་བརྗོད་པ་ལྟར་ཨེ་ཝཾ་གདན་ས་པ་དྲུག་པ་ཡོངས་འཛིན་ཆེན་པོ་དཀོན་མཆོག་འཕེལ་བའི་ཞལ་མངའ་ནས་ལ། 1-662 དཔལ་མགོན་ཞལ་བཞི་པའི་རྗེས་སུ་གནང་བ་ཡང་གསན། དེ་སྐབས་སུ་རྗེ་བཙུན་དམ་པ་ཉིད་ཀྱིས་ཀྱང་གཏོར་བསྔོ་བརྒྱ་རྩ་སོགས་ཐུགས་དམ་གྱི་སྒོ་ཅུང་ཟད་ལ་ནན་ཏན་དུ་འགྲུབ་པའི་ཚུལ་སྟོན་ པར་མཛད་ཅིང་། དེ་མཚམས་མངའ་རིས་ཀྱི་གདུལ་བྱ་མཐའ་དག་ལ་རྗེས་སུ་དགོངས་ནས། ཡར་ཕྱོགས་ལ་ཆིབས་ཁ་བསྒྱུར་བར་མཛད་པ་ན། རྗེ་རིན་པོ་ཆེ་འདྲེན་མཆོག་གི་ཞལ་མངའ་ནས་ཀྱིས་ཀྱང་སྐྱེལ་ ཐུང་ལ་གུར་དཀར་ནག་དང་བཅས་ཕེབས་པར་མཛད་ནས་ཇ་བུར་ལ་སོགས་པའི་རྣམ་གཞག་ཡང་དག་པའི་དགའ་སྟོན་སྤེལ་བར་མཛད་ཅིང་། དེའི་ཚེ་བདག་ཉིད་ཆེན་པོ་བརྒྱུད་ལྡན་གྱི་བླ་མ་གོང་མ་ ཐམས་ཅད་ལ་སངས་རྒྱས་སུ་དགོངས་པའི་སྐྱེས་ཆེན་དམ་པ་འདི་ཉིད་ཀྱིས་རྗེ་གོང་མའི་རྒྱལ་ཚབ་དམ་པ་བཞུགས་པའི་གཟིམ་གུར་ལ་སྐོར་བ་ལན་གསུམ་དུ་མཛད། གུས་པའི་སྒོ་ནས་སྲིད་ཞུར་བགྱི་ བའི་ལེགས་བྱས་དཔག་ཏུ་མ
【現代漢語翻譯】 此外,對於那些不間斷地弘揚教法的特殊指示,也一再地向蔣貝揚(འཇམ་པའི་དབྱངས,文殊菩薩)化身的兄弟們發出懇切的請求,就像慈母教導她唯一的愛子一樣,毫不懈怠地以薩迦派(ས་སྐྱ་པ)的教義為宗旨來完成。此外,智者饒頓云丹炯乃(རྭ་དབོན་ཡོན་ཏན་འབྱུང་གནས)祈請后, 在澤東(རྩེ་གདོང)頗勒南杰(ཕྱོགས་ལས་རྣམ་རྒྱལ)的寢宮裡,以秘密講授的方式,向少數人傳授了新舊《斷法》(གཅོད)教義,以及嘉瓦揚袞巴(རྒྱལ་བ་ཡང་དགོན་པ)的《里丘》(རི་ཆོས)三部,直至圓滿結束,並依靠護法。此外,對於那些適合教化的弟子們,也應他們的請求,傳授了無數的法門,使他們的心意得到了極大的滿足。在那一年(龍年),由於大饑荒,大多數眾生都面臨危險,許多眾生死亡。尊者大慈悲者(སྙིང་རྗེ་ཆེན་པོ)經常用食物和飲料來滿足成百上千的極度飢餓和貧困的窮人。侍從們也把自己食物和財產的一半或三分之二拿出來,定期地施捨給那些貧困的眾生,使他們得以保住性命,恢復呼吸,然後回到各自父母的家中。 此後,在蛇年的四月,尊者再次返回上師的駐錫地——吉祥埃旺寺(ཨེ་ཝཾ་ཆོས་ལྡན),那裡是無數功德珍寶的源泉。如前所述,從第六世埃旺座主——永增欽波袞喬貝(ཡོངས་འཛིན་ཆེན་པོ་དཀོན་མཆོག་འཕེལ)處,聽受了吉祥四面怙主(དཔལ་མགོན་ཞལ་བཞི་པ)的隨許。當時,尊者也示現了認真完成朵多覺札(གཏོར་བསྔོ་བརྒྱ་རྩ)等一些日常修持的樣子。之後,考慮到阿里(མངའ་རིས)地區的弟子們,尊者便啟程北上。仁波切哲欽(རྗེ་རིན་པོ་ཆེ་འདྲེན་མཆོག)也帶著黑白帳篷等物前來送行,並準備了茶和糖等豐盛的宴席。當時,這位偉大的聖人,將所有傳承上師都視為佛陀,他以恭敬之心繞著前任上師的代表所居住的帳篷三圈,以表達自己的敬意。
【English Translation】 In addition, for those special instructions that continuously propagate the teachings, he repeatedly made earnest requests to the Jamyang (འཇམ་པའི་དབྱངས, Manjushri) incarnate brothers, just as a loving mother teaches her only beloved son, tirelessly completing them with the Sakya (ས་སྐྱ་པ) doctrine as the guiding principle. Furthermore, after the wise Rawoen Yonten Jungne (རྭ་དབོན་ཡོན་ཏན་འབྱུང་གནས) made a request, in the private chamber of Tsedong (རྩེ་གདོང) Pholenaamgyal (ཕྱོགས་ལས་རྣམ་རྒྱལ), he secretly taught a few people the new and old Chöd (གཅོད) teachings, as well as the three sections of the Ri Chö (རི་ཆོས) of Gyalwa Yang Gonpa (རྒྱལ་བ་ཡང་དགོན་པ), until their complete conclusion, relying on the Dharma protectors. Furthermore, for those disciples who were suitable for taming, he taught countless Dharma categories according to their wishes, greatly satisfying their minds. In that year (the Dragon Year), due to a great famine, most beings were in danger, and many beings died. The venerable great compassionate one (སྙིང་རྗེ་ཆེན་པོ) regularly satisfied hundreds of extremely hungry and impoverished poor people with food and drink. The attendants also took half or two-thirds of their own food and possessions and regularly gave them to those impoverished beings, allowing them to preserve their lives, regain their breath, and then return to their respective parents’ homes. Thereafter, in the fourth month of the Snake Year, the venerable one returned to the seat of the lama—the glorious Ewam Monastery (ཨེ་ཝཾ་ཆོས་ལྡན), the source of countless treasures of merit. As mentioned earlier, from the sixth Ewam throne holder—Yongzin Chenpo Konchok Phel (ཡོངས་འཛིན་ཆེན་པོ་དཀོན་མཆོག་འཕེལ), he received the subsequent permission of the glorious Four-Faced Protector (དཔལ་མགོན་ཞལ་བཞི་པ). At that time, the venerable one also demonstrated the appearance of diligently completing some daily practices such as Tordo Gya Tsa (གཏོར་བསྔོ་བརྒྱ་རྩ). Afterwards, considering the disciples in the Ngari (མངའ་རིས) region, the venerable one set out northward. Rinpoche Drenchok (རྗེ་རིན་པོ་ཆེ་འདྲེན་མཆོག) also came to see him off with black and white tents and other things, and prepared a lavish feast of tea and sugar. At that time, this great saint, who regarded all the lineage lamas as Buddhas, circumambulated the tent where the representative of the former lama resided three times with reverence to express his respect.
ེད་པས་བསྐྲུན་པར་མཛད་དེ། ཕེབས་ལམ་གདུང་བརྒྱུད་འཇམ་པའི་དབྱངས་རྣམས་ཀྱི་སྒོས་གཞིས་ཤབ་དགེ་སྡིངས་སུ་གདན་ཕབས་ཏེ། དེར་ཧ་ཅང་ཡང་མི་རིང་བ་གཅིག་གདན་ཆགས་ནས། སླར་སྦྲུལ་ལོའི་ཟླ་བ་ལྔ་པ་ལ་བོད་ཡུལ་གྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་ཕེབས་ཏེ། དབུ་རྩེ་རྙིང་མའི་འཇམ་དབྱངས་སོགས་བརྟེན་ཁྱད་པར་ཅན་གྱི་དྲུང་དུ། མར་མེའི་ཕྲེང་བ་དང་སྙན་དར་དུ་མའི་བཀུར་སྟི་ཕྱག་མཆོད་སྨོན་ལམ་དཔག་ཏུ་མེད་པ་མཛད། 1-663 སྒོ་རུམ་གྱི་རྗེ་བཙུན་རིན་པོ་ཆེའི་ཕྱག་དཔེ་ཕལ་ཆེ་བ་ལ་དཀོན་གཉེར་དག་ལ་གནང་སྦྱིན་ཡང་དག་པ་སྩལ་ཏེ། གཟིགས་རྟོག་གནང་བས་སྔོན་དུས་ཀྱི་ལྗོན་ཤིང་ལྕགས་སྙུག་གིས་བྲིས་པ་རྩོམ་ གདན་རང་ཡིན་ནམ་སྙམ་པ་ཞིག་གི་ནང་ན་ཀུན་མཁྱེན་རིན་པོ་ཆེ་ལ། ཆོས་རྗེ་རྡོ་རྗེ་རྒྱལ་མཚན་པས་ད་ལྟའི་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་རྣམས་ཀྱི་ནང་ན་ཐུན་མོང་ ལྟ་བ་རིམ་ཅན་གྱི་སྐབས་ན། ཕྲེང་ཆད་ཡིག་ཕྲེང་གཅིག་ཙམ་བྱུང་འདུག་པ་དེ་ཇི་ལྟར་ཡིན་དྲིས་པའི་ལན་དུ། ཀུན་མཁྱེན་རིན་པོ་ཆེས། དེ་ལྟར་ཕྲེང་ཆད་བྱུང་བའི་ངེས་ཤེས་ཁོ་བོ་ལ་ ཡང་སྐྱེས་མོད་ཀྱི་ཚིག་དངོས་སུ་མ་མཐོང་ངོ་གསུང་བའི་ཕྲེང་ཆད་དེ་ཉིད་ལེགས་པར་རྙེད་འདོད་པའི་ཁམས་ཀྱི་སྡུག་བསྔལ་གྱི་ཆོས་ཉིད་ཤེས་པ་ནི། ཆོས་ཤེས་པའི་བཟོད་པ་ཡིན་ལ། དེ་ཉིད་ ཡིད་ལ་ངེས་པར་འཛིན་པ་ནི་ཆོས་ཤེས་པའོ། །དེས་བཞིན་དུ་ཁམས་གོང་མ་གཉིས་ཀྱིའང་། དེ་བཞིན་དུ་ཤེས་པ་ནི་རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པ་ཞེས་བྱའོ། །དེ་ལྟར་བདེན་ པ་བཞི་ལ་བཅུ་དྲུག་ཏུ་ཆེ་བས་བཅོ་ལྔ་ནི་མཐོང་ལམ་བཅུ་དྲུག་པ་དངོས་ནི་དེ་ལས་གོང་དུ་སྐྱེད་དུ་མེད་པས་བསྒོམ་ལམ་མོ། །ཞེས་པ་འདི་ཉིད་ཡིན་ཞིང་། ལྗོན་ཤིང་གི་ལམ་གྱི་བཅུ་དྲུག་ནི་བསྒོམ་ལམ་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་ཡིན་ནོ། ། 1-664 ཞེས་པ་དང་། དེ་ལ་དང་པོ་ཁོ་ནར་འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་ཆོས་ཉིད་མཐོང་བའི་ཟག་མེད་ཀྱི་ཤེས་པ་དེས་མཐོང་སྤངས་ཀྱི་ཉོན་མོངས་པ་སྤོང་བས། ཆོས་ཤེས་པའི་བཟོད་པ་ དེ་རྣམ་པར་གྲོལ་བ་མངོན་དུ་བྱས། ཞེས་པའི་བར་དུ་འཇུག་རྒྱུ་ཡིན་ནོ། །པས། དགེས་པ་ཆེན་པོས་ཐུགས་བརྒྱུད་ཡོངས་སུ་བལྟམས་པར་གྱུར་ཞིང་། མཁས་པ་སྔ་མའི་སོམ་ཉིའི་གནས་སུ་གྱུར་པ་མཐའ་ དག་སེལ་བའི་སྔོན་མེད་ཀྱི་དགའ་སྟོན་ཉེ་བར་སྤེལ་བར་མཛད་ཅིང་། དེའང་གསལ་བར་བསྟན་པ་ལ་རྗེས་སུ་དགོངས་པའི་སྐྱེས་ཆེན་དམ་པ་རྣམས་ནི་འདི་ལྟ་བུའི་དམ་པའི་ཆོས་ཀྱི་ལྷག་ཆད་ཅུང་ ཟད་ལ་ཡང་ཐུགས་ཀྱི་ཟུག་རྔུར་མཛད་ནས་ཇི་ཙམ་པའི་དཀའ་བའི་གནས་ལ་ཡང་དྲིང་མི་འཇོག་པའི་ཁུར་ཆེན་པོས་ཡོངས་སུ་གསོབ་པར་མཛད་པ་ཉིད་ཡིན་ཏེ། སྔོན་གྱི་དུས་ན་རྔོག་ལོ་ཙཱ་ བ་བློ་ལ
【現代漢語翻譯】 由他(指上師)建造,並將他的住所安置在詹陽(འཇམ་པའི་དབྱངས་,文殊菩薩)傳承的夏杰丁(ཤབ་དགེ་སྡིངས)莊園。他在那裡住了一段時間。 後來,在蛇年五月,他前往西藏的 Vajrasana(རྡོ་རྗེ་གདན་,金剛座)——吉祥的薩迦寺(ས་སྐྱའི་ཆོས་གྲྭ་ཆེན་པོ),並在舊烏孜(དབུ་རྩེ་རྙིང་མ)的詹陽(འཇམ་དབྱངས,文殊菩薩)等特殊聖物前,以燈供、哈達等無量供養、禮拜和祈禱。 他向寺院的執事們慷慨佈施了 Gorums(སྒོ་རུམ)的杰尊仁波切(རྗེ་བཙུན་རིན་པོ་ཆེ)的大部分手稿,並親自檢查。他發現,在一本用鐵筆寫在古老樹皮上的手稿中,似乎是作者自己的作品。 根欽仁波切(ཀུན་མཁྱེན་རིན་པོ་ཆེ)問法王多杰堅贊(ཆོས་རྗེ་རྡོ་རྗེ་རྒྱལ་མཚན)說:『在現有的《現觀莊嚴論》(མངོན་པར་རྟོགས་པ་,Abhisamayalankara)的樹圖中,在共同次第的觀點中,有一處缺了一行,這是怎麼回事?』根欽仁波切回答說:『我也意識到有這樣的缺失,但我沒有親眼看到文字。』 想要找到缺失的那一行,瞭解欲界的苦諦法性,就是知法忍(ཆོས་ཤེས་པའི་བཟོད་པ་);將它銘記於心,就是知法(ཆོས་ཤེས་པ)。同樣,對於上二界,瞭解它們就是類智忍(རྗེས་སུ་ཤེས་པའི་བཟོད་པ་)和類智(རྗེས་སུ་ཤེས་པ)。因此,四諦有十六種行相,十五種是見道,第十六種是修道,因為它不能在見道之前產生。』這就是所說的內容。樹圖中的十六道是修道的七覺支(བྱང་ཆུབ་ཀྱི་ཡན་ལག་བདུན་པོ)。 也就是說,如果只承認第一個,那麼以無漏智見到欲界的苦諦法性,從而斷除見道所斷的煩惱,那麼知法忍(ཆོས་ཤེས་པའི་བཟོད་པ་)就會顯現解脫。』這就是要插入的內容。因此,大德們的心中充滿了喜悅,他們消除了早期學者們的所有疑惑,並舉行了前所未有的慶祝活動。爲了清楚地說明這一點,偉大的聖人們總是關心神聖佛法的任何缺失,並不惜一切代價彌補任何困難。過去,仁欽桑波(རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་)
【English Translation】 He (referring to the master) had it built and established his residence at Shabgeding (ཤབ་དགེ་སྡིངས), the estate of the Jamyang (འཇམ་པའི་དབྱངས་, Manjushri) lineage. He resided there for some time. Later, in the fifth month of the snake year, he traveled to the great Dharma center of Palden Sakya (ས་སྐྱའི་ཆོས་གྲྭ་ཆེན་པོ) at Vajrasana (རྡོ་རྗེ་གདན་, Bodh Gaya) in Tibet, and before the particularly special objects of veneration such as Jamyang (འཇམ་དབྱངས, Manjushri) of Old U-tse (དབུ་རྩེ་རྙིང་མ), he made limitless offerings, prostrations, and prayers with strings of lamps and many khatas. He generously bestowed most of the manuscripts of Jetsun Rinpoche (རྗེ་བཙུན་རིན་པོ་ཆེ) of Gorum (སྒོ་རུམ) to the caretakers of the monastery and personally inspected them. He discovered that in one manuscript written with an iron stylus on ancient tree bark, which seemed to be the author’s own work. Kunkhyen Rinpoche (ཀུན་མཁྱེན་རིན་པོ་ཆེ) asked Dharma Lord Dorje Gyaltsen (ཆོས་རྗེ་རྡོ་རྗེ་རྒྱལ་མཚན): ‘In the existing tree diagrams of the Abhisamayalankara (མངོན་པར་རྟོགས་པ་, Abhisamayalankara), in the context of the common sequential view, there is a line missing. How is this so?’ Kunkhyen Rinpoche replied: ‘I also realized that there was such a missing line, but I did not see the actual words.’ Wanting to find that missing line, understanding the nature of suffering in the desire realm is the forbearance of knowing the Dharma (ཆོས་ཤེས་པའི་བཟོད་པ་); holding it firmly in mind is knowing the Dharma (ཆོས་ཤེས་པ). Similarly, for the two upper realms, knowing them is the forbearance of subsequent knowing (རྗེས་སུ་ཤེས་པའི་བཟོད་པ་) and subsequent knowing (རྗེས་སུ་ཤེས་པ). Thus, the four truths have sixteen aspects, fifteen are the path of seeing, and the sixteenth is the path of meditation because it cannot arise before the path of seeing.’ This is what is said. The sixteen aspects of the path in the tree diagram are the seven limbs of enlightenment of the path of meditation (བྱང་ཆུབ་ཀྱི་ཡན་ལག་བདུན་པོ). That is, if only the first is accepted, then by seeing the nature of suffering in the desire realm with undefiled wisdom, thereby abandoning the afflictions to be abandoned by the path of seeing, then the forbearance of knowing the Dharma (ཆོས་ཤེས་པའི་བཟོད་པ་) manifests liberation.’ This is what is to be inserted. Thus, the great beings were filled with joy, they dispelled all the doubts of earlier scholars, and they held an unprecedented celebration. To clearly illustrate this, the great holy beings always cared about any omissions in the sacred Dharma and spared no effort to remedy any difficulties. In the past, Rinchen Zangpo (རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་)
ྡན་ཤེས་རབ་ཀྱི། རྒྱལ་བའི་ཡུམ་གྱི་འདྲེས་རྐང་ཅུང་ཟད་མ་ཚང་བ། དེ་ཁོ་ན་གསོབ་པའི་ཕྱིར་དུ་བལ་ཡུལ་དུ་ཕེབས་པ་ལྟ་བུ་ཆ་ཕྲ་བའི་ཆོས་ཀྱི་ཕྱིར་ཡང་ངོ་། །ཤིན་ ཏུ་དཀའ་བའི་ཁུར་ཁྱེར་བར་བཟོད་པའི་སྔོན་བྱོན་གྱི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཡོངས་སུ་འདས་པའི་དུས་ཀྱི་མཐའ། དིང་སང་ནི་ཚིག་འབྲུ་ཕྲ་མོ་ལྟ་ཞོག་གི ཚིག་དོན་མ་ལུས་པ་ན་བུན་བཞིན་དུ་ཡལ་བ་ན་ཡང་། 1-665 ཡིད་སྐྱོ་བ་ཟུར་ཙམ་ཡང་མེད་པའི་བསྟན་འཛིན་གྱི་སྐྱེས་བུར་རྗེས་སུ་རློམ་པ་དག་གིས་བགྱི་བ་ལ་མཚོན་པ་ན། ཕྲེང་ཆད་ཀྱི་གནས་ཕྲ་མོ་གཅིག་ཙམ་གྱི་གནད་དགོངས་པ་ལ་ཡང་། རབ་ དགའ་ཐོབ་པའི་རྒྱལ་སྲས་བཞིན་དུ་ཐུགས་རངས་པ་དང་། རྒྱལ་བུ་ཐམས་ཅད་སྒྲོལ་ལྟར་དངོས་པོ་ཐམས་ཅད་ལ་མ་ཆགས་པའི་ཐུགས་ཀྱིས་སྒོ་རུམ་གྱི་དཀོན་གཉེར་དག་ལ་རྣམ་པར་དག་པའི་ཡིད་མགུ་ བ་བསྐྱེད་པའི་སྒོ་དུ་མས་བསམ་པ་ཡོངས་སུ་བསྐང་བར་མཛད་དེ། དེ་ལྟའི་སྐབས་ནས་མཚོན་དོན་དུ་བརྗོད་པའི་ཕྲ་མོའི་གནས་འདིས་མཚོན་པའི་གཟིགས་པ་རྒྱ་མཚོའི་ཕ་རོལ་དུ་སོན་པའི་ཚུན་སྟོན་ པར་མཛད་དོ། །སྤྱིར་ཡང་རྗེ་བཙུན་མཆོག་འདི་གཞན་སྣང་དུ་ས་སྐྱའི་བླ་མ་གོང་མ་དག་ལ་ཐུགས་མི་ཕྱེད་པའི་དད་པའི་ཕུལ་ཆེས་ཆེ་བའི་རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་སྟོབས་ཀྱིས། གོང་མ་ ཕལ་གྱི་ཕྱག་བྲིས་དངོས་ཀྱི་ཕྱག་དཔེ་ཡང་གྲངས་ལས་འདས་པ་ཕྱག་ཏུ་བབས་ཤིང་། བདག་གི་མིག་ཡུལ་དུ་མཐོང་བ་ལ་ཡང་། གཅིག་པུས་ན་ལ་རྩེར་བྲིས་ཟེར་བའི། ས་ཆེན་གྱི་ཕྱག་བྲིས་དངོས་ ཀྱི་རྟོག་བདུན་མཆན་སྦྱར་ཞིག་དང་། ས་པཎ་གྱི་ཕྱག་བྲིས་ཡིན་གསུང་བའི་རྒྱུད་ཀྱི་ཟིན་ཐོ་ཤིན་ཏུ་མང་བ་ཞིག་ངེས་པར་འབྱུང་ལ། དགོངས་ཇའི་སྐབས་འགའ་རེར་གསུང་འཕྲོས་ལ། ཨེ་ཝཾ་ཆོས་ལྡན་ན་བཞུགས་པའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཕྱག་བྲིས་དངོས་ཀྱི་ཕྱག་དཔེ་དེ་དང་། 1-666 རང་རེའི་ལག་ན་ཡོད་པའི་རྗེ་ས་ཆེན་གྱི་ཕྱག་བྲིས་རྟོག་བདུན་མལ་འགྱུར་མཆན་བཅས་འདི་གཉིས་ཤིན་ཏུ་འདྲ་བར་འདུག་ཅིང་། ཞིབ་ཏུ་དཔྱད་ན་རྗེ་བཙུན་སོ་སོའི་ཕྱག་བྲིས་ཀྱི་བབས་ཡིག་འབྲུའི་ ཚུགས་རེ་རེ་ནས་ཨེན་མི་གཅིག་པར་འདུག་པས་མིག་ལམ་དུ་བྱུང་ན་སོ་སོར་ངོ་ཤེས་པ་ཡོད་གསུང་བ་དང་། ཡང་དེའི་འཕྲོས་ལ་ཨེ་ཝཾ་ན་བཞུགས་པའི་གླེགས་བམ་དེ་ཉིད་ཀྱི་ཡ་གླེགས་ མ་གླེགས་ཕྱི་ནང་གི་རི་མོ་ཀུན་ཀྱང་རྗེ་བཙུན་ཉིད་ཀྱི་ཕྱག་རིས་དངོས་ཡིན། དེ་ཡང་མ་གླེགས་ལ་བདག་མེད་མ། བིརྺ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷུ་ཏི་པ་རྣམས་ ཡོད་པའི་བདག་མེད་མ་ལ་དབུ་སྐྲ་སེར་པོ་བུམ་ལྟོའི་རྣམ་པ་ཅན་གཙུག་ཏུ་བཅིངས་པ། གྲི་གུག་ཐུགས་ཁར་བཟུང་ཞིང་། ཐོད་ཁྲག་བཟུང་བའི་ཕྱག་མདུན་ངོས་སུ་བརྐྱང་པ། ཞབས་གཉིས་རོལ་སྟབས་སུ་ བཞུགས་ཤིང་སྟག་གི་ལ
【現代漢語翻譯】 對於丹·謝拉(Dan Sherab,人名)來說,爲了彌補《勝者之母》(Gyälwai Yum,般若波羅蜜多)中缺失的部分,甚至不惜前往尼泊爾,爲了這樣細微的佛法而努力。能夠承受如此艱難重任的先賢聖者們,如今已是過去時。現在,不要說細微的字句,就連全部的詞義都如霧般消散。 然而,那些自詡為佛法傳承者的人,卻對此毫不惋惜。他們所做的事情,就像對於念珠斷了一顆珠子這樣微小的事情,也像得到拉達(Rabga,人名)王子一樣高興。他們對於一切事物都毫無執著,以純潔的心靈滿足寺院的執事們,用各種方式來滿足他們的願望。從這些小事就可以看出,他們的智慧已經超越了海洋。總的來說,這位至尊上師(Jetsun,對上師的尊稱)在他人眼中,對薩迦派(Sakya)的上師們有著無比的虔誠,憑藉著甚深緣起的加持力,他得到了無數薩迦派上師的親筆手稿。我親眼所見,僅憑一本被稱為『那拉孜所寫』的薩欽(Sachen,人名)親筆註釋,以及薩迦班智達(Sakyapaṇḍita)的眾多手稿,就足以證明這一點。在一次茶話會上,他說:『埃旺寺(E-wam Chöden)的至尊扎巴堅贊(Jetsun Drakpa Gyaltsen)的親筆手稿,和我們手中的薩欽親筆《七支》註釋非常相似。仔細研究,會發現每位至尊的筆跡和字形都略有不同,如果親眼見到,就能分辨出來。』他還說,埃旺寺的那部經書的封面和封底上的圖畫,都是至尊本人親手繪製的。封底上畫著無我母(Dakméma,藏文:བདག་མེད་མ།,梵文天城體:नैरात्म्य,梵文羅馬擬音:Nairātmyā,漢語字面意思:無我),毗盧巴(Birupa,藏文:བིརྺ་པ།,梵文天城體:विरूप,梵文羅馬擬音:Virūpa,漢語字面意思:毗盧巴),黑行者(Nakpopa,藏文:ནག་པོ་པ།,梵文天城體:कृष्णपाद,梵文羅馬擬音:Kṛṣṇapāda,漢語字面意思:黑行者),達瑪如巴(Ḍāmarupa,藏文:ཌཱ་མ་རུ་པ།,梵文天城體:डमरुकपाद,梵文羅馬擬音:Ḍamarukapāda,漢語字面意思:達瑪如巴),阿瓦都帝巴(Awadhutipa,藏文:ཨ་ཝ་དྷུ་ཏི་པ།,梵文天城體:अवधूतपाद,梵文羅馬擬音:Avadhūtapāda,漢語字面意思:阿瓦都帝巴)等。其中,無我母的頭髮是黃色的,像寶瓶一樣束在頭頂,右手拿著彎刀放在胸前,左手拿著盛滿血的頭蓋骨伸向前方,雙腿以遊戲姿勢坐著,身穿虎皮。
【English Translation】 For Dan Sherab, even going to Nepal to make up for the missing parts of ‘The Mother of the Victorious Ones’ (Gyälwai Yum, Prajñāpāramitā) was worth it, even for such subtle Dharma. The holy beings of the past who could bear such difficult burdens are now gone. Now, not to mention the subtle words, even the entire meaning of the words has vanished like mist. However, those who claim to be the holders of the Dharma do not regret this at all. What they do is like being as happy as if they had obtained Prince Rabga for such a small matter as a broken bead in a rosary. They are not attached to anything, and they satisfy the stewards of the monastery with pure hearts, fulfilling their wishes in various ways. From these small things, it can be seen that their wisdom has surpassed the ocean. In general, this supreme master (Jetsun) in the eyes of others, has immense devotion to the Sakya masters, and by the power of profound dependent origination, he has obtained countless handwritten manuscripts of the Sakya masters. I have seen with my own eyes that just one handwritten commentary by Sachen, called ‘Written at Naratse,’ and many manuscripts of Sakya Paṇḍita are enough to prove this. At a tea party, he said: ‘The handwritten manuscript of Jetsun Drakpa Gyaltsen at E-wam Chöden Monastery and the Sachen’s handwritten ‘Seven Branches’ commentary with annotations in our hands are very similar. Upon careful study, it will be found that the handwriting and font of each Jetsun are slightly different, and if you see them with your own eyes, you will be able to distinguish them.’ He also said that the pictures on the front and back covers of that scripture in E-wam Monastery were all hand-drawn by Jetsun himself. On the back cover are Dakméma (Tibetan: བདག་མེད་མ།, Sanskrit Devanagari: नैरात्म्य, Sanskrit Romanization: Nairātmyā, Chinese literal meaning: Selfless Mother), Birupa (Tibetan: བིརྺ་པ།, Sanskrit Devanagari: विरूप, Sanskrit Romanization: Virūpa, Chinese literal meaning: Ugly One), Nakpopa (Tibetan: ནག་པོ་པ།, Sanskrit Devanagari: कृष्णपाद, Sanskrit Romanization: Kṛṣṇapāda, Chinese literal meaning: Black Walker), Ḍāmarupa (Tibetan: ཌཱ་མ་རུ་པ།, Sanskrit Devanagari: डमरुकपाद, Sanskrit Romanization: Ḍamarukapāda, Chinese literal meaning: Ḍamaru Walker), Awadhutipa (Tibetan: ཨ་ཝ་དྷུ་ཏི་པ།, Sanskrit Devanagari: अवधूतपाद, Sanskrit Romanization: Avadhūtapāda, Chinese literal meaning: Renunciate Walker) and so on. Among them, the hair of the Selfless Mother is yellow, tied on the top of her head like a vase, holding a curved knife in her right hand in front of her chest, holding a skull filled with blood in her left hand extended forward, sitting in a playful posture with her legs, wearing a tiger skin.
