菩薩藏佛教學會
20
背景
翻譯
下載 ▾

sakyapalam0109_吉祥上師文殊傳記具三殊勝善說.g2.0f|sakyapalam0109_吉祥上師文殊傳記具三殊勝善說.g2.0f(續3)


ལ། དགེ་སློང་སྟོང་ ཕྲག་དུ་ལོངས་པ། ཁྱད་པར་རྗེ་བླ་མ་ཡབ་སྲས་གཉིས་ལ་མཁན་སློབ་ཞུས་ནས། ལྷ་རིགས་བདག་ཆེན་མས་དགེ་ཚུལ་གྱི་སྡོམ་པ་ཡང་དག་པ་བཞེས་ཤིང་། རྗེ་ངོར་ཅན་གྱི་དྲུང་དུ་སངས་རྒྱས་ དབོན་དུ་གྱུར་པ་ལྷ་སྲས་གཞོན་ནུ་རྣམ་པ་གཉིས་ཀྱང་འཇིག་རྟེན་གྱི་དྲེགས་པ་དང་རབ་ཏུ་ཡིད་དུ་འོང་བའི་ཆ་ལུགས་རྣམས་དོར་དབུ་སྐྲ་བུང་བ་ལྟར་གནག་པ་ཡང་ཡོངས་སུ་དྲེགས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། 1-714 ངུར་སྨྲིག་གི་གོས་འཛིན་པའི་ཐུབ་པའི་སྲས་སུ་བསྐྲུན་པར་མཛད། དེ་ལྟར་རྗེ་བླ་མ་ཡབ་སྲས་གཉིས་ཀྱི་ཐུགས་རྗེའི་མཐུས། དུས་གཅིག་ལ་སངས་རྒྱས་བསྟན་པའི་རྩ་བ་སྡོམ་པ་གསུམ་གྱི་བཀའ་དྲིན་ བདེ་བླག་ཏུ་ཐོབ་པའི་མཛད་པ་རྨད་དུ་བྱུང་བ་སྟོན་པར་མཛད་པ་ཡང་གོང་གི་འཕྲོས་ལས་འདི་ལྟར་དུ་འབྱུང་སྟེ། སྐྱོན་མེད་སྡོམ་གསུམ་ཆུ་རྒྱུན་གྱིས་བརླན་པའི། །སྙིང་རྗེའི་རྐང་འཐུང་རྒྱས་པའི་ དཔག་བསམ་ལས། །ལྷག་བསམ་མེ་ཏོག་དཀར་པོའི་ཁུར་ལྡན་ཞིང་། །ཕྲིན་ལས་དྲི་བསུང་ཕྱོགས་ཀུན་ཁྱབ་པར་མཛོད། །ཅེས་སྨྲོས་ཏེ། སྐྱོན་མེད་པའི་རིང་ལུགས་ལས་འོངས་པའི་སོ་སོ་ཐར་དང་བྱང་ཆུབ་སེམས། རིག་ འཛིན་སྔགས་ཀྱི་སྡོམ་པ་གསུམ་གྱི་ཆུ་རྒྱུན་གྱིས་བརླན་པའི་ཞིང་ས་ལས་ཉེ་བར་སོན་པའི་སྙིང་རྗེའི་རྐང་འཐུང་རྒྱས་པའི་འདོད་དགུའི་དཔག་བསམ་གྱི་ཤིང་ལས་འཁྲུངས་པའི་ལྷག་བསམ་མཛེས་སྡུག་པུནྡ་རི་ ཀའི་མེ་ཏོག་དཀར་པོའི་ཁུར་དང་ལྡན་ཞིང་། བྱ་བ་ཡུལ་དང་བྱེད་པ་པོ་ལ་ཡོད་པའི་ཕྲིན་ལས་རྣམ་པར་དག་པའི་དྲི་བསུང་ཕྱོགས་དུས་གནས་སྐབས་ཀུན་ཏུ་རྒྱས་པར་མཛོད་ཅིག ཅེས་བརྗོད་པའི་ དོན་དང་མཐུན་པར། བསྟན་པ་རིན་པོ་ཆེའི་སྲོག་ཤིང་སྡོམ་པ་གསུམ་གྱི་ཉམས་ལེན་ཉིད་ཀྱི་བསྟོད་བཀུར་བསྔགས་གསུམ་ཆེ་བ་དུས་ཀུན་ཏུ་ལན་གཅིག་ལན་གཉིས་མ་ཡིན་པར་ཆེད་དུ་བརྗོད་པར་མཛད་དེ། 1-715 གསུང་འཕྲོས་ཐོར་བུ་བའི་ཞལ་འཕྲོས་རྒྱུན་ལྡན་ལ་ཡང་སྔོན་གྱི་དུས་ན་འབྲོག་མི་ལོ་ཙཱ་བ་རྒྱ་གར་ལ་ཕེབས་པའི་དུས་མཁན་སློབ་རྣམས་ཀྱི་ཞལ་བཀོད་ཀྱི་རིམ་པ་ལ། བསྟན་པའི་རྩ་བ་ ཡིན་པས་འདུལ་བ། བསྟན་པའི་སྙིང་པོ་ཡིན་པས་ཕར་ཕྱིན། བསྟན་པའི་ཉིང་ཁུ་ཡིན་པས་གསང་སྔགས། དེ་དག་ལ་མཁས་པའི་ཡན་ལག་སྒྲ་སོགས་ཐ་སྙད་རྣམས་སློབ་ཤོག་གསུང་བའི་དོན། གཞུང་སྐམ་རེ་ ལ་འབྲུ་འགའ་རེ་ཐེབས་པའི་གོ་བ་ཅི་སྐྱེས་པ་འདི་ལ་ཤེས་པར་མིང་བཏགས་པའི་རློམ་སྟངས་ལ་ཟེར་བ་མ་ཡིན། སྡོམ་པ་གསུམ་པོ་དེ་དང་དེའི་ཁྲིམས་ཀྱི་བསླབ་པ་བླ་མ་ལ་ནོས། བསྲུང་བྱའི་ཚོགས་ཀྱི་སྤང་བླང་གི་གནད་ཕྲ་མོ་ཙམ་ལ་ཡང་མ་རྨོངས་པར་ཁོང་དུ་ཆུད་ནས་བཅས་མཚམས་ལ་མིག་འབྲས་བཞིན་དུ་བསྲུང་བའི་གོ་ཆ་བགོས་པའི་བག་ཡོད་ཅན་གཅིག་ལ་ཟེར་བ་ ཡིན། དེ་ལྟ་བུའི་སྐྱེ

【現代漢語翻譯】 隨後,擁有成千上萬僧侶的拉讓巴(Lharje Lhama,人名),特別是向杰喇嘛父子(Je Lama Yabse,宗喀巴師徒)請教了堪布和阿阇黎。拉讓巴(Lharje Lhama)受了比丘戒。桑結溫(Sangye Wön,人名)的化身,兩位王子也捨棄了世間的傲慢和令人愉悅的裝束,剃去了像蜜蜂一樣烏黑的頭髮,從在家到出家, 披上了僧衣,成爲了釋迦牟尼佛的兒子。就這樣,在杰喇嘛父子(Je Lama Yabse)的慈悲加持下,同時獲得了佛陀教法的根本——三戒的恩賜,展現了非凡的功德。這也如上文所述:‘以無垢三戒之水滋潤,慈悲之莖蔓生長的如意樹,承載著純潔菩提心之花,愿事業之芬芳遍佈四方。’ 這意味著,從無垢的宗義中產生的別解脫戒、菩薩戒和持明咒戒的三戒之水所滋潤的土地上,生長出慈悲的莖,蔓延成如意樹,結出純潔美麗的白蓮花,愿事業的清凈芬芳遍佈所有方向和時間。與此相符,爲了讚頌、尊敬和讚美作為珍貴教法命脈的三戒修持,他總是多次強調。 即使在零星的談話中,也經常提到過去卓彌譯師(Drokmi Lotsawa,人名)去印度時,堪布和阿阇黎的指示:‘因為是教法的根本,所以要學習律藏;因為是教法的核心,所以要學習般若;因為是教法的精髓,所以要學習密咒;爲了精通這些,要學習聲明等語言。‘不要自以為是地認為,僅僅在乾燥的經文上撒幾粒穀子就叫做知識。而是要從上師那裡接受這三戒的戒律, 對守護之事的取捨要點毫不迷惑,並像保護眼珠一樣守護戒律,這樣的人才配得上’有學識’的稱號。

【English Translation】 Then, Lharje Lhama, with thousands of monks, especially requested Khenpo and Acharya from Je Lama Yabse (Tsongkhapa and his sons). Lharje Lhama took the complete vows of a novice monk. The two princes, who were incarnations of Sangye Wön, also abandoned worldly pride and pleasing attire, shaved their hair as black as bees, and went forth from home to homelessness, Donned the robes of a monk, and were made sons of Shakyamuni Buddha. Thus, through the compassion of Je Lama Yabse, at once they received the grace of the three vows, the root of the Buddha’s teachings, and demonstrated extraordinary deeds. This also comes from the above: ‘May the stream of the flawless three vows moisten, the wish-fulfilling tree where the stem of compassion grows, bearing the burden of white flowers of pure intention, and may the fragrance of activity spread in all directions.’ This means that from the land moistened by the stream of the three vows—the Pratimoksha, Bodhisattva, and Vidyadhara Mantras—which come from the flawless tradition, the stem of compassion grows, spreading into a wish-fulfilling tree, bearing the burden of pure and beautiful white lotus flowers, and may the pure fragrance of activity, which exists in the object and the actor, spread in all directions and times. In accordance with this, to praise, honor, and extol the practice of the three vows, which are the lifeblood of the precious teachings, he always emphasized it many times. Even in scattered conversations, it was often mentioned that when Drokmi Lotsawa went to India in the past, the instructions of the Khenpo and Acharya were: ‘Because it is the root of the teachings, study the Vinaya; because it is the heart of the teachings, study the Prajnaparamita; because it is the essence of the teachings, study the Secret Mantras; to master these, study language and other terms.’ Do not presumptuously think that merely scattering a few grains on dry texts is called knowledge. Rather, one who receives the precepts of these three vows from the guru, Is not confused about even the subtle points of what to accept and reject in the collection of things to be protected, and guards the precepts like protecting one’s eyes—such a person deserves the title of ‘learned’.


ས་བུ་གཅིག་ཕྱོགས་གང་ན་ཡོད་ཀྱང་ཆོ་གའི་ཡན་ལག་སྣ་རེས་ཀྱང་བསྟན་པ་འདེགས་ནུས་པ་ཡིན། དེ་ལ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་དབང་གི་རབ་ དབྱེར། ཀུན་ནས་ཀུན་ཏུ་ཞུམ་པ་དང་། །སྣོད་མིན་འཚོལ་བ་གཉིས་ཀ་སྤངས། །ཞེས་གསུངས་པ་ལྟར། དིང་སང་གང་ཟག་རིགས་གཅིག་གིས་རང་གི་བླ་མ་ལས་ཚུལ་བཞིན་དུ་ཐོབ་པའི་དབང་ལུང་། བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན་སྤེལ་ན་བསྟན་པའི་རྒྱུན་ལ་ཕན་པའི་རྒྱུར་གྲོ་བ་ཡོད་ནའང་བློ་ཞུམ་ནས་སྣ་རེ་ཡང་བྱེད་མི་ནུས་པ་དང་། 1-716 རིགས་གཅིག་ཆོས་དེ་ཐོབ་ཙམ་ཉིད་ནས་ཕལ་ཆེར་ཆོག་བྱེད་པའི་ཧམ་ཅན་ཞིག་ཡོང་བ་གཉིས་ཀ་བསྟན་པ་ལ་གནོད་པ་ཡིན། དེས་ན་ཐོས་པའི་དོན་རྣམས་ནན་ཏན་གྱིས་བསྒྲུབ་པ་ལྷུར་བྱས། བསྟན་ པའི་མིག་རྐྱེན་ལ་ཕན་པའི་གོ་ཆ་དེ་བགོ་དགོས་པ་ཡིན་ནོ་གསུངས། ཡང་སྐབས་གཅིག་གི་གསུང་འཕྲོས་ལ། ཆོས་རྗེ་ས་སྐྱ་པཎ་ཆེན་གྱིས། སོ་སོར་ཐར་པ་འདུལ་བ་བཞིན། །བྱང་སེམས་སྡོམ་པ་ མདོ་སྡེ་བཞིན། །གསང་སྔགས་རྒྱུད་སྡེ་ཇི་བཞིན་དུ། །ཞེས་པའི་ཚིག་འདི་དིང་སང་འཆད་པ་པོ་ཀུན་གྱི་ཁ་ཏོན་དུ་བྱེད་པ་གཅིག་ཡོད་དེ། འདིའི་དོན་ཕྱག་བཞེས་ཐེབས་ངེས་པ། ཆོས་རྗེ་རྡོ་རྗེ་ འཆང་ཆེན་པོ་ཡབ་སྲས་རྣམས་ཡིན། ཆོས་རྗེ་རྡོ་རྗེ་འཆང་ཆེན་པོ་དབུས་ལ་ཕེབས་པའི་སྐབས་སུ། དབུས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཀུན་ཀྱང་ཤ་སྣ་ཚོགས་ལ་འཛེམས་བག་མེད་པར་ལོངས་སྤྱོད་ པ་གཟིགས་པས་ཐུགས་ལྷག་པར་འབྱུང་སྟེ། ཤ་ཆང་གི་ཉེས་དམིགས་སྟོན་པའི་མདོ་སྡེ་རྣམས་ལས་ལུང་བསྡུས་སུ་གནང་བ། ཕྱིས་བསྟན་ཆོས་སུ་བསྒྲིགས་པའི་ཐུགས་རྩོམ་མཛད་པ་སློབ་སྤྲིང་འདི་ཡིན། རང་རེ་ ངོར་པའི་རྗེས་འཇུག་རྣམས་ཀྱི་སློབ་སྤྲིངས་ནས་བཤད་པའི་བཅས་མཚམས་རྣམས་ལས་མི་འདའ་བའི་བག་ཡོད་ཀྱི་གོ་ཆ་རེ་བསྟེན་དགོས། རྗེ་རྡོ་རྗེ་འཆང་ཆེན་པོས་ལྗགས་ཐོག་དུ་ཤ་ཆང་འཇོག་མ་མྱོང་བ་དང་། 1-717 ཕྱག་རྗེན་པས་བུད་མེད་ལ་རེག་མ་མྱོང་བ་སོགས་བསྟན་པའི་མིག་རྐྱེན་ཇི་ལྟར་བཞེས་པའི་རྣམ་ཐར་རྣམས་ལ་བཞིག་པ་བཅུག་ནས། དེའི་ཕྱོགས་ཙམ་རེའི་དགོངས་པ་བསབ་དགོས་པ་ཡིན་ཏེ། སློབ་སྤྲིངས་ ཀྱི་འཇུག་རང་ན། ཀཱ་ཡེ་ཁོ་བོའི་རྗེས་སུ་སློབ་འདོད་ན། །ཤ་ཆང་ལ་སོགས་མ་དག་འཚོ་བ་སྤོངས། །རྨད་བྱུང་ཡོན་ཏན་ཀུན་གྱི་གཞི་གཅིག་པོ། །ཚུལ་ཁྲིམས་རིན་ཆེན་སྲོག་ལས་གཅེས་པར་ཟུངས། ། ཞེས་སོགས་བསྟན་པའི་བབས་དང་བསྟུན་པའི་ལམ་རིམ་ཚིགས་བཅད་དུ་སྒྲིགས་པ་འདི་ཙམ་རེ་བློ་ལ་ཡོད་ན་ཡང་དོན་ཆེན་པོར་འགྱུར་བ་ཡིན། སོ་སོར་ཐར་པའི་བསླབ་པའི་རྩ་བ་ཆང་དང་། བྱང་ ཆུབ་སེམས་དཔའི་བསླབ་པའི་རྩ་བ་ཤ་ཡིན་པས། ཤ་ཆང་གཉིས་སྤོང་བའི་ཕྱག་ལེན་འདི་སངས་རྒྱས་ཀྱི་བསྟན་པ་རྨང་ནས་སློང་བའི་མིག་རྐྱེན་རབ་གཅིག་ཡིན། ཆ

【現代漢語翻譯】 無論一個地方的僧人身處何方,哪怕只具備儀軌的一部分,也能扶持佛法。 對此,尊者仁波切扎巴堅贊在灌頂的分類中說:『完全地,無論何時都要謙遜,並且避免尋找非器之人。』正如他所說的那樣,如今有些人從自己的上師那裡如法獲得了灌頂和傳承,如果能圓滿完成近修、修持和事業這三者,並加以弘揚,那將有助於佛法的延續,但他們卻因膽怯而連一部分都做不到。 還有些人,一旦獲得了佛法,就變得傲慢自大,認為自己幾乎什麼都可以做,這兩種情況都會損害佛法。因此,我們應該努力認真地修持所聽聞的教義,披上那件有益於佛法興盛的盔甲。』 有一次,他在談話中說道:『法王薩迦班智達曾說:「別解脫如調伏,菩薩戒如經部,密咒如續部。」現在,很多人都在念誦這句話,但真正能做到這一點的,是法王多杰羌父子。當法王多杰羌前往衛藏時,看到衛藏的許多善知識毫不顧忌地享用各種肉類,心中非常難過,於是從宣講肉和酒的過患的經典中,彙集了一些經文,後來整理成《勸誡弟子書》。我們這些哦爾巴的追隨者,應該遵循《勸誡弟子書》中所說的戒律,保持謹慎。法王多杰羌從未親口品嚐過肉和酒,也從未用手觸控過女人,我們應該效仿他如何維護佛法,哪怕只學習其中的一部分。』 《勸誡弟子書》的結尾寫道:『如果迦葉想要追隨我,就應該戒除肉和酒等不清凈的食物,將戒律視為比生命更珍貴的無上功德之本。』 即使只是將這些與佛法相適應的次第道扼要地記在心中,也能產生巨大的意義。別解脫戒的根本是戒酒,菩薩戒的根本是戒肉。因此,戒除肉和酒是振興佛教的根本之舉。

【English Translation】 Wherever a monk is, even if he only has a part of the ritual, he can uphold the Dharma. Regarding this, Jetsun Rinpoche Drakpa Gyaltsen said in the classification of empowerment: ‘Always be humble, and avoid seeking non-vessels.’ As he said, nowadays, some people receive empowerments and transmissions from their gurus in accordance with the Dharma. If they can perfect and propagate the three: approach, accomplishment, and activity, it will benefit the continuation of the Dharma, but they are too timid to do even a part of it. There are also some people who, once they have received the Dharma, become arrogant and think they can do almost anything. Both of these situations are harmful to the Dharma. Therefore, we should strive to diligently practice the teachings we have heard, and put on the armor that is beneficial to the flourishing of the Dharma.’ Once, in a conversation, he said: ‘Dharma Lord Sakya Pandita said: “Individual liberation is like the Vinaya, Bodhisattva vows are like the Sutras, and Secret Mantra is like the Tantras.” Nowadays, many people recite this sentence, but the ones who truly practice it are the Dharma Lord Dorje Chang and his sons. When Dharma Lord Dorje Chang went to Ü-Tsang, he was saddened to see many great spiritual friends in Ü-Tsang enjoying various meats without any restraint. Therefore, he compiled excerpts from the sutras that teach the faults of meat and alcohol, which were later compiled into the ‘Admonition to Disciples’. We, the followers of Ngorpa, should follow the precepts mentioned in the ‘Admonition to Disciples’ and maintain caution. Dharma Lord Dorje Chang never tasted meat or alcohol, nor did he ever touch a woman with his bare hands. We should emulate how he maintained the Dharma, even if it’s just learning a part of it.’ The conclusion of the ‘Admonition to Disciples’ states: ‘If Kāya wants to follow me, he should abandon unclean foods such as meat and alcohol, and cherish the precious discipline as the basis of all wonderful qualities, more than life itself.’ Even just keeping these essential points of the graduated path, which are adapted to the situation of the Dharma, in mind can have great significance. The root of the individual liberation vow is to abstain from alcohol, and the root of the Bodhisattva vow is to abstain from meat. Therefore, abstaining from meat and alcohol is a fundamental act to revitalize the Buddha’s teachings.


ོས་རྗེ་པཎྜི་ཏ་ཆེན་པོས་རྗེ་རྡོ་ རྗེ་འཆང་ལ་བསྟོད་པ་མཛད་པའི་ནང་ན་ཡང་། ཁྱེད་ལ་བསྟེན་ནས་ལོག་འཚོ་སྤངས་པ་ཡི། །ལེགས་བྱས་ཕྲ་མོར་གྱུར་པ་གང་ལགས་པ། །མགོན་གཞན་བསྐལ་བརྒྱར་བསྟེན་ཡང་མ་མཆིས་ན། །དེ་སླད་གདུང་ བའི་སྤུ་ལོང་ལྷག་པར་གཡོ། །ཞེས་པ་འདིས་ཀྱང་ཤེས་པར་ནུས་ཤིང་། མདོར་ན་ཤ་ཆང་སྤོངས་བ་འདི། རང་རེ་ངོར་པའི་ཕྱག་བཞེས་གཅིག་ཡིན་པས་ཅི་ནས་ཀྱང་ནན་ཏན་དུ་བྱ་དགོས་པ་ཡིན་ནོ་གསུང་ཞིང་། 1-718 ཡང་གསུང་འཕྲོས་ལ། དིང་སང་བསྟན་པའི་སྙིགས་མར་སོང་བས་གསང་སྔགས་ལ་མིང་བཏགས། ལོག་ཆོས་ལ་དཔུང་གཡར་བའི་བབ་ཆོལ་གཅིག་ལ་ཡིད་བརྟན་དུ་བྱེད་པ་མང་བ་འདུག རྒྱུ་སྡེ་དང་མཐུན་པའི་ གསང་སྔགས་གཅིག་བྱེད་ན་ནི། སྡོམ་པ་འོག་མ་གཉིས་ལ་མི་སྟོན་པའི་གོ་སྐབས་མེད་པ་ལྟ་བུ་གཅིག་ཡོད་དེ། རྒྱུད་ཨ་བྷི་དྷ་ན་ལས། གོང་ནས་གོང་གི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ ནི་བསྲུངས་བྱས་ཏེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅི་ཡང་ཡོད་མ་ཡིན། །ཞེས་པ་འདི་གྲུབ་ཆེན་ཐ་དད་ཀྱི་དཀྱིལ་ཆོག་ཏུ་བྲིས་པ་འདི་ཡིན་ཞིང་། མདོར་ན་རྡོ་རྗེ་ཐེག་པ་ རང་གི་བླ་མའི་མཚན་ཉིད་འཆད་པའི་དུས་སུ་ཡང་། རྒྱུད་དག་ལས། ཉན་ཐོས་སྤྱོད་པ་སྲུང་བ་པོ། །ཞེས་དང་། ཕྱི་རུ་ཉན་ཐོས་སྤྱོད་པ་བསྲུང་། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་གསུངས་པ་ ལྟར། ཕྱི་འདུལ་བའི་ཀུན་སྤྱོད་ལ་རས་བོར་དུ་མ་སོང་བའི། ནང་རྡོ་རྗེ་ཐེག་པའི་ཐབས་མཁས་ལ་ནན་ཏན་དུ་བྱེད་པ་གཅིག་དགོས། དེ་ལ་རྒྱ་གར་འཕགས་པའི་ཡུལ་གྱི་སྡོམ་བརྩོན་དམ་པ་ ཀླུ་སྒྲུབ་ཡབ་སྲས། ཐོགས་མེད་སྐུ་མཆེད་སོགས་སྡོམ་བརྩོན་གྱི་རྟེན་ལ་གསང་སྔགས་འཛིན་པ་དག་གིས་ཕྱག་བཞེས། ཁ་ཆེའི་པཎྜི་ཏ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱིའི་བར་གྱི་རྒྱུན་མ་ཆད་པར་ཕྱག་ལེན་ལ་བཏབ་པའི་དོན། 1-719 ཆོས་རྗེ་ས་སྐྱ་པཎྜི་ཏས་ཚོགས་འཁོར་གྱི་ཡི་གེར་འདེབས་པར་མཛད་པ་ལྟར། རབ་བྱུང་སྡོམ་བརྩོན་རྣམས་ཀྱི་ཚོགས་འཁོར་ལ་སོགས་པའི་དུས་སུ་གཏོར་མ་ལ་སོགས་པ་ལ་ཤ་ཆང་བརྒྱན། སྡོམ་བརྩོན་ རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཆང་གི་ཐིགས་པ་ཕྲ་མོ་དང་། ཤིན་ཏུ་ཆ་ཕྲ་བའི་ཤའི་ཟེགས་མ་ཅུང་ཟད་ལྗགས་ཐོག་ཏུ་མྱང་ཞིང་། བུ་རམ་དང་། ཤིང་འབྲས་ལ་སོགས་པ་དུས་རུང་གི་ཟ་ མ་རྣམས་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ནས་ལོངས་སྤྱད་པས། ལྟུང་བ་བཅུ་གསུམ་པའི་ཉེས་པ་ཡང་ཁེགས་ཤིང་། ཡེ་ཤེས་ཀྱི་མཁའ་འགྲོ་དང་། ཆོས་སྐྱོང་རྣམས་མཉེས་ཞིང་བསྲུང་སྐྱོབ་མཛད་པ་ལ་ སོགས་པའི་གཏན་ཚིགས་དུ་མ་འཐད་ལྡན་དུ་གསུངས་པ་ལ། དངོས་སུ་བསྙོན་རིགས་ཅན་འགའ་ཞིག་རྗེ་བཙུན་གོང་མའི་ཕྱག་བཞེས་སུ་མིང་བཏགས་ནས་རང་དང་སློབ་མའི་སྤྱོད་པ་ཕྱིན་ཅི་ལོག་ལ་འགོད་ པའི་ཕྱག་ལེན་དེ་དག་ལ་སྙིང་

【現代漢語翻譯】 此外,鄂爾巴大班智達在讚頌至尊金剛持時也說:『依靠您而捨棄邪命,所做的微小善行,即使百劫中侍奉其他怙主也無法獲得,為此,我激動得汗毛豎立。』 這也說明了這一點。總之,戒除肉酒是我們鄂爾巴派的傳統,所以務必認真對待。』 法會開示中還說:『如今末法時代,很多人假借密宗之名,依靠歪理邪說。如果修持符合續部的密法,就沒有不展示下二戒的機會。』 如《阿毗達摩續》所說:『從上往上的戒律,你應當守護,除此之外,沒有解脫之因,沒有任何方法。』 這寫在許多大成就者的儀軌中。總之,在講解金剛乘上師的功德時,經續中也說:『守護聲聞的行為』,『外持聲聞行,內喜會供義』。因此,外在的威儀不能丟棄,內在要努力修持金剛乘的方便法。印度聖地的持戒大師龍樹師徒、無著兄弟等,都是以持戒為基礎來修持密法。從克什米爾的大班智達索南扎巴到夏迦師利之間,這個傳統從未間斷。 薩迦班智達在會供儀軌中寫道:出家持戒者在會供等場合,用肉酒來裝飾朵瑪,持戒者品嚐經加持的少量酒滴和極少量的肉屑,並將紅糖、水果等食物加持為五肉五甘露后享用,這樣可以避免犯第十三條根本戒,能令智慧空行母和護法歡喜並守護,等等,這些理由都是合理的。然而,有些人卻假借至尊上師的傳統,將自己和弟子的行為引向歧途,這種做法實在令人痛心。

【English Translation】 Furthermore, the great Ngorpa Paṇḍita, in his praise of the venerable Vajradhara (rje rdo rje ‘chang), also said: ‘Having abandoned wrong livelihood by relying on you, whatever small virtuous deeds I have done, even if I were to serve other protectors for hundreds of kalpas, I would not have achieved. For this reason, the hairs on my body stand on end with excitement.’ This also demonstrates this point. In short, abstaining from meat and alcohol is one of the traditions of our Ngorpa school, so it is imperative to take it seriously. In a further discourse, he said: ‘Nowadays, as the teachings decline, many people falsely claim to practice tantra and rely on distorted teachings. If one practices secret mantra in accordance with the tantras, there is no opportunity to not show the lower two vows.’ As stated in the Abhidhana Tantra: ‘The vows from above, you, my son, should protect. Other than that, there is no cause for liberation, there is no other method.’ This is written in the ritual practices of many great siddhas. In short, when explaining the qualities of a Vajrayana guru, the tantras also say: ‘Protecting the conduct of a Shravaka,’ and ‘Outwardly maintaining the conduct of a Shravaka, inwardly delighting in the meaning of union.’ Therefore, one must not abandon outward discipline but diligently practice the skillful means of Vajrayana internally. The great Indian masters of discipline, such as Nagarjuna and his disciples, Asanga and his brother, and others, all practiced secret mantra based on the foundation of discipline. This tradition has been continuously practiced from the great Kashmiri Paṇḍita Somanatha to Sakya Shri. As Sakya Paṇḍita wrote in the Tsokhor (tshogs ‘khor) ritual text: During Tsokhor and other occasions, ordained monks decorate the torma (gtor ma) with meat and alcohol. The monks taste a small drop of blessed alcohol and a tiny speck of meat, and bless brown sugar, fruits, and other appropriate foods as the five meats and five amritas, and then enjoy them. This avoids the fault of the thirteenth downfall, pleases the wisdom dakinis and dharma protectors, and ensures their protection, and so on. There are many valid reasons for this. However, some who are truly worthy of reproach falsely claim to follow the tradition of the venerable previous masters and lead their own and their disciples’ conduct astray. Such practices are truly heartbreaking.