ུགས་པའི་ཤམ་ཐབས་ཅན། ཐོད་སྐམ་ལྔའི་ཅོད་པན་དང་ལྔ་བཅུའི་དོ་ཤལ་ཡོད་པ། བིརྺ་པའི་ཕྱག་གཡས་ན་ར་གཤོར་དུ་ཆང་བཟུང་ནས་དེའི་རྒྱུན་ཞལ་དུ་གསོལ་བ། དབུ་སྐྲ་ ཐོར་བཙུགས་སོགས་མེད་པའི་ཅོ་རེག དེའི་འོག་ན་གངྒཱ་གྱེན་བཟློག་གི་མཚོན་དོན་གྱི་ཆུ་བོ་དང་ལྷ་བརྟེན་བཀས་པའི་ལིངྒའི་གཟུགས་དང་། ལྷ་མོ་ཙཎྜི་ཀའི་སྐུ་དང་། སློབ་མའི་མཆོག་ཌོཾ་བྷི་ཧེ་རུ་ཀ་སྟག་ལ་ཞོན་པ་མཚོན་གང་པ་གཅིག 1-667 ཞལ་གྱི་ཐད་ན་འབུ་དང་ཕྱེ་མ་ལེབ་སོགས་སྲོག་ཆགས་ཕྲ་མོའི་གཟུགས་བརྙན་ཁ་རེ་ཡང་བྲིས་འདུག་སྟེ། རྣམ་ཐར་ཞིང་བཀོད་དུ་བྱས་པར་འདུག་གསུང་། བིརྺ་པ་དང་ནག་པོ་པ་གཉིས་ཀ་སྐུ་ མདོག་དུ་ཁ་ནག་པོ་པ་རལ་པའི་ཐོར་གཙུག་གི་རྣམ་པ་ཨེན་ཀྱང་ཡོད། ཌཱ་མ་རུ་པ་སྐུ་མདོག་མི་ཤ་ཁ་དམར་བ། ཅོ་རེག་ལས་རལ་པའི་ཐོར་ཅོག་སོགས་མེད་པ། ཌཱ་མ་རུ་ པ་ཐོད་པ་བསྣམས་ཤིང་ཁ་ཊྭཱཾ་ག་ཡང་འཆན་ཁུང་ན་ཡོད། ཨ་ཝ་དྷུ་ཏི་པ་སྐུ་མདོག་དཀར་པོ་རྣམ་ཐར་ན་ཡོད་པའི་བྱིས་པ་དང་རྩེད་མོ་རྩེ་བའི་མཚོན་དོན་ཡིན་པ་འདྲ། སྐུ་ འཁྲིས་ན་བྱིས་པ་གཅིག་ཀྱང་བྲིས་འདུག འདི་ཡང་དབུ་ཅོ་རེག་མ་གཙུག་ན་ལྟག་ལྷས་ལྟ་བུའི་དབུ་སྐྲ་འབུར་བར་འདུག རྒྱ་གར་གྱི་གྲུབ་ཐོབ་འདི་རྣམས་ལ་སྟོད་གཡོགས། སྨད་གཡོགས་སོགས་མེད་པའི་ སྐུ་གཅེར་བུ། བྲང་སྤུ་རིང་པོ་ཨོ་ཀོ་ནས་གསང་སྒོའི་བར་དུ་སོན་པ། ཐད་ཐད་ན་མཚན་རྣམས་དབུ་ཅན་དུ་བཏབ་ཡོད། མ་གླེགས་ལ། ག་ཡ་དྷ་ར། འབྲོག་མི། སེ་སྟོན། ཞང་སྟོན། ས་ ཆེན་རྣམས་ཡོད་པ་ལས། ག་ཡ་དྷ་ར་པཎ་ཞྭ་དམར་པོ། ནམ་བཟའ་དཀར་པོ། སྐུ་མདོག་ཤིན་ཏུ་དཀར་བ། ཞལ་རྒྱན་ཨག་ཚོམ་ནག་པོ། ཕྱག་གཉིས་ཆོས་འཆད་མཛད་པ། འབྲོག་མི་དབུ་སྐྲ་དང་ཞལ་བརྒྱན་དཀར་པོ་ལ། 1-668 དབུ་ལ་གྭ་དཀྱིལ་འཁོར་གྱི་མགུ་ན་ཧ་རི་ལྟ་བུ། ཤ་འགག ཆོས་གོས་སོགས་དགེ་སློང་གི་རྣམ་པ། ཞབས་ལྷམ་སྲེའོ་གཅིག་འདུག་པ་སྤུ་ཟོན་ཡིན་པར་སྣང་གསུང་། སེ་སྟོན་ནང་ལ་ན་བཟའ་ འཕུ་དུང་མ་དམར་པོ་ཞིག་དང་། ཕྱི་ལ་བཅམ་རྩེ་དམར་པོ་གསོལ་བ། དབུ་སྐྲ་ཨག་ཚོམས་རྣམས་ནག་པོ། ཞང་སྟོན་དབུ་སྐྲའི་མཚམས་ཤིན་ཏུ་དམའ་ཞིང་། དབུ་ལོ་དཀར་བ། ཕྱག་གཡས་ཐུགས་ཁར་ཆོས་ འཆད་དང་། གཡོན་མཉམ་གཞག་དཔང་པར་མཛད་པ། ནམ་བཟའ་ཆོས་གོས་ཕྱི་ལ་ཅམ་སེ་སེར་པོ། དེའི་ནང་ལ་སྤུའི་རི་མོ་འདུག་པ་ར་ཐུལ་ཡིན་ནམ་གསུང་། ས་ཆེན་ནང་ལ་གོས་མཆིན་ལ། ཕྱི་ ལ་ཅམ་སེ་དཀར་པོ་གསོལ་བ། སྤུ་ཟོན་བསྣམས་ཞིང་རོལ་སྟབས་སུ་བཞུགས་པ་ཕྱག་གཡས་མཆོག་སྦྱིན། གཡོན་ཐུགས་ཁར་སྐྱབས་སྦྱིན་མཛད་པ། བཞུགས་གདན་གྲུམ་ཟེ་ཞིག་སྣང་ཞིང་། མཚན་རྣམས་ཐད་ཐད་ན་དབུ་ ཅན་དུ་བཏབ་ཡོད་ཅིང་། འཇུག་ན་བླ་མ་རྗེ་བཙུན་རྣམས་ཀྱིས་དགེ་བསྙེན་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་ལ་བྱིན་གྱིས་རློབས་ཤིག ཅེས་པ་
【現代漢語翻譯】 身著骨飾裙,頭戴五骷髏冠,佩戴五十人頭項鍊。Virupa(毗盧巴,印度佛教大師)的右手拿著顱器,飲用其中的酒。頭髮沒有束成髮髻,而是散亂的。下方繪有象徵恒河逆流的河流,以及林伽(男性生殖器象徵)和女神旃ḍikā(旃ḍī,印度教女神)的形象。傑出的弟子Ḍombi Heruka(多姆比·赫魯卡,印度教和佛教大師)騎在老虎上,佔據了畫面的一部分。 在臉的旁邊,還畫有昆蟲和蝴蝶等微小生物的形象,似乎是將傳記描繪成了一幅田園風光。據說,Virupa(毗盧巴)和Nagpopa(那波巴,印度佛教大師)的膚色都是黑色的,但Nagpopa(那波巴)的髮型是蓬亂的。Ḍāmarupa(達瑪魯巴,印度教神祇)的膚色是紅色的,像生肉一樣。他沒有髮髻,而是散發著頭髮。Ḍāmarupa(達瑪魯巴)拿著顱器,肩上扛著卡杖嘎(天杖)。Avadhūtipa(阿瓦都提巴,印度教苦行僧)的膚色是白色的,他的傳記似乎象徵著他與孩子們玩耍。他的旁邊也畫了一個孩子。他的頭上也沒有髮髻,但有一個像後腦勺一樣突出的髮型。這些印度成就者都沒有上衣和下裝,赤身裸體。胸毛很長,從胸部一直延伸到生殖器。每個名字都用大寫字母標出。在母本中,有Gayadhara(嘎雅達拉,印度佛教大師),‘Brokmi(仲彌,藏族譯師),Setön(賽敦,藏族譯師),Zhangtön(香敦,藏族譯師),Sachen(薩欽,藏族佛教大師)等人。其中,Gayadhara(嘎雅達拉)戴著紅色班智達帽,穿著白色內衣,膚色非常白皙,鬍鬚是黑色的,雙手在說法。‘Brokmi(仲彌)的頭髮和鬍鬚都是白色的,頭上戴著一個像哈日一樣的嘎瓦。他穿著僧侶的服裝,腳上穿著一雙鞋子,看起來像是Puzön(普尊,藏族譯師)。Setön(賽敦)裡面穿著一件紅色的’P’u Dungma(一種紅色內衣),外面穿著一件紅色的’Cham Tse(一種紅色外衣)。頭髮和鬍鬚都是黑色的。Zhangtön(香敦)的髮際線非常低,頭髮是白色的。右手在胸前說法,左手放在腿上。內穿僧侶的服裝,外穿黃色的’Cham Se(一種黃色外衣)。據說裡面有毛皮圖案,可能是Rathul(拉圖)。Sachen(薩欽)裡面穿著絲綢,外面穿著白色的’Cham Se(一種白色外衣)。他拿著Puzön(普尊),以一種放鬆的姿勢坐著,右手施予勝施印,左手在胸前施予救護印。坐墊看起來像一個鼓。每個名字都用大寫字母標出。最後寫著:愿上師杰尊(至尊)們加持居士瑜伽士扎巴堅贊!’ With a skirt of bone ornaments, a crown of five skulls, and a necklace of fifty heads. Virupa (Indian Buddhist master) holds a skull cup in his right hand, drinking the liquor from it. His hair is not tied up but is disheveled. Below are depicted a river symbolizing the reversal of the Ganges, as well as images of a lingam (symbol of male genitalia) and the goddess Caṇḍikā (Caṇḍī, Hindu goddess). The eminent disciple Ḍombi Heruka (Indian and Buddhist master) rides a tiger, occupying part of the scene. Next to the face, there are also images of small creatures such as insects and butterflies, seemingly depicting the biography as a pastoral scene. It is said that both Virupa and Nagpopa (Indian Buddhist master) are black in complexion, but Nagpopa’s hairstyle is disheveled. Ḍāmarupa (Hindu deity) is red in complexion, like raw meat. He has no topknot but has loose hair. Ḍāmarupa holds a skull cup and carries a khaṭvāṅga (celestial staff) on his shoulder. Avadhūtipa (Hindu ascetic) is white in complexion, and his biography seems to symbolize him playing with children. A child is also depicted next to him. He also has no topknot, but there is a bulge of hair like the back of the head. These Indian siddhas have no upper or lower garments, being naked. The chest hair is long, extending from the chest to the genitals. Each name is capitalized. In the mother text, there are Gayadhara (Indian Buddhist master), ‘Brokmi (Tibetan translator), Setön (Tibetan translator), Zhangtön (Tibetan translator), Sachen (Tibetan Buddhist master), etc. Among them, Gayadhara wears a red paṇḍita hat, white inner garments, and is very fair in complexion, with a black beard. His two hands are teaching the Dharma. ‘Brokmi has white hair and beard, and wears a gawa (amulet box) on his head like Hari. He wears monastic robes, and there is a pair of shoes on his feet, which seem to be Puzön. Setön wears a red ‘P’u Dungma (a type of red inner garment) inside and a red ‘Cham Tse (a type of red outer garment) outside. His hair and beard are black. Zhangtön has a very low hairline and white hair. His right hand is teaching the Dharma at his chest, and his left hand is in the meditation mudra on his lap. He wears monastic robes inside and a yellow ‘Cham Se (a type of yellow outer garment) outside. It is said that there is a fur pattern inside, possibly Rathul. Sachen wears silk inside and a white ‘Cham Se (a type of white outer garment) outside. He holds a Puzön and sits in a relaxed posture, with his right hand giving the varada mudra and his left hand giving the refuge mudra at his chest. The seat looks like a drum. Each name is capitalized. At the end, it says: May the masters Jetsun (Venerable Ones) bless the lay yogi Drakpa Gyaltsen!’
【English Translation】 身著骨飾裙,頭戴五骷髏冠,佩戴五十人頭項鍊。Virupa(毗盧巴,印度佛教大師)的右手拿著顱器,飲用其中的酒。頭髮沒有束成髮髻,而是散亂的。下方繪有象徵恒河逆流的河流,以及林伽(男性生殖器象徵)和女神旃ḍikā(旃ḍī,印度教女神)的形象。傑出的弟子Ḍombi Heruka(多姆比·赫魯卡,印度教和佛教大師)騎在老虎上,佔據了畫面的一部分。 在臉的旁邊,還畫有昆蟲和蝴蝶等微小生物的形象,似乎是將傳記描繪成了一幅田園風光。據說,Virupa(毗盧巴)和Nagpopa(那波巴,印度佛教大師)的膚色都是黑色的,但Nagpopa(那波巴)的髮型是蓬亂的。Ḍāmarupa(達瑪魯巴,印度教神祇)的膚色是紅色的,像生肉一樣。他沒有髮髻,而是散發著頭髮。Ḍāmarupa(達瑪魯巴)拿著顱器,肩上扛著卡杖嘎(天杖)。Avadhūtipa(阿瓦都提巴,印度教苦行僧)的膚色是白色的,他的傳記似乎象徵著他與孩子們玩耍。他的旁邊也畫了一個孩子。他的頭上也沒有髮髻,但有一個像後腦勺一樣突出的髮型。這些印度成就者都沒有上衣和下裝,赤身裸體。胸毛很長,從胸部一直延伸到生殖器。每個名字都用大寫字母標出。在母本中,有Gayadhara(嘎雅達拉,印度佛教大師),‘Brokmi(仲彌,藏族譯師),Setön(賽敦,藏族譯師),Zhangtön(香敦,藏族譯師),Sachen(薩欽,藏族佛教大師)等人。其中,Gayadhara(嘎雅達拉)戴著紅色班智達帽,穿著白色內衣,膚色非常白皙,鬍鬚是黑色的,雙手在說法。‘Brokmi(仲彌)的頭髮和鬍鬚都是白色的,頭上戴著一個像哈日一樣的嘎瓦。他穿著僧侶的服裝,腳上穿著一雙鞋子,看起來像是Puzön(普尊,藏族譯師)。Setön(賽敦)裡面穿著一件紅色的’P’u Dungma(一種紅色內衣),外面穿著一件紅色的’Cham Tse(一種紅色外衣)。頭髮和鬍鬚都是黑色的。Zhangtön(香敦)的髮際線非常低,頭髮是白色的。右手在胸前說法,左手放在腿上。內穿僧侶的服裝,外穿黃色的’Cham Se(一種黃色外衣)。據說裡面有毛皮圖案,可能是Rathul(拉圖)。Sachen(薩欽)裡面穿著絲綢,外面穿著白色的’Cham Se(一種白色外衣)。他拿著Puzön(普尊),以一種放鬆的姿勢坐著,右手施予勝施印,左手在胸前施予救護印。坐墊看起來像一個鼓。每個名字都用大寫字母標出。最後寫著:愿上師杰尊(至尊)們加持居士瑜伽士扎巴堅贊!’
ཡང་ཡོད། གླེགས་ཤིང་གི་ཕྱིའི་རི་མོ་ལ་པ་ཏྲ་ དམར་པོའི་དབུས་ན། ཡ་གླེགས་ལ་རྡོ་རྗེ་དང་། མ་གླེགས་ལ་རིན་པོ་ཆེ་བྲིས་ཡོད་པའི་མཚོན་དོན་གསུང་ངག་རིན་པོ་ཆེ་འདི་ཉིད་རྡོ་རྗེ་ལྟར་རྟོགས་དཀའ། རྟོགས་ན་དགོས་འདོད་སྩོལ་བ་ནོར་བུ་དང་མཚུངས་པའི་དཔེ་བརྗོད་ཡིན་པ་འདྲ། 1-669 རྗེ་བཙུན་ཕྱག་བྲིས་དངོས་ཀྱི་གླེགས་བམ་འདིའི་འཇུག་ན། རྣལ་འབྱོར་ཆེན་པོ་མཆོག་གི་ལམ། །ཡོན་ཏན་ཀུན་གྱིས་བརྒྱན་པ་འདི། །གྲགས་པས་ཀུན་ཏུ་རྣམ་ཁྱབ་པ། །ས་སྐྱའི་མཚན་དང་ལྡན་དེས་མཛད། །ཐམས་ ཅད་མཁྱེན་པ་ཡིས་ནི་རྟེན་གྱུར་ཞིང་། །ཡོན་ཏན་མ་ལུས་བསྐྱེད་པའི་གཞིར་གྱུར་པའི། །ས་སྐྱ་ཞེས་བྱའི་གཙུག་ལག་ཁང་ཆེན་དུ། །གྲགས་པ་རྒྱལ་མཚན་བདག་གིས་གུས་པས་བླངས། །སྦྱིན་པར་བྱ་བའི་ཆོས་ འདི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིའོ། །ཞེས་པའི་ཚིག་བཅད་འདི་གླེགས་བམ་བྱིངས་ན་མི་སྣང་། སྔ་གོང་རྩེ་གདོང་དུ་དཀར་ཤཱཀྱ་གྲགས་ཀྱི་ཕྱག་དཔེ་ཕྱག་བྲིས་མ་གཅིག་མཐོང་བ་དེའི་མཇུག་ན། ཀུན་མཁྱེན་བརྩེ་ཆེན་བརྩེ་ལྡན་ལས་འོང་ཞིང་། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པའི་ལམ། །ཚེ་འདི་ཉིད་ལ་འབྲས་བུ་མཆོག་སྟེར་བའི། །ས་མཆོག་རིན་ཆེན་ལས་གྲུབ་གཞལ་མེད་ཁང་། །སྐྱ་རེང་ལྟ་བུར་ ཡིད་དུ་འོང་བ་དེར། །བརྗིད་ལྡན་གྲགས་པའི་གསུང་གི་རིན་ཆེན་གཏེར། །མི་འགྱུར་རྒྱལ་མཚན་རབ་ཐོབ་རྣལ་འབྱོར་པའི། །ཞབས་པད་ལ་གུས་ཤཱཀྱ་གྲགས་ཀྱིས་བླངས། །ཞེས་པའི་ཚིག་བཅད་འདི་འདུག འདི་གཉིས་དང་ ཨེ་ཝཾ་ན་ཡོད་པའི་ས་པཎ་གྱི་ཡིག་མཁན། རྣལ་འབྱོར་པ་རྡོ་རྗེ་གྲགས་ཀྱི་བྲིས་པ་གསུམ་ཀ་ཡང་ཚིག་རིགས་ཨེན་རེ་མི་མཐུན་པ་ཡང་འདུག་གོ་གསུང་ཞིང་། རྗེ་བཙུན་གྱི་ཕྱག་བྲིས་དངོས་ལ་ཕྱི་མོ་མཛད་ནས་གོང་བཞིན་དུ་བྲིས་པའི་གླེགས་བམ་རྗེ་བཙུན་ཆོས་ཀྱི་རྗེ་ཉིད་ཀྱི་ཕྱག་དཔེའི་གཙོ་བོར་ཡང་བཞུགས་ཤིང་། 1-670 དེ་ཉིད་ལ་ཕྱི་མོ་མཛད། དུས་ཕྱིས་ཐང་ཀ་ཆུང་ངུ་གཉིས་འབྲི་བར་མཛད་པའི་ཐང་ཀ་ཅིག་ལ་བདག་མེད་མ་དང་བིརྺ་པ་ཞལ་སྤྲོད། གཅིག་ལ་རྗེ་རྡོ་རྗེ་འཆང་ཡབ་སྲས་ཞལ་སྤྲོད་དུ་ མཛད་པའི་ལྷ་མགྲོན་མཐའ་སྐོར་དུ་གསུང་ངག་བརྒྱུད་པ་ཚང་བའི་ཐུགས་དམ་རས་བྲིས་གཉིས་ཀྱང་ད་ལྟ་ཡང་བཞུགས་སོ། །གཞན་ཡང་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོ་ཉིད་ན་བཞུགས་པའི་རྗེ་བཙུན་ ཉིད་ཀྱི་ཕྱག་བྲིས་དངོས། ཡིན་ཐང་དུ་གྲགས་པ་ལ་ཞིབ་ཏུ་གཟིགས་ནས། བཀོད་པའི་ཚུལ་ཇི་ལྟ་བ་བཞིན་དུ་ཕྲ་མོ་རེ་རེ་ནས་འབྲི་བར་མཛད་པའི་བྲི་ཡིག་དེ་ཡང་རྩོམ་པར་མཛད་ཅིང་། དེའི་མཇུག་ཏུ་འདི་སྐད་དུ། རྣལ་འབྱོར་དབང་ཕྱུག་བརྩེ་ཆེན་གང་དེའི་སྐུ། །གྲུབ་པ་མཆོག་གི་བཀོད་པ་ལས་འོངས་པ། །ཤིན་ཏུ་དག་པར་བྱ་ཕྱིར་ཚུལ་འདི་ཡང་། །ཇི་བཞིན་མཐོང་བའི་མོད་ལ་ངས་ བཀོད་དོ། །ཞ
【現代漢語翻譯】 還有,書頁外側的圖案是紅色蓮花瓣的中心。上頁畫著金剛杵,下頁畫著珍寶,這象徵著殊勝的口頭傳承,如金剛般難以證悟,一旦證悟,就像如意寶珠一樣能滿足一切願望。 1-669 在這部杰尊(Jetsun,尊者)親筆書寫的書的結尾寫道:『偉大的瑜伽士至高之道,以一切功德莊嚴,名聲遠揚,由具薩迦(Sakya)之名者所作。』一切智者是其所依,是生起一切功德之基。我,扎巴堅贊(Grakpa Gyaltsen),在名為薩迦的大寺廟中恭敬地接受了它。這部應被施予的法是瑜伽士扎巴堅讚的。這段詩句在整部書中並不存在。之前在策東(Tse-tong)見過噶爾夏加扎(Kar Shakya-grak)的手稿,其結尾寫道:『從一切智者大悲者而來,成就一切智者之道,此生即賜予殊勝果實,由珍寶所成的殊勝之地無量宮殿。』在那如星光般令人愉悅的地方,我,擁有不變的勝利幢的瑜伽士夏加扎,恭敬地接受了光輝扎巴的珍貴之語。這段詩句在那裡。這兩段以及埃旺(E-wam)的薩迦班智達(Sa-pan)的抄寫員,瑜伽士多吉扎巴(Dorje-grak)所寫的三個版本,其詞句也略有不同。』據說,以杰尊的親筆手稿為底稿,如上所述抄寫的書,也是杰尊曲吉杰(Chokyi Je,法主)本人的主要手稿。 1-670 以那部手稿為底稿。後來繪製了兩幅小唐卡(Thangka,卷軸畫),其中一幅畫的是無我母(Bdagmedma)和毗瓦巴(Virupa)會面,另一幅畫的是杰多吉羌(Je Dorje Chang,金剛持尊者)父子會面,這兩幅畫有口頭傳承所有傳承上師圍繞的誓言唐卡至今仍然存在。此外,在吉祥薩迦大寺中,有一部被稱為『因塘』(Yinthang)的杰尊親筆手稿,仔細觀察后,按照其佈局,連細微之處都一一抄寫的抄本也被創作出來。 在那抄本的結尾寫道:『瑜伽自在者大悲者的身,從至高成就的佈局而來,爲了使其極其清凈,此方式也是,在如實見到的瞬間我便記錄了下來。』
【English Translation】 Furthermore, the outer pattern of the wooden book cover is a red lotus petal in the center. On the upper cover is a vajra (diamond scepter), and on the lower cover is a jewel, symbolizing the precious oral transmission, which is as difficult to realize as a vajra, and once realized, is like a wish-fulfilling jewel that grants all desires. 1-669 At the end of this book personally written by Jetsun (Venerable), it says: ‘The supreme path of the great yogi, adorned with all virtues, whose fame spreads everywhere, was made by one with the name Sakya.’ The all-knowing one is its support, the basis for generating all virtues. I, Grakpa Gyaltsen, respectfully received it in the great temple called Sakya. This Dharma to be given is of the yogi Grakpa Gyaltsen.’ This verse does not appear in the entire book. Previously, in Tse-tong, I saw a manuscript by Kar Shakya-grak, which ended with: ‘Coming from the all-knowing, great compassionate one, the path to achieve all-knowingness, which bestows supreme fruit in this very life, the immeasurable palace made of precious supreme land.’ In that delightful place like starlight, I, Shakya-grak, a yogi with an unchangeable victory banner, respectfully received the precious words of the glorious Grakpa.’ This verse is there. These two, as well as the scribe of Sa-pan (Sakya Pandita) in E-wam, the three versions written by the yogi Dorje-grak, also have slightly different wording.’ It is said that the book copied as described above, using Jetsun’s own handwriting as the original, is also the main manuscript of Jetsun Chokyi Je (Lord of Dharma) himself. 1-670 Using that manuscript as the original. Later, two small Thangkas (scroll paintings) were painted, one depicting the meeting of Selfless Mother (Bdagmedma) and Virupa, and the other depicting the meeting of Je Dorje Chang (Vajradhara) and his sons. These two oath Thangkas, surrounded by all the lineage masters of the oral transmission, still exist today. In addition, in the great Dharma school of glorious Sakya, there is a manuscript of Jetsun himself called ‘Yinthang.’ After careful observation, a copy was created, copying every detail of its layout. At the end of that copy, it says: ‘The body of the yogi master, the great compassionate one, comes from the arrangement of supreme accomplishment. In order to make it extremely pure, this method was also recorded by me at the moment of seeing it as it is.’
ེས་འབྱུང་ཞིང་། དཔོན་པད་དོན་གྱིས་བཞེངས་པའི་ཡིན་ཐང་ཆུང་ཆུང་གཅིག་ཕྱག་ན་ཡང་བཞུགས། མདོར་ན་དཔལ་ས་སྐྱ་པའི་བསྟན་པའི་གནད་དོན་ཟབ་མོ་ལ་ནན་ཏན་དུ་གཞན་ངོར་ཤིན་ཏུ་ ཞིབ་མོའི་བློ་གྲོས་ཀྱི་དཔྱོད་པར་མཛད་པ་ལྟ་ཞོག་གི རྗེ་བཙུན་གོང་མ་དེ་དག་གི་སྐུའི་བཀོད་པ་ཆ་ཤས་རེ་རེ་ལ་ཡང་རྗེས་སུ་དགོངས་པའི་རྣམ་གྲངས་རི་མོ་མཁན་མཁས་པ་སྐུ་གཟུགས་ཀྱི་ཚད་ལ་རྗེས་སུ་རྟོག་པ་ལྟར་མཛད་དེ། 1-671 གསུང་ལས་ཀྱང་བླ་མ་ས་སྐྱ་པ་ཆེན་པོའི་ཞལ་གྱི་དཀྱིལ་འཁོར་ནི་འཇིག་རྟེན་གྱི་ཐ་སྙད་ལུག་གདོང་དུ་གྲགས་པ་དེ་ཉིད་ཡིན་ཞིང་། དབུ་སྐྲ་ཧ་ཅང་དཀར་བ་ཡང་མ་ཡིན། དབུ་སྐྲའི་ སུ་རུ་འཁྱིལ་བའི་བར་གྱི་ཆ་ལ་ཡང་། དབུ་སྐྲ་ཤིན་ཏུ་སྲབ་པའི་རྒྱུན་མ་ཆད་པ་ཞིག་ཡིན་ཐང་ལ་སྣང་། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། སྐུ་ཤ་ཤིན་ཏུ་སྲབ་པ་ལ། ཞལ་ཀོ་དཀྱུས་རིང་བ་ཅུང་ཞིག་སྐྱོང་བའི་རྣམ་པ། དབུ་སྐྲ་འཐེན་ན་སྙན་ཞལ་ཙམ་དུ་སླེབ་པ་ལ། ད་ལྟ་ལུག་རུའི་རྣམ་པས་སྙན་གོང་མི་འདའ་བར་རང་སོར་གནས་པ། རྗེ་བཙུན་རིན་ པོ་ཆེ་གྲགས་པ་རྒྱལ་མཚན། སྤྱི་བབས་ཞལ་དཀྱུས་རིང་ཞིང་། ཤིན་ཏུ་བགྲེས་པའི་རྣམ་པ་ཅན། དབུ་ལོ་དཀར་པོ་སེར་མདངས་དང་བཅས་པ་ཞལ་རྒྱ་ཉིས་སྦྲག་འོང་གསུང་ཞིང་། ཞང་སྟོན་གྱིས་བཞེངས་པའི་ རྗེ་བཙུན་གྱི་སྐུ་འདྲ་ཕྱག་ནས་མ་ལམ་བསྐོར་དགུའི་བརྒྱུད་པས་བསྐོར་བ་ཨེ་ཝཾ་ན་བཞུགས་པ། དེ་ཉིད་ལ་ཕྱི་མོ་བྱས་པའི་བྲིས་ཐང་ཞིག་ཕྱག་བཞེངས་སུ་མཛད་པ་ད་ལྟ་ཡང་བཞུགས། ཆོས་ རྗེ་ས་སྐྱ་པཎ་ཆེན་ཞལ་དཀྱུས་རིང་ཞིང་ཤངས་རྒྱུད་བཟང་བ། བཤང་དབུས་ཟེངས་མཐོ་བ། དབུའི་གཙུག་ཏོར། སྨིན་མཚམས་གྱི་མཛོད་པུ་སོགས་རྒྱལ་བའི་མཚན་དཔེས་སྤྲས་པ་ཞིག་ཡིན་གསུང་། འདི་ཉིད་ཀྱི་གསེར་སྐུ་བླུག་མ། 1-672 ཙནྡན་དཀར་དམར། སྨན་ལྡིག རས་བྲིས་གྱེང་རིས་སོགས་བགྲང་བའི་ཡུལ་ལས་འདས་པ། གསེར་གྱི་བྲིས་ཐང་ལ་སྐུ་བརྒྱ་རྩ་ཚང་བའི་སྐུ་སྒྲུབ་པ། ཡང་དུས་ཉིན་ཚེར་གྲུབ་པ་མཛད་པ་ཉིད་ཡིན་ལ། ཆོས་ཀྱི་རྒྱལ་པོ་འཕགས་པ་ནི། སྐུའི་དཔལ་ཆེ་ཞིང་། སྐུ་འགྲམ་དང་། སྙན་གོང་རྒྱས་པ། དབུ་སྐྲའི་མཚམས་ཤིན་ཏུ་དམའ་ཞིང་། སྤྱན་དཀྱུས་རིང་ལ་ཡངས་པ། ཞལ་ཀོ་ཐུང་བ་རང་བཞིན་གྱི་འཛུམ་ཉམས་ དང་ལྡན་པ་ཞིག་ཡིན་ནོ་གསུང་ཞིང་། འདི་ཉིད་ཀྱི་སྐུ་ཡང་། ཆོས་རྗེ་ས་པཎ་དང་ཞལ་སྤྲོད་དུ་མཛད་པ་དང་། ལོགས་སུ་མཛད་པ་སོགས་བྲིས་ཐང་གི་བཀོད་པའི་ཁྱད་པར་དུ་མ་དང་ལྡན་ པ་རྗེས་སུ་སྒྲུབ་པར་མཛད་ཅིང་། འཁྲུལ་ཟད་ཀྱི་རྗེ་བཙུན་ཡབ་སྲས་ཁུ་དབོན། སངས་རྒྱས་དང་གཉིས་སུ་མ་མཆིས་པ་དེ་དག་གི་བཀའ་བསྒོ་ཞིང་དམ་ལ་བཞག་པའི། སྒོ་རུམ་གྱི་རྡོ་རྗེ་ནག་ པོ་ཆེན་པོ་གྷཾ་ལི་མ་ཧཱ་ཀ་ལ་ཉིད་ཀྱི་སྤྱན་མངར་མཆོད་གཏོར་གྱི་རྣལ་འབྱོར་རྒ
【現代漢語翻譯】 還拿著由耶雄(地名)出生,由大臣貝頓(人名)建造的小小唐卡。總之,對於薩迦派教法深奧的關鍵問題,不僅以極其細緻的智慧去觀察,甚至對於杰尊(尊稱)上師們身體的每一個部分,也像繪畫大師揣摩身像的尺寸一樣,進行追憶。 據說,薩迦派大喇嘛的面容,就是世俗所說的『羊面』,頭髮也不是很白。頭髮捲曲之間的部分,頭髮非常稀疏,看似連續不斷。索南澤莫(人名)仁波切,身體非常瘦弱,面部略長。如果拉頭髮,可以到耳邊,但現在像羊角一樣,不會超過耳朵,保持原樣。杰尊(尊稱)仁波切扎巴堅贊(人名),總體面部長,顯得非常年老,白髮略帶黃色,面頰豐滿。相敦(人名)建造的杰尊(尊稱)像,手中拿著繞了九圈的念珠,供奉在埃旺寺(地名)。現在也有一幅以此為藍本繪製的唐卡。曲杰(法王)薩迦班智達(人名),面部長,鼻樑挺拔,鼻樑中部高聳,頭頂有頂髻,眉間有白毫等,具備佛陀的三十二相八十隨形好。據說,他的鎏金像、 紅白檀香木像、藥泥像、布畫、豎幅畫等,數量多得數不清。在金唐卡上繪製了完整的百尊像。還創作了晝夜完成的作品。法王帕巴(人名),身材高大,面頰和耳朵豐滿,髮際線很低,眼睛細長而寬闊,面部較短,自然帶著微笑。據說,他的畫像也有與曲杰(法王)薩迦班智達(人名)相對而作,以及單獨而作等多種不同的繪製方式,都被一一考證。對於毫無錯謬的杰尊(尊稱)父子叔侄,與佛無二無別的上師們所加持和守護的,索榮(地名)的黑金剛,偉大的嘎拉里瑪哈嘎拉(महाकाल,Mahākāla,大黑天)的供養食子的瑜伽士們。
【English Translation】 He also held a small Thangka built by Yeshe Jung (place name) and built by Minister Peldon (person name). In short, regarding the profound key issues of the Sakya school’s teachings, not only did he examine them with extremely meticulous wisdom, but also, for each part of the bodies of the Jetsun (honorific) Lamas, he contemplated them like a skilled painter discerning the dimensions of a statue. It is said that the face of the great Sakya Lama is known in worldly terms as a ‘sheep face,’ and his hair is not very white. Even in the space between the curls of his hair, there appears to be a continuous line of very thin hair. The precious master Sonam Tsemo (person name) had a very thin body and a slightly long face. If his hair were pulled, it would reach his ears, but now it remains in place like a sheep’s horn, not exceeding his ears. Jetsun (honorific) Rinpoche Drakpa Gyaltsen (person name) had a generally long face and appeared very old, with white hair tinged with yellow and full cheeks. The statue of Jetsun (honorific) built by Shangton (person name), holding a mala (rosary) wrapped nine times, is enshrined in Ewam Monastery (place name). There is also a painted Thangka made based on this as a model. Chöje (Dharma King) Sakya Pandita (person name) had a long face, a fine nose, a high nasal bridge, a crown on his head, and a urna (white hair between eyebrows) and other marks of a Buddha. It is said that his gold-plated statue, red and white sandalwood statues, medicinal clay statues, cloth paintings, vertical paintings, and so on, are beyond counting. On a gold Thangka, he created a mandala of a hundred deities. He also created works that were completed day and night. Dharma King Phakpa (person name) had a large body, full cheeks and ears, a very low hairline, long and wide eyes, a short face, and a natural smile. It is said that his portraits were made both facing Chöje (Dharma King) Sakya Pandita (person name) and separately, with various differences in the composition of the Thangkas, which were all carefully verified. For the Jetsun (honorific) fathers, sons, uncles, and nephews, who were without error and no different from the Buddhas, the yogis of the sweet-eyed offering torma (sacrificial cake) of the black Vajra, the great Ghamli Mahakala (གྷཾ་ལི་མ་ཧཱ་ཀ་ལ་,घम्लिमहाकाल,Ghamli Mahākāla,嘎啦里瑪哈嘎拉) of Sorong (place name), who were blessed and protected by the masters.
ྱ་ཆེན་པོ་བཤམས་ནས། དཔལ་ལྡན་ས་སྐྱ་པའི་བཀའ་སྲོལ་ལས་བྱུང་བའི་ལྟ་གྲུབ་ཁྱད་པར་ཅན་སྲིད་མཐའི་ བར་དུ་མི་ནུབ་པའི་མཁྱེན་གསོལ་བརྒྱུད་པ་གོང་མའི་བཀའི་དམ་ཚིག་རྗེས་སུ་བསྐུལ་བའི་འདོད་དོན་གསོལ་གདབ་ཀྱི་ཚིགས་སུ་བཅད་པའི་ཡི་གེ་སྒོ་རུམ་གྱི་ལོགས་ལ་བཏབ་སྟེ་དེ་ལྟའི་སྒོ་ནས་ཆོས་སྲུང་རྣམས་སྐད་ཅིག་ཀྱང་གཡེལ་བ་མེད་པར་རྒྱུན་མི་འཆད་པའི་ཕྲིན་ལས་ལ་རྗེས་སུ་བསྐུལ་བའི་ཚུལ་སྟོན་པ་ཞིག་གོ ། 1-673 འཁོན་གྱི་གདུང་རིགས་འོད་དཀར་མ་ཉམས་ཤིང་། །མཁྱེན་པའི་ཆ་ཤས་མང་པོའི་མཛོད་བཟུང་ནས། །དུས་མཐར་བསྟན་པའི་ཀུ་མུད་སྐྱོང་མཁས་པ། །ལྔ་རིག་ས་སྐྱའི་པཎ་ཆེན་གཉིས་པ་དེས། །དད་གུས་འདྲེན་བྱེད་ ཤིང་རྟས་ལེགས་དྲངས་ཏེ། །གང་ཐུགས་རྣམ་དཔྱོད་ཡངས་པའི་ནམ་མཁའ་ལ། །རྗེ་བཙུན་ཆོས་ཀྱི་ཉི་མ་འདི་ཤར་བས། །མཁྱེན་རབ་པད་མོའི་ཚལ་ཀུན་རྒྱས་པར་མཛད། །ས་སྐྱའི་འཇིགས་མེད་དཔའ་བོའི་མིག་འཕྲུལ་ ནི། །ས་སྐྱའི་བསྟན་ལ་རྗེས་སུ་དགོངས་པའི་ཚུལ། །ས་སྐྱའི་གཞུང་ལུགས་འཛིན་ལ་རྟུལ་ཕོད་པ། །ས་སྐྱའི་རིང་ལུགས་སྲིད་མཐར་བཟུང་མིན་ནམ། །འཇམ་དབྱངས་ཞལ་གྱི་བདུད་རྩའི་བུམ་བཟང་འདི། །ཀུན་དགའ་སྙིང་ པོས་ངེས་གསོལ་གྲུབ་པའི་ལམ། །བསོད་ནམས་ཡེ་ཤེས་རྩེ་མོར་གྲགས་པའི་དཔལ། །རྒྱལ་མཚན་མཐའ་ཅན་དུ་མའི་རིང་ལུགས་སྤེལ། །རྒྱ་ཆེན་གཞུང་ལ་སྦྱངས་པའི་མཁས་པ་ཡིས། །ལེགས་པར་བརྟགས་པའི་གནས་ཚུལ་ཕྲ་ བའི་ཆ། །ཤིན་ཏུ་སྦྱངས་པའི་ཞིབ་མོའི་བློ་གྲོས་ཀྱིས། །སྔོན་མེད་ཆོས་ཀྱི་སྒྲོན་མེ་གསལ་བར་བཟུང་། །མཐའ་དག་རྗེ་བཙུན་སྐུ་ཡི་རྣམ་འཕྲུལ་ནི། །ཡིད་འཕྲོག་མཚན་དཔེས་བརྒྱན་པའི་གཟི་འོད་ཅན། །མ་འདྲེས་ སོ་སོའི་སྣང་ཆ་མཐའ་ཡས་པའི། །རྗེས་འཇུག་གདུལ་བྱའི་དགའ་སྟོན་སྤེལ་མིན་ནམ། །རྒྱུད་པར་བཅས་པའི་དམ་ཚིག་རྗེས་དགོངས་པ། །བསྟན་དང་དེ་འཛིན་སྐྱོང་བའི་སྲུང་མ་ལ། །ནུས་མཐུ་རྨད་དུ་བྱུང་བའི་བཀའ་བསྒོ་ཡིས། ། 1-674 མི་ནུབ་བསྟན་པའི་ཕྲིན་ལས་རྒྱས་པར་མཛད། །དེ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་སྲིད་ཞུ་མཛད་པའི་ཡུལ་ནི་བརྒྱུད་པའི་བླ་མ་གོང་མའོ། །ཞེས་གྲུབ་པ་མཆོག་གི་རིང་ལུགས་བསྔགས་པ་ལ་ ཡང་སྦྱར་བར་བྱའོ། །མཆོག་གི་དཔལ་ལྡན་བླ་མའི་ཡོན་ཏན་བརྗོད་པའི་ཚུལ་ལས་གྲུབ་པ་མཆོག་གི་རིང་ལུགས་ལས་རྗེས་སུ་བསྒྲགས་པའི་རབ་ཏུ་བྱེད་པ་སྟེ་བརྒྱད་པའོ།། །། ༄། །ཕུལ་དུ་བྱུང་བའི་མཛད་པའི་ཁྱད་པར་འགའ་ཞིག་ལས་རྗེས་སུ་བསྒྲགས་པའི་རབ་ཏུ་བྱེད་པ་སྟེ་དགུ་པ། དེ་ལྟར་གདུང་བརྒྱུད་རིན་པོ་ ཆེ་འཇམ་པའི་དབྱངས་སྐུ་མཆེད་རྣམས་ཀྱི་དགོངས་པ་བཀང་ནས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོ་ཉིད་ནས་རིམ་གྱིས་མངའ་རིས་ཀྱི་ཕྱོགས་ལ་བསྐྱོད་པར་མཛད་དེ། ལམ་དུ་སྐལ་པ་དང་ལྡན་པའི་གདུལ་ བྱ་འག
【現代漢語翻譯】 以盛大的儀式,將源自薩迦派(Sakya,藏傳佛教四大教派之一)傳承的獨特見解,以及祈願其永不衰落的禱文,刻在寺院的墻壁上,以此來不斷地提醒護法神們不要有絲毫懈怠,並展示他們不間斷地執行任務的方式。 ཁོན་(Khon)氏家族血脈光輝永不褪色, 掌握眾多智慧的寶藏, 善於在末世弘揚教法的蓮花, 您是薩迦派的第二位大學者。 以虔誠的信仰作為引導的車乘, 將您廣闊的智慧天空, 升起為至尊法之太陽, 使智慧的蓮花盛開。 薩迦派無畏勇士的幻術, 是對薩迦派教義的深切關懷, 堅持薩迦派的教義, 難道不是將薩迦派的傳統保持到永遠嗎? 這尊妙音(འཇམ་དབྱངས,文殊菩薩的藏文名)口中的甘露寶瓶, 是貢噶寧波(ཀུན་དགའ་སྙིང་པོ,1182-1251,薩迦五祖之三)通過堅定祈禱而成就的道路, 是被稱為福德智慧頂峰的榮耀, 弘揚了無數勝利幢的傳統。 精通廣博教義的學者, 以敏銳的智慧, 通過深入的研究, 點亮了前所未有的法燈。 所有至尊者的化身, 都具有迷人的光彩, 以無盡的獨特景象, 難道不是在傳播追隨者的喜悅嗎? 爲了遵守傳承的誓言, 對守護教法和持有者(指上師)的護法神, 以不可思議的力量下達命令, 使永不衰落的教法事業得以弘揚。 因此,為聖者們服務的地方是傳承的上師們。 對殊勝成就傳統的讚頌也應如此應用。 從讚頌殊勝上師功德的方式中,對殊勝成就傳統的後續闡述,第八品。 ༄། །從卓越行為的某些特徵中,後續闡述,第九品。 如此,在滿足了貢氏家族(འཁོན་གྱི་གདུང་,Khon lineage)的轉世靈童(འཇམ་པའི་དབྱངསསྐུ་མཆེད་,妙音兄弟)的心願后,從薩迦派大寺院逐漸前往阿里(མངའ་རིས་,Ngari)地區,途中遇到了有緣的弟子。
【English Translation】 With grand ceremonies, inscribing on the walls of the monastery the unique views originating from the Sakya tradition, and prayers wishing for its eternal preservation, thereby constantly reminding the Dharma protectors not to be negligent in the slightest, and demonstrating the manner in which they continuously carry out their tasks. The light of the Khon lineage never fades, Holding the treasury of many aspects of wisdom, Skilled in nurturing the lotus of the teachings in the degenerate age, You are the second great scholar of Sakya. With faithful devotion as the guiding chariot, Raising your vast sky of wisdom, As the supreme sun of Dharma, Causing all the gardens of wisdom to bloom. The magical display of the fearless hero of Sakya, Is a profound concern for the teachings of Sakya, Persisting in upholding the doctrines of Sakya, Isn’t it maintaining the tradition of Sakya until the end of time? This excellent vase of nectar from the face of Jamyang, Is the path accomplished by Kunga Nyingpo through steadfast prayer, Is the glory known as the pinnacle of merit and wisdom, Spreading the tradition of countless victory banners. The scholar who has studied the vast teachings, With keen intelligence, Through thorough research, Illuminated the unprecedented lamp of Dharma. All the emanations of the supreme ones, Possess captivating splendor, With endless unique appearances, Isn’t it spreading the joy of the followers? In order to honor the vows of the lineage, To the Dharma protectors who guard the teachings and its holders (gurus), With commands of miraculous power, May the activities of the imperishable teachings flourish. Therefore, the place of service for the holy beings is the lineage of the previous lamas. The praise of the tradition of supreme accomplishment should also be applied in this way. From the manner of praising the qualities of the supreme and glorious lama, the subsequent exposition on the tradition of supreme accomplishment, the eighth chapter. ༄། །From some of the distinctive features of the extraordinary deeds, the subsequent exposition, the ninth chapter. Thus, having fulfilled the wishes of the reincarnated children of the Khon lineage (the Jamyang brothers), gradually proceeding from the great Sakya monastery towards the Ngari region, encountering fortunate disciples along the way.
འ་ལ་ཆོས་ཀྱི་འབྲེལ་པ་ཅུང་ཟད་སྩལ་ཞིང་མཐོང་བ་དང་ཐོས་པ་དང་རེག་པའི་འགྲོ་བ་ཀུན་ཀྱང་ཐར་པའི་ས་བོན་བཟང་པོ་ལ་བཀོད་པའི་མཛད་པ་རྨད་དུ་བྱུང་བའི་རྣམ་འཕྲུལ་ དང་བཅས་ཕེབས་པར་མཛད་ལ། དེའི་ཚེ་བདག་ཉིད་ཆེན་པོ་ཉིད་དགུང་གི་ལོ་ཞེ་གཉིས་ཀྱི་མཐར་སོན་པ་ན། སྨོན་ཐང་རྒྱལ་པོའི་ཁབ་ཀྱི་རྗེ་བཙུན་སྒྲོལ་མའི་གཙུག་ལག་ཁང་དང་ཉེ་བའི་གཟིམ་ ཁང་སྐྱེད་ཚལ་དུ་ཟླ་བ་དྲུག་པའི་ཉེར་གཅིག་གི་ཉིན་རྭ་སྟོན་ཡོན་ཏན་དཔལ་བཟང་པོ་དག་པའི་ཞིང་དུ་ཕེབས་པ་དེའི་སྐད་ཆ་ཡང་། རྗེ་བཙུན་ཉིད་ཀྱི་ལམ་དུ་གསན་པས། དེ་མ་ཐག་ཇ་ཤིན་ཏུ་བཟང་བ་སིགས་ལོང་གི་འབུལ་བ་དང་། 1-675 སྐུ་གདུང་རིན་པོ་ཆེ་ངེད་ནམ་སླེབ་བར་དུ་ཞུགས་མེ་འབུལ་བ་སོགས་མ་བྱེད་པར་མཆོད་པའི་སྒོ་དུ་མའི་བཀུར་སྟི་གྱིས་གསུང་བའི་བཀའ་སྩལ་གྱི་ཕྱག་རྟགས་གནང་བར་མཛད་ཀྱང་། མ་རུང་བའི་ སྐྱེ་བོ་འགའི་ལོག་སྒྲུབ་ལ་བརྟེན། དེ་གོང་རང་གློ་བུར་དུ་ཞུགས་མེ་ཕུལ་ཟིན། དེ་ལྟ་ན་ཡང་གདུང་ཁང་གི་ཞལ་རྗེ་བཙུན་ཆོས་ཀྱི་རྗེ་ཉིད་ནམ་ཕེབས་བར་དུ་སྡེ་པའི་ཕྱག་རྟགས་ཀྱིས་ རྒྱས་བཏབ་སྟེ་ཞལ་མ་ཕྱེ། དེ་ནས་ཧ་ཅང་མི་རིང་བར་སའི་ཕྱོགས་འདིར་བདག་ཉིད་ཆེན་པོ་སློབ་མའི་ཚོགས་དང་སྤྱན་འདྲེན་གྱི་ཕོ་ཉ་བས་མཚོན་པའི་ཞབས་འབྲིང་བ་མཐའ་དག་དང་བཅས་ཕེབས་ པ་ལ། འདི་ཕྱོགས་ཀྱི་ཆོས་འཇིག་རྟེན་གྱི་གཙོ་བོར་གྱུར་པ་ཀུན་གྱིས་བསུ་བའི་བཀོད་པ་དཔག་ཏུ་མེད་པ་དང་བཅས་སྨོན་ཐང་གི་རྒྱལ་པོའི་ཁབ་ཉིད་དུ་ཕེབས་ཏེ། དེའི་ཚེ་ཆོས་ཀྱི་རྗེ་ རྭ་སྟོན་ཆེན་པོའི་སྐུ་གདུང་བཞུགས་པའི་གཟིམས་ཁང་གཟིགས་པ་ཙམ་ན་རྗེ་བཙུན་དམ་པ་ཉིད་ཀྱི་བཞུགས་གདིང་གི་སྟེང་ནས་གུས་པའི་བརྐྱང་ཕྱག་དཔག་ཏུ་མེད་པ་མཛད། དབྱར་དུས་ཀྱི་མེ་ཏོག་ཁ་ དོག་སྣ་ཚོགས་པ། སྙིམ་པ་གང་སྐུ་གདུང་གི་ཕྱོགས་ལ་གཏོར་བར་མཛད་པ་ན། དེར་འདུས་པའི་སྐྱེ་བོ་དད་པའི་ལམ་ལ་གནས་པ་ཕལ་ཆེ་བའི་མིག་ནས་མཆི་ལ་ལྷུང་ཞེས་གྲག་གོ །སྔ་གོང་རྗེ་རྭ་སྟོན་ཆེན་པོ་མྱ་ངན་ལ་འདའ་བའི་ཚུལ་སྟོན་ཁར་ཨ་པོ་ཤེས་མ་ངའི་ནང་མཆོད་འདི་མ་ཉམས་པར་ཆོས་རྗེ་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ་འབུལ་ཐུབ་པ་གྱིས་ཤིག་ཅེས་པའི་བཀའ་ལུང་ལྟར་ཁོང་གིས་ཀྱང་། 1-676 རྗེ་བཙུན་མཆོག་ཉིད་དབུས་གཙང་ནས་ཕེབས་མ་ཁད་སྐྱེད་ཚལ་ནུབ་ཏུ་ཕུལ་ཞེས་ཐོས་ལ། དེ་ནས་བཟུང་སྟེ་སྐུ་གདུང་རིན་པོ་ཆེ་ཆོས་སྐུར་སྒྲུབ་པའི་ཞབས་ཏོག་གི་བགྱི་བ་ཐམས་ཅད་ཀྱང་རྗེ་ ཉིད་ཀྱི་ལྷུམས་ཞུགས་སུ་མཛད་དེ། གདུང་ཚ་རྣམ་པར་རྒྱལ་མའི་སྐུ་ཆུང་ཆུང་འདི་ཕལ་ཆེ་བ་རྗེ་བཙུན་ཉིད་ཀྱི་ཕྱག་ཚ་ཡིན་ཞེས་གཏམ་དུ་གླེང་ལ། ནང་རྟེན་གསེར་འབུམ་གྱི་ནང་དུ་སྐུ་ གདུང་མཐའ་དག་དབུ་ཐོད་རིལ་པོ་དང་བཅས་པ་བཞུ
【現代漢語翻譯】 他稍微賜予了佛法的緣分,以殊勝的化現,使所有眼見、耳聞、接觸的眾生,都安置於解脫的善妙種子之上。那時,大尊者本人年屆四十二歲,在門塘國王宮殿附近,于度母殿(杰尊卓瑪拉康)附近的園林寢宮中,六月二十一日,饒頓云丹華桑波示現圓寂。尊者在路上聽聞此事,立即送上極好的錫金茶供養,並賜予手諭,說:『在我和僧眾到達之前,不要火化遺體,要以多種供養來供奉。』然而,由於一些不吉祥之人的邪見,在此之前便突然火化了。即便如此,骨灰塔的門,在尊者法王(杰尊曲杰)到達之前,都由地方官員蓋章封鎖,沒有打開。不久之後,大尊者便帶著弟子和迎請的使者等所有隨從來到了這裡。此地的所有宗教和世俗領袖,都以無量的歡迎儀式,在門塘國王宮殿迎接了他。當時,法王僅是看了一眼饒頓大師(饒頓欽波)遺體所在的寢宮,就在尊者坐墊上,無數次地表達了恭敬的頂禮。他將盛滿各種顏色夏花的雙手,朝向遺體拋灑。據說,在場的大多數虔誠信徒都流下了眼淚。此前,饒頓大師在示現涅槃之際,曾說:『不要衰敗我阿波謝瑪的內供,務必將其供養給法王索南倫珠雷貝炯內堅參華桑波。』他也按照遺囑,在尊者從衛藏(衛地和藏地)返回之前,將園林西側的內供獻上。從那以後,所有將遺體轉化為法身的事務,都由尊者親自負責。據說,骨灰塔中這座小小的尊勝佛母像,大多是尊者親手製作的。金塔內,包括完整的頭蓋骨在內的所有遺骨都被安放其中。 他稍微賜予了佛法的緣分,以殊勝的化現,使所有眼見、耳聞、接觸的眾生, 都安置於解脫的善妙種子之上。那時,大尊者本人年屆四十二歲, 在門塘國王宮殿附近,于度母殿附近的園林寢宮中,六月二十一日, 饒頓云丹華桑波示現圓寂。尊者在路上聽聞此事,立即送上極好的錫金茶供養, 並賜予手諭,說:『在我和僧眾到達之前,不要火化遺體,要以多種供養來供奉。』 然而,由於一些不吉祥之人的邪見,在此之前便突然火化了。 即便如此,骨灰塔的門,在尊者法王到達之前,都由地方官員蓋章封鎖,沒有打開。 不久之後,大尊者便帶著弟子和迎請的使者等所有隨從來到了這裡。 此地的所有宗教和世俗領袖,都以無量的歡迎儀式,在門塘國王宮殿迎接了他。 當時,法王僅是看了一眼饒頓大師遺體所在的寢宮,就在尊者坐墊上, 無數次地表達了恭敬的頂禮。他將盛滿各種顏色夏花的雙手,朝向遺體拋灑。 據說,在場的大多數虔誠信徒都流下了眼淚。此前,饒頓大師在示現涅槃之際, 曾說:『不要衰敗我阿波謝瑪的內供,務必將其供養給法王索南倫珠雷貝炯內堅參華桑波。』 他也按照遺囑,在尊者從衛藏返回之前,將園林西側的內供獻上。 從那以後,所有將遺體轉化為法身的事務,都由尊者親自負責。 據說,骨灰塔中這座小小的尊勝佛母像,大多是尊者親手製作的。 金塔內,包括完整的頭蓋骨在內的所有遺骨都被安放其中。
【English Translation】 He slightly bestowed the connection of Dharma, with the miraculous manifestation of placing all beings who see, hear, and touch upon the excellent seed of liberation. At that time, the great self-master reached the end of his forty-second year. In the garden residence near the Jetsun Drolma Lhakhang (Jetsun Drolma Temple) of the royal palace of Mönthang, on the twenty-first day of the sixth month, Ra Tön Yönten Pal Zangpo (Ra Tön Yönten Pal Zangpo) passed away into the pure realm. When the Jetsun (Venerable One) heard of this on his journey, he immediately sent an offering of very fine Sikkim tea and gave instructions, saying, ‘Before I and the Sangha arrive, do not cremate the body, but honor it with various offerings.’ However, due to the wrongdoings of some inauspicious individuals, it was suddenly cremated before then. Even so, the door of the reliquary was sealed with the stamp of the local authorities until the Jetsun Chökyi Je (Jetsun Chökyi Je, Lord of Dharma) arrived, and it was not opened. Not long after, the great self-master arrived in this area with all his attendants, including his disciples and the messengers who had invited him. All the religious and secular leaders of this region welcomed him with immeasurable arrangements, and he arrived at the royal palace of Mönthang. At that time, the Dharma Lord (Chökyi Je) merely glanced at the residence where the remains of the great Ra Tön (Ra Tön Chenpo) were kept, and from his seat, he made countless prostrations of reverence. He scattered handfuls of various colored summer flowers towards the remains. It is said that most of the faithful who were present shed tears. Previously, when Ra Tön Chenpo was about to pass away, he said, ‘Do not let the inner offering of my Apo Shema decline, and be sure to offer it to the feet of the Dharma Lord Sönam Lhündrup Lekpai Jungne Gyaltsen Pal Zangpo.’ According to his instructions, he offered the inner offering from the west side of the garden before the Jetsun returned from Ü-Tsang (Central Tibet). From then on, all the tasks of transforming the remains into a Dharmakaya were personally overseen by the Jetsun. It is said that most of the small statue of Namgyalma (Ushnishavijaya) in the reliquary was made by the Jetsun himself. All the remains, including the complete skull, are enshrined inside the golden stupa. He slightly bestowed the connection of Dharma, with the miraculous manifestation of placing all beings who see, hear, and touch upon the excellent seed of liberation. At that time, the great self-master reached the end of his forty-second year, in the garden residence near the Jetsun Drolma Lhakhang, on the twenty-first day of the sixth month, Ra Tön Yönten Pal Zangpo passed away into the pure realm. When the Jetsun heard of this on his journey, he immediately sent an offering of very fine Sikkim tea and gave instructions, saying, ‘Before I and the Sangha arrive, do not cremate the body, but honor it with various offerings.’ However, due to the wrongdoings of some inauspicious individuals, it was suddenly cremated before then. Even so, the door of the reliquary was sealed with the stamp of the local authorities until the Jetsun Chökyi Je arrived, and it was not opened. Not long after, the great self-master arrived in this area with all his attendants, including his disciples and the messengers who had invited him. All the religious and secular leaders of this region welcomed him with immeasurable arrangements, and he arrived at the royal palace of Mönthang. At that time, the Dharma Lord merely glanced at the residence where the remains of the great Ra Tön were kept, and from his seat, he made countless prostrations of reverence. He scattered handfuls of various colored summer flowers towards the remains. It is said that most of the faithful who were present shed tears. Previously, when Ra Tön Chenpo was about to pass away, he said, ‘Do not let the inner offering of my Apo Shema decline, and be sure to offer it to the feet of the Dharma Lord Sönam Lhündrup Lekpai Jungne Gyaltsen Pal Zangpo.’ According to his instructions, he offered the inner offering from the west side of the garden before the Jetsun returned from Ü-Tsang. From then on, all the tasks of transforming the remains into a Dharmakaya were personally overseen by the Jetsun. It is said that most of the small statue of Namgyalma in the reliquary was made by the Jetsun himself. All the remains, including the complete skull, are enshrined inside the golden stupa.
གས་སུ་གསོལ་ནས། དེ་དག་ལ་རྒྱུད་སྡེ་དང་མཐུན་པའི་རབ་ཏུ་གནས་པ། མཆོད་པའི་ཚོགས་དུ་མའི་བཀུར་སྟི་དང་བཅས་པ་མཛད་ཅིང་། ཕྱིས་དཀར་ མེའི་རྒྱུན་ལ་རྙེད་པ་དུ་མའི་སྒོ་འཛུགས་པར་མཛད་པ་སོགས་དགོངས་པའི་དབྱིངས་ཡོངས་སུ་རྫོགས་པར་མཛད་དོ། །དེ་ནས་བཟུང་སྟེ་བསམ་གྲུབ་གླིང་གི་དགོན་གནས་ཉིད་དུ་གདན་ཕབ་སྟེ་དཔྱིད་སོས་དང་ དབྱར་གྱི་ཆ་ལ་རྒྱུད་སོགས་བཤད་བཀའ་མཐའ་ཡས་པ་དང་། ཟུར་བཀའ་དུ་མའི་དབང་བསྐུར་མུ་མཐའ་མེད་པ། དོན་གཉེར་གྱི་གདུལ་བྱ་དག་ལ་རྗེས་སུ་སྩོལ་བར་མཛད་ཅིང་། དགུན་དུས་བཅད་ཆ་ཤིན་ ཏུ་དམ་པའི་སྐུ་མཚམས་ཟླ་གྲངས་ངེས་པ་ཅན་དུ་མ་ལོ་རེ་བཞིན་མཛད་ནས། དེའང་གཙོ་བོར་སྔ་དྲོའི་ཆ་ལ་སྒྲོལ་དཀར་ཡིད་བཞིན་གྱི་འཁོར་ལོ་སོགས་སྐུ་ཚེ་སྤེལ་བའི་གཟུངས་སྔགས་ཀྱི་བཟླས་བརྗོད་དཔག་ཏུ་མེད་པ་དང་། 1-677 དགོང་ཁ་རྡོ་རྗེ་ནག་པོ་ཆེན་པོའི་བསྲུང་བཟློག་གི་རིམ་པས་མཚོན་པའི་ཐུགས་དམ་གྱི་རིམ་པ་རྒྱུད་སྡེ་བཞི་དང་འབྲེལ་བ་དཔག་ཏུ་མེད་པ་སྒྲུབ་པར་མཛད་ཅིང་། ལོ་རེ་བཞིན་གསུང་ངག་རིན་ པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྨིན་གྲོལ་གྱི་གདམས་པ་སྙན་བརྒྱུད་བཞི་དང་ལྡན་པའི་སྲོལ་མི་ཉམས་པར་སྤེལ། མདོར་ན་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ཕྲིན་ལས་གཅིག་ཏུ་ བསྡུས་པའི་མཛད་པ་མ་ལུས་པ་རྗེས་སུ་སྟོན་པར་མཛད་པ་ཡང་གོང་གི་འཕྲོས་ལས། དེ་ལྟར་རྒྱས་དང་རྒྱལ་བའི་སྲས་རྣམས་ཀྱི། །རྗེས་ཞུགས་བླ་མའི་ཡོན་ཏན་འདི་བརྗོད་པས། །འགྲོ་བ་ཀུན་གྱི་ རྒྱལ་སྲས་སྤྱོད་པའི་ཚུལ། །ལེགས་རྟོགས་འགྲོ་བའི་འདྲེན་པ་ཐོབ་པར་མཛོད། །ཅེས་སྨྲོས་ཏེ། སྔར་བརྗོད་པ་དེ་ལྟར་དུས་གསུམ་གྱི་རྒྱལ་བ་དང་རྒྱལ་བའི་སྲས་པོ་རྣམས་ཀྱིས་རྗེས་སུ་ཞུགས་ནས། མཆོག་གི་ དཔལ་ལྡན་བླ་མའི་ཐོག་མཐའ་བར་གྱི་ཡོན་ཏན་འདི་བརྗོད་པས། བདག་སོགས་འགྲོ་བ་ཀུན་གྱིས་རྒྱལ་བ་སྲས་དང་བཅས་པའི་སྤྱོད་པའི་ཚུལ། མ་ལུས་པ་ལེགས་པར་རྟོགས་ནས་མཐའ་ཡས་འགྲོ་བའི་འདྲེན་ པ་ཐོབ་པར་མཛོད་ཅིག ཅེས་འབྱུང་བ་ལྟར། རྒྱལ་བ་སྲས་དང་བཅས་པའི་བགྲོད་པ་གཅིག་པའི་ལམ་རྨད་དུ་བྱུང་བ་ཀུན་ལ། གདུལ་བྱའི་ངོར་ཐོས་པའི་སྒྲོ་འདོགས་བཅད་ཅིང་། སྒོམ་པས་ཐུགས་ཉམས་སུ་བཞེས་ནས་དོན་དེ་ཉིད་སྐལ་བ་དང་ལྡན་ཞིང་འོས་སུ་གྱུར་པའི་འགྲོ་བ་དག་ལ་ཡང་རྒྱ་ཆེར་སྤེལ་ཏེ། 1-678 མ་འོངས་བསྟན་པའི་རྒྱུན་ཉིད་དུ་དགོངས་པའི་མཛད་པ་རླབས་པོ་ཆེ་གཞལ་བའི་ཡུལ་ལས་འདས་པ། དཔག་ཏུ་མེད་པ་དུས་རྒྱུན་ལྡན་དུ་སྒྲུབ་པར་མཛད་ཅིང་། དེ་དག་གི་སྐབས་སྐབས་སུ་ནང་དུ་ ཡང་དག་འཇོག་གི་རྣལ་འབྱོར་ཟབ་མོ་ལ་རྗེས་སུ་བརྩོན་པའི་མཛད་པ་ཉིད་ལས་རྙེད་པའི་སྐལ་བ་དང་ལྡན་པའི་གདུལ་བྱ་དག་ལ་ཟུར་གྱིས་བཀའ་སྩལ་དུ་གནང་བ་དག་དང་། ཐུགས་
【現代漢語翻譯】 然後,他以與密續部相應的灌頂和眾多供養的敬意來對待他們。後來,他為噶舉派開闢了許多獲得財富的途徑,圓滿了所有他心中的願望。從那時起,他將住所遷至桑珠林寺,在春季和夏季,他給予了無盡的密續等教法,以及無數的秘密教導的灌頂,並慈悲地對待那些尋求意義的弟子。在冬季,他每年都會進行非常嚴格的閉關,為期數月。在閉關期間,他主要在早上唸誦度母如意輪等長壽陀羅尼咒語,數量無法估量。 晚上,他修持包括金剛黑袍護法回遮儀軌在內的,與四大密續部相關的無數誓言次第。每年,他都會毫不衰減地傳授具足四種口耳傳承的道果法,包括成熟和解脫的教導。簡而言之,他所做的一切都是爲了展現十方諸佛菩薩的智慧、慈悲和事業的化身。正如前面所說:『通過講述諸佛菩薩的功德,愿一切眾生都能徹底理解菩薩的行持,並獲得引導眾生的能力。』 如是說,如前所述,過去、現在、未來三世諸佛菩薩追隨,通過講述殊勝上師從始至終的功德,愿我和所有眾生都能徹底理解諸佛菩薩的行持,並獲得引導無邊眾生的能力。』正如經文所說,對於諸佛菩薩所行持的唯一道路,爲了調伏眾生,他斷除了聽聞的懷疑,通過禪修來體驗,並將這些傳給那些有緣和合格的眾生。 爲了未來的佛法傳承,他持續不斷地進行著偉大而不可思議的事業。在此期間,他也會私下給予那些有緣分通過修持甚深瑜伽而獲得證悟的弟子們特別的教導,以及他的關懷。
【English Translation】 Then, he treated them with initiations corresponding to the tantric systems and with the respect of numerous offerings. Later, he opened many avenues for the Kagyü lineage to acquire wealth, fulfilling all the wishes in his mind. From then on, he moved his residence to Samdrub Ling Monastery, and in the spring and summer, he gave endless teachings on tantras and other subjects, as well as countless empowerments of secret instructions, and compassionately bestowed them upon disciples who sought meaning. In the winter, he would engage in very strict retreats for a fixed number of months each year. During these retreats, he mainly recited countless mantras of longevity, such as Tara Wish-Fulfilling Wheel, in the mornings. In the evenings, he practiced countless samaya sequences related to the four classes of tantras, including the protective and repelling rituals of the Great Vajra Black Cloak. Each year, he propagated the Lamdré teachings, complete with fruition, which possess the four lineages of oral transmission, without diminishing the tradition. In short, all his actions were to demonstrate the embodiment of the wisdom, compassion, and activity of all the Buddhas and Bodhisattvas of the ten directions. As mentioned earlier: ‘By recounting the qualities of the Buddhas and Bodhisattvas, may all beings thoroughly understand the conduct of Bodhisattvas and attain the ability to guide beings.’ Thus it is said, as previously stated, following the Buddhas and Bodhisattvas of the three times, past, present, and future, by recounting the qualities of the supreme and glorious Lama from beginning to end, may I and all beings thoroughly understand the conduct of the Buddhas and Bodhisattvas and attain the ability to guide limitless beings.’ As the scriptures say, for all the wondrous paths traversed by the Buddhas and Bodhisattvas, for the sake of taming beings, he cut off the doubts of hearing, experienced them through meditation, and widely propagated them to those beings who were fortunate and qualified. For the sake of the future continuation of the teachings, he continuously performed great and inconceivable activities. During these times, he would also privately bestow special teachings and his care upon those fortunate disciples who had gained realization through the practice of profound yoga.
དམ་གྱི་ གཟིགས་སྣང་ཁྱད་པར་ཅན་ལོ་ཟླ་ཞག་གི་ངེས་པ་སཾ་བྷོ་རའི་ངོས་ལ་རྗེ་བཙུན་ཉིད་ཀྱི་ཕྱག་བྲིས་དངོས་སུ་བཀོད་པའི་ནང་ན་ཚུལ་དུ་མའི་སྒོ་རྣམ་གྲངས་དུ་མས་རྗེས་སུ་གསུངས་པ་ བགྲང་བའི་ཡུལ་ལས་འདས་པ་ཇི་སྙེད་ཅིག་ཡོད་ཅེས་གྲགས་ཤིང་། དངོས་སུ་ཡང་ཕྱག་རིས་ཀྱི་སཾ་བྷོ་རའི་དངོས་ལ་བཤུས་པའི་ཡི་གེ་ཐོར་བུ་བ་མང་པོ་ཞིག་ཕྱིས་དཔལ་ཨེ་ཝྃ་ཆོས་ལྡན་ དུ་ཕྱིན་དུས། རྗེ་དབོན་སངས་རྒྱས་སེང་གེ་པའི་ཕྱག་ན་འདུག་པ་ལ་ཞིབ་ཏུ་བལྟས་ཞིང་ངེས་པའི་གནས་ཡིད་ཡུལ་དུ་འཇགས་པར་ཡོད་མོད་ཀྱི། ཆོས་རྗེ་བླ་མ་དུས་གསུམ་གྱི་སངས་རྒྱས་ཉིད་ ཀྱི་བཀའ་ཡིས་གནང་བ་མེད་པའི་ཕྱིར་བྲི་བར་མ་སྤོབས་ལ། སློབ་འབངས་ཀྱི་ཐ་ཤལ་དམན་པའི་འགྲོ་བ་བདག་རང་གི་སྣང་ངོར་ནི་ཡང་ཡང་དུ་བརྗོད་པ་ལྟར་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སྐུ་འཇམ་པའི་དཔལ་ཉིད། 1-679 ཆོས་དང་ཆོས་མ་ཡིན་པ་འབྱེད་པ་ལ་མཁྱེན་པའི་མཐུ་དང་ལྡན་པ། ས་སྐྱ་པཎྜི་ཏ་ཆེན་པོར་བསྟན་ཞིང་། དེ་ཉིད་ཀྱང་གདུལ་བྱ་དག་གི་ངོ་བོར་རྒྱལ་བ་དྲི་མ་མེད་པའི་དཔལ་དུ་ མངོན་པར་བྱང་ཆུབ་པའི་ཚུལ་བསྟན་པ་ཉིད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཉིད་འདུལ་བའི་ཞིང་འདིར་བདག་གི་མཁན་པོ་ཆོས་ཀྱི་སྤྱན་དང་ལྡན་པ་འདི་ཉིད་དུ་སྟོན་པར་མཛད་པའོ་སྙམ་ པའི་ཡིད་ཆེས་ཀྱི་སྤུ་ལོང་ཁ་ཙམ་མིན་པ་གཏན་ཚིགས་དང་བཅས་པའི་ངེས་པ་རྙེད་པ་དེའི་རྒྱུ་མཚན་ཅུང་ཟད་འཐད་ལྡན་དུ་བྱས་ནས་རྣམ་པར་ཐར་པ་འདི་ཉིད་ཀྱི་ཐོག་མཐའ་བར་གསུམ་ དུ་བརྒྱན་པར་བྱས་པ་ཡིན་ལ། དེ་ལྟར་ན་ཡང་། སྙིང་པོ་དོན་གསལ་ལས། འདི་མཐའ་འདི་ཙམ་ཁོ་ན་གནས་སོ་ཞེས། །དེ་མཐའ་དེ་ཙམ་ཁོ་ནར་རྗེས་དཔགས་ན། །འགྲོ་བའི་བླ་མའི་གསུང་ལས་ རྒལ་བ་ཡིན། །དེས་ན་མཐའ་མིན་དགོངས་པ་དཔྱད་པར་བྱ། །ཞེས་གསུངས་པ་ལྟར། ཕྱོགས་གཅིག་ལ་མ་མཐས་པར་རྒྱ་འབག་གི་མིག་ལྟར་ཀུན་ལ་འཕྲུལ་ཆགས་པའི་རྣམ་དཔྱོད་རྨད་དུ་བྱུང་བ་ལ་ནན་ ཏན་དུ་བྱ་དགོས་པ་ཡིན་ལ། དེ་ལྟའི་སྐབས་ནས། ཚེ་སྦྱིན་ལྷ་མོས་འཆི་མེད་ཀྱི་བདུད་རྩིའི་རྒྱུན་ཉེ་བར་གནང་བའི་སྙན་པའི་གྲགས་པ་ཉི་འོག་གི་ཁྱོན་མཐའ་དག་ཁྱབ་པར་གྱུར་ཏེ། མདང་སྐྱེས་ཀྱི་བྱིས་པ་ཚུན་གྱི་རྣ་བར་ཡང་གྲགས་པའི་ཆ་ཤས་ཅུང་ཟད་ཟུར་གྱིས་སྨོས་ན། 1-680 རྗེ་ཉིད་ཀྱི་གསུང་ལས། ལན་གཅིག་མ་ཡིན་རྟག་པར་རྗེས་བཟུང་ཡང་། །སྐྱོ་ངལ་མེད་པར་ཁོ་བོའི་དོན་ཉིད་ལ། །མ་མ་ཁྱོད་ཉིད་རྗེས་སུ་དགོངས་ལགས་པས། །ད་དུང་བདག་གི་སྐྱབས་གནས་གཞན་མ་ མཆིས། །ཅེས་པའི་གསུང་འདི་ཉིད་ཀྱི་ལན་གཅིག་མ་ཡིན་ཞེས་པའི་ཟུར་ལས་ཙམ་ནས་དུས་ཉི་ཚེར་དགེས་པའི་འཛུམ་ཞལ་བསྟན་པ་མཛད་པའི་རྣམ་གྲངས་རྗེས་སུ་དྲན་པའི་དང་བའི་སྤུ་ལོང་ལྷག་པར་ གཡོ་བའི་རྨད་དུ་བྱུང་བའི་བགྱི་བ་རླབས་པོ་ཆེ་སྟོ
【現代漢語翻譯】 關於殊勝的證悟景象,在桑布(Sambho,地名)的紙上,尊者(rJe btsun,對高僧的尊稱)親自書寫了多種方式和名目的教誨,其數量之多,超出了計數的能力。據說,實際上,在手稿的桑布紙上,抄寫的零散文字很多,後來到了埃旺·曲丹(E waM chos ldan,寺廟名)時,我仔細檢視了杰翁·桑吉僧格巴(rJe dbon sangs rgyas seng ge pa)手中的手稿,確信無疑。雖然確信無疑,但因為秋吉喇嘛(chos rje bla ma,法王上師)——過去、現在、未來三世的佛陀——沒有允許,所以不敢書寫。作為弟子中最卑微的我,在我看來,正如我反覆說的那樣,一切諸佛的智慧身——文殊菩薩(‘jam pa’i dpal)本身, 具有辨別佛法與非佛法的智慧力量,顯現為薩迦班智達(sa skya paNDi ta)大士。而薩迦班智達本身,也以調伏對象的身份,示現為無垢光榮的佛陀,顯現圓滿覺悟之相。我認為,他那無二的智慧,在這個調伏的領域裡,示現為我的堪布(mkhan po,親教師),具足佛法之眼。這種確信並非只是表面的,而是基於理性的必然。因此,我以略微合理的方式,對這個解脫之道的開端、中間和結尾進行了裝飾。即便如此,《心要義明》(snying po don gsal)中說:『若謂此境唯至此,若謂彼境僅如是,超越眾生上師語,故當細察非邊見。』因此,不要侷限於一個方面,而要像孔雀的眼睛一樣,對一切都產生奇妙的覺知,必須努力做到這一點。在這種情況下,長壽天女(tshe sbyin lha mos)賜予不死甘露的聲譽傳遍了整個世界。即使是昨天出生的孩子,也略微聽說了這件事。 尊者(rJe nyid)曾說:『並非一次,而是永遠地眷顧,不覺厭倦地爲了我的利益,媽媽,您一直都在關照我,所以現在我沒有其他的庇護之處。』從這句話中的『並非一次』,我回憶起他曾多次露出喜悅的笑容,這讓我更加感動,這是一件非常偉大的事情。
【English Translation】 Regarding the extraordinary visions of the sacred, on the paper of Sambho, the venerable one (rJe btsun, honorific title for a high-ranking monk) personally wrote teachings in various ways and forms, the number of which exceeded the ability to count. It is said that, in reality, on the Sambho paper of the manuscript, there were many scattered writings that were copied. Later, when I went to E waM chos ldan, I carefully examined the manuscript in the hands of Jeyon Sangye Senggepa (rJe dbon sangs rgyas seng ge pa) and was convinced without a doubt. Although I was convinced, because Chöje Lama (chos rje bla ma, Dharma Lord Lama)—the Buddha of the past, present, and future—did not permit it, I did not dare to write it down. As the most humble of disciples, it seems to me that, as I have repeatedly said, the wisdom body of all the Buddhas—Mañjuśrī (‘jam pa’i dpal) himself, possessing the power of wisdom to distinguish between Dharma and non-Dharma, manifested as the great Sakya Paṇḍita (sa skya paNDi ta). And Sakya Paṇḍita himself, in the role of a being to be tamed, manifested as the stainless glorious Buddha, showing the aspect of perfect enlightenment. I believe that his non-dual wisdom, in this field of taming, manifests as my Khenpo (mkhan po, preceptor), who possesses the eye of Dharma. This conviction is not merely superficial, but is based on rational necessity. Therefore, I have adorned the beginning, middle, and end of this path of liberation in a somewhat reasonable way. Even so, in ‘The Clear Meaning of the Essence’ (snying po don gsal), it says: ‘If one says this realm is only up to here, if one says that realm is only like that, it surpasses the words of the guru of beings, therefore one should carefully examine it and not be one-sided.’ Therefore, do not be limited to one aspect, but like the eyes of a peacock, generate wonderful awareness of everything, and one must strive to do this. In this situation, the fame of the longevity goddess (tshe sbyin lha mos) bestowing the nectar of immortality spread throughout the entire world. Even children born yesterday have heard a little about it. The venerable one (rJe nyid) once said: ‘Not once, but always caring, without feeling weary, for my benefit, mother, you have always been looking after me, so now I have no other refuge.’ From the phrase ‘not once’ in this sentence, I recall that he often showed a joyful smile, which moved me even more. This is a very great thing.