པོ་ཅི་ཡོད། རྣམ་པ་གཅིག་ཏུ་ན། རྗེ་བཙུན་གོང་མ་རྣམས་ཁྱིམ་པའི་བརྟེན་ཅན་དུ་བཞུགས་པའི་ཕྱག་བཞེས་ཀྱི་ཆ་རང་རེ་རྗེས་འཇུག་བརྟེན་ཅན་དགེ་སློང་གིས་ སྒྲུབ་ཏུ་ག་ལ་རུང་། དེ་ལྟར་རུང་ན་རྗེ་ས་སྐྱ་པ་ཆེན་པོ་དང་། གཅུང་དཔལ་ཆེན་འོད་པོ། ཟངས་ཚ་བསོད་ནམས་རྒྱལ་མཚན་རྣམས་ལ་བཙུན་མོ་ཡོད་པས། རྗེས་འཇུག་གི་དགེ་སློང་རྣམས་ཀྱིས་ཚུལ་དེ་ལྟ་བུ་ལ་འཇུག་ཏུ་རུང་ངམ། 1-720 དེས་ན་ཆོས་རྗེ་ས་སྐྱ་པཎ་ཆེན་རྟེན་དགེ་སློང་དུ་བཞུགས་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་བཞིན། དགེ་སློང་རྡོ་རྗེ་འཛིན་པ་རྣམས་ཀྱིས་འཁྲུལ་མེད་དུ་ལག་ལེན་ལ་འདེབས་དགོས་པ་ཡིན་ གསུངས། ཡང་གསུང་འཕྲོས་ལ། ནང་མཆོད་བུ་རམ་ལ་བཤད་པའི་ཁུངས་མི་དབང་ཨིནྡྲ་བྷུ་ཏི་ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས་ཀྱི་ཚིག་ཟིན་ལས་བཤད་པ་ཡིན། ནང་མཆོད་ཀྱི་སྣོད་བྷེ་ཏ་ལ་གསུང་ བ་སྡོམ་འབྱུང་ལས་བཤད་དོ། །རལ་པ་གྱེན་རྫེས་ཀྱི་རྒྱུད་དུ་བྷེ་ཏའི་ནང་འབྲས་ཀྱི་ཀླད་པའི་ཚབ་དང་། ཕྱི་བཤུན་གྱི་ཐོད་པ་དང་། ལྐོགས་ཀྱིས་སྐྲའི་ཚབ་ཡོང་བར་ལས་ཚོགས་ཀྱི་སྐབས་འགའ་ནས་ བཤད་ཡོད་པའི་རིགས་པས་ཀྱང་སྡོམ་བརྩོན་རྣམས་ཀྱི་ཐོད་བའི་ཚབ་བྷེ་ཏ་ལ་ཤིན་ཏུ་ཡང་རུང་བ་ཡིན། མི་གཡོ་བ་བླ་མེད་པས་ནི་རྫའི་ཐོད་པས་ཀྱང་ཡོང་བར་བཤད། སྤྱིར་ཡང་ངུར་སྨྲིག་ གི་གོས་གྱོན་པའི་རབ་ཏུ་བྱུང་བ་རྣམས་ཀྱིས་མི་ཐོད་དང་། མི་རུས་ཀྱི་ཕྲེང་བ་ལ་སོགས་པ་གསང་སྟེ་བརྟེན་པ་ལས། མི་སྔུན་དུ་རྒྱན་ཆར་བྱར་མི་རུང་། སངས་རྒྱས་ཀྱི་བསླབ་པ་ཐམས་ ཅད་འཇིག་རྟེན་མ་དད་པ་དང་འཆའ་བ་སྤངས་པའི་ཆེད་ཁོ་ནར་བཅས་པ་ཡིན་ལ། རྡོ་རྗེ་ཐེག་པ་དང་བསྟུན་ན་ཡང་། ལས་དང་པོ་པས་དེ་ལྟར་བྱས་ན་གསང་བསྒྲོགས་སུ་འགྱུར་ཞིང་མདོར་ན་སྡོམ་པ་གསུམ་ཀ་དང་འགལ་བའི་ཆར་འགྱུར་བས་བག་ཡོད་ལ་གནས་དགོས། 1-721 དེ་ཡང་རྗེ་རྡོ་རྗེ་འཆང་ཆེན་པོས་རྒྱུན་གྱི་ཕྱག་ཕྲེང་བོ་དྷི་ཙིཏྟ། ཨ་རུ་རའི་མདུད་འཛིན་དང་བཅས་པ་མཛད། ལུང་ཡང་རས་བལ་གྱི་སྐུར་པ་སེར་མོ་འབའ་ཞིག་ལས། འབྲེང་པ་སོགས་ལ་ མི་མཛད་པ་ཡིན་སྐད་གསུངས། གསུང་འཕྲོས་ལ་ཆོས་སྐྱོང་གི་གཏོར་མ་དེ་ལ་ཁ་ན་མ་ཐོ་བ་མེད་པའི་ཤ། བ་གླང་ལ་སོགས་པ་རང་ཤི་བའི་ཤས་བརྒྱན་པར་བྱ་དགོས་པ་ཡིན་ལ། གཞན་དག་ཁ་ན་མ་ཐོ་བ་མེད་པའི་ཤ་འདི་དག་ལ་དམན་པར་བཟུང་ནས་དགག་པའི་གནས་དུ་མས་སུན་འབྱིན་ཞིང་བསད་ཤ་ཁོ་ན་ངེས་པར་དགོས་པའི་གྲུབ་མཐའ་གཞུང་ཚུགས་སུ་བྱེད་པ་ ནི། འཚེ་བ་ཆོས་སུ་སྨྲ་བའི་མུ་སྟེགས་བྱེད་ཀྱི་རིང་ལུགས་སྐྱོང་བ་ཡིན་པས་སྙིང་རྗེ་ཆེན་པོ་ལ་གནས་པའི་སངས་རྒྱས་པ་དག་གིས་ཐོས་པར་ཡང་མི་རུང་ན། ལག་ལེན་ལ་འདེབས་པ་ ལྟ་སྨྲོས་ཀྱང་ཅི་དགོས་གསུང་ཞིང་། རྗེ་ཉིད་ཀྱིས་ཡན་ལག་དྲུག་པའི་གསུང་རྒྱུན་ཟིན་བྲིས་སུ་མཛད་

【現代漢語翻譯】 這是什麼意思呢?從一方面來說,至尊上師們安住于在家身份的修行方式,我們這些後來的追隨者,作為受具足戒的比丘,怎麼能效仿呢?如果可以這樣,那麼薩迦派大德(指薩迦班智達,Sakya Pandita),以及他的弟弟班欽·哦波(Palchen Odpo),還有桑扎·索南堅贊(Zangtsa Sonam Gyaltsen)都有妻子,那麼後來的比丘們可以效仿這種行為嗎? 因此,正如法王薩迦班智達安住于具戒比丘的修行方式一樣,金剛持(Vajradhara)比丘們必須毫無錯誤地付諸實踐。他還說,關於內供(nang chod)用紅糖的說法,是出自自在王因陀羅菩提(Indra Bhuti)雙面豬女修法儀軌的文字。關於內供的容器貝塔(Bheta),《律源》(Domjung)中有記載。 在倒豎頭髮的續部中,貝塔可以代替腦髓,外殼可以代替頭蓋骨,裡面可以代替頭髮,在某些事業法(las tsok)的場合中也有提及。因此,對於那些嚴守戒律的人來說,用貝塔代替頭蓋骨是非常合適的。不動至尊(Mi Yao Ba,不動明王)則說可以用陶製頭蓋骨。一般來說,穿著袈裟的出家人,秘密地持有人的頭蓋骨和人骨念珠等,不應該在人前炫耀。佛陀的所有教誨,都是爲了避免世俗的不信任和誹謗。即使按照金剛乘(Vajrayana),初學者這樣做也會泄露秘密。總之,這會與三律儀(dompa sumka)相違背,所以必須謹慎行事。 此外,至尊金剛持(Dorje Chang Chenpo)通常使用菩提子念珠,以及帶有阿如拉(arura)結的念珠。據說上師也只穿純黃色的棉布或絲綢的法衣,而不使用念珠等。他還說,護法的朵瑪(torma),必須用沒有瑕疵的肉,比如牛或牦牛等自然死亡的肉來裝飾。如果有人認為這些沒有瑕疵的肉不好,並通過各種理由來反駁,並堅持必須使用屠宰的肉,那麼這就是奉行將殺戮視為正法的外道(mu stegs)的宗義。作為安住于大慈悲的佛教徒,聽到這些都不應該,更不用說去實踐了。上師自己也記錄了六支瑜伽(yan lag drugpa)的口頭傳承。

【English Translation】 What does this mean? In one aspect, how can we, as later followers and fully ordained monks, emulate the practice of the venerable former masters who resided as householders? If that were permissible, then since the great Sakya Pandita (referring to Sakya Pandita), his younger brother Palchen Odpo, and Zangtsa Sonam Gyaltsen all had wives, would it be permissible for later monks to engage in such conduct? Therefore, just as Dharma Lord Sakya Pandita resided as a monk with vows, Vajradhara monks must implement this flawlessly in practice. He also said that the source for the explanation of inner offering (nang chod) with molasses is from the text of the sadhana of the two-faced sow of the sovereign Indra Bhuti. The vessel for the inner offering, Bheta, is mentioned in the ‘Source of Discipline’ (Domjung). In the tantras of the upward-rising hair, Bheta can substitute for brain matter, the outer shell for the skull, and the inside for hair. This is mentioned in some instances of activity sets (las tsok). Therefore, for those who diligently uphold vows, using Bheta as a substitute for the skull is very appropriate. The Immovable Supreme (Mi Yao Ba, Achala) states that a clay skull can also be used. In general, ordained individuals wearing saffron robes should secretly rely on human skulls and human bone rosaries, etc., but should not display them as ornaments in front of people. All of the Buddha’s teachings are intended to prevent worldly disbelief and slander. Even in accordance with Vajrayana, if beginners do so, it will reveal secrets. In short, it will become a cause of conflict with all three vows (dompa sumka), so one must remain mindful. Furthermore, the venerable Great Vajradhara (Dorje Chang Chenpo) usually used a Bodhi seed rosary, along with a knot of arura. It is said that the master only wore robes of pure yellow cotton or silk, and did not use rosaries, etc. He also said that the protector’s torma (torma) must be adorned with faultless meat, such as the meat of naturally deceased cattle or yaks. If others consider these faultless meats inferior and refute them with various reasons, insisting that only slaughtered meat is necessary, then this is upholding the doctrine of heretics (mu stegs) who proclaim violence as dharma. As Buddhists who abide in great compassion, it is not even permissible to hear such things, let alone put them into practice. The master himself also recorded the oral transmission of the Six-Branched Yoga (yan lag drugpa).


པ་ལས། དེ་ལྟར་གསུང་བཞིན་རང་གི་བརྗེད་བྱང་དུ། །རབ་ཏུ་སྒྲིམས་ཏེ་ཚུལ་བཞིན་བྲིས་མོད་ཀྱི། ། དམ་པའི་གསུང་ལ་བཅོས་པའི་ཁ་གཡར་ཏེ། །ཅི་དགའི་ངན་རྟོག་མཐའ་དག་འདིར་མ་བྲིས། །ཞེས་གསུངས་ཞིང་། ཡང་དེ་ཉིད་ལས། འདི་དག་འཐོར་བའི་ཚུལ་དུ་གནས་ན་ཡང་། །ལེགས་པར་བཤད་པ་ཆུ་ལ་རླབས་བཞིན་དུ། ། 1-722 འབུར་དུ་བྱུང་རྣམས་བསྡུས་པའི་ཚུལ་ཡིན་པས། །མ་འབྲེལ་སོགས་ཀྱི་དགོས་པའི་གོ་སྐབས་ཅི། །ཞེས་འབྱུང་བ་ལྟར་རོ། །དེ་ལྟར་བཤད་མ་ཐག་གི་དོན་རྣམས་ཀྱི་མཚོན་པའི་ཀུན་སྤྱོད། བག་ཡོད་ལ་གནས་ པའི་ལེགས་བྱས་དེ་ཉིད་ཀྱི་སྒོ་ནས། རྗེ་བླ་མ་ཡབ་སྲས་ཀྱི་གདུལ་བྱ་མང་པོ་ཕན་བདེའི་ལམ་ལ་བཀོད་པར་མཛད་པའི་སྐབས་ནས་རྒྱལ་བའི་གདུང་བསོབ་ངོར་ཆེན་ཆོས་ཀྱི་རྗེ་དཔལ་ལྡན་བླ་ མ་འཇམ་པའི་དབྱངས་ཉིད་ལ་སྔར་དཔལ་ཨེ་ཝྃ་ཆོས་ལྡན་དུ་གསན་པ་དང་། ལན་སྔ་མ་ཕེབས་དུས་གསན་པའི་ལྷག་མར་གྱུར་པའི་ཆ་ཤས་རྣམས་རྗེས་སུ་ནོད་པར་དགོངས་ཏེ། རྗེ་ཡབ་སྲས་གཉིས་ ཀ་དེ་ལྟའི་ཚུལ་ལ་ཐུགས་འགྲུས་པར་མཛད་ནས། རྗེ་ཉིད་ཀྱི་བཀའ་འབུམ་གྱི་ཆ་ཤས་སྔར་མ་གསན་པའི་གསར་དུ་ཐུགས་རྩོམ་མཛད་པའི་ལུང་རྣམས་དང་། འཇིགས་བྱེད་ཞེ་དགུ་མ་དང་། དུས་འཁོར་སྡོམ་ ཆེན་ལ་སོགས་པའི་དབང་། ལུང་མང་པོ་དང་བཅས་པའི་ཆོས་ཀྱི་ཚུལ་དུ་མ་ཉིན་ཞག་གི་ཁྲུགས་ལ་ཐུན་དུ་བཅད་ནས་གནང་བར་མཛད་ཅིང་། དེ་སྐབས་རྗེ་བཙུན་ལྷ་མཆོག་སེང་གེས་སྒྲོལ་མའི་ལྷ་ ཁང་དུ་ཟུར་ཆོས་ལ་ཀྱཻ་རྡོར་འགྲེལ་པ་ལུགས། ཕྲེང་བའི་ནང་གི་འབྱུང་འདུལ་གཤེད་དམར་ལྷ་ལྔ་སོགས་དབང་ལུང་དུ་མའི་ཕྲིན་ལས་ཀྱི་རྒྱུན་སྤེལ་བར་མཛད་ཅིང་། སྨོན་ཐང་རྒྱལ་པོའི་ཁབ་ཉིད་ན་བཞུགས་པའི་རྟེན་གསར་རྙིང་རྣམས་ལ། 1-723 ལུང་དང་རྟོགས་པའི་བདག་ཉིད་བླ་མ་ཡབ་སྲས་ཀྱི་ཕྱག་ཕྱིར་ཕྱོགས་འདིའི་དགོན་ཆེན་གྱི་བླ་མ་སོ་སོ་རྣམས་དང་། དྲུང་གནས་བདེ་ལེགས་བཤེས་གཉེན་ལ་སོགས་པ། ཤར་ཕྱོགས་ནས་ཕྱག་ཕྱིར་ཕེབས་པའི་ དགེ་བའི་བཤེས་གཉེན་དག་གིས་ཁ་བསྐང་སྟེ་རྒྱུད་སྡེ་དང་མཐུན་པའི་རབ་ཏུ་གནས་པ་ཡང་དག་པའི་རྟེན་ཅིང་འབྲེལ་འབྱུང་ཡང་དག་པ་སྒྲིགས་ཤིང་། དེའི་ཚེ་རྗེ་ངོར་པ་ཉིད་ཕྱག་རྔ་དང་བཅས་ ནས་གཟིམས་ཁང་རྩེར། སྲིད་ཞི་དཔལ་འབྱོར་མའི་དབྱངས་སོགས་སྦྱིན་པའི་བདག་པོ་རྣམས་བཀྲ་ཤིས་པའི་ལེགས་བྱས་ཁྱད་པར་ཅན་ཡང་བསྐྱེད་པར་མཛད་དོ། །དེའི་སྐབས་ནས་གྲུབ་ཐོབ་ཀྱི་འཁོར་ལོས་སྒྱུར་བ་རྗེ་ བཙུན་རྡོ་རྗེ་འཆང་སངས་རྒྱས་རིན་ཆེན་ཁྲུམས་ཟླའི་ཡར་ངོའི་ཚེས་བཅུ་ལ་ནུབ་ཕྱོགས་བདེ་བ་ཅན་གྱི་རང་གནས་དམ་པར་ཕེབས་པའི་སྐད་ཆ་གསན་པའི་མོད་ལ་ཐོས་མཆོད་ཀྱི་རིམ་པ་རྗེ་ཡབ་ སྲས་གཉིས་ཀས་གཟབ་རྒྱས་སུ་གནང་ཞིང་། དེ་ནས་རྗེ་བཙུན་ངོར་པ་སློབ་མའི་ཚོགས་དང་བཅས་པ་ལ་ཐུབ་ཆེན་རྣམ་པར

【現代漢語翻譯】 如是說,他認真地將這些寫在自己的筆記本上, 但沒有借口篡改聖人的話語, 沒有把所有隨心所欲的邪惡想法寫在這裡。』 他還說:『即使這些以分散的形式存在, 正如水中波浪般的美好闡述, 將突出的部分收集起來, 不需要不相關的機會。』 正如所說的那樣。如是,以剛剛闡述的意義所象徵的行為, 安住于謹慎的善行, 通過這種方式,上師父子將許多弟子引向了利益和幸福的道路。從那時起,嘉瓦(རྒྱལ་བ)的後裔,哦,仁波切(རིན་པོ་ཆེ),曲吉杰(ཆོས་ཀྱི་རྗེ),吉祥的上師蔣悲揚(འཇམ་པའི་དབྱངས)本人,之前在帕爾埃旺曲丹(དཔལ་ཨེ་ཝྃ་ཆོས་ལྡན)聽聞,並考慮到要接受上次來時聽聞的剩餘部分, 上師父子二人都對此表示滿意, 上師本人著作集的一部分,之前未聽聞的新創作的經文,以及怖畏金剛四十九尊(འཇིགས་བྱེད་ཞེ་དགུ་མ)和時輪金剛大灌頂(དུས་འཁོར་སྡོམ་ཆེན)等許多灌頂和經文,分日夜輪流給予。 那時,至尊拉秋僧格(ལྷ་མཆོག་སེང་གེ)在度母殿(སྒྲོལ་མའི་ལྷ་ཁང)秘密傳授喜金剛釋(ཀྱཻ་རྡོར་འགྲེལ་པ)的傳統,以及鬘論中的降伏、調伏、紅閻摩敵五尊(འབྱུང་འདུལ་གཤེད་དམར་ལྷ་ལྔ)等許多灌頂和經文的傳承。 在斯芒塘嘉波卡(སྨོན་ཐང་རྒྱལ་པོའི་ཁབ)居住的新舊聖物, 具足經文和證悟的上師父子,以及來自各方的寺院住持, 仲內德勒謝年(དྲུང་གནས་བདེ་ལེགས་བཤེས་གཉེན)等,以及從東方前來的善知識們,共同圓滿,按照續部的儀軌,如法裝點,使緣起更加殊勝。 那時,仁波切本人手持法器, 在寢宮頂上,唱誦《有寂吉祥富饒母》(སྲིད་ཞི་དཔལ་འབྱོར་མའི་དབྱངས)等,為施主們創造了特殊的吉祥善行。 從那時起,聽到成就者轉輪王至尊多杰羌(རྡོ་རྗེ་འཆང)桑杰仁欽(སངས་རྒྱས་རིན་ཆེན)在藏曆月(ཁྲུམས་ཟླ)初十前往西方極樂世界的訊息后,上師父子二人舉行了盛大的供養儀式。 之後,至尊哦巴(ངོར་པ)與弟子們一起,向大能仁(ཐུབ་ཆེན)…

【English Translation】 Thus he spoke, diligently writing these in his own notebook, But without pretext to alter the words of the holy ones, He did not write here all the evil thoughts that came to mind.’ He also said: ‘Even if these exist in a scattered form, Like waves on water, the well-explained, Is a way of collecting the prominent parts, What need is there for irrelevant opportunities?’ As it is said. Thus, with the conduct symbolized by the meaning just explained, Abiding in the virtuous deeds of mindfulness, In this way, the master and his sons led many disciples to the path of benefit and happiness. From that time on, the descendant of Gyalwa, O Ngorchen Kunga Zangpo, Chökyi Je, the glorious master Jampelyang himself, having previously heard at Pal Ewam Chöden, and considering to receive the remaining parts that were heard during the previous visit, Both the master and his sons were pleased with this arrangement, A part of the master’s own collected works, the newly composed scriptures that had not been heard before, as well as the empowerment of the Forty-Nine Deities of Bhairava (འཇིགས་བྱེད་ཞེ་དགུ་མ) and the great initiation of the Kalachakra (དུས་འཁོར་སྡོམ་ཆེན), and many other empowerments and scriptures, were given in shifts, dividing the days and nights. At that time, Jetsun Lhachok Senge secretly transmitted the tradition of the Hevajra commentary in the Tara Temple, as well as the lineage of many empowerments and scriptures such as the Subduing, Taming, and Five Red Yamari Deities (འབྱུང་འདུལ་གཤེད་དམར་ལྷ་ལྔ) from within the Garland Tantra. The new and old sacred objects residing in Smontang Gyalpoi Khap, The master and his sons, who possessed the scriptures and realization, as well as the abbots of the monasteries from all directions, Drungne Delek Shenyen and others, as well as the virtuous friends who came from the east, together completed and adorned the auspicious interdependence in accordance with the rituals of the tantras. At that time, Ngorpa himself, holding the instruments, On the top of the sleeping chamber, chanted ‘The Melody of Prosperity and Peace’ and other songs, creating special auspicious deeds for the patrons. From that time on, after hearing the news that the accomplished Chakravarti Jetsun Dorje Chang Sangye Rinchen had passed away to the Western Pure Land on the tenth day of the lunar month, the master and his sons held a grand offering ceremony. After that, Jetsun Ngorpa, together with his disciples, offered to the Great Sage…


་རྒྱལ་བའི་གཙུག་ལག་ཁང་དུ་བསྙེན་བཀུར་གྱི་ཁྱད་པར་སྒོ་དུ་མས་ཕུད་ དུད་མཛད་དེ། རྒྱུད་པ་གོང་མ་སངས་རྒྱས་ཐམས་ཅད་ཀྱི་གདུང་སོབ་རྒྱལ་བའི་རྒྱལ་ཚབ་ཆོས་རྗེའི་དྲུང་དུ། འབུལ་བའི་དངོས་པོ་སྤྱི་དང་ཁྱད་པར་གྱི་དད་འདུས་སོ་སོས་རང་རང་གི་མོས་བློའི་འཕྲུལ་ལས་བྱུང་བའི་ལོངས་སྤྱོད་ཁྱད་པར་ཅན་གྱ་ནོམ་འབུལ་བར་མཛད་ཅིང་། 1-724 དེ་ཡང་ཐོག་མར་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་བརྒྱུད་པ་གོང་མ་ཐམས་ཅད་ཀྱི་དགོངས་པ་རྫོགས་པའི་སླད་དུ། སྐུའི་རྟེན་བདེ་མཆོག་བརྒྱུད་པའི་བླ་མ་རྣམས་དང་། གསུང་གི་རྟེན་རྗེ་ཉིད་ ཀྱི་བཀའ་འབུམ་གསེར་ལས་སྒྲུབ་པ། ཐུགས་ཀྱི་རྟེན་དངུལ་གྱི་མཆོད་རྟེན་བཟོ་ཁྱད་ཕུལ་དུ་བྱུང་བས་མཚོན་པའི་སྐུ་གསུང་ཐུགས་ཀྱི་རྟེན་གསེར་ཟངས་ལ་སོགས་པའི་དངོས་པོ་རྣམ་པར་དག་པ་འབུལ་ཡིག་ གི་ནང་དུ་རྒྱས་པར་བཀོད་པ་ལྟར་འབུལ་བར་མཛད་ཅིང་། སྡེ་པ་གོང་ནས་གསེར་ཞོ་སུམ་ཅུ་སོ་བདུན་གྱི་མཎྜལ་གྱིས་མཚོན་པའི་རྣམ་གྲངས་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་། སྔ་ཕྱིར་ དགོན་པ་སོ་སོ། དཔོན་རྣམ་པ་ཐ་དད་རྣམས་ཀྱིས་ཀྱང་བརྙེད་པ་དང་བཀུར་སྟིའི་སྒོ་དུ་མས་ཚོགས་རྒྱ་ཆེན་པོ་སྤེལ་ཏེ། རྒྱས་ཚབ་དམ་པ་དཔོན་སློབ། སངས་རྒྱས་དབོན་རིན་པོ་ཆེས་གཙོ་མཛད་ སློབ་གཉེར་བའི་ཞབས་འབྲིང་བ་དུ་མ་དང་བཅས། ཉི་མ་ཤར་ཕྱོགས་ལ་ཕྱིབས་ཁ་སྒྱུར་བ་མཛད་དེ། བར་ཆད་མེད་པར་བླ་མའི་གདན་ས་དཔལ་ཨེ་ཝྃ་ཆོས་ལྡན་གྱི་དགོན་གནས་དམ་པར་ཕེབས་ ཏེ། ཆོས་དང་སྲིད་ཞིའི་དཔལ་འབྱོར་མཐའ་དག་ཡར་ངོ་ཟླ་ལྟར་འཕེལ་ཞིང་རྒྱས་པར་གྱུར་ཏོ། །དེ་མཚམས་བདག་ཉིད་ཆེན་པོ་འཇམ་པའི་དབྱངས་ཀྱི་ཞལ་མངའ་ནས་ཀྱིས། དགུན་ངོ་བསམ་གྲུབ་གླིང་གི་དགོན་གནས་ཉིད་དུ་ཤིན་ཏུ་དམ་པའི་སྐུ་མཚམས་ཀྱི་བཅད་ཆ་ལ་དཔྱིད་སོས་ཀྱི་བར་དུ་གདན་ཆགས་ཅིང་། 1-725 སྐུ་མཚམས་དེའི་རྒྱུན་གྲོལ་མཚམས་གནས་དེ་ཉིད་དུ་ཤིན་ཏུ་སྤྲོས་མེད་ཀྱི་ཁྲིད་བཀའ་གནང་། དེ་ནས་ཐུབ་བསྟན་དར་རྒྱས་གླིང་དུ་ཀུན་མཁྱེན་རོང་སྟོན་སྨྲ་བའི་སེང་གེས་མཛད་པའི་འབུམ་ཊཱིཀ་གི་ལུང་། ཆོས་སྡེ་ཆེན་པོའི་འཆད་ཉན་དགེ་བཤེས་རྣམས་ཀྱིས་དབུ་མཛད་དོན་དུ་གཉེར་བ་ཀུན་ལ་སྩོལ་བར་མཛད་ཅིང་། དེ་ནས་དབྱར་ངོ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྨིན་གྲོལ་གྱི་ གདམས་པའི་དགའ་སྟོན་ཡང་དག་པ་གནང་བར་མཛད་དེ། དེ་ཉིད་ཀྱི་སྣང་གསུམ་སོང་བའི་སྐབས་ཙམ་ན་ཤར་ཕྱོགས་ནས་ཆོས་ཀྱི་སྤྱན་ལྡན་ཆེ་དཀོན་མཆོག་ལྷུན་གྲུབ་པ་དཔོན་སློབ་རྣམས་ཕྱོགས་འདིར་ཕེབས་ པར་མཛད་དེ། དེའི་ཚེ་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་སྤྱན་ལྡན་རྗེ་ཉིད་ཀྱིས་མ་འོངས་པ། སྔོན་དུ་དགོངས་པའི་ཐུགས་མཁྱེན་གྱིས་ཞབས་དྲུང་ན་ཡོད་པའི་དགེ་བའི་བཤེས་གཉེན་དུ་མས་བ

【現代漢語翻譯】 在勝利者的主殿中,以多種方式獻上敬意,歷代上師,所有佛陀的傳承持有者,勝利者的攝政王法王(chos rje)面前,供奉各種供品,特別是各自因虔誠信仰而產生的特殊享受。 1-724 首先,爲了圓滿尊貴的法王(chos kyi rgyal po)歷代上師的意願,供奉了代表身之所依的勝樂金剛傳承的上師像,代表語之所依的由黃金製成的法王(rje nyid)的文集,以及代表意之所依的精美銀塔等身語意所依,以及金、銅等各種清凈物品,詳細記載在供奉文書中。從上層開始,以三十七兩黃金的曼扎(maNDala)為代表,陳設了無數的供品。先後由各個寺院和不同的官員們,以多種方式進行供養和尊敬,舉行了盛大的法會。由རྒྱས་ཚབ་དམ་པ་དཔོན་སློབ།(一位法號),སངས་རྒྱས་དབོན་རིན་པོ་ཆེས།(一位仁波切)為首,帶領眾多學經僧人,面向東方,前往上師的駐錫地,吉祥的ཨེ་ཝྃ་ཆོས་ལྡན།(地名)寺,使佛法和政治的繁榮如上弦月般增長。 此時,大自在者文殊菩薩(‘jam pa’i dbyangs)親自指示,在冬季,于བསམ་གྲུབ་གླིང་།(地名)寺進行非常嚴格的閉關,直到春季。 1-725 閉關結束后,在同一地點給予非常簡要的教導。之後,在ཐུབ་བསྟན་དར་རྒྱས་གླིང་།(地名)寺,由ཀུན་མཁྱེན་རོང་སྟོན་སྨྲ་བའི་སེང་གེས།(人名)所著的《十萬頌般若經》的註釋的傳承,由大寺院的講經格西們主持,賜予所有致力於此的人。之後,在夏季,給予包括道果在內的口傳心要的成熟解脫的盛宴。就在他顯現三種光明的時候,來自東方的具法眼者ཆེ་དཀོན་མཆོག་ལྷུན་གྲུབ་པ།(人名)師徒來到了這裡。當時,能無礙照見三時的具眼者法王(rje nyid),以其預知未來的智慧,對侍從的眾多善知識說

【English Translation】 In the main temple of the Victorious One, offerings of various kinds of veneration were made. Before the lineage holders of all the Buddhas of the past, the regent Dharma Lord (chos rje) of the Victorious One, various offerings were presented, especially the extraordinary enjoyments arising from the devotion of each individual. 1-724 Firstly, in order to fulfill the intentions of all the previous lineage holders of the venerable Dharma King (chos kyi rgyal po) himself, offerings were made, including the representation of the body, the gurus of the Chakrasamvara lineage; the representation of speech, the collected works of the Dharma King (rje nyid) himself made of gold; and the representation of mind, an exquisitely crafted silver stupa, as well as pure objects made of gold, copper, and other materials, as detailed in the offering document. From the upper echelons, an inconceivable array of items, represented by a mandala of thirty-seven and a half measures of gold, was presented. Subsequently, various monasteries and different officials also expanded the great assembly with various forms of gain and respect. Headed by རྒྱས་ཚབ་དམ་པ་དཔོན་སློབ། (a title), and སངས་རྒྱས་དབོན་རིན་པོ་ཆེས། (a Rinpoche), along with many attending monks, they turned their faces towards the east and proceeded without interruption to the sacred monastic site of Pal E-wam Chos-den, the seat of the guru, so that the glory of Dharma and political prosperity increased and expanded like the waxing moon. At that time, the great master Manjushri (‘jam pa’i dbyangs) himself instructed that during the winter, a very strict retreat should be undertaken at the monastic site of Samdrub Ling until the spring. 1-725 Upon the conclusion of that retreat, very concise instructions were given at the same location. Thereafter, at Thubten Dargyeling Monastery, the transmission of the commentary on the Hundred Thousand Verses of the Prajnaparamita Sutra, composed by Kunkhyen Rongton Sheja Sengge, was bestowed upon all those who were dedicated to it, presided over by the Khenpos of the great monastic college. Subsequently, in the summer, a perfect feast of ripening and liberation of the oral teachings, including the Path with its Fruit, was bestowed. Just as the three visions of that very moment were passing, Che Konchok Lhundrub, the one with the eye of Dharma from the east, arrived in this direction with his disciples. At that time, the Dharma King (rje nyid), who sees the three times without obstruction, with his wisdom foreseeing the future, said to the many virtuous spiritual friends who were in attendance