ན་པའི་ཚུལ་ཇི་སྙེད་ཡོད་མོད་ཀྱི་སྨྲ་བར་མི་སྤོབས་པའི་གཏན་ཚིགས་ཡུལ་རྡོ་རྗེ་སློབ་དཔོན་གྱི་ཚོགས་བརྗོད་པ་ལ་རིགས་གཉིས་ཏེ། ལུང་ རིགས་ཀྱི་ངེས་པ་དྲངས་པའི་ཐུན་མོང་བ་མཁས་པ་དང་བཙུན་པའི་སྒོ་ནས་འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བའི་བསྟན་པ་ལ་བྱ་བ་མཛད་ཚུལ། ཐོས་བསམ་སྒོམ་པའི་རིང་ལུགས་ཡོངས་སུ་སྐྱང་པ་ ལས་བརྩད་པའི་གཏམ་ཕྱོགས་ཀྱི་མཁས་པ་དག་གི་ཡིད་ཆེས་ཀྱི་ཕྲེང་བ་རྗེས་སུ་སྐྱེ་བར་འགྱུར་བའི་རྣམ་པར་ཐར་པ་མཐའ་དག་གི་ལུང་དང་། གཙུག་ལག་རིགས་པ་མི་འགལ་བའི་ལམ་པོ་ཆེ། བསྟན་བཅོས་མཛད་པ་དྲང་ངེས་ཀྱི་ཤིང་རྟ་ཆེན་པོ་དག་གིས་ཕྱེ་བའི་གཞུང་ལམ་ལ་ཞུགས་ནས། རྒྱལ་བའི་བཀའ་མདོ་བརྒྱུད་དཔང་པོར་བྱས་ཤིན་ཏུ་ལྐོག་གྱུར་གྱི་གནས་དག་ཀྱང་ལུང་ཚད་མས་རིགས་པའི་ལམ་ལ་དྲངས་ཏེ། 1-681 བཤད་པ་འདི་ཡང་རྗེས་འཇུག་གི་བུ། འདྲེན་མཆོག་གིས་མཛད་པའི་ཕྲ་རགས་ཐམས་ཅད་སངས་རྒྱས་ཀྱི་ངོ་བོར་མཐོང་བའི་སྐྱེས་བུ་དམ་པ་དག་ལ་རང་གི་མོས་པ་ཉིད་རྣམ་པར་ཐར་པའི་རྒྱུ་ དང་། ཡང་དག་པའི་མཛད་པ་རྨད་དུ་བྱུང་བ་ཉིད། དེ་ཉིད་ཀྱི་ཚུལ་དུ་མཐོང་སྟེ་ཅི་མཛད་རྒྱལ་བའི་ཕྲིན་ལས་སུ་འཁུམས་པ་ལ། ཡོན་ཏན་གྱི་ཆ་ཤས་ཐུན་ཚགས་ཅུང་ཞིག་ཡི་གེར་བཀོད་ པའི་ངལ་བས་ཅི་ཞིག་བྱ། དེས་ན་ཟབ་མོའི་མན་ངག་དག་ལས་འབྱུང་བ་ལྟར་མཛད་པ་མཐའ་དག སངས་རྒྱས་ཀྱི་ཕྲིན་ལས་སུ་བསམ་པའི་གསོལ་འདེབས་ཀྱི་རྣལ་འབྱོར་ལ་ནན་ཏན་དུ་བྱ་བ་ ཉིད་ཀྱིས་འདི་ཕྱིའི་དཔལ་ཐམས་ཅད་བདེ་བླག་ཏུ་སྩོལ་བ་ཉིད་ཡིན་ནོ། །དེ་ལྟ་ན་ཡང་གཞན་ངོར་གདུལ་བྱ་ལས་རིགས་ཐ་དད་ཀྱི་སྣང་ཆ་ལ་མ་ངེས་པ་དུ་མའི་མཛད་པའི་སྒོ་དཔག་ མེད་སྟོན་པར་མཛད་པ་ཡང་ཇི་སྐད་དུ། ཚོགས་གཉིས་རྫོགས་པའི་སངས་རྒྱས་ནི། །སྟུག་པོ་བཀོད་པར་སངས་རྒྱས་པའི། །ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཡིན། །དེ་ཡི་སྤྲུལ་པའི་སྐུ་ཉིད་ནི། །ཟས་གཙང་སྲས་ སུ་འཁྲུངས་པ་ཡི། །ཤཱཀྱ་སེང་གེ་འདི་ཡིན་ནོ། །འདི་ནི་གདུལ་བྱ་སྨིན་པའི་ཕྱིར། །གཤེགས་དང་བཞུགས་དང་མནལ་བ་དང་། །མུ་གེའི་གྲོང་དུ་གཤེགས་པ་དང་། །ལྷུང་ཟེད་སྟོང་པར་བྱོན་པ་དང་། །བསོད་སྙོམས་མང་དུ་རྙེད་པ་དང་། ། 1-682 དགྲ་དང་ཉེ་དུའི་འབྲེལ་པ་དང་། །རད་རོད་ཅན་དུ་གཟིམས་པ་དང་། །རེས་འགའ་སྙུང་བར་གཤེགས་པ་དང་། །གཞན་གྱི་བཀུར་པ་སྣ་ཚོགས་དང་། །རེས་འགའ་སྙན་པའི་བ་དན་དང་། །བདེ་དང་དགེས་པར་སྤྱོད་ པ་སོགས། །རྣམ་པ་སྣ་ཚོགས་སྟོན་པ་སྟེ། །སྤྲུལ་པ་ཡིན་གྱི་རང་བརྒྱུད་མིན། །ཞེས་གསུངས་པ་ལྟར། སྤྲུལ་པ་དང་། སྤྲུལ་གཞིའི་ཤན་ཕྱེད་པ་གལ་ཆེ་ཞིང་། འདི་ལྟ་བུའི་ཚུལ་གྱི་གནད་ལ་མ་རྨོངས་ ན། ཡུལ་དྲིན་ཅན་རྩ་བའི་བླ་མའི་མཛད་པ་ཐམས་ཅད་སངས་རྒྱས་ཀྱི་ཕྲིན་ལས་ཡིན་ལ། དེ་ཉིད་སྣང་ཆའི་གདུལ་བྱ་ད
【現代漢語翻譯】 雖然有很多種謙遜的方式,但我不敢多說。關於金剛上師的功德,可以分為兩種:第一種是通過引用經論的確定性,從學者和僧侶的角度,以講、辯、著三種方式為弘揚佛法做出貢獻,以及通過聞、思、修來培養傳統,從而使各方學者信服,所有這些解脫的傳承和與正理不相違背的偉大道路。通過偉大的論著,如區分正見和邪見的寶車,進入佛陀教誨的道路,以佛經作為見證,即使是非常隱秘的地方,也能通過經論的衡量,以正理的方式來解釋。 這番講述也是爲了後來的弟子們。導師所做的一切,無論細微還是粗大,都視為佛陀的化身。對於那些視導師為佛陀的人來說,他們自己的虔誠是解脫的因,他們真實而卓越的行為是奇妙的。他們視導師的行為為佛陀的事業,即使記錄下導師功德的一小部分也是值得的。因此,要像從甚深口訣中出現的那樣,將導師的一切行為都視為佛陀的事業,並努力進行祈禱的瑜伽,這能輕易地賜予今生和來世的一切榮耀。即便如此,爲了適應不同根器的眾生,導師也會示現無量無邊的行為。正如經文所說:‘圓滿二資糧的佛陀,在密嚴剎土成佛,是圓滿報身。他的化身,是出生于凈飯王之子的釋迦獅子。爲了調伏眾生,他示現行走、安住、睡眠,前往饑荒的城市,空缽而回,獲得豐厚的供養,與敵人和親友交往,睡在粗糙的床鋪上,有時生病,接受各種供養,有時聽到讚美之聲,享受安樂和喜悅等等。這些都是化身,而非自性。’ 因此,區分化身和化身的基礎非常重要。如果不迷惑于這種道理的關鍵,那麼根本上師的一切行為都是佛陀的事業,而這僅僅是爲了適應所化眾生的顯現。
【English Translation】 Although there are many ways to be humble, I dare not say more. Regarding the qualities of the Vajra Master, they can be divided into two types: The first is through quoting the certainty of scriptures and reasoning, from the perspective of scholars and monks, contributing to the propagation of Buddhism through the three ways of lecturing, debating, and writing, and through cultivating the tradition of hearing, thinking, and meditating, thereby convincing scholars from all sides, all these lineages of liberation and the great path that does not contradict reason. Through great treatises, such as the precious chariot that distinguishes between right and wrong views, entering the path of the Buddha’s teachings, using the Buddha’s scriptures as witness, even very hidden places can be explained through the measurement of scriptures and in a rational way. This explanation is also for the later disciples. Everything the teacher does, whether subtle or gross, is seen as the embodiment of the Buddha. For those who see the teacher as the Buddha, their own devotion is the cause of liberation, and their true and excellent actions are wonderful. They see the teacher’s actions as the Buddha’s work, and even recording a small part of the teacher’s merits is worthwhile. Therefore, one should regard all the teacher’s actions as the Buddha’s work, as it appears from the profound oral instructions, and strive to practice the yoga of prayer, which can easily bestow all the glory of this life and the next. Even so, in order to adapt to the different capacities of sentient beings, the teacher will show immeasurable and boundless actions. As the scripture says: ‘The Buddha who has perfected the two accumulations, who attained enlightenment in the Dense Array Pure Land, is the perfect enjoyment body. His emanation is Shakya Simha, born as the son of King Śuddhodana. In order to tame sentient beings, he shows walking, dwelling, sleeping, going to famine cities, returning with empty bowls, receiving abundant offerings, associating with enemies and relatives, sleeping on rough beds, sometimes being sick, receiving various offerings, sometimes hearing praises, enjoying happiness and joy, and so on. These are all emanations, not self-nature.’ Therefore, it is very important to distinguish between the emanation and the basis of emanation. If one is not confused about the key to this principle, then all the actions of the kind root guru are the work of the Buddha, and this is only to adapt to the appearance of the beings to be tamed.
ག་མ་དག་གི་ཁྱད་པར་ལས། དྭངས་པའི་ཤེལ་གོང་དར་ཁ་དོག་ནག་ པོ་དང་། དཀར་པོའི་སྟེང་དུ་བཞག་པའི་མདོག་གི་དབྱེ་བའམ། ཆུ་ཀླུང་དྭངས་པ་དང་རྙོག་པ་ཅན་ལ་འཆར་བའི་ཟླ་གཟུགས་བཞིན་དུ་རྒྱུ་མཚན་དང་བཅས་པའི་ངེས་པ་རྟོགས་པར་འགྱུར་ལ། མ་དག་ པ་ལས་སྣང་གིས་བསྡུས་པའི་ཀུན་རྟོག་སྣ་ཚོགས་བསྐྱེད་པའི་ཞིང་ས་ལས་སོན་པའི་དམན་པའི་སྙེ་མ་ལས་མཆོག་ཐུན་མོང་གི་དངོས་གྲུབ་ག་ལ་འབྱུང་སྟེ། བྱམས་མགོན་གྱིས། ལྷ་ཡི་རྒྱལ་པོས་ཆར་ ཕབ་ཀྱང་། །ས་བོན་མ་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་ན་བཟང་མི་མྱོང་། །ཞེས་པའི་ལུང་དང་། མཆོག་གི་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ཉིད་ལ་ཡང་། ལྷ་སྦྱིན་ལེགས་པའི་སྐར་མ་ལ་སོགས་པས། 1-683 ཕྱིན་ཅི་ལོག་ཏུ་བཏགས་པའི་རྣམ་གྲངས་ཇི་སྙེད་ཅིག མདོ་སྡེ་རིན་པོ་ཆེ་དག་ནས་འབྱུང་བས། ཞིབ་ཏུ་དཔྱད་དེ་ཁོང་དུ་ཆུད་པར་བྱའོ། །དེས་ན་མང་དུ་སྨྲོས་ཀྱང་ཅི། རྣམ་པར་ཐར་པའི་ འཇུག་ངོགས་མཐའ་དག་བརྗོད་པར་ག་ལ་སྤོབས། ཆ་ཙམ་གྱི་ལེགས་བྱས་རྒྱལ་བའི་བཀའ་ཡང་དག་པའི་ཚད་མས་ངེས་པ་བསྐྱེད་པ་གཟུ་བོར་གནས་པའི་བློས་དཔྱད་ན་གསུང་རབ་མ་ལུས་པ་བལྟ་བའི་ མེ་ལོང་འདི་ལྟ་བུ་གཅིག་འབྱུང་བ་འདི་ཡུལ་གྱི་ཁྱད་པར་ལས་ཉེ་བར་བསྐྲུན་པ་ཡིན་ཏེ། གང་ལ་མངའ་བའི་ཡོན་ཏན་གྱི་ཆ་ཤས་ཐམས་ཅད་མདོ་སྔགས་ཀྱི་གཞུང་ལུགས་ནས་ཇི་ལྟར་བཤད་ པའི་དོན་དང་ལྡན་པ་ཉིད་དུ་རྗེས་སུ་སྒྲུབ་པར་ནུས་པའི་རྣམ་པར་ཐར་པའི་ཚུལ་ངོ་མཚར་རྨད་དུ་བྱུང་བ་རྣམས་བདག་ཉིད་ཆེན་པོའི་ཐོག་མཐའ་བར་གྱི་དགུང་གི་ལོ་དག་གི་ཐད་སོ་ དག་ཏུ་སྦྱར་ཞིང་། དེའང་ཆེད་དུ་བརྗོད་པར་མཛད་པའི་བསྟོད་པའི་གོ་རིམ་དག་དང་ཟུང་དུ་སྡེབས་ནས་བསྟན་པ་ཡིན་ལ། འདི་ལ་རྗེས་སུ་དཔགས་ནས་རྒྱལ་བའི་བཀའ་རབ་འབྱམས་མཐའ་ཡས་པ། ཇི་ སྙེད་མུ་མེད་པ་གཞལ་བའི་ཡུལ་ལ་འདས་པ་ཀུན་ཀྱང་། དུས་གསུམ་སངས་རྒྱས་ཀྱི་ཡོན་ཏན་གྱི་ངོ་བོར་སྒྲོགས་པའི་སྤོབས་པ་དགེ་བ་ཁྱད་པར་ཅན་ཡང་། མཁན་པོ་འཇམ་པའི་དབྱངས་ཉིད་ཀྱི་དྲིན་ལས་ད་ལྟ་བློའི་ཡུལ་ན་ཡོད་མོད་ཀྱི་རེ་ཞིག་ཕྱོགས་ཙམ་མཚོན་པའི་ཉུང་ངུ་འདི་ལས་མ་བརྗོད་ལ། 1-684 མདོར་ན་དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས། བླ་མ་ཡོན་ཏན་ཐ་མལ་དངོས་དང་བྲལ། །གཞན་མིན་མཆོག་གི་དབང་གི་དབང་བསྐུར་སྐུ། །མྱ་ངན་འདས་ལ་འདོད་པའི་ཡིད་དང་བྲལ། །དངོས་པོ་ཆུ་ཟླ་ ལྟ་བུར་ཉིད་ཀྱིས་མཐོང་། །མཆོག་དང་ཆུབ་པ་གཉིས་ཀྱི་བར་ན་བཞུགས། །དེ་ལྟའི་དཔལ་བླ་རྡོ་རྗེ་རྒྱལ་པོ་ཉིད། །ཅེས་གསུངས་པའི་དོན་རྣམས་ནང་གསེས་ཀྱི་ཆ་རེ་རེ་ནས་མཚུངས་ལྡན་དུ་སྟོན་པར་ མཛད་པའི་མཆོག་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ། གསོལ་བ་
【現代漢語翻譯】 從清凈與不清凈的區別來說,就像將清澈的水晶球放在黑色和白色的物體上,所呈現出的顏色差異,又如清澈與渾濁的河流中所映現的月影,通過這些比喻,我們能夠以理性的方式認識到真諦。然而,從不清凈的狀態出發,由現象所攝持的各種妄念,如同從貧瘠的土地上生長的劣質稻穗,又怎能從中獲得殊勝和共同的成就呢?正如慈悲怙主(Byams Mgon,彌勒佛)所說:『即使天神降下雨水,如果種子不好,也不會生長。同樣,即使諸佛降臨世間,如果眾生沒有福分,也無法體驗到佛法的益處。』甚至對於至高化身釋迦牟尼(Śākya Thubpa)本身,也有提婆達多(Lha Sbyin,梵文:Devadatta)和吉祥星(Legs Pa’i skar ma)等人,顛倒是非,妄加誹謗。這些都記載在珍貴的經藏(Mdo sde rin po che)中,應當仔細研究並理解。既然如此,又何必多說呢?想要完全描述解脫的入口,又怎麼可能呢?僅僅是略微的善行,通過諸佛的教言和可靠的衡量標準來確定,如果以公正的心來衡量,就會發現,像這樣能夠照見所有佛經的明鏡,是由於地域的特殊性而產生的。因為它能夠如實地證明,所有包含的功德,都與顯密經論中所闡述的意義相符。這種殊勝的解脫方式是如此的奇妙,將偉人們從開始到結束,一生各個階段的功德,與他們所作的讚頌詩句相結合來展示。通過對這些的瞭解,可以推知無邊無際的佛陀教誨。所有過去、現在、未來三世諸佛的功德,都能夠被宣揚。這種殊勝的勇氣,雖然現在還存在於堪布(Mkhan po,住持)蔣揚(‘Jam pa’i dbyangs)的恩德中,但暫時只描述了其中一小部分。 總而言之,正如《吉祥智慧明點續》(dpal ye shes thig le’i rgyud)中所說:『上師遠離平凡的功德和事物,不是他人,而是至高灌頂之身。遠離對涅槃的渴望,視萬物如水月。處於殊勝與覺悟之間。』像這樣的大德,吉祥金剛持(rdo rje rgyal po),他的所有功德,都與上述經文的意義一一對應。至高金剛上師,壇城海的部主,祈請賜予所有殊勝和共同的成就。
【English Translation】 From the distinction between purity and impurity, it is like placing a clear crystal ball on black and white objects, where the color differences are revealed, or like the moon’s reflection appearing in clear and turbid rivers. Through these metaphors, we can rationally understand the truth. However, starting from an impure state, the various delusions grasped by phenomena are like inferior rice ears growing from barren land. How can one obtain supreme and common achievements from them? Just as the Compassionate Protector (Byams Mgon, Maitreya) said: ‘Even if the gods send down rain, if the seeds are bad, they will not grow. Similarly, even if the Buddhas come into the world, if beings have no merit, they cannot experience the benefits of the Dharma.’ Even for the supreme incarnation Śākya Thubpa himself, there were Devadatta (Lha Sbyin, Deva Datta) and the Auspicious Star (Legs Pa’i skar ma) and others who reversed right and wrong and slandered him. These are recorded in the precious Sutra Pitaka (Mdo sde rin po che), and should be carefully studied and understood. Since this is the case, why say more? How is it possible to fully describe the entrance to liberation? Merely a slight act of virtue, determined by the words of the Buddhas and reliable standards, if measured with an impartial mind, one will find that this mirror, which can reflect all the scriptures, is produced due to the special nature of the region. Because it can truly prove that all the included virtues are in accordance with the meaning explained in the Sutras and Tantras. This wonderful way of liberation is so marvelous, combining the merits of great beings from beginning to end, at each stage of their lives, with the verses of praise they composed. Through understanding these, one can infer the boundless teachings of the Buddhas. All the merits of the Buddhas of the past, present, and future can be proclaimed. This extraordinary courage, although it still exists in the kindness of Khenpo Jamyang (‘Jam pa’i dbyangs), for the time being, only a small part of it is described. In short, as it is said in the Glorious Essence of Wisdom Drop Tantra (dpal ye shes thig le’i rgyud): ‘The Guru is free from ordinary qualities and things, not another, but the body of the supreme empowerment. Free from the desire for Nirvana, seeing all things as water moons. Abiding between the supreme and enlightenment.’ Such a great being, the Glorious Vajradhara (rdo rje rgyal po), all his merits correspond to the meaning of the above scriptures one by one. Supreme Vajra Master, Lord of the Mandala Ocean, please grant all supreme and common achievements.
བཏབ་པ་ཙམ་གྱིས་བདེ་བླག་ཏུ་སྩོལ་བ་དགོངས་འདོད་ཀུན་འབྱུང་གི་རྗེ་འདི་ ཉིད་དགུང་གི་ལོ་ང་དགུའི་སྟེང་དུ་ཕེབས་པ། ཁྱི་ལོའི་ཆོ་འཕྲུལ་གྱི་ཟླ་བ་རྟའི་ཉ་བའི་ཡར་ངོའི་བཅུ་གཅིག་གི་ཉི་མ་རྩེ་དྲོས་ལ་དཔལ་ཨེ་ཝྃ་ཆོས་ལྡན་དུ་ཆོས་ཀྱི་རྗེ་རིན་ པོ་ཆེ་ཡོངས་འཛིན་དཀོན་མཆོག་འཕེལ་བའི་ཞལ་སྔ་ནས་དགོངས་པ་ཆོས་དབྱིངས་སུ་ཉེ་བར་བཞག་ཅིང་། ཉེར་ལྔའི་བར་དུ་སྐུ་བཀྲག་མདངས་དང་བཅས་ཏེ་ཐུགས་དམ་པ་གདན་ཆགས་ནས། བརྒྱུད་པའི་བླ་མ་ གོང་མ་སངས་རྒྱས་ཐམས་ཅད་ཀྱིས་ཉེ་བར་བརྟེན་པའི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ག་ལ་བ་དེར་ཕེབས་པ་མཛད་པའི་དུས་དེ་ཉིད་དང་དུས་མཚུངས་པར་རྗེ་བཙུན་དམ་པ་འདི་ཉིད་ཀྱིས་མནལ་ཚེ་འོད་གསལ་ནང་སོ་རྒྱལ་དབང་གིས་བསྐུལ་བའི་རྣམ་ཐར་བསྟོད་པའི་ནང་ན་ཡང་། 1-685 མཛད་པ་རྒྱ་མཚོའི་མཐར་ཡང་དཔའ་བོ་དང་། །མཁའ་འགྲོ་བྱེ་བའི་ཞབས་འབྲིང་དང་བཅས་པས། །བདེ་བ་ཅན་གྱི་ཞིང་དུ་མངོན་སུམ་གཤེགས། །དག་པའི་སྣང་བ་མཐར་ཕྱིན་ཁྱོད་ཕྱག་འཚལ། །འདིའི་མཚན་མ་ཁོ་ བོ་ལ་ཡང་ཤར་རོ།། དུ་ཡང་དཔལ་མགོན་ཞལ་བཞི་པ་འཁོར་དང་བཅས་པ་རྣམ་འཕྲུལ་རྨད་དུ་བྱུང་བའི་སྒོ་ནས། ངེད་ཀྱིས་ཆོས་རྗེ་ངོར་པ་བདེ་བ་ཅན་དུ་སྐྱེལ་དུ་ཕྱིན་པ་ཡིན། གཏོར་ མ་བླངས་ཞེས་པའི་ཚུལ་གཏན་ཚིགས་དང་བཅས་པ་རྒྱུན་གྱི་ཞབས་འབྲིང་པ་དག་ལ་བཀའ་སྩལ་པ་ཇི་ལྟ་བ་བཞིན་དུ་ལྐོག་གྱུར་གྱི་དོན་མངོན་སུམ་དུ་གསལ་བར་དགོངས་པའི་ཚུལ་སྟོན་པར་མཛད་ ཅིང་། དེ་མཚམས་ཨེ་ཝྃ་ཉིད་ནས་ཀྱང་དེ་ལྟ་བུའི་རྒྱུ་མཚན་གྱི་སྒོ་རྣམས་འབུལ་བ་ལ་རྗེས་སུ་མངགས་པའི་ཕོ་ཉ་བ་རྐང་མགྱོགས་ཀྱིས་འཕྲལ་དུ་སླེབས་ཏེ་ཐོས་མཆོད་ཀྱི་རིམ་པ་ཉིད་ཀྱིས་ དབུ་དྲངས་དགོངས་རྫོགས་ཀྱི་རྣམ་བཞག་ཆེ་ལོང་ཙམ་སྒྲུབ་པར་མཛད་པའི་ཕྱི་ལོ། རྒྱལ་བའི་སྲས་པོ་ལྷ་མཆོག་སེང་གེའི་ཞལ་མངའ་ནས་ཕྱོགས་འདིར་སྐུ་གདུང་རིན་པོ་ཆེ་དང་ལྷན་དུ་ཕེབས་པར་མཛད་ པ་ལ་ཐོག་མར་དགོན་སྡེ་སོ་སོ་ནས་བཀོད་པའི་ཁྱད་པར་དུ་མ་དང་ལྡན་པས་ཉེ་བར་སྤྱན་དྲངས་ཏེ། སྐུ་གདུང་རིན་པོ་ཆེ་ལ་མཆོད་པའི་རྣམ་གྲངས་དཔག་ཏུ་མེད་པས་སྲིད་ཞུར་མཛད་ཅིང་། 1-686 ཆོས་རྗེ་རིན་པོ་ཆེའི་ཞལ་མངའ་ནས་ལ་སྒོ་མཐའ་ཡས་པའི་རྙེད་པ་དང་། བཀུར་སྟིས་འཕྲལ་དང་ཡུན་དུ་ཐུགས་ལྷག་པར་བརྟས་པར་མཛད་ཅིང་། ཞབས་འབྲིང་པ་མཐའ་དག་ལ་ཡང་ངལ་བསོའི་གནས་དུ་ མས་སེམས་རངས་པར་མཛད། ཕེབས་ལམ་དུབ་པ་མ་ལུས་པ་བསལ་ཏེ། དེ་མཚམས་དགོན་གནས་སོ་སོར་མང་ཇ་གདུང་ཚའི་འགྱེད་དང་བཅས་པ་མཛད་ཅིང་། རྗེ་ཉིད་ལ་མངའ་བའི་ཟུར་བཀའི་དབང་བསྐུར་མཐའ་ ཡས་པས་མཚོན་པའི་ཆོས་ཀྱི་ཚུལ་ཇི་སྙེད་ཀྱི་དགའ་སྟོན་སྩོལ་བར་མཛད། རྗེ་ཉིད་ཀྱི་སྐུའི་དབོན་དག་གི་རབ་བྱུང་བསྙེན་རྫོགས་སྒྲུབ་པར་མཛད་པའི། ལས་ཀ
【現代漢語翻譯】 僅僅是種下,就能輕易地賜予,滿足一切願望的這位怙主,在五十九歲時,于狗年神變月(藏曆正月)上弦十一日的清晨,在吉祥埃旺寺(dpal e waM chos ldan)圓寂。法王仁波切(chos kyi rje rin po che)的親教師雍增·袞卻貝(yongs ‘dzin dkon mchog ‘phel ba)示寂於法界(chos dbyings su nye bar bzhag),色身保持光彩,入定二十五日。所有傳承上師和諸佛都親近的西方極樂世界(nub phyogs bde ba can gyi zhing khams)示現往生。與此同時,至尊上師(rje btsun dam pa)在光明夢境中也顯現了同樣的景象。索嘉·嘉瓦(sogya rgyal dbang)所作的《勸請文·讚頌傳記》中也寫道: 『事業如海深廣,勇士和無數空行母隨侍,親身前往極樂凈土,對您圓滿清凈的顯現頂禮。』這樣的徵兆也出現在我身上。而且,四面怙主(zhal bzhi pa)及其眷屬,以不可思議的神變,說:『我們已經護送法王俄爾巴(ngor pa)前往極樂世界。』以這種方式,連同供養朵瑪(gtor ma)等細節,都如實地告知了常隨侍者,以示他已證悟了隱秘之義。 此後,埃旺寺也派快馬使者前來,供奉各種供品,並舉行了簡短的圓寂紀念儀式。次年,嘉瓦賽波·拉秋森給(rgyal ba’i sras po lha mchog seng ge)帶著法體一同前來,各寺院以各自特有的方式隆重迎接,並以無量的供品供養法體。 法王仁波切(chos rje rin po che)賜予了無盡的供養和尊敬,使他們當下和長遠都感到非常滿意,也讓所有侍者都得到了充分的休息,消除了旅途的疲勞。之後,還在各寺院舉行了供茶和超度儀式,並賜予了包括法王本人所擁有的無數密法灌頂在內的各種佛法盛宴。還為法王本人的侄子們剃度出家,授比丘戒等。
【English Translation】 Just by planting the seeds, this Lord who easily grants and fulfills all wishes, at the age of fifty-nine, on the eleventh day of the waxing moon of the Miraculous Month (Tibetan New Year) in the Year of the Dog, at dawn, at the glorious Ewam Monastery (dpal e waM chos ldan), the spiritual master, the precious Dharma Lord, Yongdzin Konchok Phel (yongs ‘dzin dkon mchog ‘phel ba), dissolved his mind into the Dharmadhatu (chos dbyings su nye bar bzhag), and for twenty-five days, his body remained radiant, absorbed in deep meditation. All the lineage lamas and Buddhas relied upon him, and he manifested his passing to the Western Pure Land of Sukhavati (nub phyogs bde ba can gyi zhing khams). At the same time, the venerable and holy master (rje btsun dam pa) also saw the same vision in a dream of clear light. In the ‘Supplication and Praise of Liberation’ by Sogya Gyalwang (sogya rgyal dbang), it is written: ‘Your deeds are as vast as the ocean, attended by heroes and millions of dakinis, you manifestly departed to the Pure Land of Sukhavati. I prostrate to your perfect and pure appearance.’ This sign also appeared to me. Moreover, the Four-Faced Protector (zhal bzhi pa) and his retinue, through miraculous transformations, said: ‘We have escorted Dharma Lord Ngorpa (ngor pa) to Sukhavati.’ In this way, including details such as the offering of tormas (gtor ma), he truthfully informed the attendants, showing that he had realized the hidden meaning. After that, Ewam Monastery also sent a swift messenger to offer various offerings and hold a brief memorial service. The following year, Gyalwa Seppo Lhachok Senge (rgyal ba’i sras po lha mchog seng ge) came with the precious remains, and each monastery welcomed him with their own unique ceremonies, and offered countless offerings to the remains. The Dharma Lord (chos rje rin po che) bestowed endless offerings and respects, making them very satisfied in the present and in the long term, and also gave all the attendants ample rest, eliminating the fatigue of the journey. Afterwards, tea offerings and liberation ceremonies were held in each monastery, and various Dharma feasts were bestowed, including countless secret empowerments possessed by the Dharma Lord himself. He also ordained the Dharma Lord’s nephews, giving them novice and full ordination.