སུ་བའི་ བཀའ་བཀོད་གནང་བ་སོགས་ཁྱད་པར་གྱི་བསྟི་སྟངས་ཀྱི་བཀུར་སྟི་ཡང་དག་པ་མཛད་དེ། ད་ལྟ་ཨེ་ཝྃ་གྱི་གདན་རབས་དགུ་པར་ཕེབས་པར་ལེགས་བྱས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་དག་ པ་ཡང་དེའི་དུས་ཉིད་ནས་སྒྲིག་པ་མཛད་དེ། དེ་མཚམས་སྣང་གསུམ་ལ་ཤར་ཕྱོགས་ནས་ཕེབས་པའི་དཔོན་སློབ་རྣམས་ལ་ཟུར་དུ་སྐྱར་ཆོས་གནང་ནས་སྔགས་ལམ་མན་ཚོགས་པ་བྱིན་དང་ལྷན་ཅིག་ཏུ་གསན་པར་མཛད་ཅིང་། 1-726 ཚོགས་མཆོད་བྱིན་རླབས། ཨིནྡྲ་མཁའ་སྤྱོད། འདོད་རྒྱལ། རྗེ་བཙུན་མ་ཀུ་རུ་ཀུལླེ་སོགས་ཀྱི་བྱིན་རླབས་ཟུར་ལུང་དང་བཅམ་པ་འགའ་ཞིག་ཀྱང་སྩལ། དབྱར་ཆོས་དེ་ཉིད་གྲོལ་མཚམས། སྟོན་སེར་སྡོམ་གསུམ་གླིང་དུ་ ཕེབས་ནས་འོད་ཟེར་ཅན་ལྷ་ལྔའི་རྡུལ་མཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལན་གྲངས་ཟུང་ལྡན་དུ་གནང་ཞིང་། ཆོས་རྗེ་རིན་པོ་ཆེ་ཉིད་ཀྱིས་གཙོ་མཛད་ལ་འཇིགས་བྱེད་རྭ་པོད་སོགས་ཀྱི་ལུང་ དང་བཤད་པའི་སྒོ་མང་པོ་སྩལ་ནས། སླར་ཡང་དགུན་སྟོད་བསམ་གྲུབ་གླིང་ཉིད་དུ་ཕེབས་ཏེ། དེར་སྐྱོ་ལུགས་ཀྱི་རྭ་ཁྲིད་ཀྱི་དམིགས་པ་གནང་བ་ལ། དེ་དུས་ཀྱི་གསུང་རྒྱུན་ཇི་ལྟ་བ་བཞིན་ དུ་ཆོས་རྗེ་རིན་པོ་ཆེའི་དྲུང་གིས་ཟིན་བྲིས་མཛད། ཆོས་ཀྱི་རྗེ་ཉིད་ལ་གཟིགས་ཕུལ་ནས་ཤིན་ཏུ་དག་གསུངས་བའི་ལེགས་སོ་གནང་བ་དེའི་ཐུགས་རྩོམ་དང་། སྔ་སོར་རྣམ་རྒྱལ་དུ་བདེ་མཆོག་ལཱུ་ ཧི་པའི་དབང་ཆ་ཚང་བ་ལན་གཉིས་གོ་ཆའི་དཔའ་བོ་ཡབ་ཡུམ་གྱི་བྱིན་རླབས་དང་། ཕྱིས་བསམ་གྲུབ་གླིང་དུ་རྡོ་རྗེ་མཁའ་འགྲོ་འཇིགས་བྱེད་ས་ལུགས་སོགས་ཀྱི་དབང་བསྐུར་བ་ཡང་། གདུལ་བྱ་རང་ གི་མོས་བློ་དང་འཚམས་པར་ཡང་གནང་བར་མཛད་ཅིང་། དེ་དུས་བདག་ཉིད་ཆེན་པོས་ཆོས་རྗེ་རིན་པོ་ཆེའི་ཕྱག་ཕྱིར་བདག་རང་དཀྲིས་པ་ལ་གཡབ་སྔོན་འོག་ཏུ། མགོན་པོའི་གསེར་པོད་དང་། ལམ་གྱི་བསྒྲུབ་ཡིག་སོགས་སེར་པོད་དུ་མ་འདུས་པའི་ཡིག་རྙིང་རྗེ་ཉིད་ཀྱི་དཀར་ཆག་ཏུ་ཐེབས་པ་རྣམས་ཀྱི་ལུང་ཡང་ཆོས་ཀྱི་ཚུལ་དེ་དག་གིས་མཚོན་པའི་སྒོ་མཐའ་ཡས་པ་དག་སྩོལ་བར་མཛད། 1-727 རྗེ་ཉིད་ཀྱི་ཐུགས་དམ་དུ་བཞེངས་པའི་མགོན་པོའི་གསེར་སྐུ་ལེགས་པར་གྲུབ་པའི་རབ་སྟོན་ལ་གཏོར་སྒྲུབ་གཙོ་བོ་དང་། བཀྲ་ཤིས་སྒོ་མངས་ཀྱི་གྱང་རིས་ལ་ཕྱག་གནས་མཛད་པའི་དགེ་མཚན་སྤེལ་བ་ སོགས་མ་འོངས་བསྟན་པའི་བདག་པོར་འགྱུར་བའི་ལེགས་བྱས་རྣམས་ཀྱང་། རྗེ་དུས་གསུམ་མཁྱེན་པ་གཉིས་པ་མཛད་ཅིང་། དེ་མཚམས་ཐུབ་པའི་གསེར་ཐང་ཤིན་ཏུ་ལེགས་པ། རྗེ་ཉིད་ཀྱི་སྣམ་ཆོས་སོགས་དངོས་པོ་ དུ་མའི་སྒོ་ནས་དཔོན་སློབ་རྣམས་ཀྱི་ཐུགས་ཀྱི་དགྱེས་པ་ཡང་དག་པར་བསྐྱེད་དེ། སླད་ཀྱང་རིན་པོ་ཆེ་དཔོན་སློབ་རྣམས་ཀྱང་། ཨེ་ཝྃ་གྱི་ཆོས་གྲྭ་ཆེན་པོར་ཕེབས་པར་མཛད་དོ། །དེའི་ཕྱི་ལོའི་ དཔྱིད་སོས་བས

【現代漢語翻譯】 以殊勝的方式進行供養,例如給予蘇瓦的指示等,並恰當地進行尊敬。現在,作為第九任埃旺(Ewam,無二)法座的持有者,他以善行的緣起,從那時起就安排妥當。那時,他特別為從東方來的三位上師(Nangsum)單獨教授佛法,並與僧眾一起聽聞密法。1-726 薈供加持,因陀羅空行(Indra Khachod),如意自在(Dodgyal),至尊咕嚕咕咧佛母(Kurukulle)等的加持和單獨的口傳也給予了。夏季法會結束后,他前往三律儀洲(Serdom Sumling),並在光芒萬丈五尊(Ozer Chan Lha Nga)壇城的沙壇城中給予了雙倍次數的灌頂。法王仁波切(Choje Rinpoche)親自主持,給予了大威德金剛(Jigje Rawod)等的許多經論和講解。然後,在冬季初,他再次前往三竹林(Samdrubling),在那裡給予了覺域派(Kyoluk)的斷法引導。當時的口頭傳承,正如法王仁波切所記錄的那樣。呈給法王本人觀看,並給予了非常純正的讚揚。他的著作,以及之前在南嘉(Namgyal)完整地給予了勝樂金剛(Demchok Luipa)的灌頂兩次,給予了盔甲勇士父母(Gochai Pawo Yabyum)的加持。後來,在三竹林(Samdrubling)給予了金剛瑜伽母(Dorje Khadro),大威德金剛薩路派(Jigje Saluk)等的灌頂,也根據所化眾生的意願而給予。那時,大士(Daknyi Chenpo)親自為法王仁波切服務,在上下遮蓋的藍色布匹中,有護法的金字經書,以及菩提道次第論(Lamgyi Drubyik)等許多黃色經書,其中包含了舊經文,法王本人在目錄中記錄的那些經文的傳承,也以這些佛法的方式給予了無量的法門。1-727 爲了圓滿上師的心願,建造的護法金像圓滿完成後,主要進行了朵瑪修法,並在吉祥多門(Tashi Gomang)的墻壁上進行了加持,增加了吉祥,這些都將成為未來佛教的護持者的善行。上師是知曉三世的第二佛陀。那時,非常精美的釋迦牟尼佛金像,上師的法衣等許多物品,都使上師和弟子們的心生起了極大的喜悅。後來,仁波切和上師們也前往了埃旺(Ewam)大法學院。第二年春天。

【English Translation】 He made proper offerings with special respect, such as giving the instructions of Suwa. Now, as the ninth holder of the Ewam (Non-Dual) throne, he arranged the auspicious connections of virtuous deeds from that time onwards. At that time, he specially taught the Dharma separately to the three masters (Nangsum) who came from the East, and together with the Sangha, he listened to the Mantrayana. 1-726 He also bestowed empowerments and separate oral transmissions of Tsok Offering Blessings, Indra Khachod, Dodgyal, Jetsunma Kurukulle, etc. After the summer Dharma assembly, he went to Serdom Sumling and gave double the number of initiations in the sand mandala of the Radiant Five Deities (Ozer Chan Lha Nga). Choje Rinpoche himself presided over the event, giving many scriptures and explanations of Jigje Rawod, etc. Then, in the early winter, he went again to Samdrubling, where he gave the severance instructions of the Kyoluk tradition. The oral tradition at that time, as recorded by Choje Rinpoche. It was presented to Choje himself, and he gave very pure praise. His writings, and previously in Namgyal, he fully gave the empowerment of Demchok Luipa twice, giving the blessings of the Armor Warrior Parents (Gochai Pawo Yabyum). Later, in Samdrubling, he gave the empowerments of Vajrayogini (Dorje Khadro), Jigje Saluk, etc., also according to the wishes of the disciples to be tamed. At that time, Daknyi Chenpo personally served Choje Rinpoche, in the blue cloths covered above and below, there were the golden scriptures of the protector, and many yellow scriptures such as Lamgyi Drubyik, which contained old texts, the transmissions of those texts recorded by Choje himself in the catalog, were also given in these Dharma ways with immeasurable doors. 1-727 In order to fulfill the master’s wishes, after the completion of the protector’s golden statue, the main Torma practice was performed, and blessings were made on the walls of Tashi Gomang, increasing auspiciousness, which will become the virtuous deeds of the future holders of Buddhism. The master is the second Buddha who knows the three times. At that time, the very exquisite golden statue of Shakyamuni Buddha, the master’s Dharma robes, and many other items, made the minds of the master and disciples arise with great joy. Later, Rinpoche and the masters also went to the Ewam Great Dharma Academy. The following spring.


མ་གྲུབ་གླིང་གི་དགོན་གནས་ཉིད་དུ་གདུལ་བྱ་བསྐལ་བ་དང་ལྡན་པ་མང་ཙམ་ལ། རྩ་ཨུཏྤལ་གཞོན་ནུ་ཁ་འབྱེད་པ། རྫོགས་རིམ་དབུ་མའི་ཉམས་སྐྱེ་ཁྲིད་འཇུག་ཚུགས་སུ་འདེབས་པར་མཛད་ ཅིང་། བདག་པ་ཉུང་ཤས་གཅིག་ལ་དབང་ཁང་དུ་ཐུན་མོང་མ་ཡིན་པའི་བླ་མའི་ཐ་སྙད་མཛད་པའི་ནཱ་རོ་མཁའ་སྤྱོད་ཀྱི་ཚོགས་མཆོད་བྱིན་རླབས་ཀྱི་བཀའ་དྲིན་ཟབ་མོ་ཡང་སྩལ་ཞིང་། གཞན་ཡང་ མཻ་ཏྲི་མཁའ་སྤྱོད། ཨོཾ་གསུམ་མའི་སྔགས་བཏུ་སོགས་ཤིན་ཏུ་བྱིན་རླབས་ཀྱི་སྒོ་དུ་མའི་ཆོས་ཀྱི་ཆར་ཆེན་པོ་ཕབས་ནས། སླར་ཡང་དབྱར་ཆོས་ཀྱི་སྟེང་དུ་ཐུབ་བསྟན་དར་རྒྱས་གླིང་གི་ཆོས་གྲྭ་ཆེན་པོར་ཕེབས་ཏེ། 1-728 སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་། ཇོ་བོའི་ཆོས་འབྱུང་བརྒྱ་རྩའི་ལུང་དང་། ཁྱད་པར་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྨིན་གྲོལ་གྱི་གདམས་པའི་དགའ་སྟོན་ཡང་དག་པར་འགྱེད་པར་མཛད་ ནས། དགུན་ངོ་ཁུ་དབོན་རྣམས་ལྷན་ཅིག་ཏུ་ཏང་ཀྱར་ཕེབས་ཏེ། རྗེ་ཉིད་རྒྱུན་ལྡན་གྱི་ཐུགས་དམ་གྱི་རིམ་པ་དང་། རྗེ་དབོན་རྣམས་ཐུགས་གཉེར་ལ་ཤིན་ཏུ་འགྲུས་པར་མཛད་ཅིང་། དེ་སྐབས་རྡོ་རྗེ་ ནག་པོ་ཆེན་པོའི་བྲིས་ཐང་སྤྱི་ལུགས་ལས་ལོགས་སུ་གར་བའི་རོ་གདན་གྱི་ཚབ་ལ་ཚངས་པ་ཕོ་མོ་སོར་རིས་གསུམ་གྱིས་དཔྲལ་བར་མཚན་པ་གཉིས་ཞབས་ཀྱིས་མནན་ཞིང་དབུ་སྐྲ་ཁམས་སེར་བུམ་ ལྟོའི་རྣམ་པས་གཙུག་ཏུ་བཅིངས་པའི་མདུན་ན་སྤྲུལ་སྐུ་མི་བསྐྱོད་པས་བརྒྱན་པ། མེ་རིས་དམར་ནག་སེར་ནག་སྨུག་ནག་ལྗང་ནག་ལ་སོགས་པ་བཀོད་པའི་ཁྱད་པར་དུ་མ་དང་ལྡན་པ་ཞིག་ཀྱང་ འབྲི་བར་མཛད་ཅིང་། དེ་ནས་བདག་ཉིད་ཆེན་པོ་དགུང་གི་ལོ་དོན་གཉིས་ཀྱི་སྟེང་དུ་ཕེབས་པ་ཕག་གི་ལོ་མགོ་ལ་སྨོན་ཐང་རྒྱལ་པོའི་ཁབ་ཏུ་དབོན་རྣམ་གཉིས་ཀྱིས་གཙོ་མཛད། བཤད་གསར་བ་ དག་གིས་འདུས་པའི་དགེ་འདུན་གྱི་དབུས་སུ་གཞུང་ལུགས་དུ་མའི་ཚིག་དོན་ལས་བརྩད་པའི་གྲྭ་བསྐོར་གྱི་རྣམ་བཞག་མཐར་ཕྱིན་པར་མཛད་ཅིང་། སངས་རྒྱས་པའི་མིག་རྐྱེན་དུ་འགྱུར་བའི་ལེགས་བྱས་ཀྱི་སྣང་བ་རྒྱ་ཆེན་པོ་བསྐྱེད་པར་མཛད་དོ། ། 1-729 དེ་ལྟར་རྗེ་བཙུན་བླ་མ་ཡབ་སྲས་ཀྱིས། །སངས་རྒྱས་བསྟན་པའི་རྩ་བ་སྡོམ་པ་གསུམ། །དབང་བསྐུར་རྒྱུད་དང་མན་ངག་དུ་མའི་སྒོ། །ལན་གཅིག་མིན་པར་ཡང་ཡང་གདུལ་བྱ་ལ། །རླབས་ཆེན་ཆོས་ཀྱི་ བདུད་རྩི་སྤེལ་བར་མཛད། །སྲིད་པའི་བདེ་ལ་ཉེ་བར་ཆགས་པ་དང་། །འགལ་དུམ་སེམས་ཀྱི་གླང་ཆེན་མྱོས་པ་དག །དྲན་ཤེས་ལྕགས་ཀྱུས་བདེ་བླག་བསྐུམ་མཛད་པའི། །རྒྱ་ཆེན་འདུལ་བའི་བསྟན་པ་སྤེལ་བར་ མཛད། །སྨོན་འཇུག་སེམས་གཉིས་ཤིང་རྟས་ལེགས་དྲངས་ཤིང་། །སྲས་བཅས་རྒྱལ་བའི་ཞིང་ཁམས་ལ་ཞུགས་ནས། །བསྡུ་དངོས་ཐེམ་སྐས་དག་ལ་འགོད་པ་ཡི། །རྒྱལ་སྲས་སེམས་པའི་རིང་ལུགས་སྤེལ་བར་མཛད། ། སྨི

【現代漢語翻譯】 在མ་གྲུབ་གླིང་(音譯:瑪珠林)的寺院裡,他為許多有緣的弟子開啟了ཨུཏྤལ་གཞོན་ནུ་ཁ་འབྱེད་པ།(音譯:烏特巴拉炯努卡杰巴,字面意思:烏 উৎপལ་(梵文,उत्पल,utpala,青蓮花) 帕拉(梵文,पत्र,patra,葉) 炯努(藏文,གཞོན་ནུ་,zhon nu,年輕的) 卡杰(藏文,ཁ་འབྱེད་,kha ‘byed,開啟)),引導他們進入རྫོགས་རིམ་དབུ་མའི་ཉམས་སྐྱེ་(音譯:佐欽烏瑪涅杰,字面意思:圓滿次第中觀的體驗生起)的修持,併爲少數親近的弟子,以非同尋常的上師之名,賜予ནཱ་རོ་མཁའ་སྤྱོད་(音譯:那若卡覺,字面意思:那若空行母)的會供加持。 此外,他還降下了མཻ་ཏྲི་མཁའ་སྤྱོད།(音譯:麥智卡覺,字面意思:彌勒空行母)和ཨོཾ་གསུམ་མའི་སྔགས་བཏུ་(音譯:嗡松瑪的咒語,字面意思:嗡三母的咒語)等眾多加持之門的大法雨。之後,他又回到夏季法會上,前往ཐུབ་བསྟན་དར་རྒྱས་གླིང་(音譯:圖丹達吉林,字面意思:釋迦教法興盛洲)的佛學院。 在那裡,他賜予了སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་།(音譯:竹塔嘉擦杰囊,字面意思:百種儀軌的隨許),ཇོ་བོའི་ཆོས་འབྱུང་བརྒྱ་རྩའི་ལུང་།(音譯:覺沃曲炯嘉擦隆,字面意思:覺沃法源百種的傳承),以及特別是གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྨིན་གྲོལ་གྱི་གདམས་པའི་དགའ་སྟོན།(音譯:松鄂仁波切朗哲布當貝貝敏卓杰丹貝嘎東,字面意思:珍貴口傳道果及其果位的成熟解脫甘露)的喜宴。冬天,他和ཁུ་དབོན་(音譯:庫溫,字面意思:叔侄)一起去了ཏང་ཀྱར་(音譯:當嘉)。他自己專注于日常的修持,他的弟子們則非常努力地學習。當時,他還繪製了一幅與傳統風格不同的རྡོ་རྗེ་ནག་པོ་ཆེན་པོའི་བྲིས་ཐང་།(音譯:多杰納波欽波唐卡,字面意思:金剛黑尊唐卡),這幅唐卡沒有采用常見的尸墊,而是畫了梵天男女,用三根手指按住額頭,雙腳踩著他們,頭髮呈黃褐色,像寶瓶的腹部一樣束在頭頂,前面裝飾著化身不動明王。唐卡上還繪製了紅色、深黑色、黃色、黑色、紫黑色、綠色等各種顏色的火焰。 之後,當他七十二歲,在豬年年初,在སྨོན་ཐང་རྒྱལ་པོའི་ཁབ་(音譯:門塘嘉波卡,字面意思:門塘王宮)由兩位弟子主持,並在新來的學者們聚集的僧團中,進行了對多種經論的辯論,圓滿了གྲྭ་བསྐོར་(音譯:扎廓,字面意思:辯經)的儀式,創造了廣大的善行,成爲了佛教的助緣。 如是,尊貴的上師父子, 將佛陀教法的根本——三律儀, 灌頂、續部和眾多訣竅之門, 不止一次,而是反覆地, 為有緣的弟子們, 廣佈殊勝的法之甘露。 對於世間安樂的執著, 以及與正法相違的狂象般的內心, 以正念的鐵鉤輕易地調伏, 廣弘這偉大的調伏之教。 以發心和行心二車善巧引導, 進入諸佛菩薩的凈土, 將眾生安置於菩提階梯之上, 廣弘這菩薩的行持之道。

【English Translation】 At the monastery of Magru Ling, he opened the ‘Utpala Zhonnu Khajepa’ (Tibetan: རྩ་ཨུཏྤལ་གཞོན་ནུ་ཁ་འབྱེད་པ།, meaning: Opening the Young Utpala Lotus) for many fortunate disciples, guiding them into the practice of ‘Dzogrim Uma Nyamkye’ (Tibetan: རྫོགས་རིམ་དབུ་མའི་ཉམས་སྐྱེ་, meaning: Experiencing the arising of the Madhyamaka in the Completion Stage). To a few close disciples, he bestowed the profound blessings of the Narokacho (Tibetan: ནཱ་རོ་མཁའ་སྤྱོད་, meaning: Naropa’s Dakini) Tsok Offering, with the uncommon title of Lama. Furthermore, he showered great Dharma rain of numerous blessings, such as Maitri Kacho (Tibetan: མཻ་ཏྲི་མཁའ་སྤྱོད།, meaning: Maitri Dakini) and the mantra of ‘Om Summa’ (Tibetan: ཨོཾ་གསུམ་མའི་སྔགས་བཏུ་, meaning: Gathering the mantra of Om Summa). Afterwards, he returned to the summer Dharma assembly and went to the great Dharma school of Thubten Dargye Ling (Tibetan: ཐུབ་བསྟན་དར་རྒྱས་གླིང་, meaning: Shakyamuni’s teachings flourishing continent). There, he bestowed the Jenang (Tibetan: རྗེས་གནང་, meaning: subsequent permission) of ‘Drubthap Gyatsa’ (Tibetan: སྒྲུབ་ཐབས་བརྒྱ་རྩ་, meaning: Hundred Methods of Accomplishment), the Lung (Tibetan: ལུང་, meaning: scriptural transmission) of ‘Jowo Chojung Gyatsa’ (Tibetan: ཇོ་བོའི་ཆོས་འབྱུང་བརྒྱ་རྩ་, meaning: Hundred Sources of Jowo’s Dharma), and especially the feast of ripening and liberation of the ‘Sungngak Rinpoche Lamdre Buda’ (Tibetan: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་, meaning: Precious Oral Instructions, the Path with its Fruit). In winter, he went to Tangkar (Tibetan: ཏང་ཀྱར་) with his Khuwoon (Tibetan: ཁུ་དབོན་, meaning: uncle and nephew). He himself focused on his daily practice, and his disciples studied very diligently. At that time, he also painted a Thangka (Tibetan: བྲིས་ཐང་, meaning: painted scroll) of Dorje Nakpo Chenpo (Tibetan: རྡོ་རྗེ་ནག་པོ་ཆེན་པོ་, meaning: Great Black Vajra) that differed from the common style. Instead of the usual corpse cushion, it depicted Brahma and his consort, pressing their foreheads with three fingers, stepping on them with their feet, and their hair tied on top of their heads in the shape of a vase, adorned with the emanation of Akshobhya in front. The Thangka also depicted various colors of flames, such as red, dark black, yellow, black, purplish black, and green. Later, when he was seventy-two years old, at the beginning of the Pig year, in Montang Gyalpoi Khap (Tibetan: སྨོན་ཐང་རྒྱལ་པོའི་ཁབ་, meaning: Montang King’s Palace), hosted by two disciples, and in the midst of the Sangha (Tibetan: དགེ་འདུན་, meaning: community) gathered by the new scholars, he completed the ceremony of Drakor (Tibetan: གྲྭ་བསྐོར་, meaning: monastic debate), debating on the meanings of various scriptures, and created vast virtuous deeds that became an aid to Buddhism. Thus, the venerable Lama, father and sons, The root of the Buddha’s teachings - the three vows, The empowerment, lineage, and many doors of secret instructions, Not just once, but repeatedly, For the fortunate disciples, Spread the great nectar of Dharma. Attachment to worldly pleasures, And the mind like a drunken elephant opposing the Dharma, Easily subdued with the iron hook of mindfulness, Spread the great teachings of taming. Skillfully guided by the two chariots of aspiration and action, Entering the pure lands of the Buddhas and Bodhisattvas, Placing beings on the steps of enlightenment, Spread the path of the Bodhisattvas.


ན་བྱེད་ཟབ་ མོའི་དག་བྱེད་མཆོག་རྣམས་ཀྱིས། །བསླབ་བྱའི་རིན་ཆེན་ཁམས་ལ་རེག་གྱུར་པས། །ཕུལ་བྱུང་སྐུ་བཞིའི་འབྲས་བཟང་སྩོལ་བ་ཡི། །གསང་ཆེན་གདམས་པའི་ཕྲིན་ལས་སྤེལ་བར་མཛད། །དེ་ལྟའི་མཛད་པ་རྨད་བྱུང་བགྲང་ ཡས་ལ། །ས་སྟེང་འདི་ན་ཁྱེད་ཀྱི་འགྲན་ཟླ་སུ། །འཕགས་པའི་ཡུལ་ནི་དིང་སང་བསྟན་པའི་ཆ། །རྣམ་པར་ནུབ་ཕྱིར་དཔེ་ཟླར་སུ་ཞིག་བགྱི། མདོ་སྔགས་ཀུན་གྱི་གླེགས་བམ་གཅིག་གྱུར་པ། །ཡོངས་རྫོགས་ བསྟན་པའི་བདག་པོའི་རྨད་བྱུང་གཏམ། །བདག་འདྲ་ཕྱོགས་རེའི་མིག་ཅན་བྱིས་པའི་བློས། །ཇི་ལྟའི་སྒོ་ནས་བརྗོད་པར་ག་ལ་སྤོབས། །འོན་ཀྱང་ཡིད་ཆེས་གཏན་ཚིགས་རྣ་བ་རུ། །ཉེར་ལྷུང་སྙིང་གི་བདུད་རྩིར་སོན་པའི་ཆ། ། 1-730 མཐོང་ཐོས་གྱུར་པའི་ལེགས་བྱས་དུ་མ་ཡི། །ཆ་ཙམ་དྭངས་བའི་སེམས་ཀྱིས་འདིར་སྒྲགས་སོ། །དེ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་རང་གཞན་བདེ་ལེགས་སུ་གྱུར་པའི་མཛད་པ་ནི་བསླབ་གསུམ་གྱི་ རིང་ལུགས་སྤེལ་བའི་འཕྲིན་ལས་ཀྱི་སྒོ་འདི་ཉིད་དོ་ཞེས་སངས་རྒྱས་བསྟན་པའི་རྩ་བ་སྡོམ་པ་གསུམ་གྱི་རྒྱ་ཆེར་བསྔགས་པ་ལ་ཡང་སྦྱར་བར་བྱའོ། །མཆོག་གི་དཔལ་ལྡན་བླ་མའི་ཡོན་ཏན་བརྗོད་ པའི་ཚུལ་ལས་སྡོམ་པ་གསུམ་གྱི་ཕྲིན་ལས་ཀྱི་སྐབས་ལས་རྗེས་སུ་སྒྲགས་པའི་རབ་ཏུ་བྱེད་པ་སྟེ་བཅུ་གཅིག་པའོ།། །། ༄། །དགོངས་པ་ཆོས་ཀྱི་དབྱིངས་སུ་ཉེ་བར་བཞག་པའི་སྐབས་ལས་རྗེས་སུ་བསྒྲགས་པའི་རབ་ཏུ་བྱེད་པ་སྟེ་བཅུ་གཉིས་པ། དེ་ལྟར་བཤད་གསར་གྱི་དགའ་སྟོན་ལེགས་པར་ཚར་ནས་སླར་ཡང་སྡོམ་གསུམ་གླིང་ དུ་ཕེབས་ཏེ་ཤིན་ཏུ་སྤྲོས་མེད་སོགས་ཆོས་ཀྱི་སྒོ་དུ་མ་བསྩལ་ཞིང་། ཟླ་གཅིག་ཙམ་གྱི་བར་ལ་གདན་ཆགས། དེ་ནས་སླར་ཡང་བསམ་གྲུབ་གླིང་དུ་ཕེབས་པར་མཛད་པའི་སྐབས་ནས་ས་གའི་ཟླ་ བའི་འཇུག་ལ། དབོན་རིན་པོ་ཆེ་ཆོས་དཔལ་གྱི་དྲུང་ནས་ཞི་བར་གཤེགས་ཏེ། དེའི་ཚེ་ཤིན་ཏུ་ཕྲ་བའི་དགུང་ལོ་ལས་མ་སོན་ཀྱང་སྐྱབས་གནས་ཀུན་འདུས་རྗེ་བཙུན་ཆོས་ཀྱི་རྗེ་ཉིད་ཀྱི་མཐུས། མདོ་སྡེ་གདགས་པ་ལས། འོད་སྲུངས་ཀྱི་རིགས་གོས་མེད་ཅེས་བྱ་བ་གུམ་པ་དེའི་ཚེ། དབང་པོ་རྣམས་ནི་རྣམ་པར་དྭངས་པར་གྱུར། །བཞིན་གྱི་མདོག་ནི་ཡོངས་སུ་དག་པར་གྱུར། །ལྤགས་པའི་མདོག་ནི་ཡོངས་སུ་གསལ་བར་གྱུར། ། 1-731 ཅེས་ཐོས་ལགས་ན། བཙུན་པ་དེའི་འགྲོ་བ་ནི་གང་ལགས། གང་དུ་ནི་སྐྱེས་ལགས། འཇིག་རྟེན་ཕ་རོལ་ནི་གང་ལགས། དགེ་སློང་དག་རིགས་ཀྱི་བུ་དེ་ནི་ནོར་དུ་འགྱུར་ཏེ། ཆོས་ཀྱི་རྗེས་སུ་ མཐུན་པའི་ཆོས་མངོན་པར་རྟོགས་སོ། །ཆོས་ཀྱི་སྐབས་ནས་ང་ལ་ཅུང་ཟད་ཀྱང་ཐོ་འཚམས་པ་མེད་དོ། །དགེ་སློང་དག་རིགས་ཀྱི་བུ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་ཀྱི། དེའི་ལུས་ལ་ལུས་ ཀྱི་མཆོད་པ་གྱིས་ཤིག ཅེས་དེར་བཅོམ་ལྡན་འདས་ཀྱི་འོད་སྲུ

【現代漢語翻譯】 以深奧的凈行, 觸及修學的珍寶之源。 賜予卓越四身之善果, 弘揚大秘密教誨之事業。 如是功德無與倫比, 此世之上誰能與您比肩? 聖地印度如今教法衰微, 又有誰能作為您的典範? 融匯顯密一切經論, 圓滿教法之主的殊勝事蹟。 如我這般片面之見的孩童, 怎能如實讚頌您的功德? 然對信念與理證之語, 傾聽入耳化為心中甘露。 所見所聞諸多善行, 僅以清凈之心在此略述。 因此,聖者們利益自他的事業,正是弘揚三學之道,此乃讚頌佛法之根本——三律儀之途徑。 這是對至高尊貴的上師功德的讚頌,是從三律儀事業的角度進行的第十一篇闡述。 對安住於法界勝義諦的境界的追述,是第十二篇闡述。 如此,在講說新論的喜宴圓滿結束后,再次返回三律儀洲,傳授了極其簡樸等諸多佛法,駐錫約一個月。 之後,在返回桑珠林的過程中,薩迦月的月初,翁仁波切·曲帕示寂。當時,雖然年齡非常小,但在一切皈依處之主——至尊法王的力量下, 如《阿笈摩經》所說:『光護之種姓,名為無衣者去世時,諸根清凈,面色潔白,面板光亮。』 聽聞之後,那位比丘的去處是哪裡?生於何處?他的來世是哪裡?諸比丘,那位善男子將成為財富,現證隨順於法的正法。於法義,我沒有絲毫疑惑。諸比丘,那位善男子已完全寂滅,為他的遺體做供養吧!』當時,世尊的光護…

【English Translation】 With profound practices of purification, Touching the source of precious essence of learning, Bestowing the excellent fruits of the Four Kayas, Spreading the activities of the Great Secret Teachings. Such deeds are unparalleled, Who on this earth can rival you? The sacred land of India, now the teachings decline, Who can be taken as your example? Unifying all scriptures of Sutra and Tantra, The wondrous tales of the Lord of the complete teachings. A child with partial views like me, How can I dare to fully praise your virtues? Yet, to the ears that heed the words of faith and reason, Falling as nectar into the heart. The many good deeds seen and heard, I recount here with a pure mind. Therefore, the deeds of holy beings that bring well-being to oneself and others are none other than the path of propagating the Three Trainings, which is also applied to the extensive praise of the root of the Buddha’s teachings, the Three Vows. This is the eleventh exposition, following the section on the activities of the Three Vows, from the manner of expressing the qualities of the supreme and glorious Lama. The twelfth exposition, following the section on abiding in the Dharmadhatu of realization. Thus, after the feast of new teachings was successfully concluded, he returned to the Three Vow Continent and bestowed many teachings, such as extreme simplicity, and stayed for about a month. Then, on the occasion of returning to Samphel Ling, at the beginning of the Saka month, Won Rinpoche Chopal passed away. At that time, although he was very young, through the power of the Lord of Refuge, Jetsun Chokyi Je himself, As it is heard in the Agama Sutra: ‘When the lineage of Light Protector, called the Garmentless One, passes away, the senses become clear, the complexion becomes pure, and the skin becomes radiant.’ Having heard this, where did that monk go? Where was he born? Where is his next life? Monks, that son of good family will become wealth, realizing the Dharma that accords with the Dharma. In terms of Dharma, I have no doubts. Monks, that son of good family has completely passed into Nirvana, make offerings to his body!’ At that time, the Bhagavan’s Light Protector…


ངས་ཀྱི་རིགས་གོས་མེད་དགེ་སློང་གི་དགེ་འདུན་གྱི་མདུན་དུ་མཆོག་ཏུ་ལུང་བསྟན་ཏོ། །ཞེས་གསུང་པ་ལྟར་དུ་བཞེད་དོ། །འདའ་ཀ་མའི་ རྣལ་འབྱོར་འཕགས་པ་སྤྱན་རས་གཟིགས་ཀྱི་ངོ་སྤྲོད་ཟབ་མོ་ཡང་གནང་ཞིང་རྗེས་སུ་བཟུང་བས་འཆི་བ་འོད་གསལ་ཆོས་ཀྱི་སྐུ་སྔར་འདྲིས་ཀྱི་མཛའ་བོ་དང་འཕྲད་པ་ལྟར་མ་བུ་ངོ་ཕྲོད་དེ། དེ་ཉིད་ཀྱི་རྒྱུན་ལ་ཞག་གྲངས་ཉི་ཤུ་རྩ་གཅིག་རབ་ཏུ་མང་པོ་བཀྲག་མདངས་དང་བཅས་ནས་བཞུགས་པར་མཛད་ཅིང་། ཐུགས་དམ་དེ་ཉིད་ལ་བཞེངས་པའི་ཚེ་མེ་ཏོག་གི་ཆར་བབས་པ་ལ་སོགས་ པ་དེ་དུས་ཀྱི་སྐྱེ་བོ་ཀུན་ལ་མངོན་སུམ་དུ་གསལ་ཞིང་། དེའི་ཚུལ་རྒྱས་པར་མཁན་པོ་འཇམ་པའི་དབྱངས་ཉིད་ཀྱི་དེ་དུས་མཛད་པའི་འབུལ་ཡིག་གི་དབུ་ན་ཞིབ་རྒྱས་སུ་མཛད་པ་ལྟར་ཡིན་ལ། 1-732 དེར་འཕགས་པ་སྤྱན་རས་གཟིགས་ཀྱི་བྲིས་ཐང་དང་གསེར་སྐུ་སོགས་དགོངས་རྫོགས་ཀྱི་རིམ་པ་མཐའ་ཡས་པ་ཡང་རྗེ་ཉིད་ཀྱིས་ལྷུམས་ཞུགས་སུ་གནང་ཞིང་། དེ་ལྟའི་མཛད་པའི་སྒོ་དེ་དག་མཐར་ཕྱིན་པའི་ ཕྱི་ལོ། དབོན་རིན་པོ་ཆེ་ཤར་ཕྱོགས་ནས་ཕེབས་ཏེ། བྲག་དཀར་ཐེག་ཆེན་དར་རྒྱས་གླིང་དུ་བསུ་བའི་བཀོད་པ་དུ་མ་དང་བཅས་ནས་གདན་དྲངས། དེར་ཀྱཻ་རྡོར་བཀའ་བབས་བཞི། གཙོ་ཆེའི་ཆོས་སྣ་ སུམ་ཅུ་རྩ་དགུའི་ལུང་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང་། དེ་མཚམས་སྡོམ་གསུམ་གླིང་གི་ཆོས་གྲྭ་ཆེན་པོར་སྐུའི་རྒྱལ་ཚབ་དམ་པར་མངའ་གསོལ་བར་མཛད་ནས། རྗེ་ཉིད་ཞབས་ འབྲིང་གི་སྐུ་འཁོར་གྱི་ཚོགས་དང་བཅས་པ་རོང་གི་འགྲོ་བ་རྣམས་ལ་ཐར་པའི་ས་བོན་བཟང་པོ་བསྐྲུན་པའི་སླད་དུ། རི་བོ་གསེར་ལོགས་ཀྱི་ངོགས། མུ་ཁག་གནམ་གྱི་རྫོང་དུ་ཕེབས་པར་མཛད་ དེ། དེར་ཞག་འགའ་ཟུང་གདན་ཆགས་པའི་སྐབས་ནས་རྫོང་དཔོན་སོགས་ཀྱིས་དགུན་བཞུགས་རྫོང་ཉིད་དུ་གདན་ཆགས་པར་གསོལ་བ་བཏབ་ཀྱང་། བཙུན་པའི་སྡོད་ས་གྲོང་དང་འདུ་འཛིའི་དབུས་མ་ཡིན། བས་མཐའི་དགོན་ པ་དབེན་པ་གྲོང་ལས་རིང་དུ་སོང་བ་ཞིག་ཏུ་དགོས་པ་ཡིན་གསུངས་ནས་བ་ཡངས་ཀྱི་དགོན་ཆུང་དེར་ཕེབས་ཏེ། ཐོག་མར་སྐུ་མཚམས་ཀྱི་རིམ་པ་ཡུན་མི་རིང་བ་ཞིག་མཛད་ནས། དེ་མཚམས་ཕྱོགས་ནས་འདུས་པའི་དོན་དུ་གཉེར་བའི་དགེ་འདུན་རྣམས་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྨིན་གྲོལ་གྱི་གདམས་པ་ཡང་དག་པ་གནང་བར་མཛད་ཅིང་། 1-733 དེ་ཉིད་བར་ཆད་མེད་པར་གྲོལ་མཚམས། ཆུ་མིག་བརྒྱ་རྩའི་གནས་སུ་ཕེབས་ཏེ། དེར་འདུས་པ་རྣམས་ལ་སྤྱི་འགྲོར་མི་གཡོ་བ་སྔོན་པོའི་རྗེས་གནང་སྩལ་ཞིང་། ཉུང་ཤས་གཅིག་ལ་ཆུ་བསྲུང་ཡང་གནང་། དེ་ནས་ཚུལ་ཁྲིམས་གླིང་དུ་ཕེབས་ནས། གཞུང་བཤད་དམར་མའི་བཤད་པ། བློ་སྦྱོང་དོན་བདུན་མའི་ཁྲིད། རྣམ་འཇོམས་མ་ཎི་བཛྲ་ལ་སོགས་པའི་དབང་བསྐུར་བ། སྐྱེ་བོ་མང་པོ་ལ་མ་ག

【現代漢語翻譯】 他如是認為,正如所說:『我于無數比丘僧眾前,獲得了殊勝的授記。』 他還給予了阿瓦都帝(藏文:འདའ་ཀ་མ,梵文天城體:Avadhūta,梵文羅馬擬音:Avadhūta,漢語字面意思:離垢者)的 瑜伽士(藏文:རྣལ་འབྱོར,梵文天城體:yogin,梵文羅馬擬音:yogin,漢語字面意思:瑜伽士)殊勝的觀世音(梵文:Avalokiteśvara)的甚深引導,並加以攝受,使得死亡的光明法身如老友相逢般母子相認。 並在其相續中,以極大的光彩安住了二十一日之久。當他安住于禪定時,天降花雨等,當時的人們都親眼目睹。其詳細情況,正如堪布蔣貝央(藏文:འཇམ་པའི་དབྱངས)本人當時所作的獻文中詳細記載的那樣。 在那裡,他還親自主持了觀世音(梵文:Avalokiteśvara)的唐卡(Thangka)和金像等無量圓寂儀式的製作。在完成這些事業后的第二年,他的侄子仁波切從東方前來,以眾多的迎接儀式迎請至扎噶·特欽達吉林(藏文:བྲག་དཀར་ཐེག་ཆེན་དར་རྒྱས་གླིང)。 在那裡,他轉動了包括勝樂金剛(藏文:ཀྱཻ་རྡོར,梵文天城體:Hevajra,梵文羅馬擬音:Hevajra,漢語字面意思:嘿汝嘎)傳承四灌頂和三十九種主要法類的廣大法輪。之後,他被擁立為三律寺(藏文:སྡོམ་གསུམ་གླིང)大法學院的身代表,並與侍從眷屬一同前往絨地,爲了給那裡的眾生播下解脫的良種,他前往了日沃色洛(藏文:རི་བོ་གསེར་ལོགས)山腰的木喀·南吉宗(藏文:མུ་ཁག་གནམ་གྱི་རྫོང)。 在那裡住了幾天後,宗本(藏文:རྫོང་དཔོན)等人請求他留在宗地過冬,但他說道:『僧侶的住所不應在城鎮和喧囂之中,而應在遠離城鎮的偏遠寺廟。』於是他前往了瓦揚(藏文:བ་ཡངས)的小寺廟,首先進行了短暫的閉關。 之後,他為從各地聚集而來的求法僧眾,給予了包括道果(藏文:ལམ་འབྲས)在內的口傳心要的成熟解脫的教導。 在毫無間斷地結束閉關后,他前往了秋米嘉擦(藏文:ཆུ་མིག་བརྒྱ་རྩ)的地方,在那裡,他向聚集的人們給予了共同的不動佛(藏文:མི་གཡོ་བ,梵文天城體:Acala,梵文羅馬擬音:Acala,漢語字面意思:不動)灌頂,並向少數人給予了護水法。 之後,他前往了楚臣林(藏文:ཚུལ་ཁྲིམས་གླིང),在那裡,他給予了紅觀音(藏文:གཞུང་བཤད་དམར་མ)的講解、《修心七要》(藏文:བློ་སྦྱོང་དོན་བདུན་མ)的引導、破除金剛手(藏文:རྣམ་འཇོམས,梵文天城體:Vajrapāṇi,梵文羅馬擬音:Vajrapāṇi,漢語字面意思:金剛手)的灌頂,並向許多人給予了瑪尼(藏文:མ་ཎི,梵文天城體:Maṇi,梵文羅馬擬音:Maṇi,漢語字面意思:如意寶)的加持。

【English Translation】 He thought so, just as it is said: ‘I received the supreme prophecy in front of countless Bhikshu Sanghas.’ He also gave the Avadhūta’s (Tibetan: འདའ་ཀ་མ, Sanskrit Devanagari: Avadhūta, Sanskrit Romanization: Avadhūta, Chinese literal meaning: One who is free from impurities) Yogin’s (Tibetan: རྣལ་འབྱོར, Sanskrit Devanagari: yogin, Sanskrit Romanization: yogin, Chinese literal meaning: Yogi) profound introduction to the noble Avalokiteśvara, and embraced him, so that the clear light Dharmakāya of death recognized each other like old friends meeting, mother and child recognizing each other. And in its continuum, it remained with great splendor for twenty-one days. When he was in meditation, flowers rained down from the sky, which the people of that time witnessed. The details are as described in detail in the dedication written by Khenpo Jampelyang (Tibetan: འཇམ་པའི་དབྱངས) himself at that time. There, he also personally presided over the production of countless Parinirvana ceremonies such as Avalokiteśvara’s (Sanskrit: Avalokiteśvara) Thangka and golden statue. In the second year after completing these undertakings, his nephew Rinpoche came from the east and was invited to Dragkar Tekchen Dargyeling (Tibetan: བྲག་དཀར་ཐེག་ཆེན་དར་རྒྱས་གླིང) with many welcoming ceremonies. There, he turned the vast wheel of Dharma, including the four empowerments of the Hevajra (Tibetan: ཀྱཻ་རྡོར, Sanskrit Devanagari: Hevajra, Sanskrit Romanization: Hevajra, Chinese literal meaning: Heyvajra) lineage and thirty-nine major Dharma categories. Afterwards, he was enthroned as the representative of the Three Vows Monastery (Tibetan: སྡོམ་གསུམ་གླིང) Great Dharma Academy, and together with his entourage of attendants, he went to Rong to sow the good seeds of liberation for the beings there. He went to the hillside of Riwoselok (Tibetan: རི་བོ་གསེར་ལོགས) and Mukha Namgyizong (Tibetan: མུ་ཁག་གནམ་གྱི་རྫོང). After staying there for a few days, the Dzongpon (Tibetan: རྫོང་དཔོན) and others requested him to stay in the Dzong for the winter, but he said: ‘The residence of monks should not be in towns and hustle and bustle, but in remote monasteries far away from towns.’ So he went to the small monastery of Wayang (Tibetan: བ་ཡངས), and first did a short retreat. After that, he gave the ripening and liberating teachings of the oral instructions, including the Path and Fruit (Tibetan: ལམ་འབྲས), to the Sangha who had gathered from all directions seeking the Dharma. After completing the retreat without interruption, he went to the place of Chumigyatsa (Tibetan: ཆུ་མིག་བརྒྱ་རྩ), where he gave the common Akshobhya (Tibetan: མི་གཡོ་བ, Sanskrit Devanagari: Acala, Sanskrit Romanization: Acala, Chinese literal meaning: Immovable) empowerment to those who gathered there, and gave water protection to a few. After that, he went to Tsultrimling (Tibetan: ཚུལ་ཁྲིམས་གླིང), where he gave explanations of the Red Avalokiteśvara (Tibetan: གཞུང་བཤད་དམར་མ), guidance on the Seven Points of Mind Training (Tibetan: བློ་སྦྱོང་དོན་བདུན་མ), empowerment of Vajrapani (Tibetan: རྣམ་འཇོམས, Sanskrit Devanagari: Vajrapāṇi, Sanskrit Romanization: Vajrapāṇi, Chinese literal meaning: Vajrapani), and gave blessings of Mani (Tibetan: མ་ཎི, Sanskrit Devanagari: Maṇi, Sanskrit Romanization: Maṇi, Chinese literal meaning: Jewel) to many people.


ཅིག་གྲུབ་པའི་ རྒྱལ་མོའི་ཚེ་དབང་སོགས་གསུང་ཆོས་མང་དུ་གནང་བའི་སྐབས་ནས་ས་སྐྱ་ནས་བདག་ཆེན་འཇམ་པའི་དབྱངས་དཔོན་སློབ་རྣམས་ཕེབས་པའི་སྐད་ཆ་གསན་པའི་རྐྱེན་བྱས་ནས། སླར་ཡང་ཡར་ཕྱོགས་ལ་ཕེབས་པར་ མཛད་དེ། ཤེལ་དཀར་གཙུག་རྒྱན་གྱི་གནས་དེ་ཉིད་དུ་གདན་ཆགས་ནས་རྒྱུད་ཀྱི་བཤད་བཀའ་གཅིག་གནང་བས་བརྟག་པ་དང་པོ་སོང་ཙམ་གྱི་སྐབས་ནས་ཧོར་འཇིགས་ཀྱི་སྟོབས་ཀྱིས། བརྟག་པ་ཕྱི་མའི་ས་ གཞུང་རྣམས་ལུང་ཙམ་དུ་མཛད་ནས་དྲིས་ལན་འགའ་དང་། དམར་ཆོས་ཀྱི་རྒྱལ་པོ་གྲུབ་ཐོབ་ཡོན་ཏན་དཔལ་གཉིས་ཀྱི་རྣམ་ཐར་གྱི་ཐུགས་རྩོམ་གནང་ཞིང་། སླར་ཡང་ཏང་ཀྱར་ཕེབས་ནས་ཆོས་ཀྱི་རྗེ་དབོན་ གྱིས་གཙོ་མཛད་ལྷོ་འབྲོག་དོལ་གསུམ་ནས་འདུས་པའི་གདུལ་བྱ་རྣམས་ལ་གསུང་ངག་རིན་པོ་ཆེའི་ཐ་མ་དེ་ཉིད་གསུངས་ཤིང་། ཀྱེ་རྡོར་བཅུ་བདུན་མའི་དབང་དང་། གཞུང་བཤད་སྲས་དོན་མའི་ལུང་སོགས་ཟུར་ཆོས་མང་དུ་གསན། 1-734 དེ་དུས་གཟིགས་སྣང་གི་བཀོད་པ་རྗེ་བཙན་མ་སྒྲོལ་མ་སྐུ་མདོག་གི་ཁྱད་པར་སྤྱི་ལས་ལོགས་སུ་དགར་བ་ཞིག་ཀྱང་རི་མོ་མཁན་ལ་གསོ་སྦྱོང་གི་སྡོམ་པ་སྩལ་ནས་འབྲིར་འཇུག་པ་མཛད་ ཅིང་། དེ་ལོ་མནལ་ལྟས་ཀྱང་ལྷག་པར་འཚུབ་གསུངས། སྐུ་རིམ་གྱི་ཁྱད་པར་དུ་མའི་བསྐུལ་འདེབས་གནང་ཞིང་། སྔོན་ཆོས་རྗེ་སེམས་དཔའ་ཆེན་པོ་མུས་ཆེན་དཀོན་མཆོག་རྒྱལ་མཚན་མྱ་ངན་ལས་འདའ་བའི་གོང་ ཙམ་དུ་སྐྱེམས་དད་ཤིན་ཏུ་ཆེ་བས་གསོལ་ཇ་མང་དུ་བཞེས་དགོངས་པ་བྱུང་པ་ལ། གསོལ་དཔོན་གྱིས་རྒྱུ་མཚན་ཞུས་པས་སེམས་དཔའ་ཆེན་པོའི་ཞལ་ནས། ང་ལ་ཁ་རིང་དབྱར་ཆོས་འཆད་དུས་རི་ སོགས་སྨུག་པའི་རང་བཞིན་དུ་འཆར་བ་གཅིག་བྱུང་བ་དེ་ས་ཆུ་མ་ཐིམ་པའི་རྟགས་སུ་འདུག དོ་ཞག་སྐོམ་དད་ཤིན་ཏུ་ཆེ་བ་འདི་ཆུ་མེ་ལ་ཐིམ་པའི་རྟགས་ཡིན། རྣལ་འབྱོར་པ་ལམ་ སྒོམ་པའི་སྟོབས་ཀྱིས་གཞི་དུས་ཀྱི་རྟགས་རྣམས་ལམ་རྟགས་སུ་ཤར་བ་ཡིན་ནོ་གསུང་བ་ཇི་ལྟ་བ་བཞིན་དུ། རྗེ་བཙུན་འདི་ཉིད་ལ་ཡང་དེ་སྐབས་ཤིན་ཏུ་སྐྱེམ་དད་ཆེ་བ་ཆབ་གྲངས་ཤིན་ ཏུ་མང་བ་མཆོད་དགོས་པ་གཅིག་བྱུང་ཞེས་ཞབས་འབྲིང་བ་རྣམས་གཏམ་དུ་གླེང་ཞིང་། སླར་ཡང་ཤེལ་དཀར་རི་བོའི་གཙུག་རྒྱན་ཉིད་དུ་ཕེབས་པར་མཛད་དེ། འབྲོག་ཕྱོགས་ཀྱི་གདུལ་བྱ་ཆོས་དོན་དུ་གཉེར་བ་དུ་མ་ལ། 1-735 རྒྱུ་ལམ་བདག་མེད་མའི་ཕྱི་ནང་། རྣམ་འཇོམས་བིར་ལུགས། ཤིན་ཏུ་སྤྲོས་མེད་ཀྱི་ཁྲིད་སོགས་ཆོས་ཀྱི་རྣམ་གྲངས་དུ་མ་སྩོལ་བར་མཛད། དེ་ལ་སྤྱིར་མདོ་སྡེ་རིན་པོ་ཆེ་དག་གི་ནང་ན་བྱང་ ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་དུ་དཔག་ཚད་བརྒྱར་ཡང་ཆོས་སྟོན་དུ་འགྲོ། དེ་བཞིན་དུ་དཔག་ཚད་སྟོང་དང་། ཁྲི་དང་། འབུམ་གྱི་བར་དུ་སེམས་ཅན་ལ་ཆོས་སྟོན་པ་ལ་ཡང་། ནེམ་ནུར་ དུ་མི་བྱེད་ཅིང་། རྙེད་པ་ལ་མི་ལྟ། བཀུར་

【現代漢語翻譯】 在一次給予རྒྱལ་མོའི་ཚེ་དབང་(藏文,梵文天城體,梵文羅馬擬音,漢語字面意思:王母長壽灌頂)等眾多佛法講授之際,因聽到薩迦的བདག་ཆེན་འཇམ་པའི་དབྱངས་དཔོན་སློབ་(藏文,梵文天城體,梵文羅馬擬音,漢語字面意思:大主尊妙音上師)等到來的訊息,再次啟程前往北方。 在ཤེལ་དཀར་གཙུག་རྒྱན་(藏文,梵文天城體,梵文羅馬擬音,漢語字面意思:希爾卡爾頂飾)安頓下來后,給予了一次密續的講解,剛進行到第一次觀察時,由於霍爾的威勢,後面的觀察內容只是略作提及,並回答了一些問題。創作了關於དམར་ཆོས་ཀྱི་རྒྱལ་པོ་གྲུབ་ཐོབ་ཡོན་ཏན་དཔལ་(藏文,梵文天城體,梵文羅馬擬音,漢語字面意思:紅教法王成就者功德吉祥)二者的傳記。 之後再次前往ཏང་ཀྱར་(藏文,梵文天城體,梵文羅馬擬音,漢語字面意思:唐卡),為以法主師徒為主的來自ལྷོ་འབྲོག་དོལ་གསུམ་(藏文,梵文天城體,梵文羅馬擬音,漢語字面意思:洛、卓、多三地)的信徒們講授了最後的口傳心要,並聽聞了ཀྱེ་རྡོར་བཅུ་བདུན་མའི་དབང་(藏文,梵文天城體,梵文羅馬擬音,漢語字面意思:集密金剛十七尊灌頂)和གཞུང་བཤད་སྲས་དོན་མའི་ལུང་(藏文,梵文天城體,梵文羅馬擬音,漢語字面意思:經釋子義母傳承)等額外的教法。 當時,他還讓一位畫家接受居士戒,繪製了一幅與常見的རྗེ་བཙན་མ་སྒྲོལ་མ་(藏文,梵文天城體,梵文羅馬擬音,漢語字面意思:至尊度母)顏色略有不同的畫像。據說那一年他的夢境也特別紛亂,並多次請求進行祛病延壽的儀式。 過去,在ཆོས་རྗེ་སེམས་དཔའ་ཆེན་པོ་མུས་ཆེན་དཀོན་མཆོག་རྒྱལ་མཚན་(藏文,梵文天城體,梵文羅馬擬音,漢語字面意思:法主大菩薩穆欽貢覺堅贊)圓寂之前,由於他非常虔誠,想多喝些茶,但茶房詢問原因時,大菩薩說:『我夢見卡林在夏天講法時,山等都呈現出煙霧般的顏色,這是地水未消融的徵兆。今天特別口渴,這是水融入火的徵兆。瑜伽士通過修行的力量,將基礎時的徵兆顯現為道上的徵兆。』 正如他所說的那樣,這位至尊在那時也特別口渴,需要供奉很多茶水。侍從們都在談論這件事。之後,他又回到了ཤེལ་དཀར་རི་བོའི་གཙུག་རྒྱན་(藏文,梵文天城體,梵文羅馬擬音,漢語字面意思:希爾卡爾山頂飾),為許多來自牧區的求法者傳授了 རྒྱུ་ལམ་བདག་མེད་མའི་ཕྱི་ནང་(藏文,梵文天城體,梵文羅馬擬音,漢語字面意思:因道無我母之外內)、རྣམ་འཇོམས་བིར་ལུགས(藏文,梵文天城體,梵文羅馬擬音,漢語字面意思:摧破金剛毗盧巴派)、ཤིན་ཏུ་སྤྲོས་མེད་ཀྱི་ཁྲིད་(藏文,梵文天城體,梵文羅馬擬音,漢語字面意思:極簡引導)等多種法門。總的來說,在許多珍貴的經藏中,菩薩爲了眾生的利益,即使要走一百由旬去講法,也不會感到疲倦,即使要走一千、一萬、甚至一百萬由旬去為眾生講法,也不會感到厭煩,不會貪圖名利,不會尋求恭敬。

【English Translation】 During an occasion where he was bestowing many teachings such as the empowerment of Gyalwai Tshewang, upon hearing the news of the arrival of Sakya’s Dagchen Jampai Yangpon Lop, he once again set out towards the north. After settling down at the place of Sheldar Tsukgen, he gave a single explanation of the tantra. Just as he was about to finish the first examination, due to the power of Hor, he only mentioned the later ground texts and answered a few questions. He composed biographies of both the Red Dharma King Drubthob Yonten Pal. Afterwards, he went to Tangkar again and gave the last of the Oral Instructions to the disciples gathered from Lho, Dro, and Dol, led by the Dharma Lord and his sons. He also received the empowerment of Kye Dor Seventeen Deities and the Lung of Zhungshay Seldonma, among other teachings. At that time, he also commissioned a painter, after bestowing upon him the vows of a lay practitioner, to paint an image of Jetsunma Drolma with a color distinction different from the common ones. It is said that his dreams were particularly turbulent that year, and he repeatedly requested special rituals. In the past, just before Chöje Sempa Chenpo Muschen Könchok Gyaltsen passed away, he was very thirsty and wanted to drink a lot of tea. When the tea server asked why, the great Bodhisattva said, ‘I had a dream that when Kharing was teaching the Dharma in the summer, the mountains appeared to be smoky, which is a sign that the earth and water elements have not dissolved. Today, I am very thirsty, which is a sign that water is dissolving into fire. Yogis, through the power of meditation, manifest the signs of the base as signs of the path.’ Just as he said, this Jetsun was also very thirsty at that time and needed to offer a lot of tea. The attendants were talking about this. Afterwards, he went back to the top of Sheldar Mountain and taught many Dharma seekers from the nomadic areas. He bestowed various teachings such as the outer and inner aspects of Gyul Lam Dakmeyma, Namjom Bir Lug, and the extremely simple instructions. In general, in many precious sutras, a Bodhisattva will go a hundred yojanas to teach the Dharma for the benefit of sentient beings, and even if he has to go a thousand, ten thousand, or a hundred thousand yojanas to teach the Dharma to sentient beings, he will not be discouraged, will not look for gain, and will not seek respect.