ྱི་སློབ་དཔོན་དང་སངས་རྒྱས་དབོན་རྣམ་གཉིས་ ཀྱི་གཙོ་མཛད་པའི་སྡེ་སྣོད་འཛིན་པ་དུ་མ་ལ་ཀུན་མཁྱེན་རིན་པོ་ཆེའི་བཀའ་འབུམ་ཟུར་ཆོས་སུ་ལུང་སྩལ་དུ་འཇུག་པ་སོགས་མ་འོངས་པ་ན་རྣམ་པར་དག་པའི་ཕྲིན་ལས་ཀྱི་སྒོ་སྩོལ་ མེད་དུ་འབྱུང་བའི་རྟེན་ཅིང་འབྲེལ་འབྱུང་ཡང་དག་པར་སྒྲིག་པར་མཛད་ལ། དེ་མཚམས་དངོས་པོ་རྣམ་པར་དག་པ་དཔག་ཏུ་མེད་པའི་མཆོད་པའི་ཚོགས་གཞལ་དུ་མེད་པ་དག་གིས་དགོངས་པའི་དབྱིངས་ཡོངས་ སུ་བསྐང་བར་མཛད་ཅིང་། རེ་ཞིག་ཕྱོགས་འདིའི་གདུལ་བྱ་རྣམས་ལ་ཆོས་ཀྱི་དགའ་སྟོན་གྱི་མཛད་པ། དང་པོའི་ཚེས་ཀྱི་ཟླ་བ་ལྟ་བུ་ཇེ་འཕེལ་དུ་འགྱུར་བའི་སྣང་ཆ་དེ་ཙམ་ཞིག་བསྟན་པར་མཛད་ནས། 1-687 སླར་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པས་བརྩེན་པའི་གནས་དཔལ་ཨེ་ཝྃ་ཆོས་ལྡན་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས། བླ་མ་གོང་མའི་གདན་ས་དེ་ཉིད་དུ་ ཕེབས་པའི་མོད་ལ་རྗེ་བཙུན་གོང་མ་རྣམས་ཀྱི་མཛད་པའི་རྒྱུན་བསྲིང་བ་དང་། དགོངས་པའི་དབྱིངས་བསྐང་བའི་སླད་དུ་དཔལ་ཨེ་ཝྃ་ཆོས་ལྡན་གྱི་ཆོས་གྲྭ་ཆེན་པོར་རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་ མི་འཇིགས་སེང་གེའི་ཁྲི་ལ་མངོན་པར་དབང་བསྐུར་བར་མཛད་དེ། བརྒྱུད་པ་གོང་མ་སངས་རྒྱས་ལྟ་བུ་དེ་དག་གི་དགོངས་པ་གཅིག་དང་དབྱངས་གཅིག་གིས་རྒྱལ་ཚབ་དམ་པར་མངའ་གསོལ་བ་བཞིན། གྲུབ་ ཐོབ་ཀྱི་འཁོར་ལོས་བསྒྱུར་བ་རྗེ་བཙུན་དམ་པ་སངས་རྒྱས་རིན་ཆེན་དཔལ་བཟང་པོས་ལེགས་བྱས་བཀའི་མེ་ཏོག་བསིལ་མས་གཏོར་བར་མཛད་དེ། རྒྱལ་ཚབ་འགྲོ་བའི་བླ་མ་ལྷ་མཆོག་སེང་གེ་ཞེས་སྙན་ པའི་གྲགས་པས། ཉི་འོག་གི་ཁྱོན་མཐའ་དག་ཁྱབ་པའི་བཀྲ་ཤིས་དང་བདེ་ལེགས་ཆེན་པོ་བསྐྲུན་པར་མཛད་པ་ཡིན་ཞེས་གྲགས་ཤིང་། ཕྱིས་མངའ་རིས་ཀྱི་ཕྱོགས་འདིར་སླད་ནས་སྤྱན་འདྲེན་པར་མཛད་དེ། རྗེ་ བཙུན་རྡོ་རྗེ་འཆང་ཡབ་སྲས་ཀྱི་བསྟན་པའི་མེ་རོ་རྨངས་ནས་བླང་བའི་རྣམ་དཀར་གྱི་ཕྲིན་ལས་བསྐྱེད་པར་མཛད་དོ། །བགྲང་ཡས་རྒྱལ་བའི་བཀའ་དང་དེ་འགྲེལ་གསུང་། །མཐའ་ཡས་ཤེས་བྱའི་གནས་ལས་ལེགས་འོངས་པའི། ། 1-688 དཔག་ཡས་འགྲོ་བློའི་དབུལ་བ་སེལ་བ་ཡི། །བསམ་ཡས་ཆོས་ཀྱི་སྦྱིན་པ་སྤེལ་བར་མཛད། །སྔོན་དང་ཕྱི་མཐའ་མཁྱེན་པའི་ཟློས་གར་མཁན། །མཐའ་གཅིག་མ་ངེས་དུས་བརྒྱར་སེམས་ཅན་དོན། །འབད་མེད་བགྱི་བ་ འདོད་དགུའི་དཔག་བསམ་ཤིང་། །ཡོངས་ལ་ཕན་བདེའི་དཔལ་སྟེར་ཨ་ཤ་ཐ། །འགྲོ་བའི་དགེ་ལེགས་དུ་མའི་འབྱུང་གནས་མཆོག །སྐྱབས་གསུམ་ངོ་བོ་རྗེ་བཙུན་བླ་མའི་ཞབས། །མཐོང་ཐོས་དྲན་རེག་བདེ་བ་ཀུན་སྦྱིན་ པ། །ཨེ་མ་ཧོ་རྨད་འབྱུང་བས་ཀྱང་རྨད་དུ་བྱུང་། །ཡིད་བཞིན་དབང་གི་རྒྱལ་པོ་ཇི་ལྟ་བར། །གསོལ་འདེབས་ཙམ་གྱིས་རེ་འདོད་ཀུན་སྩོལ་བ། །ཁྱོད་ལྟར་སྲིད་འདིར་བླ་ན་མ
【現代漢語翻譯】 兩位尊貴的導師和佛陀後裔,以及眾多以他們為主導的持藏者,都獲準接受一切智者仁波切的著作集作為額外的教法傳承。未來,他們將以純凈的方式開啟弘法利生的事業,並正確地安排吉祥的緣起。與此同時,他們以無數純凈的供品來圓滿諸佛的意境。暫時地,他們為這一地區的有緣眾生展現瞭如新月初升般的佛法盛宴,並逐漸增上。 此後,他再次回到三世諸佛化現的聖地——吉祥埃旺寺(dpal e waM chos ldan,吉祥埃旺法苑),那裡是無量功德的源泉,也是歷代上師的駐錫地。他立即延續了歷代尊者的事業,爲了圓滿他們的意境,他在吉祥埃旺法苑的大學院中,榮登勝樂金剛(rdo rje ‘chang chen po,金剛持)無畏的獅子寶座。如同歷代上師——諸佛一般,以同一心意和聲音,為他舉行了盛大的繼任儀式。成就自在的轉輪王——至尊桑吉仁欽貝桑波(sangs rgyas rin chen dpal bzang po,寶吉祥)以善妙的加持之花雨來祝賀他。『法嗣上師,眾生之怙主,殊勝獅子』的美名傳遍天下,創造了吉祥和安樂。據說後來他被迎請到阿里地區,復興了至尊金剛持父子的教法,開啟了純凈的弘法利生事業。無量諸佛的教言及其註釋,皆出自無邊智慧之源,能消除無量眾生的愚昧,他廣弘無量佛法。 他是通曉過去和未來的舞者,爲了利益眾生,在無數個不確定的時代里,毫不費力地滿足眾生的一切願望,如意寶樹般,賜予一切眾生利益和安樂。他是眾生無量福祉的殊勝源泉,是三寶的化身——至尊上師之足。見、聞、憶、觸皆能賜予安樂,真是稀有而又稀有!如同如意自在之王,僅需祈禱就能滿足一切願望,世間再無如您一般殊勝者。
【English Translation】 The two venerable teachers and the Buddha’s descendants, along with many holders of the teachings led by them, were allowed to receive the collected works of Omniscient One Rinpoche as additional teachings. In the future, they will open the gate of pure activities for the benefit of beings and correctly arrange the auspicious dependent arising. At the same time, they fulfilled the enlightened intent of all Buddhas with countless pure offerings. For the time being, they showed the beings in this area a Dharma feast like the rising of a new moon, which will gradually increase. After that, he returned to the sacred place of Pal Ewam Monastery (dpal e waM chos ldan, Auspicious Ewam Dharma Abode), the source of countless virtues and the seat of the previous lamas, which is the manifestation of all the Buddhas of the three times. He immediately continued the activities of the previous venerable ones, and in order to fulfill their enlightened intent, he ascended the fearless lion throne of Vajradhara (rdo rje ‘chang chen po, Great Vajra Holder) in the great Dharma college of Pal Ewam Monastery. Like the previous Buddhas, with one mind and one voice, he was enthroned as the supreme regent. The master of siddhas, the venerable Sangye Rinchen Pal Zangpo (sangs rgyas rin chen dpal bzang po, Buddha Ratna Glorious Excellent), showered him with the cool flowers of auspicious deeds. The fame of ‘Successor, the Lama of beings, Supreme Lion’ spread throughout the world, creating great auspiciousness and well-being. It is said that later he was invited to the Ngari region, where he revived the teachings of Vajradhara and his sons, and initiated pure activities for the benefit of beings. The countless teachings of the Buddhas and their commentaries, which come from the boundless source of knowledge, can eliminate the ignorance of countless beings. He propagated the immeasurable Dharma. He is the dancer who knows the past and the future, and for the benefit of beings, in countless uncertain times, he effortlessly fulfills all the wishes of beings, like a wish-fulfilling tree, bestowing benefit and happiness to all. He is the supreme source of countless blessings for beings, the embodiment of the Three Jewels - the feet of the venerable Lama. Seeing, hearing, remembering, and touching all bestow happiness, it is truly rare and wonderful! Like the wish-fulfilling king, he grants all wishes with just a prayer, there is no one as supreme as you in this world.
ེད་པ་སྟེ། །དེ་འདྲར་ སུ་ཞིག་གསོལ་བ་འདེབས་མི་བྱེད། །ནམ་ཡང་གཡེལ་བ་མེད་པར་ཁྱོད་ཀྱི་སྐུ། །དྲན་བྱས་གསོལ་བཏབ་འབྲས་བུ་མི་བསླུའི་ཚུལ། །རྒྱལ་བས་རྒྱུད་སྡེ་དུ་མར་རབ་བསྟན་པ། །ཚད་གྱུར་སྐྱེ་བོ་དུ་མས་ གཏན་ལ་ཕབ། །ཚེ་འདིའི་བྱ་བ་སྨིག་རྒྱུ་ལྟ་བུ་ཡིས། །འཕྲལ་ཡུན་སྡུག་བསྔལ་བྱེ་བར་སྤྱད་མི་བྱ། །བླ་མེད་བླ་མ་རྒྱལ་བ་ཀུན་དངོས་ལ། །དབྱེར་མེད་གསོལ་བཏབ་དོན་ཀུན་འགྲུབ་པ་ཉིད། །སྤྲིན་ གློག་ཆུ་བུར་ལྟ་བུའི་དད་སྤངས་ཏེ། །འགྱུར་མེད་མོས་གུས་རྡོ་རྗེ་ལྟར་བརྟན་པས། །རྒྱལ་བ་ཀུན་དངོས་ཆོས་རྗེ་བླ་མ་མཆོག །རྟག་ཏུ་མི་བརྗེད་དྲན་པས་གསོལ་བ་འདེབས། །དེ་བས་ན་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མ་ལུས་པ་འབྱུང་བའི་ཡུལ་ནི་དངོས་གྲུབ་ཀྱི་རྩ་བ་དཔལ་ལྡན་བླ་མའོ་ཞེས་དེ་ཉིད་ཡོན་ཏན་བསྔགས་པ་ལ་ཡང་སྦྱར་བར་བྱའོ། ། 1-689 མཆོག་གི་དཔལ་ལྡན་བླ་མའི་ཡོན་ཏན་བརྗོད་པའི་ཚུལ་ལས་ཕུལ་དུ་བྱུང་བའི་མཛད་པའི་ཁྱད་པར་འགའ་ཞིག་ལས་རྗེས་སུ་བསྒྲགས་པའི་རབ་ཏུ་བྱེད་པ་སྟེ་དགུ་པའོ།། །། ༄། །སྦྱིན་པ་རྣམ་པ་བཞིའི་སྒོ་ནས་ཡོངས་སུ་བསྒྲགས་པའི་རབ་ཏུ་བྱེད་པ་སྟེ་བཅུ་པ། དེ་ལྟའི་སྐབས་ནས་དགུང་གི་ ལོ་མཐོན་པོར་སོན་པ། ནམ་མཁའ་དང་མཉམ་པའི་མཐའ་དཔག་པར་མི་ནུས་པའི་ལུས་ཅན་མ་ལུས་པའི་དོན། རྒྱལ་སྲས་སེམས་དཔའི་བཀའ་སྲོལ་ཁྱད་པར་ཅན་རྗེས་སུ་བསབ་པར་དགོངས་ནས། སྐྱིད་གྲོང་གི་ འཕགས་པ་ཝ་ཏི་ལ་མཆོད་པ་དང་བཀུར་སྟི་དཔག་ཏུ་མེད་པའི་སྒོ་ནས་ཆེད་དུ་བྱ་བ་དུ་མའི་མཛད་པ་རླབས་པོ་ཆེ་རྗེས་སུ་སྟོན་པར་མཛད་དེ། བདག་ཉིད་ཆེན་པོ་སློབ་མའི་ཚོགས་ དང་བཅས་པ་དང་། དེ་ལས་གཞན་དུ་དགེ་བ་ལ་རྗེས་སུ་ཕྱོགས་ཤིང་ཐར་པའི་ལམ་ལ་མངོན་པར་འདུན་པའི་སྐྱེ་བོ་དད་པ་ཅན་དཔག་ཏུ་མེད་པའི་ཞབས་འབྲིང་བ་དང་བཅས། རང་གི་མངའ་ ཐང་ལས་རིམ་གྱིས་བརྒལ་ཏེ་ཕེབས་པའི་ལམ་དུ་མནལ་ལམ་གྱི་ཚུལ་གྱིས་ངོ་མཚར་བའི་ལྟས་ཁྱད་པར་ཅན་འདི་ལྟར་བྱུང་སྟེ། ཁང་བཟང་ཤིན་ཏུ་ཡངས་པ་བཀོད་པས་ཁྱད་པར་དུ་འཕགས་པ་ཞིག་ གི་དབུས་ན་ཆོས་རྗེ་ས་སྐྱ་པཎྜི་ཏ་དང་། རྗེ་བཙུན་ཀུན་དགའ་དབང་ཕྱུག་གཉིས་བཞུགས་པ་ལ། ཞུས་ལན་གྱི་སྒོ་དུ་མ་མཛད་པའི་རྗེས་སུ། རྗེ་ཉིད་ཀྱི་ཁྲི་ཆེན་པོའི་སྟེང་ནས། དག་པའི་གདུལ་བྱ་དཔག་ཏུ་མེད་པ་ལ། 1-690 ཕན་སེམས་བྱང་ཆུབ་ཀྱི་ཆོ་ག་ཡང་དག་པར་སྤྲོད་པར་མཛད། ཆོས་རྗེ་ས་སྐྱ་པཎྜི་ཏ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའི་ཕྲིན་ལས་མཆོག་ལ་བསྐུལ་མ་ འདེབས་པ་ལ་སོགས་པའི་དག་པའི་སྣང་བ་རབ་འབྱམས་དུ་མའི་འཕྲུལ་སྟོན་པར་མཛད་ཅིང་། དེ་ཡང་འཕགས་པ་བསྡུད་པ་ལས། རྨི་ལམ་ན་ཡང་སེམས་ཅན་ངན་སོང་གསུམ་ལས་འདོན། །སྐད་ཅིག་དེ་ལ་ ངན་སོང་རྒྱུན་གཅོད་སྨོན
【現代漢語翻譯】 誰不會向如此之人祈禱呢? 永不懈怠地憶念您的身。 祈禱不會落空的道理, 諸佛在眾多續部中已善加闡述。 已成為標準的眾多智者 已確定。 不要將今生的如幻之事, 用於承受暫時的無盡痛苦。 向無上至尊的諸佛之本體, 無分別地祈禱,一切願望皆能實現。 捨棄如雲、電、水泡般不堅定的信心, 以如金剛般堅定的不變的虔誠, 恒常不忘地憶念作為諸佛之本體的法王上師,並向其祈禱。 因此,獲得暫時和究竟一切利益安樂的來源,乃是成就之根本——具德上師,也應將此用於讚頌上師的功德。 第一卷689 這是對至尊具德上師功德的陳述中,對卓越事業的特殊方面的追述,即第九品。 ༄། །這是通過四種佈施的方式進行全面宣告的論述,即第十品。 從那時起,當他年事已高, 爲了追隨與虛空等同、無法估量的所有眾生的利益, 尤其是爲了遵循菩薩的特殊教規, 他以無量的供養和尊敬,專門為供奉吉隆的帕巴瓦ati(聖者瓦ati)做了許多偉大的事業。 偉大的上師與他的弟子們, 以及其他嚮往善行和渴望解脫的有信仰的人們,在無數侍從的陪伴下, 逐漸超越了自己的領地,在行進的道路上,以夢境的方式出現瞭如下奇妙的景象: 在一個極其寬廣、裝飾精美的宮殿中央, 法王薩迦班智達和杰尊貢嘎旺秋(至尊貢嘎旺秋)二位尊者安坐其中。 在進行了多次問答之後, 尊者在自己的大法座上, 為無量清凈的弟子們, 第一卷690 圓滿地傳授了利益眾生的菩提儀軌。 法王薩迦班智達示現圓滿成佛並轉法輪的殊勝事業, 以及其他無數清凈的景象。 正如《聖者彙集經》中所說:即使在夢中,也能將眾生從三惡道中解脫出來。 愿我能立即斷除惡道的延續。
【English Translation】 Who would not pray to such a one? Unceasingly remembering your form. The way that prayers do not deceive, The Victorious Ones have well taught in many tantras. Many qualified beings Have established. Do not use the illusory affairs of this life, To endure countless temporary sufferings. To the unsurpassed, supreme, all-Victorious One in person, Praying without differentiation, all wishes will be fulfilled. Abandoning faith like clouds, lightning, and water bubbles, With unwavering devotion as firm as a vajra, Always unforgettingly remembering the Dharma Lord Lama, who is the embodiment of all Victorious Ones, and praying to him. Therefore, the source of all temporary and ultimate benefit and happiness is the root of accomplishment, the glorious Lama, and this should also be applied to praising his qualities. Volume 1-689 This is the ninth chapter, a proclamation following some of the extraordinary deeds from the manner of stating the qualities of the supreme glorious Lama. ༄། །This is the tenth chapter, a proclamation made through the four types of generosity. From that time, as he advanced in years, Intending to follow the particularly special precepts of the Bodhisattva for the sake of all beings as limitless as the sky, He performed many great deeds specifically to honor the Arya Wati (Holy Wati) of Kyirong with immeasurable offerings and respect. The great master, together with his assembly of disciples, And countless faithful attendants who were otherwise inclined towards virtue and aspired to liberation, gradually surpassed his own domain, and on the path of his journey, the following extraordinary and wondrous signs appeared in a dream: In the center of an extremely vast and exquisitely decorated palace, Dharma Lord Sakya Pandita and Jetsun Kunga Wangchuk (Venerable Kunga Wangchuk) were seated. After engaging in numerous questions and answers, The Venerable One, from atop his great throne, Perfectly bestowed the ritual of enlightenment for the benefit of countless pure disciples. Volume 1-690 He displayed a multitude of pure visions, such as urging on the supreme activity of Dharma Lord Sakya Pandita manifesting complete enlightenment and turning the Wheel of Dharma. And as it is said in the ‘Gathering of the Noble Ones’: ‘Even in dreams, one liberates sentient beings from the three lower realms.’ ‘May I instantly cut off the continuation of the lower realms.’
་ལམ་འདེབས། །བདེན་པའི་བྱིན་གྱིས་བརླབས་ཀྱིས་མེ་ཡི་ཕུང་པོ་ཞི། །དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །ཞེས་གསུངས་པ་ལྟར། ཕྱིར་མི་ལྡོག་པའི་རྟགས་ཁྱད་པར་ ཅན་དང་བཅས་པའི་དགེ་མཚན་གྱི་དཔལ་གྱིས་རོལ་བར་མཛད་པའི་ཚུལ་ཡང་གོང་གི་འཕྲོས་ལས་འདི་ལྟར་དུ་འབྱུང་སྟེ། མཁའ་མཉམ་སེམས་ཅན་ཀུན་ལ་ཕན་པ་ཡི། །བྱང་ཆུབ་སེམས་གཉིས་རིན་ཆེན་མཛོད་ འཛིན་ཅིང་། །བསླབ་གསུམ་དཔལ་འབྱོར་ཆོས་སྦྱིན་དྲི་མེད་ཀྱིས། །མཐའ་ཡས་འགྲོ་བའི་དབུལ་བ་སེལ་བར་མཛོད། །ཅེས་སྨྲོས་ཏེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཀུན་ལ་ཕན་པ་དང་བདེ་བ་ཡིས་ཀུན་རྫོབ་ དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་རིན་པོ་ཆེ་ཆེན་པོའི་མཛོད་མ་ལུས་པ་མངོན་པར་འཛིན་ཅིང་། གང་གི་ཐུགས་ལ་འཁྲུངས་པའི་ལྷག་པ་ཚུལ་ཁྲིམས་དང་། ཤེས་རབ་དང་ཏིང་ངེ་འཛིན་གྱི་བསླབ་གསུམ་གྱི་དཔལ་འབྱོར་ལས་བྱུང་བའི་ཆོས་སྦྱིན་དྲི་མེད་ཀྱིས་མར་གྱུར་མཐའ་ཡས་འགྲོ་བའི་བློའི་དབུལ་བ་སེལ་བར་མཛོད། 1-691 ཅེས་བརྗོད་པའི་དོན་དང་མཚུངས་པར་སྔར་བཤད་པ་ལྟར་ཕན་དགོངས་རྨད་དུ་བྱུང་བའི་མཛད་པ་སྐྱེས་བུ་དམ་པའི་བཀའ་སྲོལ་ལས་འབྱུང་བ་བཞིན་དུ་འཇིག་རྟེན་འདི་ལས་ལོགས་སུ་གྱུར་པའི་དམ་པའི་ ལྷ་ཆོས་ཀྱི་ངང་ཚུལ་བཟང་པོས་མང་ཡུལ་གྱི་འཕགས་པ་འཇིག་རྟེན་དབང་ཕྱུག་ཉིད་ལ་ཐུགས་དད་པའི་ལེགས་བྱས་ངང་པའི་རྒྱལ་པོ་པད་མཚོར་སྙོག་པའམ། བུང་བ་དྲི་ངད་ཀྱིས་བརྒྱན་པའི་པད་སྡོང་ ལ་རྗེས་སུ་འདུན་པ་ལྟ་བུའི་གཞན་ངོར་ལྷག་བསམ་དག་པའི་མཛད་པའི་ཕུལ་ཆེས་ཆེ་བའི་དགོངས་པ་དང་། སྙན་འཇེབས་ཀྱི་གསུང་གིས་སྙད་པ་ན། ཐར་པའི་ཆ་མཐུན་གྱི་དགེ་བ་ལ་སྤྲོ་བའི་ ཞབས་འབྲིང་བའི་ཇོ་སྐོར་བ་དག་ཀྱང་སོ་སོ་ནས་ཡིད་རབ་ཏུ་དགའ་མགུ་རངས་པར་གྱུར་ཏེ། ཆོས་ཀྱི་རྗེ་བདག་ཉིད་ཆེན་པོ་ཡང་འདི་ཙམ་དུ་ཐུགས་ཀྱི་གུས་པ་ཆེན་པོས་བཀུར་བར་མཛད་ པའི་འཕགས་པ་ཝ་ཏི་བཟང་པོ་དེ་ཉིད་བདག་ཅག་པས་མིག་ཡུལ་དུ་མཐོང་པ་ཙམ་གྱིས་ངན་འགྲོའི་ས་བོན་ཐམས་ཅད་བསྲེགས་ཏེ། སྐྱེ་བ་དང་ཚེ་རབས་ཀྱི་དོན་ལ་ལུས་པ་གྲུབ་པ་ཉིད་ ཡིན་ནོ་སྙམ་པའི་དགེ་བློ་ལས་གཞན་པའི་ཟ་བ་གཉིད་རྨུགས་ལ་སོགས་པའི་སེམས་ཉི་ཚེ་བ་མེད་པར་ལམ་གྱི་དུབ་པ་དང་། ངལ་བའི་ཆ་སྤངས་ཏེ་ཡིད་རྩེ་གཅིག་པའི་ཆོས་ཀྱི་ཚུལ་ལ་རྗེས་སུ་ཞུགས་ནས། 1-692 དགེ་སློང་དགོན་པ་བ་ཁ་ཏོན་གྱི་བགྱི་བ་ལ་ལྷག་པར་འདུན་པ་ལྟར་སྨོན་ལམ་དང་། ཡི་གེ་དྲུག་པ་ལ་སོགས་པ་ངག་གི་ལས་ལམ་དག་པས་དུས་ཉིན་མཚན་ཡོངས་སུ་འདའ་བ་དང་ བཅས་ནས་རིམ་གྱིས་མང་ཡུལ་སྐྱིད་གྲོང་གི་འཕགས་པ་རང་བྱོན་བཞུགས་པའི་གནས་ག་ལ་བ་དེར་ཕེབས་པར་མཛད་དེ། ཇི་སྲིད་གདན་ཆགས་པ་དེ་སྲིད་དུ་འཕགས་པའི་སྤྱན་སྔར་མར་མེའི་ཕྲེང་བ་ འོད་ཕུང་འཁྲིགས་པའི་
【現代漢語翻譯】 如是說,以真諦的加持,熄滅火堆,認知到這是不可逆轉的授記。如上文所述,以不退轉的殊勝功德而享樂的情形如下:愿以利益虛空般無量眾生的菩提心,持有珍寶之藏;以三學圓滿的無染布施,解除無邊眾生的貧困。如是說,愿以利益等同虛空的眾生之利益和安樂,圓滿持有世俗和勝義菩提心這兩大珍寶之藏;愿以心中生起的戒律、智慧和禪定的三學功德,解除無邊眾生之愚昧貧困。 如前所述,如同殊勝的發心和事業源於聖人的教誨,遠離世俗的殊勝神聖之法,如同芒域的聖觀自在菩薩,以虔誠之心,如同天鵝之王棲息蓮花湖,或蜜蜂追隨芬芳的蓮花,以純潔的利他之心,以最卓越的意念和悅耳的聲音勸導,那些樂於行持解脫之善行的侍者們,也各自心生歡喜。怙主法王也以極大的恭敬心來尊崇瓦帝桑波,我們僅僅是親眼見到聖者瓦帝桑波,就燒燬了一切惡趣的種子,成就了生生世世的利益,除了善念之外,沒有其他諸如飲食睡眠等瑣碎的念頭,拋棄了道路的疲憊和辛勞,一心一意地追隨佛法。如同比丘們渴望誦經一樣,以祈願和六字真言等清凈的語業,日夜精進,逐漸到達了芒域吉隆的聖觀自在自生像所在之地,直至安頓下來,都在聖像前供奉燈火。
【English Translation】 As it is said, ‘By the blessing of truth, extinguish the pile of fire, recognize that this is an irreversible prophecy.’ As mentioned above, the manner of enjoying the splendor of virtue with the special sign of irreversibility also arises from the continuation of the previous text as follows: ‘May the two precious minds of Bodhi, which benefit all sentient beings as vast as the sky, hold the treasure; may the immaculate Dharma giving of the wealth of the three trainings eliminate the poverty of limitless beings.’ Thus, may the benefit and happiness of all sentient beings equal to the sky, fully hold the treasure of the two precious minds of Bodhi, both conventional and ultimate; may the immaculate Dharma giving arising from the wealth of the three trainings of discipline, wisdom, and concentration, which arise in his heart, eliminate the mental poverty of limitless beings who have been mothers. Similar to the meaning of the aforementioned, just as the wonderful aspiration and deeds arise from the teachings of the holy beings, the excellent state of the holy Dharma, separate from this world, is like the noble Avalokiteśvara (Lord of the World) of Mangyul, with faithful devotion, like a king of swans resting in a lotus lake, or a bee following a fragrant lotus stalk, with pure altruistic intention, with the most excellent intention and pleasant voice, those attendants who are happy to engage in the virtues that accord with liberation also become very happy and delighted. The Lord of Dharma himself also greatly revered the noble Vati Sangpo with great respect, and we, merely by seeing the noble Vati Sangpo with our own eyes, burned all the seeds of evil destinies and accomplished the benefit of lifetimes and generations, without any trivial thoughts such as eating and sleeping other than virtuous thoughts, abandoning the fatigue and labor of the path, and following the Dharma with one-pointed mind. Like monks who desire to recite scriptures, with pure verbal actions such as prayers and the six-syllable mantra, they spend their days and nights diligently, gradually arriving at the place where the self-arisen image of the noble Avalokiteśvara of Mangyul Kyirong resides, and until they settle down, they offer a string of lights before the holy image.
མཆོད་སྤྲིན་རྒྱ་མཚོས་མཚོན་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས། དུས་འཁོར་མོ་འཁོར་མོ་ཉིད་དུ་སྲིད་ཞུར་བགྱི་བའི་རྣམ་གྲངས་དུ་མའི་ཚུལ་ལས་བརྩད་པའི་ཡན་ལག་བདུན་གྱི་ རྣལ་འབྱོར་ཟབ་མོ་མངོན་དུ་འགྲོ་བ་ཅན་གྱི་སྒོ་ནས་བསྟན་པ་དང་སེམས་ཅན་ལ་དགོངས་པའི་ཐུགས་བསྐྱེད་སྨོན་ལམ་གཞལ་བའི་ཡུལ་ལས་འདས་པ་ཇི་སྲིད་གཅིག་སྒྲུབ་པར་མཛད་ཅིང་། ཁྱད་པར་གླང་ ལོ་ཟླ་བ་བཅུ་པའི་ཚེས་བཅུ་གསུམ་ལ་རང་བྱོན་འཕགས་པའི་སྤྱན་སྔར་བདག་ཉིད་ཆེན་པོ་ཉིད་ཀྱི་ཐུགས་རླབས་པོ་ཆེའི་རང་གདངས་ལས་འཁྲུངས་པའི་ཕན་སེམས་བྱང་ཆུབ་སེམས་ཀྱི་ལེགས་བྱས་ལ་སྨོན་ པའི་གསུང་མཁས་རྨོངས་ཀུན་གྱི་ཡིད་ཀྱི་ངལ་གསོར་གྱུར་པའི་ཚིགས་སུ་བཅད་པ་ཐོས་པ་དོན་ལྡན་གྱི་སྨོན་ལམ་འདི་ཡང་མཛད་ཅེས་ཐོས་ལ། དེ་དུས་ཀྱི་ཞབས་འབྲིང་པའི་འགྲོ་བ་ལས་དག་པ་དག་གི་སྣང་ངོར་འཕགས་པས་གསུང་གནང་བའི་ཡིད་ཆེས་ཀྱི་གཏན་ཚིགས་དུས་ཀྱི་ངེས་པ་དང་བཅས་པ་ཡང་སྣང་མོད་ཀྱི། 1-693 ཤིན་ཏུ་གསང་བའི་གནས་ཡིན་པས་ཚུལ་རྒྱས་པར་རྗེས་སུ་བསྒྲོག་པར་མ་སྤོབས་ལ། གོང་དུ་སྨྲོས་པའི་གསུང་ཐོར་བུ་བ་སྨོན་ལམ་གྱི་རྒྱལ་པོ་འདི་ལ་རྗེས་སུ་དཔགས་པ་ན་ཡང་། རྒྱལ་བའི་ གསུང་རབ་མ་ལུས་པའི་བཅུད་ཕྱུང་བའི་ཉིང་ཁུ་ལ་རྒྱལ་བའི་སྲས་པོ་མཐའ་དག་གིས་བཀྲལ་བའི་ལམ་མཆོག་ཐམས་ཅད་ཀྱི་གནད་དོན་ཡོངས་སུ་འདོམས་པ་སྐྱེ་བོ་བློ་དམན་པའི་འགྲོ་བ་མཐའ་དག་ ལ་ཡིད་ཡུལ་དུ་རྟོགས་སླ་ཞིང་ངག་ནས་བརྗོད་བདེ་བའི་ཚིག་འབྲུ་བཟང་པོ་མཁས་པའི་སྐྱེས་བུ་དག་གི་ངོར་ཉུང་ངུའི་ཚིག་གི་རྒྱ་ཆེའི་དོན་སྟོན་པའི་ལེགས་བྱས་ཁྱད་པར་ཅན་འཕགས་པ་ཟླ་ བའི་སྨོན་ལམ་གྱི་རྒྱལ་པོ་ལྟར་ཆེས་ཆེ་མཆོག་ཏུ་གྱུར་པ་འདི་ཉིད་ལ། མདོ་སྡེ་རིན་པོ་ཆེ་མཐའ་དག་ལས་ངེས་པའི་ཚུལ་དུ་མ་རྗེས་སུ་བགྲང་བའི་རྒྱལ་སྲས་ལམ་གྱི་མཛེས་རྒྱན་དུ་ འགྱུར་བའི་འགྲེལ་བཤད་ཅུང་ཟད་བགྱིད་པར་སེམས་མོད་ཀྱི་རེ་ཞིག་ཡི་གེ་མང་བའི་འཇིགས་པས་མ་བྲིས་ཞིང་། མདོར་ན་འཕགས་པ་ཝ་ཏིའི་སྤྱན་སྔར་སྨོན་ལམ་ཁྱད་པར་ཅན་སྒོ་དུ་མ་ཞིག་རྣམ་ གྲངས་དུ་མའི་སྒོ་ནས་འདེབས་པར་མཛད་པར་མངོན་ཏེ། ཕྱིས་འདྲེན་པ་མཆོག་ཉིད་དགོངས་པ་ཆོས་དབྱིངས་ལ་འཇོག་པའི་གོང་ཙམ་དུ་དཔལ་ས་སྐྱ་ལོ་ཙཱ་ལ་གནང་བའི་ཕྱག་རྟགས་དེ་ཉིད་འབྲི་བར་མཛད་པའི་ཉིན་བདག་གིས་ཀྱང་སྐུ་མདུན་དུ་ཕྱིན་པ་ཞིག་དང་དུས་མཚུངས་པར་བྱུང་བས། 1-694 བཀའ་ཞལ་ལ་འདི་རྣམས་ས་སྐྱར་བདག་ཆེན་ཆོས་རྗེ་ལ་འབུལ་རྒྱུ་ཡིན་གསུངས། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་ཐུགས་དམ་རྒྱ་གར་ནུབ་ཕྱོགས་ཀྱི་བཟོ་ཁྱད་ཕུལ་དུ་བྱུང་བའི་ནཱ་རོ་ མཁའ་སྤྱོད་པའི་སྐུ་ཁྱད་པར་ཅན་དེ་དང་། འཕགས་པ་བརྒྱད་སྟོང་པའི་གླེགས་བམ་སྐད་གཉིས་ཟུང་ལྡན་དུ་སྡེབས་པའི་ངོ་
【現代漢語翻譯】 以供雲海為代表的無數供養,以多種方式服務於時輪金剛,通過顯現深奧的七支瑜伽,爲了眾生而發起的菩提心願無邊無際,持續不斷地修行。尤其是在牛年十月十三日,在自生聖者(Ārya,聖者)面前,大師(Ācārya,阿阇梨)以其偉大的慈悲心,創作了利益眾生的菩提心之善行發願文,這篇詩歌成爲了智者和愚者的心靈慰藉,名為『聽聞有義』的發願文。據說當時在聖者面前侍奉的人們,都相信聖者所說的話語具有確鑿的理由和確定的時間。 由於這是非常秘密的地方,所以不敢詳細宣說。但從上面提到的零星的祈願之王(Praṇidhānarāja,祈願王)來看,它濃縮了所有佛陀教言的精華,包含了所有佛子闡釋的殊勝之道,使智慧低劣的眾生也能輕易理解和口誦,用簡潔的語言表達了智者面前的廣闊意義,如同聖者月稱(Candrakīrti,旃陀羅吉栗底)的祈願之王一樣,是最偉大和卓越的。雖然我想要根據所有珍貴的經藏(Sūtra,修多羅)來稍微解釋一下這些註定會成為佛子之道裝飾的經文,但暫時因為害怕文字繁多而沒有寫。總之,很明顯,聖者瓦帝(Vādin, वादिन,論者)在聖者面前以多種方式發起了特殊的祈願。後來,在尊者(Tathāgata,如來)即將入法界(Dharmadhātu,法界)之前,他將一份手稿交給了薩迦譯師(Sakya Lotsawa),而我恰好在那天去拜見了他。 尊者口諭說:『這些要獻給薩迦的大法王(Dharmarāja,法王)。』法王聖者仁波切(Ratna,寶)的心髓是印度西部工藝精湛的納若卡雀巴(Naro Khechöpa,那若空行母)的特殊身像,以及用雙語寫成的聖者八千頌般若經(Aṣṭasāhasrikā Prajñāpāramitā Sūtra,八千頌般若波羅蜜多經)。
【English Translation】 With countless offerings, represented by a sea of offering clouds, serving the Kālacakra (Wheel of Time) itself in various ways, through manifesting the profound seven-branch yoga, and with the aspiration of Bodhicitta (Enlightenment-mind) generated for sentient beings, immeasurable and continuous practice was performed. Especially on the thirteenth day of the tenth month of the Ox year, in front of the self-arisen Ārya (Noble One), the great master (Ācārya) composed a prayer of aspiration for the virtuous deeds of Bodhicitta, born from his great compassionate heart, which became a solace for the minds of both the wise and the foolish, a prayer called ‘Hearing with Meaning’. It is said that those who served in the presence of the Ārya at that time believed that the words spoken by the Ārya had definite reasons and a fixed time. Since this is a very secret place, I dare not proclaim it in detail. But judging from the aforementioned scattered King of Prayers (Praṇidhānarāja), it condenses the essence of all the Buddha’s teachings, contains all the key points of the supreme paths explained by all the sons of the Buddhas, making it easy for beings of low intelligence to understand and recite, expressing the vast meaning in front of the wise with concise words, and is the greatest and most excellent, like the King of Prayers of the Ārya Candrakīrti. Although I would like to briefly explain these scriptures, which are destined to become the ornaments of the path of the sons of the Buddhas, according to all the precious Sūtras, I have not written them down for the time being for fear of too many words. In short, it is clear that the Ārya Vādin made special prayers in front of the Ārya in many ways. Later, just before the venerable Tathāgata was about to enter the Dharmadhātu, he gave a manuscript to the Sakya Lotsawa (translator), and I happened to go to see him on the same day. The venerable one said: ‘These are to be offered to the great Dharma King of Sakya.’ The heart essence of the Dharma King Ārya Rinpoche is the special image of Naro Khechöpa, with the exquisite craftsmanship of western India, and the Aṣṭasāhasrikā Prajñāpāramitā Sūtra written in dual languages.