སྟི་ལ་མི་ལྟ་བར་ཆོས་རབ་ཏུ་སྟོན་པར་བྱེད་དོ། །ཞེས་གསུངས་པ་ཉིད་ཐུགས་ལ་བཞག་ནས། དུས་ནམ་དུ་ཡང་ཆོས་ཀྱི་སྦྱིན་པ་རླབས་པོ་ ཆེ་ལ་ཐུགས་བསྙེལ་བ་མི་མངའ་བའི་བསྟན་པའི་ཁུར་ཆེན་པོ་བསྣམས་པར་མཛད་དེ། ཕྱོགས་དང་རིས་སུ་མ་བཅད་པའི་འགྲོ་བ་རྣམས་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་སྤེལ་བའི་སླད་དུ་སྔར་ སྨྲོས་པ་ལྟར། དབུས་གཙང་དང་། གུང་ཐང་སོགས་མངའ་རིས་མི་གཅིག་པའི་ས་ཕྱོགས་མཐའ་ཡས་པ་དང་། རང་སྲིད་ཀྱི་ལྷོ་འབྲོག་དོལ་གསུམ་ལས་འབྲོག་ཕྱོགས་སུ་སྔ་མོའི་དུས་སྐུ་ན་གཞོན་ནུའི་སྐབས་སུ་ བཀྲ་དུམ་སོགས་དང་། ཕྱིས་གཡུ་ལུང་དུ་ཆབ་ཚན་ལ་ཕེབས་པའི་སྐབས་དང་། གཞན་དོལ་ཕྱོགས་དང་གསེར་གྲིབ་སོགས་སུ་སྔར་བརྗོད་པ་ལྟར་ཞབས་ཀྱིས་བཅགས་ཏེ། མཐོང་ཐོས་དྲན་རེག་གི་འགྲོ་བ་དུ་མ་ལ་དངོས་དང་བརྒྱུད་པའི་སྒོ་ནས་རྗེས་སུ་འཛིན་པར་མཛད་ཅིང་། 1-736 ཕྱོགས་གཅིག་ལ་ངེས་པར་འཆོལ་བའི་གནས་གཅིག་ཏུ་ཞེན་ཆོས་རྗེ་རིན་པོ་ཆེ་ཀུན་མཁྱེན་གྱི་རྣམ་ཐར་རྗེ་ཉིད་ཀྱིས་མཛད་པ་ལས་ཀྱང་འདི་ལྟར་འབྱུང་སྟེ། གང་ཞིག་ཐོས་མེད་མངོན་པའི་ང་རྒྱལ་ གྱིས། །ལེགས་པར་བཤད་པའི་ཚུལ་བརྒྱར་སུན་འབྱིན་ཅིང་། །ཆུ་སྐྱར་བཞིན་དུ་ཞི་བའི་ཚུལ་ཙམ་གྱིས། །གཅིག་པུར་འདུག་ལའང་རྣམ་ཐར་ཅི་ཞིག་ཡོད།། པའི་ཐེག་དམན་གྱི་བགྱི་བ་སྤངས་ནས་མ་ངེས་པའི་ཕྱོགས་ སྣ་ཚོགས་སུ་ཆོས་ཀྱི་ཚུལ་དུ་མ་དད་འདུས་ཀྱི་གདུལ་བྱ་སོ་སོ་ལ་རྗེས་སུ་སྩོལ་བ་ཉིད་ལ་ཐུགས་ལྷག་པར་དགྱེས་པ་ལྟ་བུའི་གཞན་སྣང་དུ་ཚུལ་སྟོན་པར་མཛད་པ་གཅིག་དུས་རྒྱུན་ གྱི་ཕྱག་བཞེས་ལ་ཡོད་ཅིང་། དེའི་སྟོབས་ཀྱིས་ཕྱག་དཔེ་དང་ལྷ་རྟེན་ཀུན་ཀྱང་གནས་ཐ་དད་ན་བཀྲམ་པ་ལྟ་བུར་ཡོད་པ་ལ། དེའི་ཚེ་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་སྤྱན་དང་ལྡན་པས་ མ་འོངས་པའི་ཚུལ་སྔོན་དུ་དགོངས་ནས་ཞབས་འབྲིང་པའི་གཙོར་གྱུར་པ་ཀུན་ལ་ཆོས་སྡིངས་ཏང་ཀྱ་སོགས་ན་ཡོད་པའི་དཔེ་ཆ་ལྷ་རྟེན་ཐམས་ཅད་རྫོང་དུ་སྤྱན་དྲོངས་གསུང་བའི་བཀའ་སྩལ་མཛད་ནས། ཕྱོགས་ཐ་དད་ཀྱི་གནས་ནས་སྤྱན་དྲངས་ཏེ་གཞིས་བྱེས་ཀྱི་རྟེན་མཆོད་ཐམས་ཅད་ལྷན་ཅིག་ཏུ་སྒྲིགས། དེའི་ཚེ་སྤྱི་སྒོས་ཀུན་ཏུ་སྐུ་རིམ་བསྒྲུབ་པའི་བསྐུལ་འདེབས་ཡང་ཡང་དུ་གནང་ཞིང་། ཁྱད་པར་རྗེ་རྡོ་རྗེ་འཆང་གིས་སྔ་ཕྱིར་གནང་བའི་ཕྱག་རྟགས་མང་པོ་ལྷན་ཅིག་ཏུ་སྒྲིགས་ནས། 1-737 མགོན་ཁང་ན་བཞུགས་པའི་མགོན་པོ་ཆེན་པོའི་དབུ་ཐོག་ཏུ་བཞག རྗེ་ཉིད་ཀྱི་ཕྱག་བྲིས་ཟ་མ་ཏོག་གི་ནང་དུ་བཅུག་པ་ཞིག་ཕྱག་ཏུ་ཕུལ་བར་མཛད་དེ། མ་འོངས་པ་ཇི་སྲིད་དུ་སྤྱིར་ དཔལ་ལྡན་ས་སྐྱ་པ་དང་། སྒོས་རྡོ་རྗེ་འཆང་ཡབ་སྲས་ཀྱི་བཀའ་སྲོལ་རྣམ་པར་དག་པའི་ཕྲིན་ལས་ཁྱད་པར་ཅན་རྗེས་སུ་སྐྱོང་བའི་བཀའ་བསྒོ་བ་མཛད་དེ། དེ་འཚམས་དཔལ་བསམ་གྲ

【現代漢語翻譯】 他沒有輕視任何事物,而是完美地展示了佛法。記住他所說的話,他從未忘記佈施佛法的偉大之處,並承擔起弘揚佛法的重任。爲了向所有眾生廣泛傳播佛法,如前所述,他走遍了衛藏(Ü-Tsang,西藏的中心區域)和貢塘(Gungthang,西藏的一個地區)等不同地區的無數地方,以及他自己統治下的洛扎(Lhodrak)、仲巴(Drongpa)、多吉(Dol)三地。早年,當他還是年輕的時候,他去了仲巴地區的扎頓(Tadum)等地。後來,當他去玉隆(Yulung)泡溫泉時,以及在多吉地區和色哲(Serkhrib)等地,如前所述,他都留下了足跡,通過直接和間接的方式,引導了無數有緣眾生。 切莫執著於一處,恰如虔誠的昆欽(Kunkhyen,一切智者)所著自傳中所言:‘若人聞所未聞,生起驕慢心,百般挑剔善說之法,如水鳥般徒具寂靜之表,獨處又有何意義?‘他摒棄了小乘的作為,以各種方式向不同根器的信徒傳授佛法,似乎特別樂於如此示現。這是他一貫的做法。因此,他的經書和佛像也分散在不同的地方。當時,他以其洞察三世的慧眼,預見到未來的情況,指示所有侍從,特別是將秋定塘嘎(Chöding Tangka)等地的經書和佛像都搬到宗(Dzong,堡壘)里。於是,大家從各地將所有寺院和家中的佛像都集中起來。當時,他反覆敦促大家共同進行各種法事,特別是將持金剛(Vajradhara)過去賜予的許多信物都集中起來, 放在護法殿中大護法(Mahakala)的頭頂上。他還將自己親手書寫的《雜瑪朵》(Zamatog)放在一個盒子裡,獻給了上師。他告誡大家,在未來,要普遍地繼承薩迦派(Sakya)的教法,特別是要繼承持金剛父子的清凈事業。就在那時,巴桑珠(Palsangdrub)

【English Translation】 Without looking down on anything, he perfectly demonstrated the Dharma. Keeping in mind what he had said, he never forgot the greatness of giving Dharma and took on the great responsibility of upholding the teachings. In order to widely spread the Dharma to all beings, as mentioned before, he traveled to countless places in different regions such as Ü-Tsang (the central region of Tibet) and Gungthang (a region in Tibet), as well as the three regions of Lhodrak, Drongpa, and Dol under his own rule. In his early years, when he was still young, he went to Tadum and other places in the Drongpa region. Later, when he went to Yulung for hot springs, and in the Dol region and Serkhrib and other places, as mentioned before, he left his footprints, guiding countless sentient beings through direct and indirect means. One should not be attached to one place, just as the autobiography written by the venerable Kunkhyen (Omniscient) says: ‘If someone, without having heard anything, gives rise to arrogance, and criticizes the well-spoken Dharma in a hundred ways, like a water bird with only the appearance of tranquility, what is the meaning of being alone?’ He abandoned the practices of the Lesser Vehicle and taught the Dharma in various ways to different disciples of faith, seeming to particularly enjoy demonstrating in this way. This was his consistent practice. Therefore, his scriptures and Buddha statues were also scattered in different places. At that time, with his eyes that saw the three times without obstruction, he foresaw the future situation and instructed all attendants, especially to move all the scriptures and Buddha statues in places such as Chöding Tangka to the Dzong (fortress). Thus, everyone gathered all the Buddha statues from various monasteries and homes together. At that time, he repeatedly urged everyone to jointly perform various rituals, especially to gather together many tokens that Vajradhara had given in the past, and placed them on top of the head of the Great Protector (Mahakala) in the Protector Hall. He also placed the Zamatog, which he had personally written, in a box and offered it to the guru. He admonished everyone to universally inherit the teachings of the Sakya school in the future, especially to inherit the pure activities of Vajradhara and his sons. It was at that time that Palsangdrub


ུབ་གླིང་གི་ དགོན་གནས་དམ་པར་ཕྱག་ཕེབས་ཏེ། ཤིན་ཏུ་དམ་པའི་སྐུ་མཚམས་ཀྱི་བཅད་ཆ་ལ་གདན་ཆགས་ཏེ། ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་ལ་ཅི་ནས་ཀྱང་འགྲུས་པའི་ཚུལ་གཞན་སྣང་དུ་སྟོན་ པར་མཛད་པ་མང་། གོང་གི་འཕྲོས་ལས་འདི་ལྟར་དུ་འབྱུང་སྟེ། རང་ལུས་དག་པའི་འཛིན་མར་དབང་བཞིའི་རྒྱུན། །ཐུན་བཞིར་སྐལ་ལྡན་ཐབས་ཀྱིས་བསྐྲུན་པ་ལས། །རྣམ་དག་ཡོན་ཏན་ལྷུན་རྫོགས་རྒྱལ་བའི་སྐུ། ། གནས་གྱུར་ཡི་གེ་བཞི་ལྡན་ཐོབ་པར་མཛོད། །ཅེས་སྨྲོས་ཏེ། རྒྱུ་རྒྱུད་རང་ལུས་རྩ་ཡི་གེ་བདུད་རྩི་རླུང་སྟེ་དཀྱིལ་འཁོར་བཞི་དག་པའི་འཛིན་མར་ཐབས་རྒྱུད་སྨིན་བྱེད་དབང་བཞིའི་ཆར་རྒྱུན་ལེགས་པར་ ཕབས་ཏེ། གྲོལ་བྱེད་ཐུན་བཞིར་བསྒོམ་པའི་སྐལ་ལྡན་གྱི་ཐབས་ཀྱིས་ཉེ་བར་བསྐྲུན་པ་ལས། འབྲས་རྒྱུད་རྣམ་དག་ཡོན་ཏན་ལྷུན་རྫོགས་རྒྱལ་བའི་སྐུ་གནས་གྱུར་ཡི་གེ་བཞི་ལྡན་གྱི་ཧེ་རུ་ཀ་དཔལ་ཐོབ་པར་མཛོད། 1-738 ཅེས་པའི་དོན་དང་མཐུན་པར་གཞན་སྣང་དུ་ཐུན་བཞིའི་རྣལ་འབྱོར་ལས་སྐད་ཅིག་ཀྱང་མི་འདའ་བའི་སྐབས་ལས། གོང་དུ་བཤད་པ་ལྟར་གྱི་རྒྱུད་སྡེ་བཞི་དང་འབྲེལ་བའི་ཐུགས་དམ་གྱི་རིམ་པ་ཆག་ མེད་ཀྱི་སྒོ་དུ་མ་ཉིན་མཚན་གྱི་ཆ་སོ་སོ་ལ་ཐུན་དུ་བགོས་ཏེ། ཉི་ཟླ་ལྟ་བུའི་ལམ་བགྲོད་པའི་བྱང་ཆུབ་སེམས་དཔའ་རླབས་པོ་ཆེའི་མཛད་པའི་རྒྱུན་མཐའ་དག་སྲོང་བར་མཛད་ཅིང་། དེ་ ནས་ཀྱང་རྒྱུད་སྡེ་རྒྱ་མཚོ་ལྟ་བུའི་ཡང་སྙིང་། སློབ་དཔོན་དཔལ་ལྡན་ཆོས་སྐྱོང་རྣལ་འབྱོར་གྱི་དབང་ཕྱུག་དཔལ་བིརྺ་པ་ཆེན་པོའི་གསུང་གི་བཅུད། ས་སྐྱའི་བླ་མ་གོང་མ་དག་གིས་ཕྱག་བཞེས། ལམ་ གྱི་ཐུན་བཞི་ལ་དབང་བཞི་བླངས་པས། ལུས་ལ་བརྟེན་ནས་བདེ་ཆེན་གྱི་སྒྲིབ་པ་འགག་ཅིང་སངས་རྒྱ་བའི་མྱུར་ལམ་ཉིད་ལ། གསལ་དངས་རྒྱུན་གྱི་རྣལ་འབྱོར་མཐར་ཕྱིན་པས། དངོས་བརྒྱུད་ཀྱི་བླ་མ་ རྣམས་དང་། ཡི་དམ་གྱི་ལྷ་ཚོགས་ནམ་མཁའི་སྐར་ཚོགས་ལྟ་བུའི་དགེས་པའི་འཛུམ་ཞལ་ལེགས་པར་གཟིགས་ཤིང་། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་སྐད་ཅིག་ཀྱང་འབྲལ་བ་མེད་པར་ཞི་རྒྱས་དབང་དྲག་གི་ཕྲིན་ ལས་ཇི་ལྟར་བསྒོས་པ་དག་ཡང་དག་པར་མཛད་ཅིང་། དེ་ལས་ཀྱང་མཆོག་ཏུ་གྱུར་པ་སྣང་བ་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ་ཉེ་བར་དགོངས་ཏེ་དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་ཇི་ལྟ་བ་དང་ཇི་སྙེད་ཀྱི་དོན་མངོན་དུ་དགོངས་པའི་གནས་ཁྱད་པར་ཅན་དག་མངོན་དུ་མཛད་པའི་གཏན་ཚིགས་གདུལ་བྱའི་ངོར་ཕྱག་རིས་སུ་བཀོད་པ་ལ་ཡང་། 1-739 འདི་ལྟར་འབྱུང་སྟེ། ཕྱི་རོལ་གཟུགས་ལ་གཡོ་བའི་ལོང་བ་ཡི། །བསྐལ་བརྒྱར་མི་མཐོང་ནང་གི་ཤེས་བྱའི་ཚོགས། །ཆུ་ཤེལ་མིག་འབྲས་གསལ་པོས་མཐོང་བ་ཡང་། །རྒས་པར་གྱུར་པའི་ཕན་ཡོན་མ་ཡིན་ནམ། ། ཞེས་གསུངས་པའི་དོན་རྨད་དུ་བྱུང་བ་སློབ་དཔོན་རྣ

【現代漢語翻譯】 抵達鄔巴林(Ubaling)的聖地寺院,安頓在極其神聖的閉關之處,他以種種示現,精進于兩個階段的瑜伽修持。 以上文所述,有如下記載: 愿以清凈之執持,四灌之流,於四時之中,以具緣之方便生起,圓滿清凈功德之勝者身,獲得轉依四字之成就。 如是說,以自之身,脈,字,甘露,氣,五者為清凈之執持,以方便,續,成熟之四灌之雨流善加降注,以解脫之四時修持之具緣方便生起,愿能獲得果續,圓滿清凈功德之勝者身,轉依四字之黑汝嘎(Heruka)成就。 1-738 如其意義相符,他示現出片刻不離四時瑜伽之狀態,如前所述,與四部密續相關的誓言次第,日夜分時段進行,如日月般行道的菩薩大行,無不一一奉行。之後,如密續大海般的精髓,鄔金巴(Ugyenpa)尊者的心髓,薩迦(Sakya)上師們的修行,於四時瑜伽中獲得四灌頂,依身而止息大樂之障,迅速成佛之道,以明覺常續之瑜伽而至究竟,與實傳和傳承的上師們,以及本尊天眾如繁星般,歡喜的笑容清晰可見,護法空行們片刻不離,息增懷誅之事業如所囑託般如實成辦,更甚者,將一切顯現皆觀為勝者之壇城,於二取滅盡之法界與智慧無二無別之如所有性與盡所有性之義,于證悟之殊勝處所顯現之理,為調伏有情而繪于手掌之上。 1-739 如下所示: 外逐色相之盲者,百劫不見內識聚,若以水精明眸見,豈非老邁之功德? 如是所說之甚深意義,鄔金巴(Ugyenpa)尊者等。

【English Translation】 Having arrived at the sacred monastery of Ubaling, he settled into an extremely sacred retreat, showing in various ways that he was diligently engaged in the profound yoga practices of the two stages. From the previous continuation, it is stated as follows: May the lineage of the four empowerments, with the pure holding of one’s own body, be generated through skillful means in the four sessions. May one attain the perfectly complete qualities of the Victorious One’s body, the transformed state endowed with the four syllables. As it is said, with one’s own body, channels, syllables, nectar, and winds as the pure holding, may the rain of the four empowerments that ripen the means lineage be well bestowed. From generating with skillful means those who are fortunate to meditate in the four sessions of liberation, may one attain the result lineage, the perfectly complete qualities of the Victorious One’s body, the transformed state, the glorious Heruka endowed with the four syllables. 1-738 In accordance with this meaning, he demonstrated a state of not departing even for a moment from the yoga of the four sessions. As mentioned above, the unbroken sequence of vows related to the four classes of tantra was divided into separate sessions for day and night. He flawlessly maintained the conduct of a great Bodhisattva, traversing the path like the sun and moon. Furthermore, the essence of the ocean-like tantras, the heart essence of the master Ugyenpa, the practice of the Sakya lamas, having received the four empowerments in the four sessions of yoga, relying on the body to cease the obscurations of great bliss, the swift path to Buddhahood, perfecting the yoga of clear and continuous awareness, the smiling faces of the direct and lineage lamas and the assembly of yidam deities, like constellations in the sky, were clearly visible. The Dharma protectors and guardians, without ever being separated for a moment, perfectly accomplished the activities of pacifying, increasing, magnetizing, and subjugating as they were instructed. Moreover, regarding all appearances as the mandala of the Victorious Ones, he manifested the reasons for realizing the suchness and the extent of suchness, the non-duality of the expanse and wisdom, in a particularly special place of realization, depicted in handprints for the sake of taming beings. 1-739 It is stated as follows: The blind one who wanders after external forms, does not see the collection of inner knowledge for hundreds of eons. If one sees with the clear eyes of a crystal, is it not the benefit of having grown old? The wondrous meaning of what was said by the master Ugyenpa, etc.


ལ་འབྱོར་དབང་ཕྱུག་གིས། ནང་མ་མཐོང་ན་ཕྱི་མི་མཐོང་། ཞེས་ལོག་ཕྱོགས་སུ་གསུངས་པའི་དོན་སློབ་དཔོན་རྡོ་རྗེ་དྲིལ་བུ་ཞབས་ཀྱི། ཡང་དག་དོན་ མཐོང་གྲོལ་ཕྱིར་རོ། །ཞེས་མཐུན་ཕྱོགས་ནས་བསྟན་པའི་ཆ། གང་གི་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་དངོས་བསྟན་ནས་བཤད་པའི་ཚུལ་འདི་དག་ལ་དཔགས་ སྟེ། གྲོལ་བ་མཆོག་གི་གོ་འཕངས་མངོན་དུ་མཛད་པའི་སྐྱེས་མཆོག་བླ་མ་འཆི་བའི་རང་བཞིན་དོན་དམ་པའི་བདེན་པར་ཡོངས་སུ་དགོངས་པའི་བདག་ཉིད་ཆེན་པོ་སྐྱེ་འཆིའི་འཆིང་བ་ལས་ཡོངས་སུ་གྲོལ་ བའི་དག་པའི་ས་ལ་བཞུགས་པའི་འཕགས་པ་འདི་ཉིད་ཀྱིས་གདུལ་བྱ་ལས་ཚུལ་ཐ་དད་པ་དག་གི་ངོར། ཇི་སྐད་དུ། འདི་ནི་རང་འབྱུང་བཅོམ་ལྡན་འདས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །རིགས་ དང་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་དུ་ནི་ལྷར་གཤེགས་དང་། །ཁྱིམ་ནས་འབྱུང་བར་བྱེད་པ་དང་། །རབ་ཏུ་བྱུང་བ་འཛིན་པ་དང་། །སྐྱེ་བ་ཡོངས་སུ་ལེན་པ་དང་། །ཡོངས་སུ་མྱ་ངན་འདས་པ་སྟོན། ། 1-740 ཞེས་གསུངས་པ་ལྟར། གདུལ་བྱ་རྣམས་ལ་མི་རྟག་པ་དང་ཡིད་འབྱུང་སྐྱོ་ཤས་ལ་སོགས་པ་འབད་པ་མེད་པའི་ལམ་གྱི་སྒོ་དུ་མ་སྩོལ་བ་དང་། ཞིང་འདིའི་མཛད་པའི་ཚོགས་རྣམས་ཡོངས་སུ་རྫོགས་ ཤིང་ཞིང་གཞན་གྱི་མཛད་པ་རྒྱ་ཆེ་བ་ལ་སོགས་པའི་གཟིགས་པ་དུ་མས་དགོངས་པ་ཆོས་ཀྱི་དབྱིངས་སུ་འཇོག་པའི་ཚུལ་སྟོན་པར་བཞེད་པའི་ཚེ། ཞིང་འདིའི་བཀྲ་ཤིས་དང་དགེ་ལེགས་ཀྱི་སྒོར་གྱུར་ པའི་ལེགས་བྱས་ཐམས་ཅད་ནམ་མཁའི་ན་བུན་བཞིན་དུ་ཡལ་བར་གྱུར་ཅིང་། མི་མཐུན་པའི་ཕྱོགས་དུ་མའི་མཚན་མ་སྣ་ཚོགས་ནི་མངོན་དུ་གྱུར་ཏེ། སྐྱེ་བོ་བློ་དང་ལྡན་པ་ཀུན་གྱི་ཡིད་ཀྱང་ ཡེད་ཡེད་པོར་གྱུར་ནས་སེམས་རྣལ་དུ་མི་ཕེབས་པའི་སྡུག་བསྔལ་གྱི་རྣམ་པ་དུ་མས་རྩེ་ཞིང་། འདབ་ཆགས་ཀྱི་བྱ་ཁ་དོག་ལོག་པ་དག་ཀྱང་མཁའ་ལ་རྒྱུ་བར་བྱེད་ཅིང་། བདག་ཉིད་ཆེན་པོ་ དུས་གསུམ་གསལ་ལེར་དགོངས་པའི་སྐྱེས་ཆེན་ཉིད་ཀྱི་གསུང་ལས་ཀྱང་། ཞབས་འབྲིང་ན་གཉུག་མར་གནས་པ་དག་ལ། དེ་ལྟ་བུའི་སྒོ་དུ་མའི་གསུང་འཕྲལ་དང་ཡུན་དུ་དངོས་དང་ཟུར་གྱིས་ཡང་ཡང་དུ་ མ་འོངས་པའི་ཆ་ལུང་སྟོན་པར་མཛད་ཅིང་། གདུལ་བྱ་ཐ་དད་ལ་ཡང་རྨི་ལམ་གྱི་མཚན་མ་མ་ངེས་པ་སྣ་ཚོགས་པ་བྱུང་ཞིང་ཁྱད་པར་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱང་རྣམ་འཕྲུལ་དུ་མའི་སྒོ་ནས་ཆོ་འཕྲུལ་སྣ་ཚོགས་སྟོན་པ་ལ་སོགས་པ་ལྟས་དང་མཚན་མ་དཔག་ཏུ་མེད་པ་འབྱུང་ཞིང་། 1-741 བདག་ཉིད་ཆེན་པོ་ཉིད་ཀྱི་གསུང་ལས་ཀྱང་ཚུལ་དུ་མའི་སྒོ་ནས་ཕྱིས་བསམས་ན་གོ་བར་ནུས་པ་དག་གི་བཀའ་སྩལ་དང་། སྐུ་རིམ་ལ་ཅི་ནས་ཀྱང་བསྐུལ་འདེབས་སུ་མཛད་པའི་ཚུལ་དུ་མ་ ཐུགས་དམ་གྱི་ཐུན་མཚམས་སུ་སྩལ་བ་བཞིན་

【現代漢語翻譯】 Lawo Wangchuk (name of a person) said in a negative way, ‘If you don’t see the inner, you won’t see the outer.’ To clarify this, the master Dorje Drelbu Zhap (name of a person) taught from a positive perspective, ‘To see the true meaning is for liberation.’ Regarding the part that explains directly, ‘Seeing one thing as it is, one sees all things as they are.’ Considering these ways of direct teaching, the supreme being who has realized the state of ultimate liberation, the great master who fully contemplates the truth of death’s nature, this noble one who is completely liberated from the bonds of birth and death and abides in the pure realm, for the sake of various disciples, as it is said: ‘This is the self-arisen Bhagavan (藏文,梵文 भगवन्,梵文羅馬擬音 bhagavan,有德者/世尊/薄伽梵). Turning the wheel of Dharma (藏文,梵文 धर्म,梵文羅馬擬音 dharma,法), with lineage and Bodhisattvas (藏文,梵文 बोधिसत्त्व,梵文羅馬擬音 bodhisattva,菩薩), likewise, descending as a god, renouncing the household life, holding the ordained life, fully taking birth, and showing complete Nirvana (藏文,梵文 निर्वाण,梵文羅馬擬音 nirvāṇa,涅槃).’ As it is said, to the disciples, he effortlessly bestows various paths such as impermanence, disillusionment, and weariness, and shows how to place their minds in the Dharmadhatu (藏文,梵文 धर्मधातु,梵文羅馬擬音 dharmadhātu,法界) through various visions, such as the completion of all activities in this field and the vast activities in other fields. At the time when he intends to show this, all the auspicious and virtuous deeds of this field vanish like mist in the sky, and various signs of unfavorable conditions manifest. The minds of all intelligent beings become agitated, and they are tormented by various forms of suffering, unable to find peace. Birds of strange colors fly in the sky. Even from the words of the great being who clearly contemplates the three times, to those who remain steadfast in service, such words of various kinds, both directly and indirectly, repeatedly prophesy the future. Various uncertain signs appear in the dreams of different disciples, and especially the Dharma protectors (藏文,梵文 धर्मपाल,梵文羅馬擬音 dharmapāla,護法) show various miracles through various manifestations. Countless omens and signs appear. Even from the words of the great being himself, he bestows teachings in various ways that can be understood later, and he repeatedly urges the performance of rituals during his meditation sessions.

【English Translation】 Lawo Wangchuk said in a negative way, ‘If you don’t see the inner, you won’t see the outer.’ To clarify this, the master Dorje Drelbu Zhap taught from a positive perspective, ‘To see the true meaning is for liberation.’ Regarding the part that explains directly, ‘Seeing one thing as it is, one sees all things as they are.’ Considering these ways of direct teaching, the supreme being who has realized the state of ultimate liberation, the great master who fully contemplates the truth of death’s nature, this noble one who is completely liberated from the bonds of birth and death and abides in the pure realm, for the sake of various disciples, as it is said: ‘This is the self-arisen Bhagavan. Turning the wheel of Dharma, with lineage and Bodhisattvas, likewise, descending as a god, renouncing the household life, holding the ordained life, fully taking birth, and showing complete Nirvana.’ As it is said, to the disciples, he effortlessly bestows various paths such as impermanence, disillusionment, and weariness, and shows how to place their minds in the Dharmadhatu through various visions, such as the completion of all activities in this field and the vast activities in other fields. At the time when he intends to show this, all the auspicious and virtuous deeds of this field vanish like mist in the sky, and various signs of unfavorable conditions manifest. The minds of all intelligent beings become agitated, and they are tormented by various forms of suffering, unable to find peace. Birds of strange colors fly in the sky. Even from the words of the great being who clearly contemplates the three times, to those who remain steadfast in service, such words of various kinds, both directly and indirectly, repeatedly prophesy the future. Various uncertain signs appear in the dreams of different disciples, and especially the Dharma protectors show various miracles through various manifestations. Countless omens and signs appear. Even from the words of the great being himself, he bestows teachings in various ways that can be understood later, and he repeatedly urges the performance of rituals during his meditation sessions.


ཞབས་འབྲིང་པའི་གཙོ་བོར་གྱུར་པ་ཀུན་གྱིས་ཀྱང་ཚུལ་དེ་ཉིད་ལ་ཐུགས་བརྩོན་འགྲུས་ཆེ་བར་མཛད་ནས་རྒྱུན་ལྡན་གྱི་སྐུ་རིམ་རྣམས་གྲངས་དུ་མ་ཡང་ དག་པར་སྒྲུབ་པར་མཛད། སྐུ་དངོས་ཀྱི་ཞབས་འབྲིང་ན་བཞུགས་པ་དག་གིས་མིག་ཡུལ་དུ་རྗེ་བཙུན་མཆོག་ཉིད་སྐུ་གཟི་མདངས་དང་ལྡན་ཞིང་གཞོན་ཤ་ཆགས་པ་སོགས་སྐུ་ཉམས་བདེ་བ་ཆེན་པོའི་རྣམ་ རོལ་གྱི་ངང་ནས་ཐུགས་ཀྱི་བཅས་མཚམས་རྣམས་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པར་གནང་བའི་མཛད་པ་དེ་ཉིད་ཀྱི་ཡིད་མགུ་བར་གྱུར་ཞིང་། ཕྱི་ནང་གི་སྐྱེ་བོ་ཀུན་ལ་ཡང་གློ་བུར་དུ་ དག་པའི་ཞིང་ལ་གཤེགས་པའི་སྣང་བ་ནི་ཅུང་ཟད་ཀྱང་མེད་པར། བདག་ཉིད་ཆེན་པོའི་ཞབས་ཏོག་གི་རིམ་པ་རྣམས་དང་། རང་རང་གི་ཐུགས་དམ་གྱི་རྣལ་འབྱོར་དག་ལ་བརྩོན་པ་མི་ལྷོད་པའི་ སྐབས་ནས། དཔལ་ལྡན་བླ་མ་འཇམ་པའི་དབྱངས་ཉིད་དགུང་གི་ལོ་དོན་བདུན་གྱི་སྟེང་དུ་ཕེབས་པའི་འབྲུག་གི་ལོའི་ཆོ་འཕྲུལ་གྱི་ཟླ་བ་རྒྱལ་པོའི་རྩིས་པ་དག་གི་བཤོལ་སྟོན་པའི་དབང་གི་ཆོ་འཕྲུལ་ཟླ་བ་སྔ་རྟིང་གཉིས་བྱུང་བའི་སྔ་མ་ཚེས་མཚམས་བདག་ལ་སྨོན་ཐང་གི་སྒྲུབ་མཆོད་མཐའ་དག་གི་དཀྱིལ་འཁོར་དང་། 1-742 ཆོ་ག་སོགས་ཀྱི་དག་བྱེད་ལ་རྒྱུག་གསུང་བའི་བཀའ་གནང་བྱུང་བས་བླ་མའི་བཀའ་བཞིན་དུ་ཕྱིན་པས་ཡིད་སྐྱོ་བ་ལས་མ་བྱུང་། ཆོ་ག་སོགས་ཀྱི་ཚིག་རིས་ལ་སྒྲ་ཇི་བཞིན་དུ་སྨྲས་ན་ ནི་སོ་སོའི་ཐུགས་ལ་མི་འབབ་ཅིང་། ཇོ་བཟང་དུ་བསྡད་ན་ནི་བླ་མའི་དགོངས་པ་ཡང་མི་རྫོགས་པ་གང་གིས་སྒོ་ནས་ཀྱང་དཀའ་བར་བྱུང་ནའང་། ཅི་ཤེས་ཀྱིས་ལེགས་སྤེལ་བའི་ཚུལ་འདྲ་ཞུ་ བ་ལ་ཚེས་བརྒྱད་ཀྱི་ཉིན་བསམ་གྲུབ་གླིང་དུ་ཕྱིན་ནས་རྒྱུ་མཚན་རྣམས་ཕུལ། དེ་ནས་ཆོ་འཕྲུལ་ཕྱི་མའི་ཉེར་ལྔའི་ཉིན་བསམ་རྩེ་བའི་ཉེར་ལྔ་བ་རྣམས་ལ་མཆོད་པའི་རྒྱུན་ལ་ཕན་པའི་གནང་ ཆ་དང་ཁྱད་པར་རྗེ་རྡོ་རྗེ་འཆང་ཆེན་པོ་ཡབ་སྲས་ཀྱི་སྐུ་འདྲ་བྱིན་རླབས་ཅན་གདན་རབས་དུ་མའི་ཕྱག་ནས་བཞུགས་པ་དེ་ཉིད་གནང་ནས་ཞལ་བཀོད་ཀྱི་རིམ་པ་དུ་མ་དགྱེས་བཞིན་དུ་ བསྩལ་བར་མཛད། ཉེར་དགུའི་ཐོ་རངས་གནམ་གང་ལ་ཉེ་བ་ན་སྙུང་བ་སྐད་ཅིག་ཀྱང་མི་མངའ་བའི་ངང་ནས་དགོངས་པ་ཆོས་ཀྱི་དབྱིངས་སུ་བཞག་པར་གྱུར་ཏོ། །དེ་ཡང་གོང་དུ་བརྗོད་པ་ལྟར་ འཆི་བའི་རང་བཞིན་དོན་དམ་པའི་བདེན་པ་མངོན་དུ་གྱུར་པའི་བདག་ཉིད་ཆེན་པོ། ཆོས་ཀྱི་དབྱིངས་སུ་དགོངས་པ་ཉེ་བར་བཞག་པ་ལ། བདག་ཅག་དམན་མོས་པ་དག་གིས་ངོར་བླ་མ་མཆོག་དང་བྲལ་བའི་ཡིད་འབྱུང་སྐྱོ་ཤས་ཀྱི་སྣང་བ་ཤུགས་དྲག་ཅིང་མཐའ་ཡས་པའི་ཉམ་ཐག་པའི་ཡིད་རབ་ཏུ་ཕམ་པར་གྱུར་ཏེ། 1-743 རྡོ་རྗེ་གུར་ལས། སློབ་དཔོན་གྱིས་ནི་མཐར་དུས་སུ། །ཤི་བ་འཇིག་རྟེན་མི་གནས་པ། །སྐྱེས་བུ་གླེན་ཞིང་རྨོངས་པ་གང་། །དེ་འདི་ཤི་ཞེས་སྨྲ་བར་བྱ

【現代漢語翻譯】 所有侍從的首領們也以同樣的方式努力,如實地完成了許多日常的功課。貼身侍奉的人們親眼看到至尊者(rje btsun mchog nyid,至尊者)容光煥發,青春常駐,身體安康,以極大的幸福狀態,片刻不離心中的戒律,他們的行為令人滿意。對於所有內外之人來說,絲毫沒有突然前往清凈剎土的跡象。在不懈地進行偉大的上師的侍奉和各自的修持瑜伽時,尊貴的上師文殊菩薩(dpal ldan bla ma ‘jam pa’i dbyangs nyid,尊貴的上師文殊菩薩)在七十七歲時,于龍年的神變月(cho ‘phrul gyi zla ba,神變月),由於歷算家的推遲,出現了前後兩個神變月,在前一個月的初一,我被指示去完成所有夢唐(smon thang,夢唐)的法會供養的壇城和儀軌等的凈化工作,我遵照上師的指示前往,但心中充滿了悲傷。 如果我只是按照儀軌等的字面意思唸誦,那麼就無法打動他們的心;如果我留在覺囊(jo bzang,覺囊),那麼也無法圓滿上師的意願,無論怎樣都感到困難。但我還是盡我所能地嘗試改進,于初八那天前往桑珠林(bsam grub gling,桑珠林),陳述了各種理由。之後,在後一個神變月的二十五日,爲了利益桑孜巴(bsam rtse ba,桑孜巴)的二十五供養,特別賜予了我從多位傳承上師手中流傳下來的具加持力的至尊金剛持父子(rje rdo rje ‘chang chen po yab sras,至尊金剛持父子)的聖像,並高興地賜予了許多指示。二十九日黎明,接近天亮時,在沒有任何疾病的情況下,他的意念融入了法界(chos kyi dbyings su,法界)。正如前面所說,死亡的自性顯現為勝義諦的偉人,當他的意念融入法界時,我們這些卑微的信徒感到與上師分離的悲傷和絕望,心中充滿了無盡的痛苦和沮喪。 《金剛帳續》(rdo rje gur,金剛帳續)中說:『導師最終會死去,世間沒有永恒。愚蠢和無知的人,才會說這個人死了。』

【English Translation】 All the chief attendants also diligently exerted themselves in the same manner, and accurately performed many routine tasks. Those who were in personal attendance saw with their own eyes that the venerable one (rje btsun mchog nyid, the venerable one) was radiant, youthful, and in great physical comfort, maintaining the precepts of his mind without a moment’s distraction, which was pleasing to them. For all internal and external people, there was no sign of suddenly departing to a pure land. While diligently engaging in the service of the great master and their own practice of yoga, the venerable master Manjushri (dpal ldan bla ma ‘jam pa’i dbyangs nyid, the venerable master Manjushri) at the age of seventy-seven, in the Dragon year’s month of miracles (cho ‘phrul gyi zla ba, month of miracles), due to the postponement by the calculators, there were two months of miracles, one before and one after. On the first day of the former month, I was instructed to complete the purification of the mandala and rituals of all the offerings of Smonlam (smon thang, Smonlam). I went according to the master’s instructions, but my heart was filled with sadness. If I were to recite the words of the rituals exactly as they are, it would not touch their hearts; if I stayed in Jonang (jo bzang, Jonang), I would not be able to fulfill the master’s wishes. No matter what I did, it was difficult. But I tried my best to improve, and on the eighth day, I went to Samdrub Ling (bsam grub gling, Samdrub Ling) and presented all the reasons. Then, on the twenty-fifth day of the latter month of miracles, in order to benefit the twenty-five offerings of Samtsewa (bsam rtse ba, Samtsewa), I was especially granted the blessed image of the venerable Vajradhara Father and Son (rje rdo rje ‘chang chen po yab sras, the venerable Vajradhara Father and Son), which had been passed down through the hands of many lineage masters, and he gladly bestowed many instructions. On the dawn of the twenty-ninth, near the end of the month, without any illness, his mind merged into the Dharmadhatu (chos kyi dbyings su, Dharmadhatu). As mentioned above, the great being who manifested the ultimate truth of the nature of death, when his mind merged into the Dharmadhatu, we, the humble devotees, felt the sorrow and despair of being separated from the master, and our hearts were filled with endless pain and frustration. The Vajra Tent Tantra (rdo rje gur, Vajra Tent Tantra) says: ‘The teacher will eventually die, and there is nothing permanent in the world. Only the foolish and ignorant will say that this person is dead.’


ེད། །ཞེས་བཤད་པ་ལྟར་དུས་དེར་ལྷན་ཅིག་ འཚོགས་པའི་མི་རྣམས་མངངས་མངངས་ངུད་མོས་ཕན་ཚུན་ལྟ་ཞིང་ལྷུག་ལྷུག་མཆི་མའི་ཆུ་རྒྱུན་ཕབ་ནས་ཕྱོགས་རྣམས་ཀུན་ཏུ་ཐོར་ཐོར་འགྲོ་ཞིང་འཚོམ་པའི་ཀློང་ན་ལྷང་ལྷང་ལུས་ཀྱིས་འགྱེལ་ཐབས་འཇིག་རུང་ ལིང་ལིང་འཕར་བས་གཡོ་ཞིང་ཡུལ་ཡུལ་འཁྱམ་བྱེད་ཁྱི་རྣམས་ཀྱང་ནི་ལྷང་ལྷང་སྐད་འདོན་ངུ་ཞིང་ཁྭ་རྣམས་ཕྱོགས་ཕྱོགས་གཏད་དེ་འདུག་པར་གྱུར། དེ་ལྟའི་སྐབས་ནས་བདག་ཉིད་ཆེན་པོ་ཉིད་ཀྱི་ཐུགས་ ལ་དགའ་བ་དང་། མཆོག་ཏུ་དང་། ཁྱད་པར་དང་། དགའ་བྲལ་དང་། ལྷན་ཅིག་སྐྱེས་པས་མཚོན་པའི་འགྱུར་མེད་བདེ་བ་ཆེན་པོའི་རང་བཞིན་དང་འོད་གསལ་རྣམ་པ་ཀུན་ལྡན་གྱི་སྟོང་པ། དབྱེར་མེད་ཟུང་ དུ་འཇུག་པའི་མཁའ་ཁྱབ་ཆོས་ཀྱི་སྐུ་ཉིད་ཀྱི་ངང་དུ་བཞུགས་པར་མཛད་ལ། དེ་ཡང་ཡར་ངོའི་ཚེས་གཅིག་ནས་བྱང་ཆུབ་སེམས་ཀྱི་འགྲོས་རིམ་གྱིས་བསྐྱོད་དེ། བཅུ་བཞིའི་ཐོ་རངས་ཀྱི་ཆ་ལ་རླུང་ སེམས་ཀྱི་འགྲོས་རྣམས་དབུ་མའི་སྟེང་སྒོར་འདུས་ལ། ཚུལ་དེ་བཞིན་དུ་བཅུ་དྲུག་ནས་བྱང་ཆུབ་སེམས་ཀྱི་འགྲོས་འཕོ་བའི་རིམ་པའི་སྒོ་ནས་ཉེར་དགུའི་ཐོ་རངས་ཀྱི་ཆ་ལ་རླུང་སེམས་རྣམས་དབུ་མའི་མ་སྣར་འདུས་པར་གྱུར་ཏེ། 1-744 རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་བཤད་པ་ལྟར་བདག་ཉིད་ཆེན་པོ་འདིས་ཀྱང་རླུང་སེམས་ཀྱི་ཚོགས་པ་དབུ་མར་འདུས་པའི་རྟེན་ཅིང་འབྲེལ་འབྱུང་དེ་ཉིད་ཀྱིས་ཉེ་རྒྱུའི་བགྱི་བ་ཐམས་ཅད་མཛད་ནས་ ས་ལམ་ཀུན་ཀྱང་ཡོངས་སུ་རྫོགས་ནས། འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་པའི་བདེ་སྟོང་སྐུ་བཞིའི་གཟུགས་འཆང་འཛིན་པའི་དཔལ་ཧེ་རུ་ཀའི་གོ་འཕང་མངོན་དུ་མཛད་དེ། དེ་ལྟར་མངོན་དུ་མཛད་ པའི་གནས་གྱུར་ཡི་གེ་བཞིའི་དོན་རྣམས་ཅུང་ཟད་བཤད་ན། ཤྲཱི་ཧེ་རུ་ཀ་ཞེས་པའི་ཤྲཱི་ལ་ཡི་གེ་གསུམ་སྟེ། ཤའི་སྒྲ་ལས་ཤ་ཤ་དྷ་ར་ན་ཟླ་བ་ཐབས། རའི་སྒྲ་ལས་ར་ཨི་ ནི་ཉི་མ་ཤེས་རབ། ཨིའི་སྒྲ་ལས་ཨི་ར་གྷ་ཏོ་ན་རྟོག་པ་སྟེ། གོང་གི་ཐབས་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཧེའི་སྒྲས་ལས། ཧོ་ཏེ་བ་ཏི་ཤུ་ནྱ་ཏ་གང་སྐྱེད་བྱེད་རྒྱུས་ སྟོང་པའི་སྟོང་པ་ཉིད། རུའི་སྒྲ་ལས། རུ་བི་བ་ཨ་པ་ག་ཏོ་ན། ཐོབ་བྱ་འབྲས་བུས་སྟོང་པའི་སྟོང་པ་ཉིད། ཀའི་སྒྲ་ལས། ཀ་ན་ཀོ་ཙི་དྲ་ན་ཊ་རང་བཞིན་བཞིས་སྟོང་པ་ ཉིད་དེ། དེས་ན་སྐྱེ་འགག་གནས་གསུམ་གྱིས་སྟོང་པའི་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་དབྱེར་མི་ཕྱེད་པའི་རང་བཞིན་ཅན། མཐར་མ་ལྷུང་བའི་ཟུང་འཇུག ཁ་སྦྱོར་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། 1-745 ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། ། ཡན་ལག་བདུན་དང་ལྡན་པའི་སངས་རྒྱས་འདི་དག་ནི། །བདག་འདོད་ཚད་མས་ཡོང་སྒོས་བློ་ ཆེན

【現代漢語翻譯】 正如所說,當時聚集的人們都默默地互相看著,淚如雨下,四處散去,在人群中搖搖欲墜,身體搖晃著,無所事事遊蕩的狗也嗚咽著,烏鴉們也面向四方。 在這種情況下,偉大的聖者心中充滿了喜悅、殊勝、特別、離別的悲傷以及與生俱來的不變大樂的自性,以及具足光明的一切形象的空性,融入無二雙運的法身之中。從初一到十四黎明,菩提心的執行逐漸進行,風息的執行匯聚于中脈頂輪。同樣,從十六到二十九黎明,菩提心的執行通過轉移的次第,風息匯聚于中脈下端。 正如續部寶典中所說,這位偉大的聖者也通過風息匯聚于中脈的緣起,完成了所有近取的行為,圓滿了所有地道,從光明中顯現雙運之身,證得了具有樂空四身形象的吉祥黑汝嘎的果位。爲了稍微解釋一下證得果位後轉變的四個字母的含義:『Śrī Heruka』(吉祥黑汝嘎)中的『Śrī』有三個字母,Śā(藏文,梵文天城體,śa,寂靜)的聲音表示Śaśadharana(藏文,梵文天城體,śaśadharana,月亮),象徵方便;Rā(藏文,梵文天城體,rā,光芒)的聲音表示Ra-i(藏文,梵文天城體,ra-i,太陽),象徵智慧;Ī(藏文,梵文天城體,ī,主宰)的聲音表示Īrāghātono(藏文,梵文天城體,īrāghātono,思想),象徵分別念。『He』(藏文,梵文天城體,he,原因)的聲音表示高於上述方便與智慧無二之智,Hote Batishu-nyata(藏文,梵文天城體,hote batishu-nyata,何地 遍 虛空),即由能生之因所空的空性。『Ru』(藏文,梵文天城體,ru,摧毀)的聲音表示Rubi Ba Apagato Na(藏文,梵文天城體,rubi ba apagato na,色 縛 解脫 無),即由所獲得之果所空的空性。『Ka』(藏文,梵文天城體,ka,作者)的聲音表示Kanako Tsidra Natara(藏文,梵文天城體,kanako tsidra natara,金 意 引導 無),即自性四空性。因此,它是具有生、住、滅三空性的解脫三門自性,具有不可分割的自性,是不墮入邊際的雙運。口傳教授自在語王說: 圓滿受用與雙運大樂無自性, 大悲充滿,相續不斷絕,亦無止息。 具足七支的諸佛, 以我所欲之量,自然生起大智慧。

【English Translation】 As it was said, at that time, the people who had gathered together looked at each other silently, shedding tears like rain, scattering in all directions, staggering in the crowd, bodies swaying, and the dogs wandering aimlessly also whimpered, and the crows faced in all directions. In this situation, the great being’s mind was filled with joy, supreme bliss, specialness, the sadness of separation, and the unchanging great bliss of innate nature, as well as the emptiness that possesses all aspects of luminosity, abiding in the Dharmakaya of indivisible union. From the first day of the waxing moon until dawn on the fourteenth, the progression of Bodhicitta gradually advanced, and the movements of the winds and mind gathered at the crown chakra of the central channel. Similarly, from the sixteenth to the dawn of the twenty-ninth, through the stages of the transference of Bodhicitta, the winds and mind gathered at the lower end of the central channel. As explained in the precious Tantras, this great being also completed all the proximate actions through the dependent arising of the gathering of winds and mind in the central channel, perfected all the bhumis and paths, and manifested the state of glorious Heruka, who embodies the form of the four bodies of bliss and emptiness, arising from luminosity. To briefly explain the meaning of the four transformed letters after manifesting that state: In ‘Śrī Heruka,’ ‘Śrī’ has three letters. The sound of Śā (Tibetan, Devanagari, śa, peaceful) represents Śaśadharana (Tibetan, Devanagari, śaśadharana, moon), symbolizing skillful means; the sound of Rā (Tibetan, Devanagari, rā, light) represents Ra-i (Tibetan, Devanagari, ra-i, sun), symbolizing wisdom; the sound of Ī (Tibetan, Devanagari, ī, lord) represents Īrāghātono (Tibetan, Devanagari, īrāghātono, thought), symbolizing conceptual thought. The sound of ‘He’ (Tibetan, Devanagari, he, cause) represents the wisdom that is above the non-duality of skillful means and wisdom, Hote Batishu-nyata (Tibetan, Devanagari, hote batishu-nyata, where everywhere emptiness), which is the emptiness empty of the cause that produces it. The sound of ‘Ru’ (Tibetan, Devanagari, ru, destroy) represents Rubi Ba Apagato Na (Tibetan, Devanagari, rubi ba apagato na, form bound liberation no), which is the emptiness empty of the fruit to be obtained. The sound of ‘Ka’ (Tibetan, Devanagari, ka, author) represents Kanako Tsidra Natara (Tibetan, Devanagari, kanako tsidra natara, gold mind guide no), which is the emptiness of the four self-natures. Therefore, it is the nature of the three doors of liberation, empty of arising, abiding, and ceasing, having an indivisible nature, the union that does not fall into extremes. The oral instruction master Ngagi Wangchuk Drakpa said: Perfect enjoyment and union great bliss are without self-nature, Filled with compassion, the continuum is unceasing, and there is no cessation. These Buddhas who possess the seven branches, Arise naturally with great wisdom, according to my desired measure.


་རྣམས་ཀྱང་འདོད། །ཅེས་པ་ལྟར། ཡན་ལག་བདུན་ལྡན་གྱི་གོ་འཕང་མངོན་དུ་མཛད་ལ། ཡན་ལག་བདུན་ཡང་སཾ་བྷོ་ཀ་ན་ལོངས་སྤྱོད་པའི་ཡན་ལག་སྟེ། ཡེ་ཤེས་དང་། འཁོར་དང་། ཆོས་དང་། སྐུ་ ཚེ་བཞི་ལ་ལོངས་སྤྱོད་པའོ། །སཾ་བྷུ་ཊི་ནི་ཀུན་ཏུ་ཁ་སྦྱར་གྱི་ཡན་ལག་སྟེ། རང་སྣང་ཡུམ་དང་ཐབས་ཤེས་དབྱེར་མེད་དུ་གནས་པའོ། །མ་ཧཱ་སུ་ཁ་ནི་བདེ་ཆེན་གྱི་ཡན་ལག་སྟེ། ཉམས་བདེ་བ་ཆེན་པོ་དང་ལྡན་པའོ། །ནི་ཥ་སྭཱ་བྷཱ་ཝ་ན་རང་བཞིན་མེད་པའི་ཡན་ལག་སྟེ། དེ་ལྟར་ཉམས་བདེ་བ་ཆེན་པོ་དང་ལྡན་བཞིན་དུ་སྤྲོས་པ་ཐམས་ཅད་དང་བྲལ་བ། ཤེས་ རབ་མི་རྟོག་པའི་རང་བཞིན་དུ་གནས་པའོ། །ཡན་ལག་བཞི་པོ་དེས་རང་དོན་ཕུན་སུམ་ཚོགས་པ་བསྟན་ནས། ཀ་རུ་ཎ་ནི་སྙིང་རྗེས་ངེས་པར་གང་བའི་ཡན་ལག་སྟེ། དེ་ལྟར་སྤྲོས་པ་ཐམས་ ཅད་དང་བྲལ་བཞིན་དུ། སེམས་ཅན་ཐམས་ཅད་ལ་དམིགས་ནས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པའོ། །ནིརྣི་རཏྣ་ནི་རྒྱུན་ཆད་མེད་པའི་ཡན་ལག་སྟེ། སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་རྒྱུན་མི་ཆད་པར་གནས་པའོ། ། 1-746 ནིརྣི་རོ་དྷ་ནི་འགོག་པ་མེད་པའི་ཡན་ལག་སྟེ། ཞི་བ་ཕྱོགས་གཅིག་པ་ཉན་ཐོས་ཀྱི་འགོག་པ་ལྟ་བུ་མ་ཡིན་པར། འཁོར་བ་མ་སྟོང་གི་བར་དུ་གཞན་སྣང་དབང་པོའི་གཞུ་ལྟར་སྟོན་ པར་མཛད་པའོ། །གསུམ་པ་དེས་གཞན་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལྟར་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་མངོན་དུ་མཛད་དེ་འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་ནས། མདོ་ནས་བཤད་ པའི་བདེ་བ་ཅན། སྔགས་ནས་བཤད་པའི་མཁའ་སྤྱོད་དག་པའི་ཞིང་གནས། བརྒྱུད་པའི་བླ་མ་སངས་རྒྱས་ཐམས་ཅད་ཀྱི་བརྟེན་པའི་ཞིང་ག་ལ་བ་དེར་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་དངོས་སུ་བསྡུས་ནས་ ཕེབས་པའི་མོད་ལ། ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་གང་བའི་ཁ་དོག་སྣ་ཚོགས་པའི་མེ་ཏོག་གི་ཆར་ཆེན་པོས་སྐུ་གདུང་རིན་ཆེན་འཛིན་པའི་ས་གཞི་ཁེབས་པར་མཛད་དེ། གདུལ་བྱ་ཐམས་ཅད་ ཀྱི་དད་པའི་ལོ་ཏོག་སྤེལ་བར་མཛད་དོ། །དེའི་ཚེ་རྡོ་རྗེ་འཛིན་པ་ཆེན་པོ་བློ་གྲོས་དཔལ་མགོན་པ་ལ་སོགས་པ་གཉུག་མར་གནས་པའི་ཞབས་འབྲིང་པ་རྣམས་ཀྱིས་སྐུ་གདུང་རིན་པོ་ཆེའི་ཞབས་ ཏོག་ཉེ་བར་བསྒྲུབས་པ་ན། ཞབས་མི་གཡོ་བ་སྐྱིལ་མོ་ཀྲུང་ཕྱག་གཉིས་ཐབས་ཤེས་ཟུང་དུ་འཇུག་པའི་ཕྱག་རྒྱ། རྡོ་རྗེ་འཆང་ཆེན་པོའི་རྣམ་པ་ལྟར་བསྟན་པར་མཛད་ཅིང་། གསང་བའི་གནས་བལྟར་མི་མངོན་པ་ལ་སོགས་པ་འགྲོས་བཞི་རྟེན་འབྲེལ་མངོན་དུ་མཛད་པའི་རྟགས་ཁྱད་པར་ཅན་དང་། 1-747 མུ་ཏིག་གི་ཕྲེང་བ་ལྟར་ཀུན་ནས་དཀར་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན། ཤངས་སྒོ་དག་ནས་འཕྱང་འཕྲུལ་གྱི་ཚུལ་དུ་གནས་པ་ལ་སོགས་པ། རྒྱུད་སྡེ་ནས་བཤད་པའི་རྟགས་མཚན་ཐམས་ཅད་ཇི་ ལྟ་བ་བཞིན་དུ་ཡོངས་སུ་སྟོན་པར་མཛད་ཅི

【現代漢語翻譯】 也想要。』如是,示現了具足七支的果位。七支即是桑玻迦(藏文:སཾ་བྷོ་ཀ་,梵文天城體:संभोग,梵文羅馬擬音:saṃbhoga,漢語字面意思:受用)的支分,受用智慧、眷屬、法、壽命四者。桑布提(藏文:སཾ་བྷུ་ཊི་,梵文天城體:संभूति,梵文羅馬擬音:saṃbhūti,漢語字面意思:完全結合)是普賢合一的支分,安住于自顯本尊與方便智慧無二無別之中。瑪哈蘇卡(藏文:མ་ཧཱ་སུ་ཁ་,梵文天城體:महासुख,梵文羅馬擬音:mahāsukha,漢語字面意思:大樂)是大樂的支分,具有極大的安樂覺受。尼沙斯瓦巴瓦納(藏文:ནི་ཥ་སྭཱ་བྷཱ་ཝ་ན་,梵文天城體:निःस्वभाव,梵文羅馬擬音:niḥsvabhāva,漢語字面意思:無自性)是無自性的支分,如是具有極大安樂覺受的同時,遠離一切戲論,安住于般若無分別的自性之中。這四支顯示了自利圓滿。 卡如那(藏文:ཀ་རུ་ཎ་,梵文天城體:करुणा,梵文羅馬擬音:karuṇā,漢語字面意思:慈悲)是必定充滿慈悲的支分,如是遠離一切戲論的同時,緣於一切眾生,具有無緣大慈悲。尼爾尼拉特納(藏文:ནིརྣི་རཏྣ་,梵文天城體:निरंतर,梵文羅馬擬音:nirantara,漢語字面意思:不間斷)是不間斷的支分,對一切眾生的慈悲恒常不間斷地安住。尼爾尼羅達(藏文:ནིརྣི་རོ་དྷ་,梵文天城體:निरोध,梵文羅馬擬音:nirodha,漢語字面意思:滅)是無滅的支分,並非如小乘聲聞的偏於寂滅,而是直至輪迴未空之際,如彩虹般示現於他顯根識之前。這三者顯示了他利圓滿。如是示現了具足七支的合一之身,從光明中升起雙運之身,前往經中所說的極樂世界,密咒中所說的空行凈土,以及傳承上師諸佛所依的嘎拉巴凈土,勇士空行眾真實聚集之處。到達之際,遍滿虛空的一切處,降下各種顏色的盛大花雨,覆蓋了持有珍貴遺體的地面,增長了一切所化眾生的信心。 此時,金剛持大成就者洛哲貝袞巴(Blo-gros-dpal-mgon-pa)等常隨侍者們,對珍貴遺體作近侍供養時,示現了雙足不動跏趺坐,雙手結方便智慧雙運之印,如大金剛持之相。以及秘密處不顯現等四種姿勢,示現了緣起顯現的特殊徵兆。如珍珠項鍊般,從鼻孔等處垂下白色菩提心之流,如懸掛的裝飾物一般,以及如續部中所說的所有瑞相,如實地完全示現。

【English Translation】 Also want.』 Thus, he manifested the state of having seven branches. The seven branches are the branches of Sambhogakaya (藏文:སཾ་བྷོ་ཀ་,梵文天城體:संभोग,梵文羅馬擬音:saṃbhoga,漢語字面意思:Enjoyment), enjoying the four: wisdom, retinue, dharma, and lifespan. Sambhuti (藏文:སཾ་བྷུ་ཊི་,梵文天城體:संभूति,梵文羅馬擬音:saṃbhūti,漢語字面意思:Complete Union) is the branch of complete union, abiding in the inseparability of self-appearing deity and skillful means and wisdom. Mahasukha (藏文:མ་ཧཱ་སུ་ཁ་,梵文天城體:महासुख,梵文羅馬擬音:mahāsukha,漢語字面意思:Great Bliss) is the branch of great bliss, possessing great bliss and experience. Nishasvabhavana (藏文:ནི་ཥ་སྭཱ་བྷཱ་ཝ་ན་,梵文天城體:निःस्वभाव,梵文羅馬擬音:niḥsvabhāva,漢語字面意思:No Self-Nature) is the branch of no self-nature, thus possessing great bliss and experience, while being free from all elaborations, abiding in the nature of non-conceptual wisdom. These four branches show the perfection of one’s own benefit. Karuna (藏文:ཀ་རུ་ཎ་,梵文天城體:करुणा,梵文羅馬擬音:karuṇā,漢語字面意思:Compassion) is the branch of being necessarily filled with compassion, thus being free from all elaborations, while focusing on all sentient beings, possessing great compassion without focus. Nirniratna (藏文:ནིརྣི་རཏྣ་,梵文天城體:निरंतर,梵文羅馬擬音:nirantara,漢語字面意思:Uninterrupted) is the branch of being uninterrupted, with compassion constantly abiding without interruption for all sentient beings. Nirnirodha (藏文:ནིརྣི་རོ་དྷ་,梵文天城體:निरोध,梵文羅馬擬音:nirodha,漢語字面意思:Cessation) is the branch of no cessation, not like the one-sided cessation of the Hearers, but manifesting like a rainbow to the sensory consciousness of others until samsara is empty. These three show the perfection of the benefit of others. Thus, manifesting the body of union with seven branches, arising from the clear light into the body of union, going to the Pure Land of Sukhavati mentioned in the sutras, the Pure Land of Khechara mentioned in the tantras, and the Pure Land of Galaba, the support of all the Buddhas of the lineage, where the assembly of heroes and dakinis actually gathered. Upon arrival, the entire expanse of the sky was filled, and a great rain of flowers of various colors covered the ground holding the precious relics, increasing the faith of all those to be tamed. At that time, Lodrö Pal Gönpa (Blo-gros-dpal-mgon-pa), the great Vajradhara, and other constant attendants, while closely serving the precious relics, showed the posture of unmoving feet in vajra posture, the two hands forming the mudra of the union of skillful means and wisdom, like the form of the great Vajradhara. And the four postures, such as the secret place not being visible, manifested special signs of interdependent origination. Like a string of pearls, a stream of white bodhicitta flowed from the nostrils and other places, like hanging ornaments, and all the auspicious signs mentioned in the tantras were fully manifested as they were.


ང་། སླར་ཡང་ཡིད་བཞིན་ནོར་བུའི་ངོ་བོ་ཉིད་དུ་གྱུར་པའི་སྐུ་གདུང་རིན་པོ་ཆེ་དབང་གི་རྒྱལ་པོ་ཉིད་དྲི་བཟང་པོའི་ངད་དང་ལྡན་པའི་སྨན་ སྣ་ཚོགས་པ་དང་། དར་ཟབ་ཀྱི་ན་བཟའ་དག་གིས་བཀུར་སྟིར་བགྱིས་ནས་ཞག་འགའ་ཟུང་གསོལ་བ་འདེབས་པར་མཛད། དེ་ནས་རྒྱུད་སྡེ་དང་མཐུན་པའི་འབུལ་ཆོག་རྣམ་པར་དག་པས་སྐུ་གདུང་ཞུགས་ལ་ ཕུལ་བ་ན། རང་རང་གི་མོས་བློ་དང་མཐུན་པའི་མཐོང་སྣང་སྣ་ཚོགས་བསྟན་ཞིང་། བུ་སློབ་ཀུན་ལ་སྤྱི་མཐུན་དུ་འདི་ལྟར་བསྟན་ཏེ། གང་སྐུ་ག་པུར་ཕུང་པོར་བྱས་བཞིན་སིང་སེང་ངད་ལྡན་ དྲི་བསུང་དང་འགྲོགས་ཆལ་ཆིལ་ཕྱོགས་བཅུའི་མཁའ་དབྱིངས་ཀུན་ནས་ལྷ་རྫས་མེ་ཏོག་དུ་མའི་ཆར་འབབ་དུང་དུང་དད་པས་ཕྱོགས་དེར་ལྷགས་པའི་བསྐལ་ལྡན་ཀུན་ཀྱང་རིག་རིག་མིག་གིས་ཕན་ཚུན་བལྟ་ཞིང་ ཐོར་ཐོར་ས་ཕྱོགས་ཀུན་ཏུ་འཐུལ་བའི་ཉིལ་ཉིལ་མེ་ཏོག་གསར་པའི་ཆ་ཤས་སིལ་སིལ་ཕྲ་མོ་འབབ་པ་དག་ལ་ཀུན་ནས་དགའ་མགུར་རོལ་བར་བྱེད་ཅིང་ཡང་ཡང་ཕུལ་བའི་མར་ཞུན་ཁོལ་བས་བྱིལ་བྱིལ་བྱུགས་འདྲའི་ངོས་ལ་འབར་བྱེད་ལམ་ལམ་སྟེང་འོག་ཀུན་ཏུ་འབྲེལ་ནས་འུར་འུར་སྒྲ་འབྱིན་ཕྱོགས་བཅུར་མེ་ལྕེ་ཁྱུག་ཁྱུག་མྱུལ་བའི་རྩེ་མོར་དུད་སྤྲིན་ཁྱིལ་ཁྱིལ་ཅན་དེ་གང་གིས་མཐོང་ནས་ལྷང་ལྷང་དད་པས་གསོལ་བ་འདེབས་ཤིང་སིམ་སིམ་རྟོག་པ་སྤྲོས་བྲལ་ངང་དུ་ལྷན་ལྷན་གནས་པར་བྱིན་གྱིས་བརླབས། 1-748 དེ་ནས་གདུང་ཁང་ལ་མར་མེའི་ཕྲེང་བ་འོད་ཕུང་འཁྲིགས་པ་ལ་སོགས་པ་འཕྲལ་དང་ཡུན་གྱི་མཆོད་པའི་སྒོ་དུ་མས་སྲིད་ཞུར་བགྱིས་ནས་གསོལ་བ་ཡུན་རིང་དུ་བཏབ་སྟེ་གདུང་ཁང་ཞལ་ཕྱེ་ བ་ན། སྐུ་གདུང་ཟ་འོག་གི་སྐུད་པ་ལ་ཁ་དོག་སྣ་ཚོགས་པའི་རིང་བསྲེལ་མུ་ཏིག་གི་ཕྲེང་བས་བརྒྱན་པའི་ངོ་མཚར་བའི་ལྟས་ཁྱད་པར་ཅན་རྗེས་སུ་བསྟན་ཏེ། གདུལ་བྱ་རྣམས་ཀྱིས་དད་ གུས་ཀྱི་ཆ་ཤས་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པར་མཛད་དོ། ། ཀྱེ་མ་ཀྱི་ཧུད་ཁོ་བོའི་གཙུག་གི་རྒྱན། །ཡིད་བཞིན་ནོར་བུ་དེ་ནི་དེ་རིང་སྟོར། །དགོས་འདོད་མ་ལུས་འབྱུང་བའི་རིན་ པོ་ཆེ། །ད་ནི་ཕྱིན་ཆད་རྙེད་པར་ཡོང་མི་གྱུར། །ཀྱེ་ཧུད་མགོན་དང་བྲལ་བའི་ཡིད་སྐྱོའི་གཏམ། །བདག་གི་རྣ་བའི་ཁུང་བུར་ལྷུང་བའི་ཚེ། །ལུས་སྐྱེས་བ་སྤུ་ཟིངས་ཞིང་འདར་བ་ཡིས། །རྩོལ་མེད་ མཆི་མའི་ཆུ་རྒྱུན་གླགས་པར་གྱུར། །ཀྱེ་ཧུད་འདར་བའི་སྐད་བྱུང་འཁྱོག་པོའི་སེམས། །ཅི་བྱ་གཏོལ་མེད་སྡུག་བསྔལ་གྱིས་ནོན་ཏེ། །ཁོང་ནས་ཡུས་པའི་སྨྲེ་སྔགས་ངུད་མོའི་སྒྲ། །མགོན་པོ་ཁྱེད་ཀྱིས་ས་ལེར་ དགོངས་ལགས་སམ། །ཀྱེ་ཧུད་རྔ་མོང་རྟེ་འུ་སྟོར་བ་ཡིས། །སྡུག་བསྔལ་གྱིས་ཀྱང་དཔེ་ཟླ་མ་ལགས་པའི། །ལན་གཅིག་མིན་པར་བདག་ཡིད་བསྲེགས་ལགས་ཀྱང་། །མ་གས་སྙིང་འདི་ལྕགས་ལས་བྱས་མིན་ནམ། །ཀྱེ་ཧུད་

【現代漢語翻譯】 然後,他們再次以如意寶(yì zhēnɡ nuó bù,Wish-fulfilling Jewel)的化身,尊貴的遺體,權力之王(dānɡ ɡi ɡiá bo,King of Power),用散發著芬芳氣味的各種藥物和絲綢衣物來供奉,並祈禱了數日。之後,按照與續部(jiù dé,Tantra)相符的純凈供養儀軌,將遺體火化。在火化時,顯現了各種與各自信仰相符的景象。對於所有弟子,共同顯現瞭如下景象:當身體被焚燒成樟腦粉時,伴隨著清新的香氣,以及叮噹的聲響,十方虛空中降下了無數天界的鮮花雨。那些因虔誠而聚集到那裡的有福之人,都睜大眼睛互相觀望。散落在各處的,是新花的細小部分,人們都沉浸在喜悅之中。反覆傾倒的酥油,如同塗抹在燃燒的表面上,上下相連,發出嗡嗡的聲響。十方火焰閃爍,煙霧繚繞。無論誰看到這些景象,都以純粹的虔誠祈禱,並在無分別的覺悟中安住,獲得了加持。 之後,在靈塔(dānɡ kānɡ,Relic chamber)前點燃無數燈火,以各種暫時和長久的供養來服侍,並長久地祈禱。當打開靈塔時,顯現了奇妙的景象:遺體上裝飾著絲綢線,以及各種顏色的珍珠舍利(rì línɡ xié li,Relic)。這使得被教化者的虔誠之心如上弦月般增長。 唉!我的頭頂莊嚴!如意寶(yì zhēnɡ nuó bù,Wish-fulfilling Jewel)今天失去了!能生出一切所需珍寶,現在永遠無法找到了!唉!與怙主(ɡū zhǔ,Protector)分離的悲傷之語,當落入我的耳中時,身體因恐懼而顫抖,毫不費力地流下了眼淚。唉!顫抖的聲音,扭曲的心靈,被無法承受的痛苦壓倒。從內心發出的呻吟和哭泣聲,怙主(ɡū zhǔ,Protector)您聽到了嗎?唉!就像失去了駱駝或小駱駝一樣,痛苦無法比擬。我一次又一次地心痛,難道我的心不是用鐵做的嗎?唉!