མཚར་ཅན་དེ་ཉིད་དང་། པཎ་ཆེན་ནགས་རིན་གྱི་མཛད་པ་ཡིན་གསུང་བའི་བིརྺ་ པའི་རྣམ་ཐར་གྱི་ལུགས་དང་མི་མཚུངས་པ་གཅིག་སོགས་ཕྱག་དཔེ་དུ་མ་དང་། མུ་ཏིག་སོགས་དངོས་པོ་རྣམ་པར་དག་པའི་གནང་སྦྱིན་བསམ་གྱིས་མི་ཁྱབ་པ་འདུག་པ་དེ་རྣམས་རེ་རེ་ནས་མིག་ ཡུལ་དུ་བལྟས་ཞིང་དེ་མཚམས་ས་སྐྱར་གནང་རྒྱུའི་ཕྱག་རྟགས་དེ་ཉིད་ཀྱང་ལྟོས་གསུངས་ནས། བདག་གི་ལག་དུ་གནང་བྱུང་བས། དེའི་ནང་ན་སྤྱི་བབས་ཀྱི་གསུང་འཕྲིན་དུ་མ་དང་ཁྱད་པར་གསེར་ཞོ་ གང་པོ་འདི་ལ། སྒོ་རུམ་དུ་གཏོར་འབུལ་རྒྱས་པ་གཅིག་གནང་ནས་འཕགས་པ་ཝ་ཏི་བཟང་པོའི་དྲུང་དུ་སྨོན་ལམ་བགྱིས་པ་དེ་དེ་བཞིན་དུ་འགྲུབ་པའི་ཕྲིན་ལས་རྣམ་པར་དག་པ་འཆོལ་བ་ གནང་པ་ཞུ་གསུངས་པ་འདུག་པ། དེ་ཉིད་ལ་དེ་དུས་ཅི་བཏོལ་ཅི་ཡང་མ་བྱུང་ཡང་། ད་ལྟ་བསམ་པས་བརྒྱུད་པའི་བླ་མ་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་བརྟེན་པའི་གནས་ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ་དགོངས་པ་བསྐྱོད་པའི་ཕྲིན་ལས་ཀྱི་ཁྱད་པར་རྨད་དུ་བྱུང་བའི་ཚུལ་གྱི་སྨོན་ལམ་ཡང་རང་བྱོན་འཕགས་པའི་སྤྱན་མངར་མཛད་པ་ཡིན་ནམ་སྙམ་པའི་ལྷག་བསམ་སྐྱེས་ཤིང་། 1-695 དེ་ལྟར་སྐྱིད་གྲོང་དུ་ཕེབས་ཏེ་སྨོན་ལམ་གྱི་ལེགས་བྱས་ཆེ་ལོང་ཙམ་སྤེལ་བའི་སྐབས་ནས། ཞབས་འབྲིང་པའི་གཙོ་བོར་གྱུར་པ་ཀུན་གྱིས་ད་འདིར་ཡུན་རིང་ན་ལམ་ལ་ཁ་བ་སོགས་ཀྱི་ཉེན་ ཆེ་བས་མྱུར་བར་ཕེབས་པ་གནང་དགོས་ཞུས་པས། ངེད་འདིར་ཡོངས་པའི་དགོས་པ་མ་འགྲུབ་བར་འགྲོ་བ་མི་ཡོང་གསུང་ནས་སྐྱིད་གྲོང་ཉིད་དུ། དགུན་ངོ་གདན་ཆགས་པ་ལྟ་བུའི་ཐུགས་འདུན་མཛད་པའི་ སྐབས་ནས། ནུབ་གཅིག་ཏིང་ཤག་གི་སྒྲ་གློ་བུར་དུ་གནང་བྱུང་བས། ཞབས་འབྲིང་ན་གནས་པའི་ཕྱག་ཕྱི་བ་རྣམས་སེམས་ཅུང་ཟད་ཙབ་ཙུབ་དང་བཅས་སྐུ་དྲུང་དུ་ཕྱིན་པས། སྣག་ཤོག་ཁྱེར་ཤོག་གསུངས་ ནས་ཕུལ་བའི་མོད་ལ་ཤིན་ཏུ་མྱུར་བའི་ཕྱག་བྲིས་ཀྱི་བགྱི་བ་ཞིག་མཛད་དེ། ཟ་མ་ཏོག་ཏུ་བཞུགས་སུ་གསོལ་ནས་ཕྱག་རྟགས་ཀྱི་བཀའ་རྒྱ་དང་བཅས་པ་མཛད་ཅིང་། ད་འཕྲལ་དུ་ཕྱིན་ཆོག་ པ་འདུག་གསུངས། ཐུགས་ལྷག་པར་རངས་པའི་སྒོ་ནས་ཡར་ཕྱོགས་ལ་ཕྱིབས་ཁ་བསྒྱུར་བར་མཛད་དེ། གུང་ཐང་གི་རྒྱལ་པོའི་ཁབ་ཉིད་དུ་གདན་ཕབ་ནས། སྤྱི་དང་ཁྱད་པར་གྱི་ཆོས་ཀྱི་འཁོར་ལོ་རྒྱ་ ཆེན་པོ་བསྐོར་བར་མཛད་ལ། དེའང་ཆོས་ཀྱི་རྗེ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་དང་། ཆོས་ཀྱི་རྗེ་དཔལ་ལྡན་བཀྲ་ཤིས་པ་སོགས་འོད་གསལ་ཉི་མའི་རིགས་ཀྱི་དབུའི་གཙུག་ཏུ་དབང་གི་བུམ་པས་མངོན་པར་བསྟི་བར་མཛད་པའི་ཆོས་ཀྱི་རྒྱལ་པོའི་བླའི་མཆོད་གནས་སུ་གྱུར་པའི་སྒོ་མངས་དང་། 1-696 ནམ་གླིང་གི་མཁན་པོ་གཉིས་ཀྱི་གཙོ་མཛད། གཞན་ཡང་ཆོས་ཀྱི་རྗེ་ཤེས་རབ་བློ་གྲོས་པ་ཁུ་དབོན་སོགས་འཇིག་རྟེན་ཆེ་དགུས་བཀུར་བའི་སྐྱེས་བུ་ཁ
【現代漢語翻譯】 以及據說是班禪那若巴(Paṇ chen Nags Rin)所著的《毗盧巴傳》(Birwa’i rnam thar)的風格不盡相同的手稿等多種文獻,以及無數如珍珠等純凈的供品。他一一觀看這些物品,並說:『也看看將要送往薩迦(Sa skya)的禮物。』然後他把禮物遞給我。在禮物中,有許多普通訊件,特別是一整塊金錠。他說:『請在門房(sgo rum)做一個盛大的朵瑪(gtor ‘bul)供養,並祈禱帕巴瓦諦桑波(‘Phags pa Wa ti bzang po)的願望得以實現,賜予純凈的加持。』當時我沒有說什麼,但現在我認為,這是爲了紀念所有追隨傳承上師和佛陀的人,在西方極樂世界(Nub bde ba can)凈土中,他的意念所產生的非凡事業,以及自生聖者(rang byon ‘phags pa)慈悲的目光。 就這樣,他前往吉隆(skyid grong),在舉行一個簡短的祈願法會時,他的主要侍從們說:『現在在這裡待太久了,路上可能會有雪等危險,請儘快回去。』他說:『如果我來這裡的目的沒有達成,我是不會走的。』於是他打算在吉隆過冬。一天晚上,他突然搖動鈴鐺(ting shag)。侍從們有些不安地來到他面前。他說:『拿紙和墨水來。』他們遞給他后,他迅速地寫了一些東西,然後把它放在一個盒子裡(za ma tog),蓋上印章,說:『現在可以走了。』他特別高興,然後轉向北方。他在貢塘(Gung thang)國王的住所安頓下來,廣泛地轉動了共同和特殊的法輪。特別是,他以權力的寶瓶加冕了法王昆噶堅贊貝桑波(chos kyi rje kun dga’ rgyal mtshan dpal bzang po)和法王貝丹扎西巴(chos kyi rje dpal ldan bkra shis pa)等光明太陽家族的首領,使他們成為法王的至高供養處,以及南林(nam gling)的兩位堪布(mkhan po)為首的僧眾。此外,還有法王西繞洛哲巴(chos kyi rje shes rab blo gros pa)叔侄等受到世界尊敬的偉人。
【English Translation】 And also various manuscripts, such as one that is said to be the work of Panchen Nags Rin, ‘The Biography of Birwa’ (Birwa’i rnam thar), which is not entirely the same in style, and countless pure offerings such as pearls. He looked at each of these items one by one and said, ‘Also look at the gifts that will be sent to Sakya (Sa skya).’ Then he handed the gifts to me. Among the gifts, there were many ordinary letters, and especially a whole gold ingot. He said, ‘Please make a grand Torma (gtor ‘bul) offering in the gatehouse (sgo rum), and pray that the wishes of Phagpa Watizangpo (‘Phags pa Wa ti bzang po) will be fulfilled, and grant pure blessings.’ At that time, I didn’t say anything, but now I think that this was to commemorate all those who follow the lineage lamas and Buddhas, the extraordinary deeds produced by his mind in the Western Sukhavati (Nub bde ba can) Pure Land, and the compassionate gaze of the self-arisen saint (rang byon ‘phags pa). In this way, he went to Kyirong (skyid grong), and while holding a brief prayer ceremony, his main attendants said, ‘It’s too long to stay here now, there may be dangers such as snow on the road, please return quickly.’ He said, ‘If the purpose of my coming here is not achieved, I will not leave.’ So he intended to spend the winter in Kyirong. One night, he suddenly shook the bell (ting shag). The attendants, feeling a little uneasy, came to him. He said, ‘Bring paper and ink.’ After they handed it to him, he quickly wrote something, then put it in a box (za ma tog), sealed it, and said, ‘Now it’s okay to go.’ He was particularly happy, and then turned to the north. He settled in the residence of the King of Gungthang (Gung thang), and widely turned the wheels of both common and special Dharma. In particular, he crowned Dharma King Kunga Gyaltsen Pelsangpo (chos kyi rje kun dga’ rgyal mtshan dpal bzang po) and Dharma King Pelden Tashi Pa (chos kyi rje dpal ldan bkra shis pa), the heads of the luminous solar family, with the vase of power, making them the supreme offering place of the Dharma King, and the Sangha headed by the two Khenpos (mkhan po) of Namling (nam gling). In addition, there were great men revered by the world, such as Dharma King Sherab Lodropa (chos kyi rje shes rab blo gros pa), uncle and nephew.
ྱད་པར་ཅན་བསམ་གྱིས་མི་ཁྱབ་པའི་གཙོ་མཛད་ པའི་གཞི་བྱེས་ཀྱི་འདུས་པའི་ཚོགས་རབ་ཏུ་མང་པོ་ལ་དཔལ་ལྡན་ས་སྐྱ་པའི་གདམས་པའི་ཡང་སྙིང་། སློབ་དཔོན་དཔལ་ལྡན་མཐུ་སྟོབས་ཀྱི་མགོན་པོའི་གསུང་གི་རྒྱུན་ལམ་འབྲས་བུ་དང་བཅས་པའི་སྨིན་ གྲོལ་གྱི་སྒོ་ནས་རྒྱས་པ་མཐའ་དག་གིས་མཚོན་པའི་ཆོས་ཀྱི་ཚུལ་རྣམ་གྲངས་ཙམ་ཡང་འཛིན་པར་ངལ་བ་དག་གིས་དགའ་སྟོན་སྤེལ་བར་མཛད་ཅིང་། དུས་རྒྱུན་གྱི་ཞབས་འབྲིང་པ་རྣམས་ཀྱི་གསུང་བགྲོས་ ལ་རྗེ་བཙུན་དམ་པ་ཉིད་ཀྱི་གནང་བའི་གསུང་ངག་ཞིག་ལ་གུང་ཐང་དུ་གསུང་པ་དེ་ལས་རྒྱས་པ་དང་མཐའ་ཆོད་པ་མ་གསུངས་ཞེས་གྲགས་ཤིང་། གཞན་ཡང་སྒྲུབ་ཐབས་བརྒྱ་རྩ་སོགས་དབང་ལུང་ དཔག་ཏུ་མེད་པའི་ཆོས་ཀྱི་ཆར་ཆེན་པོ་ཕབ་སྟེ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་གནས་སྐབས་དང་མཐར་ཐུག་གི་དཔལ་ལ་འགོད་པར་མཛད། དེ་དུས་དཔལ་རྡོ་རྗེ་ཕུར་པ་ས་ལུགས་ཀྱི་ བསྙེན་པ་ཡང་གུང་ཐང་གི་རྒྱལ་པོའི་ཁབ་དེ་ཉིད་དུ་མཛད་ཅེས་ཐོས་ལ། དེ་ནས་སྨོན་ཐང་ནས་སྤྱན་འདྲེན་པའི་ཕོ་ཉ་བ་ཡང་དང་ཡང་དུ་བྱུང་བས་ཐུགས་རྗེས་བསྐུལ་ཏེ་བལྟོས་བྱས་ཀྱི་འགྲོ་བ་མ་ལུས་པ་ལ་དགོངས་ནས། 1-697 བདག་ཉིད་ཆེན་པོ་སློབ་མའི་ཚོགས་དང་ཞབས་འབྲིང་བའི་སྐྱེ་བོ་མཐའ་ཡས་པ་དང་བཅས་པ་རང་སྲིད་ཀྱི་མགོན་སྐྱབས་སུ་སའི་ཕྱོགས་འདིར་སླར་ཡང་ཕེབས་པར་མཛད་པ་ནས། ས་ཕྱོགས་འདི་ཉིད་ཀྱི་ ཆོས་དང་འཇིག་རྟེན་གྱི་གཙོ་བོར་གྱུར་པ་ཀུན་སངས་ནས་ཡིད་རབ་ཏུ་མགུ་བ་དང་། རངས་པ་དང་བཅས་པས་རང་རང་གི་དཔལ་འབྱོར་ལས་གྲུབ་པའི་ལོངས་སྤྱོད་ཀྱི་དངོས་པོ་བསམ་གྱིས་མི་ཁྱབ་ པའི་འཕྲུལ་ལས་བྱུང་བའི་བཀོད་པའི་ཁྱད་པར་དུ་མས་ཡོངས་སུ་བསྔགས་པའི་བསུ་བའི་བྱེ་བྲག་དཔག་ཏུ་མེད་པའི་ཐོག་མ་རྣམས་ཀྱིས་རྫོང་གསར་གྱི་མདུན་ནས་ཞབས་འབྲིང་དུ་དཀྲིས་ཏེ་རིམ་པ་བཞིན་ དུ་གུས་པ་དང་བཅས་པའི་མངའ་ཐང་གི་འགྲོ་བ་ཐ་དད་པས་བཀུར་སྟིའི་རྣམ་གྲངས་སྒོ་དུ་མས་ཕེབས་ལམ་གྱི་དུབ་པ་མཐའ་དག་སེལ་བའི་དགེ་མཚན་དང་ལྷན་དུ་ཚེས་གྲངས་དང་རྒྱུ་སྐར་ བཟང་པོ་ལ་བབས་པ་ན། རང་སྲིད་སྨོན་ཐང་གི་ཡུལ་ལྗོངས་འདོད་དགུའི་འབྱུང་གནས་ཉིད་དུ་ཕེབས་པའི་མོད་ལ། ཕྱོགས་ཕྱོགས་ཀྱི་མངའ་ཐང་གི་འགྲོ་བ་ཀུན་ཀྱང་བདག་ཉིན་ཆེན་པོའི་ཞལ་གྱི་དཀྱིལ་ འཁོར་བལྟ་བ་དང་། རྙེད་པ་དང་བཀུར་སྟིའི་མཆོད་པས་ཡུལ་ཁྱད་པར་ཅན་ལ་ཚོགས་གཉིས་རྒྱ་ཆེན་པོ་བསོག་པའི་སླད་དུ་འབུལ་བའི་དངོས་པོ་རི་ལྟར་དུ་དཔུངས། དད་ཅན་གྱི་འགྲོ་བ་རྫོགས་ལྡན་གྱི་སྤྲིན་བཞིན་དུ་འདུས་ཏེ་དགེ་བའི་མེ་ཏོག་ལས་བསྐྱེད་པའི་ཕན་བདེའི་འབྲས་བུ་ཡོངས་སུ་རྒྱས་པར་མཛད་པའི་སྐབས་ནས། 1-698 རྙེད་པའི་དངོས་པོ་དག་ལས་འགའ་ཞིག་ནི་དཀོན་མཆོག་གི་རྟེན་དང་། བླ་མ་གོང་མའི་མཆོད་པ་སོགས་ལ་གཙུ
【現代漢語翻譯】 尤其不可思議的主持者,對於根本與後來的廣大僧眾,以及吉祥薩迦派教法的精髓,尊者吉祥具力怙主(釋迦班智達,1148-1227)的言教傳承,以包含果位的成熟與解脫之道為代表的一切法門,乃至僅僅領受少許,都歡喜地舉行慶典。平時的侍從們議論說,至尊上師曾於貢塘所作的開示,再沒有比那更廣博和究竟的了。此外,還降下了無數如百法等灌頂和傳承的法雨,使具緣的弟子們獲得暫時和究竟的成就。據說,當時金剛橛的修法也是在貢塘國王的住所進行的。之後,由於墨竹地方多次派人前來迎請,大悲心所驅使,為了利益一切有情。 大士(指作者的上師)與眾多弟子和無數侍從再次返回此地,作為自己政權的庇護。從此,此地的政教領袖們都非常高興和滿意,用各自的財富所能辦到的,以不可思議的奇妙景象和無數的殊勝莊嚴來讚頌,並以無數的歡迎儀式,從仲薩(寺院名)前開始,一路侍奉,以各種各樣的敬意,消除了旅途的疲勞。在吉祥的日子和星宿降臨之時,抵達了自己政權墨竹地方,這個如意寶地。各地的人們都想瞻仰大士的尊容,為了獲得供養和積累廣大的福慧二資糧,像山一樣堆積如山的供品。虔誠的人們像圓滿的祥雲一樣聚集,使從善妙之花中產生的利樂之果得以充分發展。 從所獲的財物中,一部分用於供養三寶,一部分用於供養上師等。
【English Translation】 Especially the inconceivable chief, to the vast assembly of the root and subsequent, and the essence of the teachings of the glorious Sakya school, the lineage of the words of the master, the glorious Lord of Power (Shakya Pandita, 1148-1227), representing all the Dharma methods including the path of maturation and liberation with the fruit, even just holding a few, they joyfully held celebrations. The usual attendants discussed that the venerable and holy one himself gave instructions in Gungtang, and it is said that nothing more extensive and conclusive than that was spoken. Furthermore, he showered great rains of Dharma such as countless empowerments and transmissions like the Hundred Methods, enabling fortunate disciples to attain temporary and ultimate achievements. It is heard that at that time, the practice of Vajrakila was also performed in the residence of the King of Gungtang. Afterwards, because messengers from Mentang came repeatedly to invite him, driven by great compassion, considering all beings to be cared for. The great being (referring to the author’s guru), together with a multitude of disciples and countless attendants, returned to this land as the protector of his own government. From then on, all the leaders of religion and politics in this land were very happy and satisfied, using what their wealth could afford, praising with inconceivable wondrous sights and countless excellent adornments, and with countless welcoming ceremonies, starting from in front of Dzongsar (monastery name), serving all the way, with various kinds of respect, eliminating the fatigue of the journey. When auspicious days and stars descended, they arrived at Mentang, the land of their own government, this wish-fulfilling land. People from all directions wanted to behold the face of the great being, and in order to obtain offerings and accumulate vast amounts of merit and wisdom, they piled up offerings like mountains. Devout people gathered like perfect auspicious clouds, enabling the fruits of benefit and happiness arising from the flowers of goodness to fully develop. From the obtained wealth, some was used to offer to the Three Jewels, and some was used to offer to the upper lamas, etc.
ག ཕལ་ཆེར་ལན་དང་རྣམ་པར་སྨིན་པ་ལ་རེ་བ་མེད་པའི་སྦྱིན་པའི་སྒོ་ཁྱད་ པར་ཅན་དག་གིས་ལྟོས་མེད་དུ་གང་ལ་ཅི་དགའི་ཡུལ་མཐའ་དག་ལ་རང་རང་གི་རེ་བ་ཡིད་བཞིན་དུ་བསྐོང་བར་མཛད། དངུལ་ལ་སོགས་པའི་དངོས་པོ་དག་པ་དག་ལས་རྒྱུར་བསྐྲུན་པའི་བཅོམ་ ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་དང་། འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་དང་། རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལ་སོགས་པའི་སྐུ་བཟོ་ཁྱད་ཕུལ་དུ་བྱུང་ བ། ལྷ་མིའི་རིན་པོ་ཆེ་དུ་མའི་ཕྲ་ཚོམས་སུ་བཀོད་པ། མཐོང་བ་ཙམ་གྱིས་བྱིན་རླབས་ཀྱི་དཔལ་འབྱུང་བའི་ཐུགས་དམ་གྱི་ལྷ་མཐའ་དག་དང་། འཕགས་མ་སྒྲོལ་མ་དཀར་མོ་ཚེ་སྦྱིན་མའི་སྐུ་ འཇིགས་པ་བརྒྱད་བསྐྱོབ་ཀྱི་ལྷ་མོ་དང་བཅས་པ། ཙནྡན་དཀར་པོའི་རྒྱུ་ལ་ཤིན་ཏུ་མཁས་པའི་བཟོ་བོས་གཟབས་བརྐོས་སུ་བྱས་པ་སྐྱེ་ཚངས་དང་བཅས་པ། དེ་ཉིད་ཀྱིས་མཚོན་པའི་རྗེ་བཙུན་མའི་སྐུ། ལོ་རེ་བཞིན་རྒྱུ་སྣ་ཚོགས་ལས་གྲུབ་པ་བགྲང་བའི་ཡུལ་ལས་འདས་པ་དང་། བླུགས་སྐུའི་ཐུགས་དམ་གྱི་ལྷ་ཤིན་དུ་མང་བ་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ལ་སོགས་པ། མཆོད་རྟེན་གྱི་རྣམ་གྲངས་ཆེ་ཆུང་དཔག་ཏུ་མེད་པ་དང་། 1-699 སྨན་བཟང་པོ་དྲི་ངད་དང་ལྡན་པ་དང་། དར་གོས་ལ་སོགས་པའི་འཇིམ་པ་ལ་གྲུབ་པའི་བླ་མའི་སྐུ། ཡི་དམ་གྱི་ལྷ། ཆོས་སྐྱོང་སྲུང་མའི་སྐུ་བཀྲག་མདངས་གཟི་འོད་དང་ལྡན་པ་དུ་མ་ དང་། པིར་འཛིན་གྱི་རི་མོ་མཁན་མཁས་པས་གཟབས་རིས་སུ་བྲིས་པའི་བླ་མ་བརྒྱུད་པ་གོང་མ་སོ་སོ། སངས་རྒྱས་བྱང་སེམས། ཁྱད་པར་ཟུར་བཀའ་རྣམ་པར་དག་པ་མཐའ་དག་གི་དཀྱིལ་འཁོར་ཚད་ དང་མཚན་ཉིད་ལྡན་ཅིང་། གོས་དར་གྱི་གོད་ལག་དང་བཅས་པ། མཐོང་བས་ཡིད་འཕྲོག་པ་བརྒྱ་ཕྲག་ཏུ་ལོངས་པ་དང་། རྡོ་རྗེ་ནག་པོ་ཆེན་པོའི་སྐུ་གསེར་ཟངས་དངུལ་སྐུ་བླུགས་མ་སྨན་ལྡིག་ཙནྡན་ དམར་པོ་རྡོ་ནག་ལ་སོགས་ལས་བརྐོས་པ་རི་མོར་སྒྲུབ་པ་སོགས་བགྲང་བའི་ཡུལ་ལས་འདས་པ་ཇི་སྙེད་ཅིག་རྒྱུན་ལྡན་དུ་སྒྲུབ་པར་མཛད་ཅིང་། གཙོ་བོར་སྔར་སྨྲོས་པའི་རྗེ་བཙུན་རྡོ་རྗེ་འཆང་ ཀུན་དགའ་དབང་ཕྱུག་གི་དགོངས་པ་ཁྱད་པར་ཅན་ཡོངས་སུ་བསྐང་བའི་སླད་དུ་ལམ་འབྲས་བརྒྱུད་པ། ཆོས་རྗེ་པཎྜི་ཏ་ཆེན་པོའི་ཐུགས་དགོངས་རྫོགས་ཐབས། བདེ་མཆོག་བླ་མ་བརྒྱུད་པའི་བྲིས་ཐང་ཤིན་ཏུ་ ལེགས་པ་དང་། གཙོ་བོ་རྡོ་རྗེ་ཆོས་གསེར་སྐུ། བརྒྱུད་པ་གཞན་རྒྱ་གར་བའི་གྲུབ་ཐོབ་རྣམས་ལི་དམར། བོད་ཀྱི་བླ་མ་རྣམས་ལི་སེར་ལས་གྲུབ་པ། རྣམ་གུར་ཕྱག་བཞི་པ་སོགས་བཀའ་སྲུང་གི་མཐའ་བརྟེན་དང་བཅས་པ། 1-700 རྗེ་བཙུན་བླ་མ་དམ་པ་གཉིས་ཀའི་བཀའ་དྲིན་བསབ་པ་དང་བསྟན་པ་དང་སེམས་ཅན་ལ་དགོངས་ནས། དགོན་གནས་བསམ་གྲུབ་གླིང་གི་གཙུག་ལག་ཁང་གསང་སྔགས་ལྷ་ཁང་དང་བཅས་པ
【現代漢語翻譯】 通常,憑藉不求回報的佈施之門,特別是那些無條件地滿足一切眾生各自願望的佈施,無論他們想要什麼。從金錢等純凈之物中創造出諸如:薄伽梵母尊勝佛母(藏文:བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་,含義:薄伽梵母,頂髻尊勝),聖度母白度母如意輪,金剛黑大怙主帳篷怙主等卓越的佛像;用天人珍寶鑲嵌;僅僅見到就能產生加持光輝的所有誓言本尊;以及與救脫八難度母一同的聖度母白度母施壽母像;用檀香木為材料,由極其精巧的工匠精心雕刻的包括生殖器的佛像;以及以此為代表的聖母像。每年用各種材料製成數量超出計數的佛像;以及數量眾多的模製誓言本尊像,包括八大善逝佛塔等;數量眾多的各種大小佛塔; 散發著香味的良藥;以及用絲綢等材料製成的上師像;本尊像;護法神像,眾多閃耀著光芒的護法神;由精通繪畫的畫師精心繪製的歷代上師傳承像;諸佛菩薩;特別是所有具有完整度量和特徵的純凈壇城,配有絲綢裙邊;數百個僅憑一見就令人心醉神迷的壇城;以及金剛黑大怙主像,用金、銅、銀等材料鑄造,或用藥泥、檀香紅木、黑石等材料雕刻或繪畫,數量多得無法計數,並持續不斷地製作。主要爲了圓滿先前所說的至尊金剛持貢噶旺秋的特殊意願,爲了實現道果傳承,大法王班智達的願望,繪製了非常精美的喜金剛上師傳承唐卡;主要有金色的金剛法像;其他傳承的印度成就者像用紅銅製成;藏族上師像用黃銅製成;四臂尊勝佛母等護法神及其眷屬; 爲了報答兩位至尊上師的恩德,爲了利益佛教和眾生,桑珠林寺的寺廟,包括密宗殿。
【English Translation】 Generally, through the exceptional doors of giving without expecting returns or results, especially those that unconditionally fulfill the wishes of all beings, whatever they desire. From pure substances such as money, creating excellent Buddha images such as: the Bhagavati Ushnishavijaya (Tibetan: བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་,Meaning: Bhagavati, Victorious Topknot), the Holy Tara White Tara Wish-Fulfilling Wheel, Vajra Black Great Lord Tent Lord, etc.; inlaid with jewels of gods and humans; all the samaya deities that generate the splendor of blessings just by seeing them; and the Holy Tara White Tara Life-Giving Mother image together with the Eight-Fear-Protecting Goddess; made of white sandalwood, meticulously carved by highly skilled craftsmen, including the genitals; and the images of the venerable mothers represented by these. Each year, making countless images from various materials; and numerous molded samaya deities, including the Eight Sugata Stupas, etc.; countless stupas of various sizes; Good medicine with fragrance; and images of lamas made of clay with silk and other materials; images of yidams; images of Dharma protectors, numerous Dharma protectors shining with splendor; meticulously painted lineage images of successive lamas by skilled painters; Buddhas and Bodhisattvas; especially all pure mandalas with complete measurements and characteristics, with silk skirts; hundreds of mandalas that captivate the mind with just one glance; and images of Vajra Black Great Lord, cast in gold, copper, silver, etc., or carved or painted from medicinal clay, red sandalwood, black stone, etc., in countless numbers, and continuously making them. Mainly to fulfill the special intentions of the aforementioned venerable Vajradhara Kunga Wangchuk, to accomplish the Lamdre lineage, to fulfill the wishes of the great Dharma King Pandit, extremely fine Thangkas of the Hevajra Lama lineage were painted; mainly golden Vajra Dharma images; images of Indian siddhas of other lineages made of red copper; images of Tibetan lamas made of yellow copper; Dharma protectors such as the Four-Armed Namgyalma and their retinues; To repay the kindness of both venerable lamas, and for the benefit of Buddhism and sentient beings, the monastery of Samdrubling, including the secret mantra temple.