【English Translation】 Then, they again honored the precious remains, the King of Power (manifested as the embodiment of the Wish-fulfilling Jewel), with various medicines exuding fragrant scents and silk garments, and prayed for several days. Thereafter, in accordance with the pure offering rituals that align with the Tantras, the remains were offered to the flames. During the cremation, various visions that were in accordance with each individual’s devotion manifested. To all the disciples, it was commonly shown as follows: As the body was being reduced to camphor powder, accompanied by a fresh, fragrant scent and a tinkling sound, showers of numerous divine flowers rained down from all directions of the ten directions’ sky. All the fortunate ones who had gathered there out of devotion looked at each other with wide eyes. Scattered in all directions were the tiny, delicate parts of new flowers, and everyone reveled in joy. The repeatedly poured melted butter appeared to be caressing the burning surface, connecting above and below, emitting a buzzing sound. Whoever saw the swirling smoke clouds at the tips of the flames darting in the ten directions prayed with pure devotion and was blessed to abide together in a state of effortless awareness. Thereafter, after serving with various immediate and long-term offerings, such as strings of butter lamps illuminating the reliquary, they prayed for a long time. When the reliquary was opened, wondrous signs were revealed: the remains were adorned with silk threads and strings of pearl relics of various colors. This caused the devotion of the disciples to increase and expand like the waxing moon. Alas! My crown ornament! The Wish-fulfilling Jewel is lost today! The precious one who grants all needs and desires, now will never be found again! Alas! The sorrowful words of separation from the Protector, when they fall into the holes of my ears, cause the hairs of my body to stand on end and tremble, and effortlessly, a stream of tears flows. Alas! The trembling voice, the twisted mind, overwhelmed by unbearable suffering. The moans and cries of lament from within, do you, Protector, hear them clearly? Alas! Like losing a camel or a young camel, the suffering is incomparable. Not just once, but again and again, my heart is burned, but is this heart not made of iron? Alas!


མགོན་པོ་མྱ་ངན་འདས་པ་ཡི། ། 1-749 ཕྱོགས་དེའི་སྤྲིན་ཙམ་མཐོང་བས་རབ་སྐྱོ་ནས། །དུས་དེར་ཁྱེད་སྐུའི་ཞལ་རས་དྲན་པ་ནི། །གདུང་ཤུགས་དྲག་པོས་སྙིང་ནས་འབོད་པ་སྙམ། །ཀྱེ་ཧུད་གང་སྐུ་ཟླ་བ་རྒྱས་འདྲའི་ཞལ། །དམ་ཆོས་བདུད་རྩིའི་ བསིལ་ཟེར་འགྱེད་པ་པོ། །ཨུཏྤལ་འདབ་འདྲའི་སྤྱན་གྱིས་ཉེར་མཛེས་པ། །ཕྱིན་ཆད་མིག་གིས་མཐོང་བ་ཡོང་མ་གྱུར། །ཀྱེ་ཧུད་ཁྱོད་གསུང་ཀ་ལ་པིང་ཀའི་ངག །ཐོས་པས་ཡིད་མགུ་ཚངས་དབྱངས་མཆོག་གི་སྒྲ། ། ཕན་དགོངས་ཐུགས་རྗེ་ལྡན་པའི་གསུང་སྙན་དེའང་། །ད་ནི་མ་ཐོས་ཡུན་རིང་ལོན་པར་གྱུར། །ཀྱེ་ཧུད་འདོད་དགུ་འབྱུང་བའི་ཐུགས་རྗེའི་གཏེར། །གང་ལ་ཅི་འདོད་སྩོལ་བའི་ཡིད་བཞིན་ནོར། །ཡིད་ལ་རེ་བའི་ འབྲས་སྩོལ་ཆོས་ཀྱི་རྗེ། །ད་སྟེ་གཤེགས་ནས་ལོ་འགའང་སོང་པར་གྱུར། །ཀྱེ་ཧུད་ཁྱོད་ཀྱིས་བཏང་བའི་འགྲོ་བ་རྣམས། །རང་རང་ལས་ཀྱིས་བསྐུལ་བའི་ཁྲོས་པའི་མདའ། །ཕན་ཚུན་རྩོད་པའི་འཁྲུགས་ལོང་དུ་མ་ ཡིས། །ད་ནི་ཕྱོགས་འདིའང་མ་རུངས་ཉིད་དུ་གྱུར། །ཀྱེ་ཧུད་ཉིན་མཚན་གོ་སྐབས་མ་མཆིས་པར། །མགོན་པོ་མཆོག་ལ་གདུང་ཤུགས་དྲག་པོའི་བློས། །སྐྱབས་གཞན་སྤངས་བའི་ཐལ་སྦྱར་གསོལ་འདེབས་ན། །རླབས་ཆེན་ཐུགས་ རྗེའི་ལྕགས་ཀྱུས་གཟུང་དུ་གསོལ། །ཀྱེ་ཧུད་རླུང་གིས་བདས་པའི་སྦུར་པ་བཞིན། །འཇིགས་རུང་ལས་ཀྱི་རླུང་ཤུགས་བཟློག་དཀའ་བས། །གར་འགྲོའི་གཏོལ་མེད་གྱུར་པའི་ལུས་ཅན་རྣམས། །འགྲོ་བའི་བླ་མ་ཁྱེད་ལ་སྐྱབས་སུ་མཆི། ། 1-750 ཀྱེ་ཧུད་བདག་ཅག་གདུལ་བྱའི་ཡིད་གསོའི་སྨན། །ཙནྡན་ཕྱེ་མས་གོས་པའི་ལྷ་རྫས་ཀྱི། །མེ་ཏོག་ཆར་པས་མཁའ་དབྱིངས་ཀུན་བཀང་སྟེ། །སྐུ་གདུང་རིན་ཆེན་འཛིན་པའི་ས་གཞི་ཁྱབ། །དེ་བས་ན་མཆོག་གི་ སྤྲུལ་སྐུ་རྣམས་ཀྱི་མཛད་པའི་ཐ་མ་ནི་མཁའ་ཁྱབ་ཆོས་ཀྱི་སྐུར་ཉེ་བར་འཇོག་པའི་ཚུལ་སྟོན་པ་འདི་ཉིད་དོ་ཞེས་ཐར་ལམ་སྟོན་པའི་དགེ་བའི་བཤེས་གཉེན་དཀོན་པའི་འདུ་ཤེས་བསྐྱེད་པའི་རྒྱ་ ཆེར་བསྔགས་པ་ལ་ཡང་སྦྱར་བར་བྱའོ། །མཆོག་གི་དཔལ་ལྡན་བླ་མའི་ཡོན་ཏན་བརྗོད་པའི་ཚུལ་ལས་དགོངས་པ་ཆོས་ཀྱི་དབྱིངས་སུ་ཉེ་བར་བཞག་པའི་སྐབས་ལས་རྗེས་སུ་བསྒྲགས་པའི་རབ་ཏུ་བྱེད་པ་ སྟེ་བཅུ་གཉིས་པའོ།། །། ༄། །ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་ཆད་པའི་སྐབས་ལས་རྗེས་སུ་བསྒྲགས་པའི་རབ་ཏུ་བྱེད་པ་སྟེ་བཅུ་གསུམ་པ། དེ་ལྟའི་སྐབས་ནས་དགུང་བཞག་སོ་སོ་ལ་དགོངས་རྫོགས་ཀྱི་རིམ་པ་རྣམས་ཀྱིས་མཚོན་པའི་འཕྲལ་དང་ཡུན་གྱི་མཛད་པ་ཕྲ་རགས་ཀུན་ཀྱང་། རྒྱལ་བའི་གདུང་སོབ་ཆེན་པོ་རྗེ་དབོན་ རིན་པོ་ཆེས་གཙོ་མཛད། ཆེན་པོ་རྣམ་པ་གཉིས་སོགས་ཞབས་འབྲིང་པ་གཉུག་མར་གནས་པ་རྣམས་དང་། ཕྱོགས་འདིའི་སྐྱ་སེར་གྱི་གཙོ་བོར་གྱུར་པ་ཀུན་གྱིས་རང་རང་གི་མོས་བློ་ལས་བྱུང

【現代漢語翻譯】 怙主逝世之後, 1-749 僅僅看到那個方向的雲彩就感到非常悲傷,那時回憶起您身軀的容顏,彷彿從內心深處發出強烈的哀嚎。唉!您那如滿月般的身軀,散發著正法甘露的清涼光芒。如蓮花花瓣般美麗的雙眼,今後我的眼睛再也無法看到了。唉!您的聲音如妙音鳥般動聽,聽到后內心充滿喜悅,那是梵天最殊勝的聲音。充滿慈悲和利益他人的心,那美妙的聲音,現在已經很久沒有聽到了。唉!如意寶珠般能滿足一切願望的慈悲寶藏,對於任何想要的東西都能給予滿足。賜予心中期望的果實,正法的法王,如今您已離去多年。唉!您所教化的眾生,被各自業力所驅使的憤怒之箭所傷。互相爭鬥的混亂之中,如今這個地方也變得難以忍受。唉!日日夜夜沒有機會,以對怙主至尊強烈的思念之心,捨棄其他皈依處,合掌祈禱,祈請以偉大的慈悲之鉤來攝受。唉!如同被風吹動的羽毛,無法阻擋可怕的業力之風。不知將去向何方的眾生,向您,眾生的上師,尋求庇護。 1-750 唉!我們這些被調伏者的心靈慰藉之藥,旃檀香粉覆蓋的天物,鮮花如雨般灑落,充滿整個天空,覆蓋著持有您珍貴遺體的土地。因此,最殊勝的化身們的最後示現,就是示現趨近於遍滿虛空的法身之方式,這也應被廣泛讚揚,以生起對指引解脫道的稀有善知識的珍視。以上是從對至尊具德上師功德的講述方式中,趨近於法界意境的章節之後,所作的隨念之論,即第十二品。 ༄། །不間斷的利生事業之輪的章節之後,所作的隨念之論,即第十三品。 從以上章節中,以各自的年齡為代表的證悟次第,所象徵的暫時和究竟的利生事業,無論是細微還是粗大,都由偉大的佛陀法嗣仁波切為主持,兩位大尊者等常隨侍者,以及此方的僧俗大眾,都從各自的虔誠信仰中涌現。

【English Translation】 After the Protector passed away, 1-749 Just seeing the clouds in that direction brings great sorrow, and remembering the face of your body at that time feels like a strong cry from the heart. Alas! Your body, like the full moon, radiates the cool light of the nectar of the Dharma. Your eyes, as beautiful as lotus petals, my eyes will never see again. Alas! Your voice, like the kalaviṅka bird, fills the mind with joy upon hearing it, the supreme sound of Brahma. That sweet voice, filled with compassion and the intention to benefit others, has not been heard for a long time now. Alas! The treasure of compassion, like a wish-fulfilling jewel, grants whatever one desires. The lord of Dharma, who grants the fruits of hope in the mind, has now passed away for many years. Alas! The beings you have guided, wounded by the arrows of anger driven by their own karma. In the chaos of mutual strife, this place has now become unbearable. Alas! Without opportunity day or night, with a strong mind of remembrance for the supreme Protector, abandoning other refuges, praying with folded hands, I beseech you to seize me with the great hook of compassion. Alas! Like a feather blown by the wind, the terrible force of karma is difficult to reverse. Beings who have become helpless as to where they are going, take refuge in you, the guru of beings. 1-750 Alas! The medicine of solace for the minds of us who are to be tamed, the celestial substance covered with sandalwood powder, a rain of flowers filling the entire sky, covering the earth holding your precious relics. Therefore, the final act of the most supreme incarnations is to show the way of approaching the Dharmakāya that pervades the sky, and this should also be widely praised to generate appreciation for the rare spiritual friends who show the path to liberation. The twelfth chapter, a subsequent exposition from the manner of expressing the qualities of the supreme glorious guru, the occasion of approaching the intention to the realm of Dharma. ༄། །The thirteenth chapter, a subsequent exposition from the occasion of the unceasing wheel of activity. From the above chapters, all the temporary and ultimate deeds, both subtle and gross, represented by the stages of realization at each age, are led by the great successor of the Buddha, Je Rinpoche, the two great venerable ones, and other constant attendants, as well as the lay and monastic communities of this region, all arising from their own devotion and faith.


་བའི་དངོས་ པོ་རྣམ་པར་དག་པའི་འབུལ་བ་ཆེ་ཆུང་མ་ངེས་པ་དུ་མའི་ལོངས་སྤྱོད་ཕྱོགས་ཕྱོགས་ནས་ནམ་མཁའི་སྤྲིན་བཞིན་དུ་འདུས་ཏེ། དེ་དག་ལས་ཕྱོགས་འདིར་འདུས་པའི་དགེ་འདུན་དང་སྐྱེ་བོའི་ཚོགས་མཐའ་དག་ལ། 1-751 བསྙེན་བཀུར་གྱ་ནོམ་པ་གསེར་ལ་སོགས་པའི་གྲལ་འགྱེད་དང་བཅས་པའི་རྣམ་གཞག་རྒྱ་ཆེན་པོ་བསྒྲུབས་པའི་ཚུལ་རྣམས་འབུལ་ཡིག་སོ་སོ་ལས་འབྱུང་བ་ལྟར་ཡིན་ཞིང་། སླར་ཡང་སྐུ་གདུང་རིན་པོ་ཆེ་ རྣམས་ཆོས་སྐུའི་ངོ་བོ་ཉིད་དུ་ལེགས་པར་སྒྲུབ་པར་མཛད་དེ། དེ་དག་ལ་གསེར་དངུལ་ལ་སོགས་པའི་ན་བཟའ་དང་། དར་ཟབ་དྲི་བཟང་ལ་སོགས་པའི་བཀུར་བསྟི་གྱ་ནོམ་པའི་སྲིད་ཞུར་མཛད་ནས། གདུང་ཚ་ཆུང་ངུ་པུཎྱེ་བའི་རྟགས་ཅན་དཔག་ཏུ་མེད་པ་ལྷོ་འབྲོག་དད་ཅན་སོ་སོ་ལ་འགྱེད་པར་མཛད་པ། དེའི་ཚེ་ཡང་ས་ཕྱོགས་གང་དང་གང་དུ་གདུང་སྒམ་ཞལ་ཕྱེ་བའི་ཚེ་ཡང་ལྷ་ རྫས་ཀྱི་མེ་ཏོག་གི་ཆར་འབབ་པ་ལ་སོགས་པ་ཕྱོགས་དེ་དང་དེའི་སྐྱེ་བོ་ཐམས་ཅད་ལ་མངོན་སུམ་དུ་གསལ་བ་ཡིན་ཞིང་། རྗེ་ཉིད་ཆོས་ཀྱི་དབྱིངས་སུ་ཕེབས་པའི་སྐུ་གདུང་རིན་པོ་ཆེའི་ དྲུང་དུ་མཆོད་པ་འབུལ་བ་ལ། ཨེ་ཝྃ་ནས་དབོན་ཆེན་རབ་འབྱམས་པ་སངས་རྒྱས་སེང་གེ་དཔོན་སློབ་རྣམས་ཕེབས་ནས། རྗེ་བཙུན་དམ་པ་ངོར་ཆེན་གྱི་སྐུ་ཚབ་མཛད། སྐུ་གདུང་རིན་པོ་ཆེ་ལ་ ཕྱག་མཆོད་བཀུར་སྟི་རྒྱ་ཆེན་པོ་སྤེལ་ཞིང་། དེའི་སྐབས་ནས་རྡོ་རྗེ་འཛིན་པ་ཆེན་པོ་བློ་གྲོས་དཔལ་མགོན་པས་གཙོ་མཛད་དགེ་བའི་བཤེས་གཉེན་དྲག་བཏུས་འགའ་ལ་འདུལ་བ་ལུང་གི་ལུང་ཡང་དག་པར་སྩལ་བར་མཛད་ཅིང་། 1-752 གཞན་ཡང་ཚེ་དཔག་ཏུ་མེད་པ་ལྷ་དགུ་ལ་སོགས་པ་ཆོས་ཀྱི་སྒོ་དུ་མ་ཡང་དག་པར་སྩལ། སླར་ཡང་དཔོན་སློབ་རྣམས་ལ་བསྙེན་བཀུར་ཡང་དག་པས་མཉེས་པར་བྱས་ནས། དཔལ་ཨེ་ཝྃ་ཆོས་ ལྡན་དུ་སླར་ཕེབས་པར་མཛད་དོ། །དེ་ལྟར་ན་རྗེ་ངོར་པ་གདན་རབས་རྣམས་དང་། རྗེ་བཙུན་དམ་པ་ཉིད་ཀྱི་ཐོག་མཐའ་བར་གསུམ་གྱི་ཕྲིན་ལས་མཐའ་ཡས་པ་ཡང་ལྷན་ཅིག་ཏུ་ཆུ་བོའི་རྒྱུན་ བཞིན་དུ་རོ་གཅིག་ཏུ་འདྲེས་པར་གྱུར་པ་ཡིན་ནོ། །སླར་ཡང་དཔལ་ཨེ་ཝྃ་ཆོས་ལྡན་སོགས་དབུས་གཙང་གི་གྲྭ་དགོན་ཐ་དད་དུ་མང་ཇ་གསེར་འགྱེད་དང་བཅས། ཁྱད་པར་གདུང་བརྒྱུད་འཇམ་པའི་དབྱངས་ སྐུ་མཆེད་རྣམས་དང་། རྗེ་བཙུན་ངོར་ཆེན་རིན་པོ་ཆེའི་ཞབས་དྲུང་སོགས་སུ་དངུལ་ལས་གྲུབ་པའི་རྗེ་བཙུན་མ་ཡིད་བཞིན་གྱི་འཁོར་ལོ་སོགས་ཤིན་ཏུ་གཟོ་ཁྱད་ཕུལ་དུ་བྱུང་བའི་ཐུགས་དམ་གྱི་ལྷ། བླུགས་སྐུ་དང་། བྲིས་ཐང་གི་ཚོགས་རབ་ཏུ་མང་པོ་གསེར་ཕྱེ་མ་ཚོམ་བུར་བཀོད་པའི་མཎྜལ། དངུལ་གྱི་ཡོ་བྱད་སྣ་ཚོགས་སོགས་གཞལ་བའི་ཡུལ་ལས་འདས་པ་གྲངས་མེད་པ་འབུལ་ཡིག་གི་ནང་ནས་ འབྱུང་བ་ལྟར་བདག་ཉིད་ཆེན་པོའི་དགོངས་པ་ཟབ་མོ་ཡོངས་སུ་བཀང་བའི་སླད་དུ་འབ

【現代漢語翻譯】 從各方彙集了無數大小不一的純凈供品,猶如天空中的雲朵。所有聚集在此的僧眾和民眾, 按照各自的供養文中所述,以豐厚的黃金等供養和廣大的陳設來款待。再次將珍貴的遺體 妥善地安奉為法身的本體,並以黃金、白銀等衣物,以及絲綢、香料等豐厚的供養來服侍。 將無數帶有吉祥小舍利(puṇye-ba)標誌的遺物,分發給拉洛(Lho-dro)各地虔誠的信徒。每當在任何地方打開舍利盒時, 都會降下天界的鮮花雨等,這對於該地的所有人來說都是顯而易見的。當尊者進入法界時, 埃旺(E-vaṃ)的旺欽·饒絳巴·桑結僧格(dbon chen rab ‘byams pa sangs rgyas seng ge)師徒前來,在珍貴遺體前供奉, 作為尊貴的俄爾欽(Ngorchen)的代表,對珍貴遺體進行了盛大的禮拜和供養。當時,以偉大的金剛持洛哲貝袞波(blo gros dpal mgon po)為首的一些精選的善知識, 被賜予了完整的戒律傳承, 此外,還被賜予了無數的法門,如長壽九尊等。之後,師徒們受到了妥善的款待, 並返回了吉祥的埃旺寺(E-vaṃ chos ldan)。如此,俄爾巴(Ngorpa)的歷代傳承者,以及尊貴的上師從始至終的無量事業, 就像河流一樣融為一體。再次,埃旺寺(E-vaṃ chos ldan)等衛藏(dbus gtsang)各寺院,都供養了大量的茶和黃金。特別是向貢氏家族(gdung brgyud ‘jam pa’i dbyangs sku mched)和尊貴的俄爾欽仁波切(Ngorchen Rinpoche)等, 供養了由白銀製成的如意輪度母(yid bzhin ‘khor lo)等極其精美的本尊像, 以及大量的泥塑像和唐卡,用金粉堆積成曼扎(maṇḍal),以及各種銀製器皿等,其數量之多無法估量,這些都記載在供養文之中,爲了圓滿大士的深邃意願而供養。

【English Translation】 From all directions, countless pure offerings of various sizes gathered like clouds in the sky. All the Sangha and people gathered here, were treated with lavish gold offerings and extensive arrangements, as described in their respective offering letters. Again, the precious relics were properly enshrined as the essence of the Dharmakaya, and were served with lavish offerings of gold, silver, and other garments, as well as silk, incense, and other tributes. Countless small relics bearing the auspicious mark of punya-ba were distributed to the faithful devotees of Lho-dro. Whenever the reliquary was opened in any place, showers of divine flowers and other phenomena were clearly visible to all the people in that area. When the Lord passed into the Dharmadhatu, the abbot Rabjampa Sangye Sengge (dbon chen rab ‘byams pa sangs rgyas seng ge) and his disciples from E-vam came to offer worship at the precious relics, acting as representatives of the venerable Ngorchen, and performed grand rituals of homage and veneration to the precious relics. At that time, the great Vajradhara Lodro Pelgon (blo gros dpal mgon po) and a select group of virtuous spiritual friends, were bestowed with the complete transmission of the Vinaya, and also bestowed with numerous Dharma teachings such as the Nine-Deity Amitayus. Afterwards, the abbot and disciples were pleased with proper hospitality, and returned to the auspicious E-vam Choden. Thus, the lineages of the Ngorpas and the immeasurable activities of the venerable master from beginning to end, merged together like a single stream of water. Again, various monasteries in U-Tsang, such as E-vam Choden, offered large quantities of tea and gold. In particular, to the Gong family (gdung brgyud ‘jam pa’i dbyangs sku mched) and the venerable Ngorchen Rinpoche, were offered extremely exquisite statues of Yidzhin Khorlo Tara (yid bzhin ‘khor lo), made of silver, as well as numerous clay statues and thangkas, mandalas arranged with gold powder, and various silver utensils, beyond measure, as described in the offering letters, in order to fulfill the profound intentions of the great being.


ུལ་བར་མཛད་ཅིང་། སླད་ནས་ཆེན་པོ་རྣམ་པ་གཉིས་ཀྱིས་ཁུར་བཞེས་གཙོ་བོར་མཛད་ནས་གདུང་རྟེན་བྱིན་བརླབས་འོད་འཕྲོ། 1-753 གཟིམ་མལ་སྐུ་འདྲ། དེ་དག་བཞུགས་པའི་གཙུག་ལག་ཁང་གི་གྱང་རིས་སོགས་ལེགས་པར་བསྒྲུབས་ནས། རྗེ་བཙུན་དམ་པ་ཉིད་ཀྱི་ཐུགས་སྲས་རྡོ་རྗེ་འཛིན་པ་ཆེན་པོ་བློ་གྲོས་དཔལ་མགོན་པ་དང་། རྗེ་ ཉིད་ལ་སངས་རྒྱས་ཀྱི་ཐུགས་མངའ་བ་དྲུང་ཆེན་རྣམས་གཉིས། དྲུང་བློ་གྲོས་བཟང་པོ་སོགས་ཞབས་འབྲིང་པ་དག་གིས་ཕྱག་བཞེས་ཀྱི་ཐོ་བར་མཛད་དེ། གདུང་རུས་ཕྲ་མོ་ཡང་མ་མཐོར་བར་ཆོས་སྐུར་ སྒྲུབ་པ་མཐའ་དག་དང་། ཐུགས་དམ་དམ་ཚིག་བྲིས་སྐུ། རྗེ་ཉིད་ཀྱིས་རྒྱུན་དུ་བཞེས་པའི་རྒྱུན་གྱི་སྣམ་ཕྱར་སོགས་དང་། གཞན་ཡང་བླ་མ་གོང་མ་རྣམས་ཀྱི་ན་བཟའ་དབུ་ལོ་གདུང་ཚ་རིང་བསྲེལ། སངས་རྒྱས་ཀྱི་འཕེལ་གདུང་། གཟུངས་ཀྱི་རྣམ་གྲངས་མ་ཚང་བ་མེད་པ་སོགས། གཟུངས་རྫོངས་རབ་གནས་ཀྱི་བར་དུ་ལེགས་པར་མཛད་ཅིང་། བལ་པོ་དཔོན་མོ་ཆེ་རྣམས་ལ་ཡང་འཕྲལ་དང་ཡུན་གྱི་བཀུར་སྟི་ དང་ཡོན་གྱི་དངོས་པོ་རྣམ་པར་དག་པ་སྩལ་བ་སོགས་ཡིད་མགུ་བ་བསྐྱེད་པར་མཛད་དེ། དགོངས་པའི་དབྱིངས་ཁྱད་པར་ཅན་ཡོངས་སུ་བསོབ་པར་མཛད་ལ། དེ་ལྟའི་ལེགས་བྱས་ཐམས་ཅད་ལའང་རྗེ་ཉིད་ ཀྱི་ཐུགས་རྗེའི་མཐུས་བར་ཆད་ཀྱི་རྣམ་པ་ཅུང་ཟད་ཀྱང་མེད་པར་མཐར་ཕྱིན་པར་གྱུར་ཅིང་། སླད་ནས་རྗེ་ཉིད་ཀྱི་ཆོས་ལས་སྐྱེས་པའི་སྲས་རྣམས་ཀྱིས་བཤད་སྒྲུབ་ཀྱི་རྒྱུན་ཁྱད་པར་ཅན་ཡོངས་སུ་བསྐྱངས་ཏེ། 1-754 སྲིད་མཐའི་བར་དུ་ཕྲིན་ལས་ཀྱི་བགྱི་བ་མི་ནུབ་ཆུ་བོའི་རྒྱུན་བཞིན་ལེགས་བྱས་ཀྱི་ཁྱད་པར་སྤེལ་བར་མཛད་པ་ཡིན་ཅིང་། བདག་ཅག་དམན་པའི་གདུལ་བྱ་རི་ཁྲོད་པ་དག་གིས་ཀྱང་ཐུན་བཞིའི་ རྣལ་འབྱོར་ལ་སོགས་པ་ཐུགས་དམ་གྱི་རིམ་པ་དག་ལ་ནན་ཏན་དུ་བགྱིས་པའི་བཀའ་དྲིན་གྱི་ཆ་ཤས་བསབ་པར་སེམས་པ་ཡིན་ལ། མདོར་ན་བདག་ཅག་གདུལ་བྱར་རྟོགས་པ་རྣམས་ཀྱི་འདི་དང་ ཕྱི་མའི་བདེ་ལེགས་ཀྱི་དཔལ་མཐའ་དག་ཀྱང་ཆོས་ཀྱི་རྗེ་ཉིད་ལ་རེ་བ་ཡིན་ཞིང་། དེ་ལྟའི་ཚུལ་ཡང་གོང་གི་འཕྲོས་ལས། དེ་ལྟའི་གོ་འཕང་མཆོག་ནི་མ་ཐོས་པར། །ལམ་གྱི་བར་དུ་གཅོད་ པ་ཉེར་ཞི་ཞིང་། །ལུས་སེམས་རིམ་གཉིས་སྤྱོད་དང་མི་འབྲལ་བར། །རྣམ་མཁྱེན་གོ་འཕང་མཆོག་ལ་སྦྱོར་བར་མཛོད། །ཅེས་སྨྲོས་ཏེ། རྗེ་བཙུན་ཁྱེད་ཀྱིས་མངོན་དུ་མཛད་པ་དེ་ལྟའི་གོ་འཕང་མཆོག་ནི། བདག་ ཅག་རྣམས་ཀྱིས་མ་ཐོབ་པར་གནས་སྐབས་ལམ་གྱི་བར་དུ་གཅོད་པ་ཐམས་ཅད་ཉེར་བར་ཞི་ཞིང་། དུས་ཀུན་ཏུ་ལུས་སེམས་རིམ་གཉིས་སྤྱོད་པ་དང་ནམ་དུ་ཡང་མི་འབྲལ་བར་གནས་པའི་ལེགས་བྱས་ དེ་ཉིད་ཀྱིས་མཐར་ཐུག་རྣམ་མཁྱེན་གོ་འཕང་མཆོག་ལ་སྲིད་གསུམ་འགྲོ་བའི་བླ་མ་ཁྱེད་ཀྱིས་སྦྱོར་བར་མཛོད་ཅིག ཅེས་བརྗོད་པའི་དོན་དང་མ

【現代漢語翻譯】 精心建造,之後由兩位大人物主要負責承擔,使舍利塔加持光芒四射。 1-753 寢室的佛像,以及安放這些佛像的寺廟的墻壁等都精心修繕。至尊上師的法子,大金剛持 洛哲貝袞巴(Blo-gros-dpal-mgon-pa),以及 尊者擁有佛陀智慧的兩位大總管。總管 洛哲桑波(Blo-gros-bzang-po)等侍從們都記錄在案。甚至連細小的骨灰都沒有遺漏,全部作為法身 進行修持,以及誓言畫像。尊者經常使用的袈裟等,還有歷代上師的僧衣、頭髮、骨灰舍利, 佛陀的增長舍利,各種陀羅尼等,無一遺漏。從陀羅尼裝藏到開光都做得非常圓滿。對於尼泊爾的大施主們,也給予了及時和長遠的尊重 以及清凈的供養品等,使他們心滿意足。使智慧的境界完全成熟。所有這些善行,都依靠尊者的慈悲力量,沒有絲毫障礙,最終圓滿完成。之後,尊者的法子們將講修的傳承發揚光大, 1-754 直至輪迴的盡頭,事業的功德如流水般不息,不斷增上善行。我們這些卑微的修行者,也努力進行四座瑜伽等修持,以報答尊者的恩德。總之,我們這些被調伏的眾生,今生 和來世的一切安樂幸福,都寄託於法王尊者。這樣的道理也如上文所說:未聞此等勝妙位,斷除道中諸障礙,身心二資不分離,祈願能證無上覺。如是說,至尊您所證得的勝妙果位,在我們 尚未證得之前,愿能息滅所有修行道路上的障礙,愿我們時時刻刻身心二資不分離,愿以這不分離的善行,最終證得無上圓滿正等覺的果位,三界眾生的怙主,祈願您能加持我們證得此果位! 這就是所表達的含義。

【English Translation】 They were carefully constructed, and later, two great figures mainly took on the responsibility, making the stupa’s blessings radiate light. 1-753 The bedroom statues, and the murals in the temples where these statues are housed, were all carefully repaired. The spiritual son of the venerable and holy one, the great Vajradhara Lodrö Pelgonpa (Blo-gros-dpal-mgon-pa), and The two great chief administrators who possessed the wisdom of the Buddha. The attendants, such as the administrator Lodrö Zangpo (Blo-gros-bzang-po), recorded everything. Not even the smallest ashes were missed, and all were used as Dharmakaya For practice, as well as vow paintings. The robes that the venerable one often used, and the robes, hair, bone relics of previous lamas, Buddha’s increasing relics, various Dharanis, etc., were all included without omission. From Dharani consecration to the consecration ceremony, everything was done perfectly. For the great patrons of Nepal, they also gave timely and long-term respect As well as pure offerings, etc., making them satisfied. They made the realm of wisdom completely mature. All these good deeds, relying on the venerable one’s compassion, were completed without any obstacles. Later, the venerable one’s Dharma sons carried forward the tradition of teaching and practice, 1-754 Until the end of samsara, the merits of the activities flowed like a river, continuously increasing good deeds. We, these humble practitioners, also strive to practice the four-session yoga and other practices, in order to repay the venerable one’s kindness. In short, all the happiness and well-being of us, the beings to be tamed, in this life And the next, are entrusted to the Dharma King. Such a principle is also as stated above: ‘Without hearing of such a supreme position, may all obstacles on the path be cut off, may body and mind never be separated from the two accumulations, may we attain the supreme enlightenment.’ Thus it is said, the supreme state that you, the venerable one, have realized, before we Have attained it, may all obstacles on the path of practice be pacified, may our body and mind never be separated from the two accumulations at all times, may we ultimately attain the state of perfect and complete enlightenment with these inseparable good deeds, the protector of beings in the three realms, may you bless us to attain this state! This is the meaning expressed.