་གསེར་སོགས་རྒྱུ་ དང་བཀོད་པས་ཁྱད་པར་དུ་འཕགས་པ། གཞན་ཡང་གཟིམ་ཁང་ཐ་དད་དུ་ཡང་རི་མོའི་རྣམ་གྲངས་དུ་མ། མདོར་ན་ཆོས་སྡིང་། ཏང་ཀྱ། ཕྱིས་ཤེལ་དཀར་གཙུག་རྒྱན་སོགས་གང་དུ་བཞུགས་པའི་ས་ཕྱོགས་ ཀུན་ཏུ་ཡང་རྒྱལ་བ་སྲས་དང་བཅས་པ་བརྒྱུད་པའི་བླ་མ་སོགས་གྱང་རིས་ཀྱི་བཀོད་པ་དུ་མས་མཚོན་པའི་ཚོགས་གཉིས་རྒྱ་ཆེན་པོ་སྤེལ་བར་མཛད་ཅིང་། གསེར་ལས་གྲུབ་པའི་འཕགས་པ་བརྒྱད་སྟོང་ པ་སོགས་རྒྱལ་བའི་བཀའ་དགོངས་འགྲེལ་དང་བཅས་པ་ལས་རྩོམ་པའི་རང་དང་གཞན་གྱི་གྲུབ་པའི་མཐའི་གཞུང་ལུགས་ཇི་སྙེད་གཅིག་དབྱར་དགུན་སྟོན་དཔྱིད་མེད་པར་འབྲི་མཁན་དུ་མས་ས་སྡེ་བཙུགས་ནས་འབྲི་ བ་ད་ལྟའི་སྐྱེ་བོ་ཕལ་མོ་ཆེའི་ཡང་ཡིད་ཡུལ་ན་སྣང་བ་འདི་ཉིད་ཡིན་ལ། མདོར་ན་འབུལ་བའི་དངོས་པོར་གྱུར་པ་དག་ཀྱང་ཐུན་ཚགས་ཉིད་ཀྱིས་དེ་ལྟ་བུའི་རྟེན་དག་གི་ཡོན་ཉིད་ དུ་དངོས་དང་བརྒྱུད་ནས་སྩོལ་བར་མཛད་དེ། དཔེར་མཚོན་ན་རྗེ་ཡབ་སྲས་གཉིས་ཀ་སྨོན་ཐང་ན་བཞུགས་པའི་བདག་ཉིད་ཆེན་པོས་རྒྱུད་དང་། རྗེ་བཙུན་ངོར་པས་གསུང་ངག་གནང་བའི་སྐབས་དེར་རྡོ་ནག་པོ་ཞིག་ལ་བལ་པོའི་བཟོ་བོ་ཨ་ཝ་ཛ་ཏིས་མགོན་པོའི་སྐུ་མཐེབ་ཚིགས་ཙམ་ཞིག་ལ་གསེར་དེ་རང་དང་བོངས་སྙམ་པའི་ཐིག་པོ་ཞིག་སྩོལ་བར་མཛད་པ་དངོས་སུ་མཐོང་ལ། 1-701 དེས་མཚོན་ཏེ་ཐུགས་ཡུལ་དུ་འབབ་པའི་སྐུ་ལྟ་བུ་ཆུང་ངུ་རེའམ་སྔོན་གྱི་དཔེ་རྙིང་མ་ཤོག་གྲངས་འགའ་ཕུལ་བ་དང་། གསེར་སྲང་ལོངས་ཕུལ་བ་རོ་གཅིག་པ་དག་གིས་མོས་བློས་བརྗོད་པ་མ་ ཡིན་པར་དངོས་སུ་ཤེས་ལྡན་ཀུན་ལ་གསལ་བ་འདི་ཡིན་ཞིང་། སྲིད་ཞི་མཉམ་ཉིད་དུ་སྒྲགས་པའི་མཛད་པའི་རྣམ་གྲངས་མཐོང་ཐོས་ཙམ་གྱིས་དད་པའི་སྤུ་ཟིང་བ་དག་ཇི་སྙེད་གཅིག་ཐོས་ཤིང་མཐོང་ ལ་ཁོང་དུ་ཆུད་མོད་ཀྱི་ཡི་གེ་མང་བས་འཇིགས་ནས་འདིར་མ་བྲིས་ལ། དེ་ལྟར་བཤད་པའི་རྟེན་དེ་དག་གི་སྤྱན་མངར་ཡང་། མཆོད་པའི་ཡོ་བྱད་ཇི་སྙེད་ཅིག་གི་བཀུར་སྟི་དང་མར་མེའི་ ཕྲེང་བ་སོགས་འབྲལ་དང་ཡུན་གྱིས་མཆོད་པ་དག་ལ་ནམ་དུ་ཡང་ཐུགས་ལྷོད་པ་མི་མངའ་བའི་ཕྱག་བཞེས་མ་འོངས་བསྟན་པའི་མིག་རྐྱེན་དུ་འགྱུར་བའི་མཛད་པ་རྣམ་པར་དག་པ་དག་གིས་དུས་ ཐམས་ཅད་དུ་འདའ་བའི་རིང་ནས་མ་ནུས་པའི་ནད་པ་མཁོས་མེད་པ་རྣམས་ལ་ཡང་། ན་བའི་གསོས་སྨན་དང་རྗེ་བཙུན་ཉིད་ཀྱི་བཤོས་ལྷག་གི་བར་གྱིས་ཉེ་བར་བསྐྱངས་པར་མཛད་ནས་ཕན་སེམས་ བྱང་ཆུབ་སེམས་ཀྱི་རིང་ལུགས་རྗེས་སུ་བསྐྱངས་ཏེ། མགོན་མེད་པ་དག་གི་མགོན་སྐྱབས་ཉིད་དུ་གྱུར་པའི་སེམས་དཔའ་མཆོག་ནི། བྲམ་ཟེ་དང་ཛོ་གི་སྟོང་ཕྲག་དུ་ལོངས་པ་དུ་མ་རོང་ལམ་ཐ་དད་ནས་རྒྱུད་དེ། 1-702 རྗེ་བཙུན་སྙིང་རྗེའི་གཏེར་ཆེན་ཉིད་ཀྱི་དྲུང་དུ་ལྷགས་པ་ལ་གསེར་དང་ཟས་གོས་སོགས་གང་ལ་གང་འདོད་ཀྱི་སྦྱིན་པ་ར
【現代漢語翻譯】 黃金等財物和陳設非常殊勝。此外,在不同的寢宮裡也有各種各樣的繪畫。總之,在法座、唐卡以及後來修建的白石頂飾等所有地方,都以歷代上師(包括諸佛菩薩)的壁畫等多種形式,廣泛地開展積資凈障的活動。用黃金製作的《八千頌般若經》等,以及根據諸佛的教言(包括註釋)而創作的自宗和他宗的各種論典,無論冬夏春秋,都有許多書寫者設立書寫處進行抄寫,這景象至今仍留在大多數人的腦海中。總之,所有供養的物品,都直接或間接地作為對這些聖物的供養。例如,宗喀巴師徒二人在桑塘時,大成就者通過血脈傳承和杰尊·俄巴傳授口訣時,尼泊爾工匠阿瓦扎底親眼見到,在一塊黑色的石頭上,塑造了一尊拇指大小的貢布(梵文:Mahakala,大黑天)像,並供養了與像等量的黃金。這表明,無論是心中所想的小小佛像,還是幾頁舊經書,或是供養一兩黃金,都表達了真誠的信仰,這對於所有有知識的人來說都是顯而易見的。僅僅是聽到或看到他那宣揚世間與涅槃平等性的事業,就能讓無數人生起信仰。雖然聽過、見過並理解了很多,但因為文字太多,所以在這裡就不寫了。此外,對於這些聖物的眼飾,以及各種供品和燈盞等持續不斷的供養,他從未懈怠,這些行為成為未來佛法的榜樣。他總是用這些純凈的行為度過時光,甚至對於那些無能為力的重病患者,也用藥物和杰尊自己的剩飯來照顧他們,遵循著利益他人的菩提心之道,成為無依無靠者的庇護者。成千上萬的婆羅門和瑜伽士從不同的道路前來。 來到杰尊大慈大悲的寶藏前,根據他們的需求給予黃金、食物、衣服等各種佈施。
【English Translation】 Gold and other riches, along with elaborate arrangements, were exceptionally magnificent. Furthermore, various kinds of paintings adorned the different chambers. In short, at the Dharma seat, Thangkas, and later at places like the White Crystal Crown, murals depicting the lineage of Buddhas and Bodhisattvas, along with various forms of assembly, were extensively propagated to accumulate merit and purify obscurations. The ‘Eight Thousand Verse Prajnaparamita Sutra’ made of gold, and various treatises of both self and other schools, based on the teachings of the Buddhas (including commentaries), were copied by numerous scribes who established writing centers without regard to seasons. This scene remains vivid in the minds of most people even today. In essence, all offerings were directly or indirectly dedicated to these sacred objects. For example, when Je Tsongkhapa and his disciples were in Smongthang, the great accomplished master, through the lineage and Je Tsun Ngorpa’s oral instructions, the Nepalese artisan Awazati personally witnessed the creation of a Mahakala (藏文:མགོན་པོ།,梵文:Mahākāla,梵文羅馬擬音:Mahākāla,漢語字面意思:大黑天) statue, about the size of a thumb joint, on a black stone, and offered gold equal to its size. This shows that whether it was a small Buddha image conceived in the mind, a few pages of old scriptures, or an offering of gold, all expressed sincere faith, which is evident to all knowledgeable people. Merely hearing or seeing his activities that proclaimed the equality of samsara and nirvana aroused faith in countless individuals. Although much was heard, seen, and understood, due to the abundance of text, it is not written here. Furthermore, he never neglected the eye ornaments of these sacred objects, as well as the continuous offerings of various offerings and lamps, which became a model for future Dharma. He always spent his time with these pure actions, and even for those helpless and severely ill patients, he cared for them with medicine and Je Tsun’s own leftovers, following the path of benefiting others with Bodhicitta, becoming a protector for the helpless. Thousands of Brahmins and Yogis came from different paths. Arriving before Je Tsun, the great treasure of compassion, they were given various donations of gold, food, clothing, and whatever they desired.
ླབས་པོ་ཆེ་བུ་གཅིག་པའི་མས་གདུག་པའི་བུ་ལ་བགྱི་བ་ལྟར་སྐྱོ་ སུན་ཅུང་ཟད་ཀྱང་མི་མངའ་བའི་ཐུགས་ཀྱིས་ཡོངས་སུ་བསྐྱོང་བར་མཛད་ཅིང་། དེའི་སྟོབས་ཀྱིས་རྒྱ་གར་ཤར་ནུབ་ཀུན་ཏུ་བདག་ཉིད་ཆེན་པོ་འདིའི་མཚན་ཡོངས་སུ་གྲགས་ཏེ། ཕྱིས་དགོངས་པ་ཆོས་དབྱིངས་སུ་ གཞག་པའི་གཏམ་ཐོས་པའི་ཚེ་ཡང་བལ་ཡུལ་དང་རྒྱ་གར་སོགས་ས་ཕྱོགས་མ་ངེས་པ་སྣ་ཚོགས་ན་གནས་པའི་འགྲོ་བ་དག་ཀྱང་ཡིད་འབྱུང་བའི་སྐད་ཕྱུང་སྟེ་དད་པའི་བ་སྤུ་ལང་ལོང་དུ་ གྱུར་ནས་གདུང་བའི་མཆི་མ་བླགས་པར་བྱེད་ཅེས་དངོས་སུ་ཐོས་པ་དང་། རྒྱ་གར་ན་ད་ལྟ་ཆེ་བར་གྲགས་པའི་གྲུབ་ཐོབ་ཛ་ཧར་པི་ར་ཞེས་གྲགས་པ་དེ་ཉིད་ཀྱང་། ཆོས་ཀྱི་རྗེའི་ཞལ་ གྱི་དཀྱིལ་འཁོར་བལྟ་བ་ཁོ་ནའི་ཕྱིར་སྔ་གོང་མཁའ་སྤྱོད་བྲག་དཀར་སོགས་སུ་འོང་ཞིང་། ཕྱིས་བདག་ཉིད་ཆེན་པོ་དགུང་གི་ལོ་དོན་གསུམ་བཞེས་པ་བྱི་བའི་ལོར་ཡང་འོངས་ཏེ། སླར་རྫུ་འཕྲུལ་གྱིས་ རང་གནས་སུ་བཞུད་པ་སོགས་གཏམ་གྱི་སྒོ་དུ་མའི་རྒྱུན་མངོན་སུམ་དུ་གྲགས་པ་དང་། དམ་པ་ཆོས་སྐྱོང་བའི་སྲུང་མ་ཡང་ཨ་ཙ་རའི་ཚུལ་གྱིས་ཞབས་འབྲིང་བའི་འགྲོ་བ་དག་གི་སྣང་བ་ལ་ཛོ་གི་ཕལ་པ་ལྟ་བུའི་གཟུགས་སུ་མཐོང་སྣང་བསྟན་ནས་ཡོང་པའི་ངེས་པ་གཏན་ཚིགས་དང་བཅས་པ་ཡང་ཡོད་མོད་ཀྱི་ཆེས་གསང་བའི་གནས་ཡིན་པས་མི་བརྗོད་ལ། 1-703 གཞན་སྣང་དུ་རྗེ་བཙུན་ཆོས་ཀྱི་རྗེ་ཉིད་རྒྱ་བལ་གྱི་འགྲོ་བ་རྣམས་ལ་ཐུགས་ཅི་ནས་ཀྱང་བརྩེ་བར་མཛད། དབྱར་གསོས་སོགས་ཛོ་གི་སི་སི་བུས་པའི་སྒྲ་གསན་མ་ཐག་ཐུགས་བྲེལ་ཆེ་ཆུང་ ཅི་མངའ་ཡང་བཏང་སྙོམས་སུ་མཛད་ནས། དེ་འཕྲལ་རང་སྐུ་མདུན་དུ་བཞག་ནས་ཁོ་དག་གི་བ་སྤུ་ར་དག་ལ་ཕྱག་གི་རེག་སྟེ་རེ་རེ་ནས་གཟིགས་པར་མཛད་ཅིང་། སྨན་ལ་སོགས་པའི་རོ་ འགའ་རེ་ལྗགས་སྟེང་དུ་མྱང་བར་ཡང་མཛད། དེ་ནས་མགྲོན་པོ་ཐག་རིངས་ནས་ཡོང་པ་རང་གི་གནས་སུ་སླེབས་པ་ལྟ་བུའི་བཟའ་བཏུང་དག་ཀྱང་སྩལ་ཏེ་ཡིད་མགུ་བ་ཡང་དག་པར་མཛད་པ་ ལ་སོགས་དམན་པའི་འགྲོ་བ་སློང་མོར་རྒྱུ་བ་ཡུལ་གནས་མ་ངེས་པའི་ཛོ་གི་ཐམས་ཅད་ཀྱི་ཕ་མ་ལྟ་བུར་གྱུར་པ་ཉིད་ཡིན་ལ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ཡང་། རྒྱལ་ཁྲིམས་ཀྱི་ ཆད་པ་དྲག་པོས་གསད་པར་འོས་པའི་ནག་ཅན་སྐེ་མིག་སོགས་འཕྲལ་དུ་ལྷུང་རྒྱུ་དག་གི་སྲོག་གི་ལྷག་མ་སྦྱིན་པར་མཛད་ནས། ལུས་སེམས་བདེ་བའི་གནས་ལ་བཀོད་པ་བསམ་གྱིས་མི་ཁྱབ་པ་ དངོས་སུ་མཐོང་ཐོས་སུ་གྱུར་པ་རྣམས་ཡིན་ལ། སྦྱིན་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཆོས་ཀྱི་སྦྱིན་པ་ནི་དུས་དང་གནས་སྐབས་ནམ་དུ་ཡང་བསྙེལ་བ་མི་མངའ་བར་ལྷུག་པར་རང་རང་གི་མོས་བློ་དང་འཚམས་པར་གནང་བར་མཛད་པའི་མཐུས། 1-704 སྟོད་ན་གུག་གེ་ཆོས་ཀྱི་རྒྱལ་པོའི་ཅོད་པན་གྱི་ཞབས་རྡུལ་མངོན་པར་ལེན་པ་མཁས་པའི་དབང་པ
【現代漢語翻譯】 就像慈愛的母親對待她唯一的孩子一樣,བླ་མ་(Lama,上師)以毫不厭倦的心來完全地照料著他的弟子。憑藉著他的力量,這位偉大的聖人的名聲傳遍了印度東西各地。後來,當人們聽到他將จิต(梵文:citta,心)安住在法界(ཆོས་དབྱིངས་,梵文:dharmadhatu)中的訊息時,即使是那些居住在尼泊爾和印度等不同地方的眾生,也發出了悲傷的呼喊,全身因信仰而豎立,流下了悲痛的眼淚,這些都是我親耳聽到的。在印度,現在廣為人知的大成就者ཛ་ཧར་པི་ར་(Dza Har Pi Ra)也僅僅爲了瞻仰ཆོས་ཀྱི་རྗེའི་ཞལ་(chos kyi rje’i zhal,法主的容顏)而多次來到སྔ་གོང་མཁའ་སྤྱོད་བྲག་དཀར་(snga gong mkha’ spyod brag dkar,前貢空行白巖)等地。後來,當這位偉大的聖人七十三歲時,也在鼠年來到這裡,然後通過神通返回了他的住所。諸如此類的故事流傳甚廣。守護正法的護法神也以ཨ་ཙ་ར་(Atsara,阿阇梨)的形象,在侍從的顯現中,以普通瑜伽士的形象出現,這種確定的理由也是存在的,但因為這是非常秘密的地方,所以不便提及。 此外,在顯現上,尊者法主本人對印度和尼泊爾的眾生非常慈愛。每當聽到夏季療養等瑜伽士的呼喚時,無論他有多麼忙碌,都會放下一切,立即將他們帶到自己面前,用手撫摸他們的毛孔,一一檢視,甚至會品嚐一些藥物。然後,他會像遠道而來的客人到達自己的住所一樣,給予他們食物和飲料,讓他們心滿意足。他就像所有貧困的乞丐和居無定所的瑜伽士的父母一樣。對於那些本應受到嚴厲的法律懲罰而被處決的罪犯,他會給予他們免於恐懼的庇護,饒恕他們的性命,並將他們的身心安置在幸福的境地,這些都是親眼所見和親耳聽聞的。而作為所有佈施中最殊勝的法佈施,他從不忘記在任何時間、任何情況下,都根據每個人的意願和興趣給予他們。憑藉著這種力量, 在上方,古格法王的王冠之塵被尊者們所接受。
【English Translation】 Just as a loving mother cares for her only child, the བླ་མ་ (Lama, Guru) completely takes care of his disciples with a heart that never tires. Through his power, the name of this great saint spread throughout eastern and western India. Later, when people heard the news that he had placed his จิต (Sanskrit: citta, mind) in the dharmadhatu (ཆོས་དབྱིངས་, Sanskrit: dharmadhatu), even beings living in various places such as Nepal and India cried out in sorrow, their bodies bristling with faith, shedding tears of grief, which I heard with my own ears. In India, the great accomplished ཛ་ཧར་པི་ར་ (Dza Har Pi Ra), who is now widely known, also came to སྔ་གོང་མཁའ་སྤྱོད་བྲག་དཀར་ (snga gong mkha’ spyod brag dkar, Ngagong Khachö Drakkar) and other places many times just to behold the face of ཆོས་ཀྱི་རྗེའི་ཞལ་ (chos kyi rje’i zhal, the Lord of Dharma). Later, when this great saint was seventy-three years old, he also came here in the year of the Rat, and then returned to his abode through miraculous powers. Such stories are widely circulated. The Dharma protectors who guard the Dharma also appear in the guise of ཨ་ཙ་ར་ (Atsara, Acharya), appearing as ordinary yogis in the visions of the attendants, and there is a definite reason for this, but because it is a very secret place, it is not appropriate to mention it. In addition, in appearance, the venerable Lord of Dharma himself was very kind to the beings of India and Nepal. Whenever he heard the calls of yogis during summer retreats, etc., no matter how busy he was, he would put everything aside and immediately bring them before him, touching their pores with his hands, examining them one by one, and even tasting some of the medicines. Then, he would give them food and drink as if guests from afar had arrived at their own home, making them completely satisfied. He was like a parent to all the poor beggars and homeless yogis. For those criminals who deserved to be executed by severe legal punishment, he would grant them refuge from fear, spare their lives, and place their bodies and minds in a state of happiness, which were all seen and heard with my own eyes and ears. And as the most supreme of all gifts, the gift of Dharma, he never forgot to give it freely at any time and in any situation, according to each person’s wishes and interests. Through this power, Above, the dust of the crown of the King of Dharma of Gugge is accepted by the venerable ones.
ོ་སྐད་གཉིས་སྨྲ་བ་རྣམ་རྒྱལ་བཟང་པོ་སྐུ་མཆེད། བར་དབུས་གཙང་གི་རུ་བཞི་ན་འགྲན་པའི་ ཟླ་ཐམས་ཅད་དང་བྲལ་བ་དཔལ་ས་སྐྱ་པ་འཇམ་པའི་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་སྐུ་མཆེད་རྣམས་དང་། བརྒྱུད་པའི་བླ་མ་ལ་སངས་རྒྱས་ཀྱི་ཐུགས་མངའ་བ་དཔལ་ ཨེ་ཝྃ་ཆོས་ལྡན་གྱི་གདན་རབས་བརྒྱད་པ་རྗེ་བཙུན་དམ་པ་ལྷ་མཆོག་སེང་གེ་ཡབ་སྲས། སྨད་མདོ་ཁམས་སྒང་གསུམ་ན་མཁན་པོ་འཇམ་པའི་དབྱངས་ཉིད་ཀྱི་ཆོས་ལས་སྐྱེས་པའི་སྲས་མདོ་ཁམས་རབ་ འབྱམས་པ་རྒྱལ་མཚན་རིན་ཆེན་སོགས། མདོར་ན་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་གསུམ་སོགས་རྗེ་འདི་ཉིད་ཀྱི་དངོས་དང་བརྒྱུད་པའི་སློབ་མ་ནམ་མཁའི་སྐར་ཕྲན་ལྟ་ བུས་ཁྱབ་པ་འདི་ཉིད་ཡིན་ཞིང་། བྱམས་པའི་སྦྱིན་པ་རིགས་དྲུག་གིས་བསྡུས་པའི་འགྲོ་བ་ལས་རིགས་ཐ་དད་པ་ཐམས་ཅད་ལ་ཕྱོགས་དང་རིགས་སུ་མ་བཅད་པའི་ཕན་དགོངས་ཐུགས་རྗེ་ཚད་མ་མཆིས་ པས་བདག་གིར་མཛད་པའི་ཆ་སྲིད་མཚོ་མའི་སྨོན་ལམ་འདི་ཙམ་གྱིས་ཀྱང་རྗེས་སུ་དཔག་པར་ནུས་པ་ཉིད་དུ་སེམས་ཤིང་ཚུལ་མཐའ་ཡས་པ་སྔོན་བྱོན་གྱི་སྐྱེས་བུ་དམ་པའི་མཛད་པ་མ་ལུས་པ་ཕྱག་བཞེས་ལ་ཐེབས་པའི་སྐྱེས་མཆོག་བླ་མའི་ཕུལ་དུ་བྱུང་བའི་ཕྲིན་ལས་ཇི་སྙེད་པ་ཀུན་ལས་རྗེས་སུ་དཔག་པར་བྱོས་ཤིག ། 1-705 རྒྱལ་སྲིད་མཆིལ་མའི་ཐལ་བ་ཇི་བཞིན་དུ། །ཡོངས་སུ་གཟུང་པ་མེད་པར་གཏོང་མཛད་པའི། །ལས་ཅན་ཀུན་གྱི་རེ་འདོད་བསྐོང་པ་ཡིས། །ཆོས་དང་སྲིད་ཞིའི་དཔལ་གྱིས་འགྲོ་ཀུན་བསྡུས། །སེམས་ཅན་ཉོན་མོངས་ ཤས་ཆེ་ཞིང་། །ཕན་ཚུན་འཁུ་ཞིང་གནོད་པ་དང་། །ཡུལ་ངན་འགྲོ་བ་ཆོས་མེད་པོ། །དེ་དག་དོན་དུ་སྐྱེ་བར་ཤོག །འཇིགས་རུང་སྐྱེ་འཆིའི་རྦ་ཀློང་ཉམས་ངའི་གནས། །ཤུགས་དྲག་ལས་ཀྱི་མནར་བའི་ཅོང་ རོང་ན། །ཡུན་རིང་འཁྱམས་པའི་ལུས་ཅན་དོན་སླད་དུ། །མགོན་ཁྱོད་ཚམ་ཚོམ་མེད་པར་འཇུག་མིན་ནམ། །སྡིག་བྱེད་ཚེ་འདི་ཁོ་ནའི་ཕྱིར། །རང་དབང་མེད་པར་ལས་དབང་གི །འཇིག་རྟེན་སྤྱོད་ལ་འཇུག་པ་ ལ། །ཁྱད་པར་དུ་ཡང་བརྩེ་བར་ཤོག །ཚེ་རབ་དུ་མར་གོམས་པས་དབང་མེད་པར། །ངང་གིས་སྡིག་ལ་འཇུག་པ་མ་རུང་བློ། །གྱི་ནའི་ལུས་ཅན་དམན་པའི་འགྲོ་བ་ལ། །ཁྱེད་ཀྱི་བརྩེ་བའི་ཆུ་ རྒྱུན་ལྷག་པར་ལྷུང་། །བདག་ལ་གནོད་ཅིང་དགར་འཛིན་པའི། །འགྲོ་རྣམས་བདག་གི་མར་ཤེས་ཤིང་། །ཐོག་མེད་དུས་ཀྱི་དྲིན་དྲན་ནས། །མཆི་བ་གཡོ་ཞིང་བརྩེ་བར་ཤོག །ཀུན་ནས་འཁོན་དུ་འཛིན་པའི་བསམ་སྦྱོར་ གྱིས། །མི་མཐུན་ཕྱོགས་བསྐྱེད་དགྲ་ཡི་ཚོགས་རྣམས་ལ། །ཐོག་མེད་དུས་ཀྱི་དྲིན་ཅན་ཕ་མ་ཞེས། །བརྩེ་ལྡན་ཁྱེད་ཀྱི་ཉེར་དགོངས་སྤྱན་ཆབ་གཡོས། །བདག་གིས་ཀུན་དུ་ཕན་བྱས་ནས། །བདག་ལ་ལྷག་པར་གནོད་བྱེད་ན། ། 1-706 དེ་ལ་གན
【現代漢語翻譯】 哦,སྐད་གཉིས་སྨྲ་བ་རྣམ་རྒྱལ་བཟང་པོ་སྐུ་མཆེད།(精通兩種語言的南嘉桑布昆仲)中間衛藏四茹地區,無與倫比的薩迦派文殊菩薩貢噶索南扎巴堅贊貝桑布昆仲,以及傳承上師具有佛陀心性的埃旺寺法座第八世杰尊丹巴拉卻僧格父子,下部多康三崗地區,堪布文殊菩薩以法所生的兒子多康饒絳巴嘉燦仁欽等。總之,上部阿里三圍、中部衛藏四茹、下部多康三崗等地,這位仁波切的直傳和間接弟子如同天上的繁星般遍佈。以慈悲佈施攝持六道眾生,對於所有不同種姓的眾生,不分彼此、不分種族地利益他們,擁有無量的慈悲心,僅僅通過我所造的《海生金剛祈願文》也能略微推測到,並且他的無量行為完全符合過去聖賢的作為,請從這位卓越上師的種種功德事業中去了解他。 如同將王位視作唾沫般的灰塵一樣,完全放下而不執取,滿足所有具緣者的願望,以佛法和世間的榮耀來攝受一切眾生。眾生煩惱深重,互相爭鬥傷害,惡劣地區的眾生沒有佛法,爲了他們的利益而轉生。在令人恐懼的生死輪迴的波濤中,在業力強烈折磨的牢籠里,爲了長期漂泊的眾生的利益,怙主您不是毫不猶豫地進入其中嗎?爲了僅僅是今生的罪業,不由自主地受到業力支配,沉溺於世間行為,尤其要對他們慈悲。由於多生累劫的串習,不由自主地沉溺於罪惡之中的惡劣心,對於地獄眾生等惡劣的眾生,您的慈悲之水更加傾瀉。對於損害我、心懷憎恨的眾生,視他們為我的母親,憶念起無始以來的恩情,感動落淚,對他們慈悲。對於總是心懷怨恨,製造不和諧,製造敵對的眾生,視他們為無始以來的恩親父母,慈悲的您眼中充滿了淚水。如果我總是利益他們,他們反而更加損害我,
【English Translation】 O, the two language speakers Namgyal Zangpo brothers. In the four regions of central U-Tsang, the incomparable Sakya Manjushri Kunga Sonam Drakpa Gyaltsen Pal Zangpo brothers, and the lineage lamas who possess the mind of the Buddha, the eighth throne holder of glorious E-wam Chosden, Jetsun Dampa Lhachok Senge father and son. In the lower Dokham Gangsum region, the son of Khenpo Manjushri, Dokham Rabjampa Gyaltsen Rinchen, and so on. In short, the upper Ngari Korsum, the middle U-Tsang Ruzhi, the lower Dokham Gangsum, and so on, this very Jetsun’s direct and indirect disciples are as numerous as the stars in the sky. With loving-kindness and generosity, he gathers all sentient beings of the six realms, and without discrimination or partiality, he benefits all different kinds of beings, possessing immeasurable compassion. Even just this Monlam of Tsomai can give a glimpse of it, and his immeasurable conduct is completely in line with the actions of past holy beings. Please understand him from the countless virtuous activities of this extraordinary supreme lama. Like utterly abandoning the kingdom as if it were the ashes of spittle, fulfilling the hopes of all fortunate ones, gathering all beings with the glory of Dharma and worldly peace. Sentient beings have strong afflictions, fighting and harming each other, beings in evil lands have no Dharma, may I be born for their sake. In the terrifying waves of birth and death, in the dreadful place, in the iron cage tormented by the force of karma, for the sake of sentient beings wandering for a long time, won’t you, protector, enter without hesitation? For the sake of sins done only in this life, helplessly under the power of karma, indulging in worldly actions, may I especially cherish them. Due to habits from many lifetimes, uncontrollably indulging in evil, may your stream of compassion especially fall upon the inferior beings such as those in hell. May I recognize those who harm me and hold animosity as my mothers, remembering their kindness from beginningless time, with tears flowing, may I cherish them. With thoughts and actions of always holding grudges, creating disharmony, towards the hosts of enemies, may you, with loving-kindness, shed tears of compassion, thinking of them as kind parents from beginningless time. If I always benefit them, and they especially harm me,
ོད་པའི་ངན་སེམས་འགའ། །ཡིད་ལ་འབྱུང་བར་མ་གྱུར་ཅིག །བྱམས་པའི་ཐུགས་ཀྱིས་བསྐྱངས་པའི་དྲིན་བཞག་གིས། །ཤིན་ཏུ་མི་ཟད་གཤུང་པའི་ལས་བྱེད་པ། །དེ་ལ་གནོད་ལན་ཕན་བདེའི་དགོངས་པ་ ཅན། །སར་གནས་སེམས་དཔའི་མཛད་པ་མ་ལགས་སམ། །སྡུག་བསྔལ་ཅན་དག་མཐོང་བ་འམ། །གཞན་གྱི་སྡུག་བསྔལ་ཐོས་ན་ཡང་། །དེ་དག་དོན་དུ་སངས་རྒྱས་ལ། །འདོད་པ་མྱུར་དུ་སྐྱེ་བར་ཤོག །ལས་ཀྱིས་ བཏབ་པའི་ཉམས་ཆུང་སྡུག་བསྔལ་ཅན། །ཡིད་སྐྱོ་རབ་ཏུ་མནར་བའི་ཉམས་ཐག་པའི། །ཚུལ་ཙམ་དགོངས་པའི་མོད་ལ་དེ་དོན་དུ། །རླབས་ཆེན་བྱང་ཆུབ་སེམས་མཆོག་བསྐྱེད་པར་མཛད། །ཐབས་ལ་མཁས་དུས་འགའ་ཞིག་ ཏུ། །ལུས་ངག་སྦྱོར་བ་ཅི་བྱེད་ཀྱང་། །ཡིད་ལ་གཞན་དོན་མ་གཏོགས་པ། །ཅུང་ཟད་འབྱུང་བར་མ་གྱུར་ཅིག །གཞན་དོན་ལ་དགོངས་མཛད་པའི་ཕ་མཐའ་ནི། །ཇི་ལྟར་བསྟན་ཡང་ཕན་བྱེད་འཛངས་པའི་འཕྲུལ། ། གང་ལ་ཅི་འདུལ་དེ་ལ་དེ་སྟོན་པའི། །ཐབས་མཁས་ཐུགས་རྗེ་ལྡན་པའི་དེད་དཔོན་ནོ། །དེ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་མཛད་པའི་རྒྱུན་ཟང་ཟིང་དང་མི་འཇིགས་པ་དང་ཆོས་དང་བྱམས་ པའི་སྦྱིན་པ་ཁོ་ནའོ་ཞེས་སྦྱིན་པའི་ཡོན་ཏན་བསྔགས་པ་ལ་ཡང་སྦྱར་བར་བྱའོ། །དུས་རིང་བསྐལ་པ་གྲངས་མེད་གསུམ་དུ་བགྲོད་ལ་ཐེག་པ་ཆེན་པོའི་ཁུར་ཆེན་འདེགས་བཟོད་ཅིང་། །འཁོར་བའི་སྐྱོན་ལ་འཇིགས་མེད་ལེ་ལོའི་དབང་དུ་འགྱུར་པ་བདག ། 1-707 ལམ་གྱི་འཇུག་ངོགས་བདེ་བར་ཐུགས་རྗེའི་ཆབ་རྒྱུན་གྱིས། །ཐོག་མེད་དུ་བསགས་པའི་སྡིག་པའི་དྲི་མ་མ་ལུས་སྦྱང་དུ་གསོལ། མཆོག་གི་དཔལ་ལྡན་བླ་མའི་ཡོན་ཏན་བརྗོད་པའི་ཚུལ་ལས་སྦྱིན་པ་རྣམ་ པ་བཞིའི་སྒོ་ནས་ཡོངས་སུ་བསྒྲགས་པའི་རབ་ཏུ་བྱེད་པ་སྟེ་བཅུ་པའོ།། །། ༄། །སྡོམ་པ་གསུམ་གྱི་ཕྲིན་ལས་ཀྱི་སྐབས་ལས་རྗེས་སུ་སྒྲགས་པའི་རབ་ཏུ་བྱེད་པ་སྟེ་བཅུ་གཅིག་པ། དེ་ལྟར་མངའ་རིས་མི་གཅིག་པའི་འགྲོ་བ་དཔག་ཏུ་མེད་པ་ཆོས་ཀྱིས་ཚིམ་པར་མཛད་དེ། །སླར་རང་སྲིད་ཀྱི་འགྲོ་བ་ མཐའ་དག་ལ་ཟང་ཟིང་གི་གནང་ཆ་དང་མི་འཇིགས་པ་སྐྱབས་དམ་པའི་ཆོས་ལ་སོགས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཉེས་སྤྱོད་སྡོམ་པ་དང་། དགེ་བ་ཆོས་བསྡུད་དང་། སེམས་ཅན་དོན་ བྱེད་ལ་སོགས་པ་ཁ་ན་མ་ཐོ་བ་མེད་པའི་ཁྲིམས་ཀྱི་བསླབ་པ། བཟོད་པའི་བསྔགས་པ། བརྩོན་འགྲུས་ཀྱི་བསྐུལ་འདེབས། བསམ་གཏན་གྱི་རིམ་འགྲོ། ཤེས་རབ་ཀྱི་གནས་ལུགས་དག་གི་སྒོ་ནས་ལམ་ཕ་ རོལ་ཏུ་ཕྱིན་པ་དྲུག་ལ་རང་རང་གི་མོས་པ་དང་མཐུན་པར་གདུལ་བྱ་རྣམས་དཀྲི་བར་མཛད་ཅིང་། དེ་ལས་གཞན་དུ་རྒྱལ་བའི་སྲས་རྣམས་ཀྱིས་རྒྱ་ཆེར་བསྔགས་པའི་རྣམ་གྲངས་དུ་མའི་སྦྱིན་པ་ དང་། ཡིད་ཀྱི་འདོད་འཇོ་ལྟ་བུར་གྱུར་པའི་སྙན་པར་སྨྲ་བའི་གསུང་གི་སྒོ་ནས་དབུགས་འབྱིན་པ་དང་། གདུལ་བྱ་རྣམས་ཀྱི་
【現代漢語翻譯】 愿莫生起一絲一毫的惡念,銘記您慈悲的守護之恩,以極其無私的精神辛勤工作。對於那些懷有損人利己念頭的人,難道不是安住于菩薩果位者的行為嗎? 當見到受苦之人,或聽到他人的苦難時,愿能迅速生起為他們成佛的願望。對於那些因業力所困、身處困境、內心痛苦、極度虛弱的眾生,僅僅是略微想到他們的處境,就能爲了他們發起偉大的菩提心。 善巧方便者,無論何時,身語做出何種行為,心中除了利益他人之外,不應生起絲毫其他念頭。為利益他人而考慮的極致,無論如何示現,都是利益眾生的巧妙方法。對於不同根器的眾生,示現不同的教法,您是具備善巧和慈悲的導師。 因此,聖人們的行為,無論是慷慨的佈施、無畏的佈施、正法的佈施還是慈愛的佈施,都應與讚歎佈施的功德相結合。長久以來,在無數劫中,您勇於承擔大乘的重擔,不畏輪迴的過患,不為懈怠所左右。 祈願您以慈悲之水,洗凈我從無始以來所積累的一切罪業,使我能夠順利地踏上解脫之路。這是從讚頌至高無上的具德上師的功德的角度,通過四種佈施的方式來全面闡述的第十品。 這是關於三律儀事業的章節中的第十一品——隨念品。 如是,您以正法滿足了無數不同地區的眾生,並再次以世間的供養、無畏的庇護以及殊勝的正法等佈施,利益所有自己國土的眾生,圓滿了佈施波羅蜜。通過戒律的教導(包括斷除惡行、修持善法、利益有情),忍辱的讚頌,精進的策勵,禪定的次第,智慧的體性等,您以適合他們各自意樂的方式來引導他們修習六波羅蜜。此外,諸佛之子們還以各種廣為讚歎的佈施方式,以及如意寶般的妙語甘霖,來滋養和利益應被調伏的眾生。
【English Translation】 May not even a trace of evil thought arise. Remembering the kindness of your compassionate protection, working diligently with utmost selflessness. For those who harbor thoughts of harming others for their own benefit, is this not the conduct of a Bodhisattva who dwells in the state of enlightenment? When seeing those who suffer, or hearing of the suffering of others, may the desire to attain Buddhahood for their sake arise swiftly. For those beings who are afflicted by karma, in distress, suffering inwardly, and extremely weak, merely thinking of their situation can generate the supreme Bodhicitta for their sake. The skillful means, whatever actions of body and speech are performed at any time, may not even a trace of other thoughts arise in the mind, except for the benefit of others. The ultimate consideration for the benefit of others, no matter how it is shown, is a clever method of benefiting beings. For beings of different capacities, showing different teachings, you are a guide endowed with skill and compassion. Therefore, the actions of the noble ones, whether generous giving, fearless giving, giving of Dharma, or giving of love, should be combined with praising the merits of giving. For a long time, in countless eons, you have bravely shouldered the burden of the Great Vehicle, not fearing the faults of samsara, not being swayed by laziness. May you use the stream of compassion to cleanse all the defilements of sins accumulated from beginningless time, so that I can smoothly embark on the path of liberation. This is the tenth chapter, which fully elaborates on the virtues of the supreme glorious Lama from the perspective of praising them through the four types of giving. This is the eleventh chapter, the Chapter on Recollection, from the section on the activities of the Three Vows. Thus, you satisfied countless beings in different regions with the Dharma, and again benefited all beings in your own land with worldly offerings, fearless protection, and the supreme Dharma, completing the perfection of giving. Through the teachings of discipline (including abandoning evil deeds, practicing good deeds, and benefiting sentient beings), the praise of patience, the encouragement of diligence, the stages of meditation, and the nature of wisdom, you guide disciples to practice the six perfections in accordance with their respective inclinations. In addition, the sons of the Buddhas also nourish and benefit those who should be tamed with various widely praised forms of giving, and with the rain of sweet words like a wish-fulfilling jewel.
ཡིད་དྭངས་བ་འདྲེན་པའི་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་དོན་མཐུན་པ་ཉིད་དུ་སྟོན་པ་དང་། 1-708 སངས་རྒྱས་བསྟན་པའི་རྩ་བ་སྡོམ་པ་གསུམ་ལ་སོགས་པའི་ལེགས་ལམ་ལ་སྐལ་བ་དང་ལྡན་པའི་གདུལ་བྱ་དོན་ཡོད་པར་སྤྱོད་པའི་ཕྲིན་ལས་ཀྱི་མཛད་པ་རྨད་དུ་བྱུང་བའི་བསྡུ་བའི་དངོས་པོ་ བཞིའི་སྒོ་ནས་ཕན་བདེ་དཔག་ཏུ་མེད་པ་བསྐྲུན་པར་མཛད་ཅིང་། ཕྱོགས་ཕྱོགས་ནས་འདུས་པའི་དོན་གཉེར་གྱི་གདུལ་བྱ་ལ་རྗེ་ཉིད་ཀྱི་བཀའ་འབུམ་གྱིས་མཚོན་པའི་ལུང་གི་རྣམ་གྲངས་དུ་མ་རིག་པའི་ ལམ་ནས་ཉེ་བར་དྲངས་ཏེ། བཤད་བཀའ་ཡང་དག་པར་སྤེལ་བར་བཤད་ཅིང་། དེ་སྐབས་སྙིགས་མའི་དུས་ཀྱི་བརྡ་སྟོན་དུ་གྱུར་པ་སྟོད་ཧོར་གྱི་འཇིགས་པ་ཆེན་པོས་ཀུན་ཏུ་ཉེན་ཏེ། བྱང་ཕྱོགས་ཀྱི་ དགོན་གནས་རྣམས་ཀྱང་ཉམས་པར་བྱས། འབྲོག་ཕྱོགས་ཀྱི་སེམས་ཅན་མང་པོ་ཉམས་ཐག་པ་ལ་བཀོད། དེའི་ཚེ་རྗེ་ཉིད་སློབ་མའི་ཚོགས་དང་བཅས་པ་འབྲིས་ལོ་ཙཱ་བ་དཔལ་ལྡན་བྱང་ཆུབ་ཀྱི་བྱིན་གྱིས་ བརླབས་པའི་གནས། ཆོས་སྡིངས་ཀྱི་དགོན་པར་གདན་ཕབས་ནས་ལྷོ་འབྲོག་དོལ་གསུམ་ནས་ལྷགས་པའི་དགེ་འདུན་དེར་འདུས་པ་དག་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྨིན་གྲོལ་གྱི་གདམ་ པས་མཚོན་པའི་ཆོས་ཀྱི་སྒོ་རབ་ཏུ་མང་པོ་སྩལ་ཞིང་། གནས་འདིར་སྔ་ཕྱིར་ཡི་དམ་གྱི་ལྷ་དུ་མ་དང་། རྡོ་རྗེ་ནག་པོ་ཆེན་པོའི་སྐུའི་རྣམ་འཕྲུལ་དུ་མའི་གཟིགས་སྣང་མང་དུ་བྱུང་ཞེས་གླེང་ཞིང་། 1-709 ཁྱད་པར་ནག་པོ་ཆེན་པོ་ཆེས་འཁྲུགས་ཞིང་རབ་ཏུ་ཁྲོས་པའི་ཞལ་གདངས་པ་སྒྱུ་མའི་ཕྲེང་བ་གསོལ་བ་ཞིག་གིས་ཞལ་བསྟན་པ་དེ་ཉིད་ཀྱི་སྣང་ཆ་ཇི་ལྟ་བ་བཞིན་བྲིས་ཐང་དུ་ཡང་ བཀོད་པ་མཛད་ལ། ཞལ་གཟིགས་ཀྱི་རྣམ་གྲངས་རྣམས་ཀྱང་རྣམ་ཐར་ཐང་ཁའི་ཞིང་བཀོད་འགའ་ཞིག་ལ་ཕྱོགས་ཙམ་བྲིས་པ་འབྱུང་ཞིང་། དེ་དག་གི་ཚུལ་ཞིབ་པར་རྒྱུན་དུ་ཞབས་འབྲིང་དུ་བཞུགས་པའི་གང་ ཟག་མོས་གུས་ཅན་འགའི་ངག་དང་ཐོར་བུ་བ་ཡི་གེར་བཀོད་པ་དག་ལས་ཤེས་པར་བྱ་ཞིང་། སླར་ཡང་བསྟན་པ་རིན་པོ་ཆེའི་རྒྱུན་ལ་དགོངས་ནས་ཐུབ་བསྟན་དར་རྒྱས་གླིང་གི་མཁན་པོར་བལྟོས་ བཅས་ཀུན་གྱིས་གསོལ་བ་བཏབ་སྟེ། མི་འཇིགས་སེང་གེའི་ཁྲི་ལ་བསྟི་བར་མཛད་ནས། ཆོས་སྡེ་ཆེན་པོའི་འཆད་ཉན་ལས་ཆོས་རྣམས་ཀྱིས་གཙོ་མཛད་སྡེ་སྣོད་འཛིན་པ་ཤ་སྟག་གི་གདུལ་བྱ་ལ་ཕར་ ཚད་ཀྱི་གཞུང་ཆོས་གསང་སྔགས་ཀྱི་དབང་བསྐུར། གསུང་ངག་རིན་པོ་ཆེ་སོགས་མདོ་སྔགས་ཀྱི་ཆོས་ཇི་སྙེད་ཅིག་གིས་ཆར་ཕབས་ཏེ། སྔ་སྲོལ་བཟང་པོ་ཡར་ངོའི་ཟླ་བ་ལྟར་སྤེལ་བར་མཛད་པའི་སྐབས་ ནས་དོལ་ཕྱོགས་སུ་ཁུ་དབོན་ལྷན་ཅིག་ཏུ་ཕེབས་ཏེ། ཡུལ་ཕྱོགས་སོ་སོར་རང་རང་གི་བསྐལ་བ་དང་འཚམས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། དེ་དུས་དད་མོས་ཀྱི་འགྲོ་བ་དག་གིས་རྗེ་ཉ
【現代漢語翻譯】 通過清凈意樂所引發的聞、思、修三門,示現與正法相應之行持; 對於具足三律儀等善道的所化有情,以饒益有情之事業,行持殊勝之四攝,創造無量利樂。從各方匯聚而來的求法者,以 仁波切(Rinpoche,珍貴的上師)自己的文集為代表的眾多經論,通過智慧之路引導他們,並宣講純正的教法。當時,正值五濁惡世的徵兆顯現,上 霍爾(stod hor)的巨大威脅籠罩四方,使得北方地區的寺廟也遭受破壞,許多牧區眾生陷入困境。此時, 仁波切(Rinpoche,珍貴的上師)與弟子們一同前往由 འབྲིས་ལོ་ཙཱ་བ་དཔལ་ལྡན་བྱང་ཆུབ(‘bris lo tsA ba dpal ldan byang chub,譯師吉祥菩提)加持的 ཆོས་སྡིངས་ཀྱི་དགོན་པ(chos sdings kyi dgon pa,法座寺),為從 ལྷོ་འབྲོག་དོལ་གསུམ(lho ‘brog dol gsum,洛扎、仲、多三地)前來的僧眾,賜予包括 གསུང་ངག་རིན་པོ་ཆེ(gsung ngag rin po che,珍貴的口傳)《道果》在內的眾多成熟解脫之法。據說,在此地前後顯現了諸多本尊神,以及 རྡོ་རྗེ་ནག་པོ་ཆེན་པོ(rdo rje nag po chen po,金剛黑袍怙主)化現的各種身相。 特別是, ནག་པོ་ཆེན་པོ(nag po chen po,黑袍怙主)極度憤怒,張開大口,以幻化的鏈條遮面。 仁波切(Rinpoche,珍貴的上師)將所見景象如實繪製成唐卡,並在一些唐卡上略微描繪了所見景象。關於這些景象的詳細情況,可以從常伴 仁波切(Rinpoche,珍貴的上師)左右的虔誠之人的口述,以及零星的文字記載中得知。之後,爲了 仁波切(Rinpoche,珍貴的上師)的教法能夠延續,在所有人的祈請下, 仁波切(Rinpoche,珍貴的上師)擔任了ཐུབ་བསྟན་དར་རྒྱས་གླིང(thub bstan dar rgyas gling,釋教興盛洲)的堪布,登上無畏雄獅之座。在寺院中,以講經說法為主,為精通三藏的弟子們傳授《現觀莊嚴論》等經論,以及密法的灌頂,降下 གསུང་ངག་རིན་པོ་ཆེ(gsung ngag rin po che,珍貴的口傳)等顯密教法的甘霖,使得往昔的優良傳統如上弦月般增長。在此期間, 仁波切(Rinpoche,珍貴的上師)與叔父一同前往 དོལ(dol,多),在各地根據各自的根器,轉動法輪。當時,虔誠的信徒們祈請 仁波切(Rinpoche,珍貴的上師)
【English Translation】 Through the three doors of listening, thinking, and meditating, which bring about pure intention, he demonstrates actions that are in accordance with the Dharma; For those disciples who possess the good path of the three vows and others, he performs the activity of benefiting beings, practicing the excellent four means of gathering, creating immeasurable benefit and happiness. Disciples who have gathered from various directions, seeking the Dharma, are guided through the path of wisdom by numerous scriptures, represented by Rinpoche’s own collected works, and he propagates the correct teachings. At that time, signs of the degenerate age appeared, and the great threat of Upper Hor enveloped all directions, causing the monasteries in the northern regions to be destroyed, and many sentient beings in the pastoral areas to be placed in dire straits. At this time, Rinpoche, together with his disciples, went to Chosding Monastery, blessed by ‘bris lo tsA ba dpal ldan byang chub (Translator Palden Jangchub), and bestowed upon the assembled Sangha from Lho, ‘Brok, and Dol, numerous doors of Dharma, including the maturing and liberating instructions of Gsung Ngag Rinpoche (Precious Oral Instructions) Lamdre. It is said that many tutelary deities appeared here before and after, as well as various manifestations of the body of rdo rje nag po chen po (Great Black Vajra). In particular, Nagpo Chenpo (Great Black One) was extremely agitated and opened his mouth in great wrath, covering his face with a chain of illusions. Rinpoche painted the vision as it appeared on a Thangka, and some of the visions were briefly depicted on some of the Thangka paintings. Detailed information about these visions can be found in the oral accounts of devout individuals who were always by Rinpoche’s side, as well as in scattered written records. Later, considering the continuation of the precious teachings, at the request of all, Rinpoche served as the Khenpo of Thubten Dargyeling, ascending the fearless lion throne. In the monastery, mainly through teaching and learning, he bestowed upon disciples who were proficient in the three baskets of scriptures, the treatises of the Perfection of Wisdom and other scriptures, as well as the empowerments of secret mantras, raining down the nectar of Sutra and Tantra, such as Gsung Ngag Rinpoche (Precious Oral Instructions), and propagating the good traditions of the past like the waxing moon. During this time, Rinpoche and his uncle went together to Dol, turning the wheel of Dharma in various places according to their respective capacities. At that time, devout followers requested Rinpoche
ིད་བཞུགས་པའི་ཕྱོགས་ལ་བསྐོར་བ་བྱས་པའི་ཤུལ་སྲང་ཆེན་པོ་བཞིན་དུ་དོད་པ་ལ་སོགས་པའི་དགེ་བའི་རྩ་བ་དཔག་ཏུ་མེད་པ་ལ་སེམས་ཅན་གྲངས་མེད་པ་བཀོད་པར་མཛད་ཅིང་། 1-710 དེ་ནས་རེ་ཤིག་ལོན་པ་རྗེ་བཙུན་མཆོག་ཉིད་དགུང་གི་ལོ་རེ་བརྒྱད་ཀྱི་མཐར་སོན་པ་ན། དཔལ་ཨེ་ཝྃ་ཆོས་ལྡན་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས། དུས་གསུམ་སངས་རྒྱས་ཀྱི་གདུང་ སོབ་རྒྱལ་ཚབ་དམ་པ་ལྷ་མཆོག་སེང་གེ་ཕྱོགས་འདིར་སླར་ཡང་སྤྱན་འདྲེན་པར་མཛད་དེ། ཡབ་སྲས་ལྷན་དུ་སྨོན་ཐང་རྒྱལ་པོའི་ཁབ་ཏུ་གདན་ཆགས་ནས། རྗེ་བཙུན་ཆོས་ཀྱི་རྗེ་ཉིད་ཀྱིས་སྐྱེད་ཚལ་ བར་དུ་ཚུལ་བཞི་སྔོན་དུ་སོང་བའི་རྒྱུད་ཀྱི་བཤད་པས་མཚོན་པའི་ཟུར་ཆོས་དཔག་ཏུ་མེད་པ་སྩལ་ཞིང་། ཆོས་ཀྱི་རྗེ་རིན་པོ་ཆེ་ངོར་ཆེན་གྱི་ཞལ་མངའ་ནས་ཀྱིས་ཐུབ་ཆེན་རྣམ་པར་རྒྱལ་ བའི་གཙུག་ལག་ཁང་དུ་ས་སྐྱོང་སྐུ་མཆེད་ཁུ་དབོན་རྣམས་ཀྱིས་གཙོ་མཛད། ཆོས་སྡེ་ཆེན་པོ་དང་དགོན་གནས་སོ་སོའི་བླ་མ་སློབ་དཔོན་ཆེ་བཙུན་སྐྱ་སེར་དྲག་གཞན་ཕལ་མོ་ཆེ་འདུས་པའི་ཚོགས་ པ་ལ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྨིན་གྲོལ་གྱི་གདམས་པ་རྨད་དུ་བྱུང་བའི་ཆོས་ཀྱི་བདུད་རྩི་སྩོལ་བར་མཛད་ནས་ལེགས་བྱས་དེ་རྣམས་བར་ཆད་མེད་པར་མཐར་ཕྱིན་ པའི་རྗེས་ཐོགས་སུ། སངས་རྒྱས་བསྟན་པའི་རྩ་བ་སོ་སོ་ཐར་པའི་བསྟན་ཁྲིམས་ཁྱད་པར་ཅན་དགེ་སློང་ལ་སོགས་པའི་བསླབ་པའི་སྒོ་མཐའ་ཡས་པ། སོ་སོའི་ཞེ་འདོད་ཚུལ་གྱི་རྒྱུན་སྡོམ་ཞིང་འགོག་པར་བྱེད་པའི་ཆུ་ལོན་ལྟ་བུ་རྣམ་པར་རིག་བྱེད་མ་ཡིན་པས་བསྡུས་པའི་གཟུགས་རྫས་བདུན་ཐོབ་པའི་ཤཱཀྱའི་སྲས་ལྟ་སྤྱོད་ཆོ་ག་རྣམས་མ་ཉམས་པའི་དགེ་སློང་དམ་པ་བརྒྱ་ཕྲག་མང་པོ། 1-711 དེ་ལས་གཞན་དུ་དགེ་ཚུལ་དགེ་བསྙེན་གྱི་བསླབ་པ་ནོས་པ་ནི་བགྲང་བའི་ཡུལ་ལས་འདས་པ་དག་བསྐྲུན་པར་མཛད་ཅིང་། སྔ་གོང་རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་དབང་ཕྱུག་གིས་མཁན་པོ། རྗེ་ ཉིད་ཀྱིས་ལས་ཀྱི་སློབ་དཔོན་མཛད་པ། ཆོས་རྗེ་པཎྜི་ཏ་ཆེན་པོས་མཁན་པོ། རྗེ་ཉིད་ཀྱི་ལས་ཀྱི་སློབ་དཔོན། ཡོངས་འཛིན་དམ་པ་དཀོན་མཆོག་འཕེལ་གྱིས་མཁན་པོ། རྗེ་ཉིད་ཀྱི་ལས་ཀྱི་སློབ་དཔོན་ མཛད་པ་དང་། རྭ་སྟོན་ཡོན་ཏན་དཔལ་བཟང་པོས་མཁན་པོ། རྗེ་ཉིད་ཀྱིས་ལས་ཀྱི་སློབ་དཔོན་མཛད་ནས་དགེ་སློང་། དགེ་ཚུལ་གྱི་བསླབ་པ་དཔག་ཏུ་མེད་པ་སྦྱིན་པར་མཛད་པ་དང་། ཕྱིས་སྔ་ཕྱིར་ རྗེ་ཉིད་ཀྱིས་མཁན་པོ་མཛད་ནས་སྒྲུབ་པར་མཛད་པ་སོགས། རབ་བྱུང་བསྙེན་རྫོགས་འབུམ་ཕྲག་མང་པོའི་ལས་ཀྱི་ཕྲིན་ལས་རྒྱ་ཆེན་པོ་སྤེལ་བར་མཛད་པ་དང་། བདག་ཉིད་ཆེན་པོ་ཉིད་ཀྱིས་ས་ཕྱོགས་ ཐ་དད་དུ་སེམས་ཅན་གྲངས་མེད་པ་ལ་ལན་གཅིག་མ་ཡིན་པར་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཚད་མེད་པ་ཡང་ད
【現代漢語翻譯】 如同圍繞著他所居住的地方所形成的寬廣大道一般,他引導著無數眾生進入了不可估量的善根之境。 1-710 此後不久,當尊者(Jetsun)達到八十八歲高齡時,他再次迎請吉祥埃旺寺(Ewam Choden,寺廟名,意為『具足功德』,yon tan rin po che du ma’i ‘byung gnas)——一切功德珍寶的源泉,三世諸佛的法嗣(dus gsum sangs rgyas kyi gdung),神聖的攝政王拉欽森格(Lhachok Sengge)來到此地。父子二人在斯蒙塘(Smonthang)王宮安頓下來。尊者法王(chos kyi rje)親自在花園中傳授了無數的秘密教法,包括以四支分(tshul bzhi sngon du song ba’i)為先導的續部講解。法王仁波切(chos kyi rje rin po che)應鄂爾欽(Ngorchen)之邀,在圖欽南嘉拉康(Thubchen Nampar Gyalwai Tsuklakkhang,寺廟名)由薩迦(Sakya)統治者昆仲叔侄(sa skyong sku mched khu dwon rnams)主持,向聚集在一起的眾多寺院和修行地的住持、堪布、僧侶以及在家眾傳授了殊勝的口傳心髓道果法(gsung ngag rin po che lam ‘bras bu dang bcas pa’i),並圓滿完成了這些善行。 緊隨其後,爲了使佛法的根本——別解脫戒律(so so thar pa’i bstan khrims)得以延續,特別是爲了維護比丘(dge slong)等無量戒律的清凈,他如同水壩一般,守護和阻止了各自的慾望和行為,使得那些擁有七種非色法(rna mpar rig byed ma yin pas bsdus pa’i gzugs rdzas bdun thob pa’i)的比丘,能夠不失釋迦之子的見行儀軌,數量多達數百。 1-711 此外,他還創造了無數受持沙彌(dge tshul)和居士戒(dge bsnyen)的人。先前,由尊者金剛持(rdo rje ‘chang)貢噶旺秋(Kunga Wangchuk)擔任堪布,尊者本人擔任羯磨阿阇黎(las kyi slob dpon);法王班智達(chos rje paN+Di ta)擔任堪布,尊者本人擔任羯磨阿阇黎;永津丹巴(yongs ‘dzin dam pa)袞秋貝(Konchok Pel)擔任堪布,尊者本人擔任羯磨阿阇黎;饒頓云丹華桑波(Raton Yontan Pal Zangpo)擔任堪布,尊者本人擔任羯磨阿阇黎,從而授予了無數的比丘和沙彌戒。後來,尊者本人也多次擔任堪布並主持剃度。就這樣,他廣弘了無數出家和圓滿戒的羯磨事業。此外,他還在不同的地方,無數次地引導無量眾生髮起無上的菩提心(byang chub kyi mchog tu sems bskyed pa)。
【English Translation】 Like a great road circling the place where he resided, he led countless sentient beings into the realm of immeasurable merit. 1-710 Shortly thereafter, when Jetsun reached the age of eighty-eight, he once again invited the glorious Ewam Choden (dPal Ewam Chosldan, a monastery, meaning ‘Possessing Virtues,’ Yontan Rinpoche Dumei Jungne) – the source of all virtuous treasures, the successor of the Buddhas of the three times (Dusum Sangyei Dungsob), the holy Regent Lhachok Sengge, to this place. The father and son settled in the royal palace of Smonthang. Jetsun Chokyi Je (chos kyi rje, Dharma Lord) himself personally bestowed countless secret teachings in the garden, including the explanations of the tantras preceded by the four branches (tshul bzhi sngon du song ba’i). At the invitation of Ngorchen, Dharma Lord Rinpoche (chos kyi rje rin po che) at Thubchen Nampar Gyalwai Tsuklakkhang (Thubchen Nampar Gyalwai Tsuklakkhang, a temple), presided over by the Sakya rulers, the uncle and nephew (sa skyong sku mched khu dwon rnams), he bestowed the extraordinary nectar of the Dharma, the oral transmission of the Lamdre (gsung ngag rin po che lam ‘bras bu dang bcas pa’i), to the assembled sangha of numerous monasteries and retreat places, including abbots, khenpos, monks, and laypeople, and flawlessly completed all these virtuous deeds. Following this, in order to perpetuate the root of the Buddha’s teachings – the Vinaya of individual liberation (so so thar pa’i bstan khrims), especially to maintain the purity of the countless vows of monks (dge slong) and others, he, like a dam, guarded and prevented their respective desires and actions, so that those monks who possessed the seven non-form dharmas (rna mpar rig byed ma yin pas bsdus pa’i gzugs rdzas bdun thob pa’i) did not lose the view, conduct, and rituals of the sons of Shakya, numbering in the hundreds. 1-711 In addition, he created countless individuals who took the vows of novice monks (dge tshul) and lay practitioners (dge bsnyen). Previously, with Jetsun Dorje Chang (rdo rje ‘chang) Kunga Wangchuk as the Khenpo, and Jetsun himself as the Karma Acharya (las kyi slob dpon); with Dharma Lord Pandita (chos rje paN+Di ta) as the Khenpo, and Jetsun himself as the Karma Acharya; with Yongzin Dampa (yongs ‘dzin dam pa) Konchok Pel as the Khenpo, and Jetsun himself as the Karma Acharya; with Raton Yontan Pal Zangpo as the Khenpo, and Jetsun himself as the Karma Acharya, he bestowed countless vows of monks and novice monks. Later, Jetsun himself also served as the Khenpo and presided over ordinations many times. In this way, he widely propagated the Karma activities of countless ordinations and full ordinations. Furthermore, in various places, he countless times guided immeasurable sentient beings to generate the supreme Bodhicitta (byang chub kyi mchog tu sems bskyed pa).
ང་ཡང་དུ། དུས་དང་གནས་སྐབས་ཀུན་ཏུ་རྗེས་སུ་སྩལ་བ་དང་། རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་བསྐུར་རྣམ་པར་དག་པ་མཐའ་ཡས་པའི་སྒོ་ནས་གདུལ་བྱ་རྣམས་གཞི་སྡོམ་པ་གསུམ་ལ་འགོད་པར་མཛད་ཅིང་། ཐུགས་སྲས་དམ་པ་རྒྱལ་བའི་གདུང་སོབ་ངོར་ཆེན་ཆོས་རྗེས་སྔར་སྨྲོས་པ་ལྟར་གསུང་ངག་རིན་པོ་ཆེ་རྗེས་སུ་སྩལ་བའི་སྐབས་སུ་སེམས་བསྐྱེད་ལ་སྐྱེ་བོ་སྟོང་ར་ཅན་དུ་ལོང་པ་དང་། 1-712 རྒྱུ་དུས་ཀྱི་དབང་ལ་ཡང་སྐྱེ་བོ་བགྲང་ལས་འདས་པ་དག་ལ་ཆོས་སྦྱིན་ཡང་དག་པ་བསྩལ་ཏེ། རྗེ་བླ་མ་ཡབ་སྲས་གཉིས་ཀྱི་རྒྱལ་བའི་ཕྲིན་ལས་རྨད་དུ་བྱུང་བ་སྒོ་དུ་མས་སྤེལ་ བར་མཛད་ནས། སླར་ཡང་ཡབ་སྲས་ལྷན་ཅིག་ཏུ་དགོན་གནས་བསམ་གྲུབ་གླིང་ཉིད་དུ་ཕེབས་ཏེ། རྗེ་ཉིད་ཀྱི་ཐུགས་དམ་གསེར་ཟངས་ལས་གྲུབ་པའི་རྣམ་པར་རྒྱལ་མའི་མཆོད་རྟེན་ལ་ཡང་དེ་དུས་ཡབ་ སྲས་ལྷན་ཅིག་ཏུ་རབ་གནས་མཛད་ཅིང་། དེ་མཚམས་རྗེ་ངོར་པ་དཔོན་སློབ་རྣམས་ལ་གསུང་ཆོས་ཀྱི་རིམ་པ་འཁོར་ལོ་བདེ་མཆོག་རྩ་བའི་རྒྱུད་སོགས་རྒྱུད་སྡེ་དུ་མའི་ལུང་བཤད། བཅལ་པའི་ཕག་མོ་ སྐོར་གསུམ་སོགས་བྱིན་རླབས་ཀྱི་སྒོ་དུ་མ་རྗེས་སུ་སྩལ་བའི་སྐབས་ནས། ཧོར་ཞོགས་ཆེན་པོ་ཞིག་གིས་ཉེར་ལེན་གྱིས་རྐྱེན་བྱས། དཔོན་སློབ་སྐུ་འཁོར་བཅས་ཐམས་ཅད་ཆོས་སྡིངས་སུ་ཕེབས་ཏེ། དེར་བདེ་ མཆོག་དྲིལ་བུ་ལྷ་ལྔ། ལཱ་བ་པའི་ལྷ་བཅུ་གསུམ་མ། འཁོར་ལོ་བདེ་མཆོག་བོང་བུའི་ཞལ་ཅན་རྣམས་ཀྱི་དབང་བསྐུར་བ། བདེ་མཆོག་རྩ་རྒྱུད་དང་། འཇིགས་བྱེད་རྟོག་གི་སྔགས་བཏུའི་བྱིན་རླབས། འཇམ་དབྱངས་ ཤེས་རབ་རྒྱ་མཚོས་མཛད་པའི་ཀུན་རིག་རྩོད་སྤོང་གནམ་ལྕགས་འཁོར་ལོའི་ལུང་བཤད་སོགས་དང་། ཁྱད་པར་རྗེ་བཙུན་ངོར་ཆེན་ཉིད་ཀྱི་ཞལ་མངའ་ནས་ལ། རྡོ་རྗེ་རྣལ་འབྱོར་མ། སྒྲོལ་དཀར་དང་། གུར་གྱི་མགོན་པོའི་མན་ངག་ཐུན་མོང་མ་ཡིན་པ་རྣམས་ཆིག་བརྒྱུད་དུ་གདམས་ཤིང་། 1-713 དེ་དུས་དྲིལ་བུ་ལྷ་ལྔའི་དབང་གནང་དུས་ཡབ་སྲས་གཉིས་ཀ་ལ་ངོ་མཚར་བའི་མནལ་ལྟས་ནུབ་གཅིག་ལ་དུས་གཅིག་ཏུ་བྱུང་བའི་ལོ་རྒྱུས་ཀྱང་ཡོད། ཆོས་སྡིངས་སུ་རྗེ་བཙུན་དམ་པ་ངོར་ཆེན་ ཆོས་ཀྱི་རྗེས་ཟུར་ཆོས་ལ། ཚེ་དཔག་མེད་གྲུབ་རྒྱལ་མའི་དབང་ཁྲིད་དང་བཅས་པ། མི་གཡོ་བ་སྔོན་པོའི་རྗེས་གནང་ཆུ་བསྲུང་། མི་གཡོ་བ་དཀར་པོ། འཇམ་དབྱངས་དཀར་པོ། ཤེར་ཕྱིན་དཀར་མོ་སོགས་ རྗེས་གནང་ཟུར་བཀའ་དུ་མ་བསྩལ་ཞིང་། དེ་ནས་སླར་ཡང་རྗེ་བཙུན་བླ་མ་དམ་པ་ཡབ་སྲས་ཞབས་འབྲིང་གི་འཁོར་ཚོགས་དང་བཅས་པ། སྨོན་ཐང་གི་རྒྱལ་པོའི་ཁབ་ཏུ་ཉེ་བར་ཕེབས་ཏེ། གོང་ དུ་བརྗོད་པ་ལྟར། རྗེ་བཙུན་ཡབ་སྲས་གཉིས་ཀའི་དྲུང་དུ། མཁན་སློབ་ཞུས་ནས། ལྷོ་འབྲོག་དོལ་གསུམ་དང་། གློ་བོ་རང་གི་དགོན་གནས་སོ་སོ་ནས་སྒྲུབ་པ་སོགས་དགེ་བསྙེན་དགེ་ཚུ
【現代漢語翻譯】 我也在任何時間、任何情況下都給予加持。 通過與四部續部相關的無量清凈灌頂,使所化眾生安住於三種根本戒律。當至尊法王子、勝者之嗣——哦千·法王(Ngorchen Chosje)如前所述給予口傳教授時,使成千上萬的人發起菩提心。 在因時灌頂時,也對無數人給予真正的佛法佈施。以多種方式弘揚了杰喇嘛(Je Lama)父子二人的殊勝事業。 之後,父子二人再次一同前往寺院桑珠林(Samdrubling)。當時,也為杰本人發願用金銅製成的尊勝佛母佛塔,父子二人一同進行了開光。 此後,哦巴(Ngorpa)師徒們聽受了包括《輪勝樂根本續》(Chakrasamvara Root Tantra)等諸多續部的傳承和講解,以及恰巴(Challpa)的《亥母法》(Phagmo)三傳承等諸多加持。 在給予這些加持時,由於一位強大的蒙古施主(Hor Zhogchenpo)的供養,師徒眷屬一同前往法座。在那裡,給予了勝樂金剛五尊(Chakrasamvara Drilbu Lha Nga)、拉瓦巴十三尊(Lavapa Lha Chusum)、輪勝樂金剛驢面(Khorlo Demchok Bongbui Zhalchen)等的灌頂,《勝樂根本續》和《怖畏金剛根本續》(Vajrabhairava Root Tantra)的隨許,以及妙音慧海(Jamyang Sherab Gyatso)所著的《辯破一切宗義之鐵輪》(Kunrig Tsodpong Namchak Khorlo)的傳承和講解等。 特別是,從至尊哦千(Ngorchen)的口中,秘密傳授了金剛瑜伽母(Vajrayogini)、白度母(White Tara)和咕嚕瑪哈嘎拉(Gurgyi Gonpo)的不共訣竅。 當時,在給予鈴派五尊勝樂金剛(Drilbu Lha Nga)灌頂時,父子二人在同一晚做了同樣的殊勝夢。 在法座上,至尊哦千·法王(Ngorchen Choskyi Je Zur Chosla)給予了長壽佛成就自在母(Tsepakme Drubgyalmai)的灌頂和引導,藍色不動明王(Achala)的隨許(水護摩),白色不動明王(Achala),白色妙音(Manjushri),白色般若佛母(Prajnaparamita)等諸多隨許。 之後,至尊喇嘛父子與侍從眷屬一同前往門塘國王(Montang Gyalpo)的王宮。如前所述,在至尊父子二人面前,以堪布和阿阇黎的身份,來自洛扎(Lhozhag)、不丹(Bhutan)和多(Dol),以及洛沃(Glowo)各自寺院的修行者等居士和沙彌。
【English Translation】 I also bestow blessings at all times and in all circumstances. Through the immeasurable pure empowerments associated with the four classes of tantra, he established disciples in the three fundamental vows. When the supreme son, the heir of the Victorious Ones, Ngorchen Chosje, bestowed the oral teachings as mentioned before, he inspired thousands of people to generate Bodhicitta (the mind of enlightenment). During the empowerment of cause and time, he also bestowed true Dharma teachings upon countless individuals. He propagated the wondrous activities of Je Lama (Lord Lama) and his sons through various means. Later, the father and sons together went to the monastery Samdrubling. At that time, the father and sons together consecrated the golden-copper stupa of Nampar Gyalma (Victorious Mother), which Je himself had vowed to build. Thereafter, Ngorpa (the followers of Ngorchen) and his disciples received transmissions and explanations of many tantras, including the Root Tantra of Chakrasamvara (Wheel of Bliss), as well as the blessings of the three cycles of Challpa’s Phagmo (Vajravarahi). While bestowing these blessings, due to the offerings of a powerful Mongolian patron (Hor Zhogchenpo), the master and disciples all went to the Dharma seat. There, they bestowed empowerments of Chakrasamvara Drilbu Lha Nga (Five Deities of Chakrasamvara of the Drilbu tradition), Lavapa Lha Chusum (Thirteen Deities of Lavapa), and Khorlo Demchok Bongbui Zhalchen (Chakrasamvara with a Donkey Face), as well as the permission of the Root Tantra of Chakrasamvara and the blessings of the collected mantras of Vajrabhairava, and the transmission and explanation of Kunkhyen Jamyang Shepa Dorje’s ‘Iron Wheel that Refutes All Tenets’. In particular, from the mouth of the venerable Ngorchen himself, he secretly imparted the unique instructions of Vajrayogini, White Tara, and Gurgyi Gonpo (Mahakala in the form of a tent). At that time, when bestowing the empowerment of the Five Deities of Drilbu, both father and sons had the same wonderful dream on the same night. On the Dharma seat, the venerable Ngorchen Choskyi Je Zur Chosla bestowed the empowerment and guidance of Tsepakme Drubgyalmai (Amitayus, the Accomplishing Queen), the subsequent permission of the blue Achala (immovable one) (water protection), the white Achala, the white Manjushri, the white Prajnaparamita, and many other subsequent permissions. After that, the venerable Lama father and sons, together with their entourage, went to the palace of the King of Montang. As mentioned above, in the presence of the venerable father and sons, with the Khenpo (abbot) and Acharya (master) acting as preceptors, lay practitioners and novices from Lhozhag, Bhutan, Dol, and the monasteries of Glowo.
同部經論
與本文同名或相近的其他版本、科判、譯文與註疏。