ཚུངས་པར། བདག་ཅག་མགོན་པོ་དེའི་གསུང་གི་བདུད་རྩིས་རྒྱུད་སྨིན་ཅིང་། 1-755 ལམ་ཉམས་སུ་ལེན་པའི་བསྐལ་བ་དང་ལྡན་པའི་གདུལ་བྱ་དག་གིས་ཀྱང་། ཐོབ་བྱའི་དམིགས་ཡུལ་རྗེ་བཙུན་མཆོག་ཉིད་འོད་གསལ་ལས་ཟུང་འཇུག་གི་སྐུར་བསྟན་པའི་བདེ་སྟོང་སྐུ་བཞིའི་གཟུགས་འཆང་འཛིན་པའི་ དཔལ་ཧེ་རུ་ཀའི་གོ་འཕང་དེ་ཉིད་ལ་རྗེས་སུ་འདུན་པའི་བློས། དེའི་རྒྱུ་གཞི་དམ་ཚིག་སྡོམ་པ་ལ་ནན་ཏན་དུ་བྱེད་པ་དང་། གོང་དུ་སྨྲོས་པའི་བག་ཡོད་ཀྱི་ལམ་རྣམས་ལ་རྗེས་སུ་ སློབ་པ་དང་། ཉམས་ལེན་གྱི་སྙིང་པོ་ལམ་རིམ་པ་གཉིས་ལ་ཐུན་བཞིར་འབད་པ་ལ་སོགས་པ་རྣལ་འབྱོར་ལ་མཆོག་ཏུ་གཞོལ་བའི་ཚུལ་དག་ལ་ནན་ཏན་དུ་འགྲུས་པར་བྱ་བ་དང་། མཆོད་གཏོར་ གྱི་རྣལ་འབྱོར་ལ་སོགས་པ་ཐུན་མཚམས་ཀྱི་བྱ་བ་དག་ལ་ཡང་རས་བོར་དུ་མ་སོང་བའི་བཅས་མཚམས་རྣམས་མིག་འབྲས་བཞིན་དུ་བསྲུང་བ་དང་། རྗེས་ཐོབ་ཏུའང་འགྲོ་བ་ཀུན་ལ་བུ་གཅིག་པ་ ལྟར་ཡོངས་སུ་འདི་བར་ཤོག་ལྷེ་གཅིག་རྩ་བའི་མ་དཔེར་ཆད་པར་བྱ་ཐབས་དབེན། རང་སྲོག་འདོར་ལ་ཞུམ་པ་ག་ལ་ཡོད། །རྗེ་བཙུན་ཁྱེད་ཀྱི་ཕྲིན་ལས་བསྐྱང་བའི་ཕྱིར། །ཐབས་མཁས་བགྱི་བ་བསམ་ ཡས་དག་བརྟེན་ཏོ། །ཁྱོད་སྐུ་རེག་དང་ཁྱོད་གསུང་འཛིན་པ་དང་། །ཁྱོད་ཀྱི་ཐུགས་རྗེ་གང་ལ་རྗེས་ཞུགས་པ། །དེ་དག་ཀུན་ལའང་མཚུངས་བྲལ་ཁྱེད་ཉིད་དུ། །བསམ་ནས་ཐལ་སྦྱར་གུས་པས་འདུད་པ་ལགས། ། 1-756 སངས་རྒྱས་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ། །འཇམ་པའི་དཔལ་དང་རང་བཞིན་དབྱེར་མེད་ལས། །ཐ་དད་ཉིད་དུ་བལྟ་བའི་སྐབས་མེད་ན། །འདི་ལ་ཁྱེད་ཀྱི་ཐུགས་རྗེ་ཅིས་མི་འཇུག །འོན་ཀྱང་སྐལ་དམན་ རང་བློའི་ཉེས་པ་ཡི། །ད་དུང་རྗེས་སུ་འཛིན་ལ་སྒྲིབ་པའི་ཆ། །ཐོག་མེད་ནས་བསགས་བག་ཆགས་ཅི་མཆིས་པ། །ཡབ་རྗེ་དམ་པས་ཉེ་བར་སྦྱང་དུ་གསོལ། །དེ་བས་ན་སྐྱེས་བུ་དམ་པ་རྣམས་ ཀྱི་མཛད་པའི་རྒྱུན་རྣམས་ནི་རྗེས་འཇུག་གི་སྐྱེ་བོ་འཁྲིད་པར་བྱེད་པའི་ལམ་པོ་ཆེའོ། །ཞེས་སྐྱེས་བུ་དམ་པའི་ཡོན་ཏན་བསྔགས་པ་ལ་ཡང་སྦྱར་བར་བྱའོ། །མཆོག་གི་དཔལ་ལྡན་བླ་མའི་ཡོན་ཏན་ བརྗོད་པའི་ཚུལ་ལས། ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་ཆད་པའི་སྐབས་ལས་རྗེས་སུ་བསྒྲགས་པའི་རབ་ཏུ་བྱེད་པ་སྟེ་བཅུ་གསུམ་པའོ།། །། ༄། །སྐྱེ་བུ་དམ་པའི་མཛད་པའི་སྒོ་ཁེངས་སྐྱུང་བའི་ཚུལ་ཅན་གཞན་སྣང་དུ་དགོངས་ཏེ་གསུངས་པའི་བཀའ། སླར་ཡང་བརྩམ་བྱ་བསྟན་བཅོས་ཀྱི་འཇུག་ཏུ་གྱུར་པ་སྐྱེ་བུ་ དམ་པའི་མཛད་པའི་སྒོ་ཁེངས་སྐྱུང་བའི་ཚུལ་ཅན་གཞན་སྣང་དུ་དགོངས་ཏེ་གསུངས་པའི་བཀའ་ནི། གོང་གི་འཕྲོས་ལས་འདི་ལྟར་འབྱུང་སྟེ། །རང་སྐྱོན་གསང་ནས་ཡོན་ཏན་བརྗོད་པ་འདི། །སྐྱེས་བུ་དམ་པའི་ ཚུལ་ལུགས་མ་ལགས་ཤིང་། །ཇི་སྐད་བཤད་པའི་ཡོན་ཏན་མ་མཆིས་མོད། །ནན་གྱིས་བསྐུལ

【現代漢語翻譯】 同樣地,我們這些被怙主(藏文:མགོན་པོ,梵文:Natha,梵文羅馬擬音:Natha,漢語字面意思:保護者)的教言甘露成熟了相續, 以及具備修持正道的機緣的所化眾生們,也應以希求之心,追隨那應證得的目標——至尊上師(藏文:རྗེ་བཙུན,梵文:Bhagavan,梵文羅馬擬音:Bhagavan,漢語字面意思:世尊)顯現為光明與雙運之身的四身形象,持有 吉祥黑汝嘎(藏文:ཧེ་རུ་ཀ,梵文:Heruka,梵文羅馬擬音:Heruka,漢語字面意思:飲血尊)的果位。為此,要精勤守護其根本——三昧耶誓言,並效學上述的謹慎之道, 精進于修持之精髓——次第道之二品,每日四座等,極度專注于瑜伽。同時,對於供養朵瑪(藏文:གཏོརམ,梵文:Baliṃta,梵文羅馬擬音:Baliṃta,漢語字面意思:食子)等座間修法,也要如護眼珠般守護已定的界限,不使之荒廢。在後得位中,也要如慈愛獨子般普利一切眾生。 (此處缺一頁根本範本,無法補全。)即使面臨捨棄生命,又怎會畏懼呢?爲了成辦至尊您的事業,我將依止無量善巧方便。 凡是接觸過您的身體、聽聞過您的教言、以及隨學過您的慈悲之人,我都將他們視為與您無二無別,合掌恭敬頂禮。 諸佛智慧的集中顯現,文殊師利(藏文:འཇམ་པའི་དཔལ,梵文:Mañjuśrī,梵文羅馬擬音:Mañjuśrī,漢語字面意思:妙吉祥)與自性無別,若無任何將二者視為不同的機會,您的慈悲又怎會不降臨於此呢? 然而,由於我等福薄,自身智慧的過失,至今仍有障礙我等接受您的加持之處。祈請慈父上師(藏文:ཡབ་རྗེ,梵文:Guru,梵文羅馬擬音:Guru,漢語字面意思:上師)清凈我等無始以來所積的一切習氣。 因此,聖者們的行持,乃是引導後學者的康莊大道。以上也適用於讚頌聖者的功德。從至高吉祥上師功德的講述方式中,關於事業之輪永不停歇的章節之後,是第十三頌的闡釋。 聖者以謙遜的態度,顧及他人觀感而宣說的教言。 再次,作為論著結尾部分的,是聖者以謙遜的態度,顧及他人觀感而宣說的教言。以下內容出自前文的延續:隱藏自己的過失而宣揚功德,並非聖者的行事風格。 雖然我並不具備如上所說的功德,但由於您的懇切敦促……

【English Translation】 Similarly, we, whose minds have been ripened by the nectar of the Protector’s (藏文:མགོན་པོ, 梵文:Natha, Romanized Sanskrit: Natha, Literal meaning: Protector) teachings, and those disciples who possess the opportunity to practice the path, should also, with a desire to follow that goal to be attained—the venerable master (藏文:རྗེ་བཙུན, 梵文:Bhagavan, Romanized Sanskrit: Bhagavan, Literal meaning: Blessed One) manifested as the form of the four bodies of light and union, holding the state of glorious Heruka (藏文:ཧེ་རུ་ཀ, 梵文:Heruka, Romanized Sanskrit: Heruka, Literal meaning: Blood Drinker). To that end, diligently maintain its basis—the Samaya vows, and emulate the aforementioned paths of mindfulness, diligently engage in the essence of practice—the two stages of the Graduated Path, with four sessions each day, and so forth, devoting oneself supremely to yoga. Also, for the session-break activities such as offering tormas (藏文:གཏོརམ, 梵文:Baliṃta, Romanized Sanskrit: Baliṃta, Literal meaning: Food Offering), protect the established boundaries as you would your own eyes, not letting them fall into disrepair. In the post-meditation period, benefit all beings universally as if they were your only child. (A page of the root text is missing here, making it impossible to complete.) Even when faced with abandoning life, how could I be afraid? To accomplish the activities of the venerable you, I will rely on immeasurable skillful means. Whoever has touched your body, heard your teachings, and followed your compassion, I regard them all as inseparable from you, and bow with folded hands and reverence. The concentrated manifestation of the wisdom of all Buddhas, Mañjuśrī (藏文:འཇམ་པའི་དཔལ, 梵文:Mañjuśrī, Romanized Sanskrit: Mañjuśrī, Literal meaning: Gentle Glory) is inseparable from nature, if there is no opportunity to regard the two as different, how could your compassion not descend here? However, due to our meager fortune and the faults of our own wisdom, there are still obstacles hindering us from receiving your blessings. Please, kind father Guru (藏文:ཡབ་རྗེ, 梵文:Guru, Romanized Sanskrit: Guru, Literal meaning: Teacher), purify all the habitual tendencies we have accumulated since beginningless time. Therefore, the actions of holy beings are the great path that leads followers. The above also applies to praising the qualities of holy beings. From the manner of speaking about the qualities of the supreme glorious Guru, after the chapter on the Wheel of Activities never ceasing, is the thirteenth verse of explanation. The teachings spoken by the holy being with an attitude of humility, considering the perceptions of others. Again, as the concluding part of the treatise, are the teachings spoken by the holy being with an attitude of humility, considering the perceptions of others. The following content comes from the continuation of the previous text: Hiding one’s own faults and proclaiming virtues is not the style of holy beings. Although I do not possess the qualities mentioned above, due to your earnest urging…


་བའི་ཞལ་ངོར་འདི་དག་སྨྲས། །ཞེས་པ་འདི་ནི། རང་གི་སྐྱོན་གྱི་ཚོགས་གསང་ཞིང་སྦ་བར་བྱས་ནས། ཡོན་ཏན་གྱི་ཚོགས་མ་འོངས་པ་ནས་འབྱུང་རུང་རྣམས་ལ་སྨོན་པའི་ཚུལ་གྱིས་ཆེད་དུ་བརྗོད་པ་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོས་སྨྲས་པའོ། ། 1-757 ཞེས་སོ།། །།དེ་ལྟར་ན་མདོར་བསྡུས་པའི་ཚུལ་གྱིས་ཐམས་ཅད་ཀྱང་བསྟན་ཟིན་ཏོ། ། འོ་ན་རྣམ་པར་ཐར་པ་འདི་བརྩམས་པའི་ཚེ་སངས་རྒྱས་བསྟན་པའི་བདག་པོ་མྱ་ངན་ལས་འདས་ནས་ལོ་དུ་ཞིག་ ལོན་ཞིང་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་དང་། དཔལ་ཨེ་ཝྃ་ཆོས་ལྡན་བཏབ་ནས་ལོ་དུ་སོང་ཞེས་ན། དེའི་ཚུལ་ཉུང་ངུར་བསྡུས་ན་ཚིགས་བཅད་དུ་བཏབ་ན་འདི་ལྟ་སྟེ། རྒྱུད་སྡེ་བྱེ་ བའི་གསང་མཛོད་འཛིན། །འཁོན་སྟོན་དཀོན་རཏྣ་རཱ་ཛ་མཆོག་རྒྱལ་པོ་དེ། །དངོས་པོ་ཞེས་པ་ཤིང་ཕོ་ཁྱི་ཡི་ལོ་ལ་འཁྲུངས། །དེ་ཡིས་བཞི་བཅུ་བཞེས་པ་ཡི། །བག་ཡོད་ཞེས་པ་ཆུ་མོ་གླང་གི་ ལོ་ལ་ནི། །དཔལ་ལྡན་ས་སྐྱ་ལེགས་པར་བཏབ། །དེ་ནས་བཅུ་དགུ་འདས་པ་ཡི། །ཨཾ་གི་ར་ཞེས་པ་ཆུ་ཕོ་སྤྲེའུའི་ལོ་ལ་ནི། །ས་ཆེན་ཀུན་དགའ་སྙིང་པོ་ཨཱ་ནནྡ་གརྦྷ་འཁྲུངས། །དེ་ནས་ ལྔ་བཅུ་འདས་པ་ཡི། །ལྔ་ཆེན་ཞེས་པ་ཆུ་ཕོ་ཁྱི་ཡི་ལོ་ལ་ནི། །རྗེ་བཙུན་བསོད་ནམས་རྩེ་མོ་པུཎྱ་ཨཱ་གྲ་འཁྲུངས། །དེ་ནས་བཞི་བཅུ་འདས་པ་ཡི། །དགེ་བྱེད་ཅེས་པ་ཆུ་ཕོ་སྟག་ གི་ལོ་ལ་ནི། །ཆོས་རྗེས་རྗེ་ས་སྐྱ་པཎ་ཆེན་ཨཱ་ནནྡ་དྷྭ་ཛ་འཁྲུངས། །དེ་ནས་ང་གསུམ་འདས་པ་ཡི། །མྱོས་བྱེད་ཅེས་པ་ཤིང་མོ་ལུག་གི་ལོ་ལ་ནི། །འགྲོ་མགོན་ཆོས་རྒྱལ་འཕགས་པ་མ་ཏི་དྷྭ་ཛ་འཁྲུངས། ། 1-758 དེ་ནས་ཉེར་བདུན་འདས་པ་ཡི། །ལྔ་ཆེན་ཞེས་པ་ཆུ་ཕོ་ཁྱི་ཡི་ལོ་ལ་ནི། །བླ་མ་བདག་ཉིད་ཆེན་པོ་བྷ་ཏྲ་ཤྲཱི་འཁྲུངས། །དེ་ནས་ལྔ་བཅུ་འདས་པ་ཡི། །ཡོངས་འཛིན་ཞེས་པ་ཆུ་ ཕོ་བྱི་བའི་ལོ་ལ་ནི། །དཔལ་ལྡན་བླ་མ་དམ་པ་པུཎྱ་དྷྭ་ཛ་འཁྲུངས། །དེ་ནས་སོ་བརྒྱད་འདས་པ་ན། །རྣམ་འགྱུར་ཞེས་པ་ལྕགས་ཕོ་སྟག་གི་ལོ་ལ་ནི། །མི་ཕམ་གཡག་གི་མཚན་ཅན་ བུ་དྡྷ་ཤྲཱི་འཁྲུངས། །དེ་ནས་སོ་གཉིས་འདས་པ་ཡི། །ལྔ་ཆེན་ཞེས་པ་ཆུ་ཕོ་ཁྱིའི་ལོ་ལ་ནི། །རྗེ་བཙུན་ཀུན་དགའ་བཟང་པོ་ཨཱ་ནནྡ་བྷ་ཏྲ་འཁྲུངས། །དེ་ཡིས་ཞེ་བརྒྱད་བཞེས་པ་ཡི། །ཞི་ བ་ཞེས་པ་ས་མོ་བྱ་ཡི་ལོ་ལ་ནི། །ཨེ་ཝྃ་ཆོས་ལྡན་ལེགས་པར་བཏབ། །འཛིན་བྱེད་ཅེས་པ་མེ་ཕོ་བྱི་བའི་ལོ་ལ་ནི། །མཚུངས་མེད་ངོར་ཆེན་ཨཱ་ནནྡ་བྷ་དྲ་མྱ་ངན་འདས། །དེ་ ནས་ཟླ་འགའ་ལོན་པ་ན། །བདག་གི་འདྲེན་པ་དམ་པ་མཁན་པོ་པུཎྱའི་མཚན་ཅན་འཁྲུངས། །མགོན་དེས་ཉེར་གཅིག་བཞེས་པའི་ཚེ། །གདོང་ངན་ཞེས་པ་མེ་ཕོ་སྤྲེའུའི་ལོ་ལ་ནི། །དཔལ་ལྡན་མཚན་ཅན་ཤྲཱི་ ལ་དྷྭ་ཛ་མྱ་ངན་འདས། །དེ་ནས་ལོ་གཉིས་ལོན་པ་ན། །རྣམ་འཕྱང་ཞེས་པ་

【現代漢語翻譯】 བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོས་(Sönam Lhündrup Lekpai Jungne Gyaltsen Palzangpo,功德圓成善妙生處勝幢吉祥賢)在自己的缺點被隱藏和掩蓋,並以期望未來出現功德的方式特別說出了這些話。 如上所述,所有內容都以簡要的方式進行了闡述。那麼,在創作這篇傳記時,佛陀教法的持有者(釋迦牟尼佛)涅槃多少年後?以及建立偉大的寺院吉祥薩迦(Palden Sakya)和吉祥埃旺卻丹(Pal Ewam Chöden)多少年後?如果將這些內容簡要地總結成詩句,如下所示: 持有無數密續寶藏的昆頓·貢噶·仁欽·拉杰(Khön Tön Kön Ratna Raja,昆氏 貢 仁欽 惹扎),誕生於名為『事物』的木陽狗年。 當他四歲時,在名為『謹慎』的水陰牛年,吉祥薩迦寺被完美地建立。 在那之後十九年,在名為『安吉拉』的水陽猴年,薩欽·貢噶·寧波(Sachen Künga Nyingpo,薩欽 貢噶 寧波)阿難陀藏(Ānanda-garbha,喜藏)誕生。 在那之後五十年,在名為『五大』的水陽狗年,杰尊·索南孜摩(Jetsün Sönam Tsemo,至尊 索南孜摩)功德頂(Puṇya-āgra,功德頂)誕生。 在那之後四十年,在名為『善行』的水陽虎年,卻杰·薩迦班智達(Chöje Sakya Paṇchen,法主 薩迦班智達)阿難陀幢(Ānanda-dhvaja,喜幢)誕生。 在那之後五十三年,在名為『陶醉』的木陰羊年,卓貢·卻嘉·帕巴(Dro Gon Chögyal Phagpa,卓貢 法王 八思巴)瑪提幢(Mati-dhvaja,慧幢)誕生。 在那之後二十七年,在名為『五大』的水陽狗年,喇嘛·達尼欽波·巴扎西日(Lama Daknyi Chenpo Bhatra Shri,喇嘛 大持 巴扎西日)誕生。 在那之後五十年,在名為『擁護』的水陽鼠年,吉祥喇嘛丹巴·功德幢(Palden Lama Dampa Puṇya-dhvaja,吉祥 喇嘛 當巴 功德幢)誕生。 在那之後三十八年,在名為『變化』的鐵陽虎年,名為彌龐·雅克的布達西日(Mipam Yak gi Tsen Chan Buddha Shri,彌龐 雅克 名稱 佛吉祥)誕生。 在那之後三十二年,在名為『五大』的水陽狗年,杰尊·貢噶·桑波(Jetsün Künga Zangpo,至尊 貢噶 桑波)阿難陀賢(Ānanda-bhadra,喜賢)誕生。 當他四十八歲時,在名為『寂靜』的土陰雞年,埃旺卻丹寺被完美地建立。 在名為『執持』的火陽鼠年,無與倫比的俄爾欽·阿難陀賢(Ngorchen Ānanda-bhadra,俄爾欽 阿難陀賢)逝世。 在那之後幾個月,我的導師,尊貴的堪布·功德(Khenpo Puṇya,堪布 功德)之名者誕生。 當這位怙主二十一歲時,在名為『惡面』的火陽猴年,吉祥名稱者西拉幢(Śīla-dhvaja,戒幢)逝世。 在那之後兩年,在名為『垂掛』的

【English Translation】 Sönam Lhündrup Lekpai Jungne Gyaltsen Palzangpo spoke these words specifically in a manner of concealing and hiding his own collections of faults, and hoping for the future arising of collections of virtues. As such, everything has been explained in a concise manner. So, at the time of composing this biography, how many years had passed since the passing of the holder of the Buddha’s teachings (Shakyamuni Buddha)? And how many years had passed since the establishment of the great monasteries, glorious Sakya (Palden Sakya) and glorious Ewam Chöden? If these contents are briefly summarized into verses, it is as follows: Khön Tön Kön Ratna Raja, the holder of countless tantric treasures, was born in the Wood Male Dog year called ‘Thing’. When he was four years old, in the Water Female Ox year called ‘Vigilance’, the glorious Sakya Monastery was perfectly established. Nineteen years after that, in the Water Male Monkey year called ‘Angira’, Sachen Künga Nyingpo Ānanda-garbha was born. Fifty years after that, in the Water Male Dog year called ‘Five Greats’, Jetsün Sönam Tsemo Puṇya-āgra was born. Forty years after that, in the Water Male Tiger year called ‘Virtuous Action’, Chöje Sakya Paṇchen Ānanda-dhvaja was born. Fifty-three years after that, in the Wood Female Sheep year called ‘Intoxication’, Dro Gon Chögyal Phagpa Mati-dhvaja was born. Twenty-seven years after that, in the Water Male Dog year called ‘Five Greats’, Lama Daknyi Chenpo Bhatra Shri was born. Fifty years after that, in the Water Male Mouse year called ‘Protector’, Palden Lama Dampa Puṇya-dhvaja was born. Thirty-eight years after that, in the Iron Male Tiger year called ‘Transformation’, Buddha Shri, named Mipam Yak, was born. Thirty-two years after that, in the Water Male Dog year called ‘Five Greats’, Jetsün Künga Zangpo Ānanda-bhadra was born. When he was forty-eight years old, in the Earth Female Bird year called ‘Peace’, Ewam Chöden Monastery was perfectly established. In the Fire Male Mouse year called ‘Holding’, the incomparable Ngorchen Ānanda-bhadra passed away. A few months after that, my guide, the venerable Khenpo Puṇya by name, was born. When that protector was twenty-one years old, in the Fire Male Monkey year called ‘Ugly Face’, the glorious named Śīla-dhvaja passed away. Two years after that, in the year called ‘Hanging’


ས་ཕོ་ཁྱིའི་ལོ་ལ་ནི། །ཀུན་དགའ་དབང་ཕྱུག་ཆོས་ཨཱ་ནནྡ་ཨི་ཤྭ་ར་དབྱིངས་གཤེགས། །དེ་ནས་ལོ་དགུ་ལོན་པ་ཡི། ། 1-759 ཟིལ་མནོན་ཞེས་པ་མེ་ཕོ་རྟའི་ལོ་ལ་ནི། །གྲགས་པ་རྒྱལ་མཚན་ཀཱིརྟི་དྷྭ་ཛ་བདེ་བར་གཤེགས། །དེ་ནས་ཉི་ཤུ་འདས་པ་ཡི། །ཁྲོ་བོ་ཞེས་པ་ཤིང་མོ་གླང་གི་ལོ་ལ་ནི། །འབྱུང་ཆེན་ འཁྲུགས་པའི་ས་ཆེན་གཡོས། །དེ་ནས་ལོ་བཞི་འདས་པ་ཡི། །དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི་ལོ་ལ་ནི། །རྭ་སྟོན་ཆེན་པོ་གུ་ཎ་ཤྲཱི་བྷ་དྲ་ཆོས་དབྱིངས་བཞུད། །དེ་ནས་ལོ་དྲུག་ལོན་ པ་ན། །དངོས་པོ་ཞེས་པ་ཤིང་ཕོ་ཁྱི་ཡི་ལོ་ལ་ནི། །ཡོངས་འཛིན་ཆོས་རྗེ་རཏྣ་ཝརྟ་མྱ་ངན་འདས། །དེ་ནས་ལོ་བཞི་ལོན་པ་ན། །དབང་ཕྱུག་ཞེས་པ་མེ་མོ་གླང་གི་ལོ་ལ་ནི། ། སྐྱིད་གྲོང་འཕགས་པར་སྨོན་ལམ་མཛད། །དེ་ནས་ལོ་བདུན་འདས་པ་ན། །ཉི་མ་ཞེས་པ་ཆུ་མོ་ལུག་གི་ལོ་ལ་ནི། །ཡབ་སྲས་ལྷན་དུ་ཆོས་འཁོར་བསྐོར། །དེ་ནས་ལོ་བཅུ་འདས་པ་ཡི། །དགའ་ བ་ཞེས་པ་ཆུ་མོ་འབྲུག་གི་ལོ་ལ་ནི། །དགོངས་པ་ཆོས་ཀྱི་དབྱིངས་སུ་བཞག །དེ་ལྟར་བདག་ཉིད་ཆེན་པོ་དེས། །དགུང་ལོ་བདུན་ཅུ་དོན་བདུན་དུ། །བསྟན་དང་འགྲོ་བའི་དོན་མཛད་ནས། །སླར་ཡང་ ཞི་བའི་དབྱིངས་སུ་གཟིམས། །རྒྱལ་བ་མྱ་ངན་འདས་པ་ནས། །ལོ་གསུམ་ལོན་པའི་མྱོས་བྱེད་ཅེས་པ་ཤིང་ལུག་ལ། །རྣམ་ཐར་འདི་ནི་བདག་གིས་སྡེབས། །རྒྱུ་མཚན་དེ་རྣམས་ཉིད་ཀྱི་ཕྱིར། །ཐུབ་དབང་མྱ་ངན་འདས་ནས་ནི། ། 1-760 སུམ་སྟོང་དྲུག་བརྒྱ་རེ་བདུན་འདས། །དཔལ་ལྡན་ས་སྐྱ་བཏབ་པ་ནས། །བཞི་བརྒྱ་དང་ནི་རེ་གཉིས་ལོན། །ཨེ་ཝྃ་ཆོས་ལྡན་བཏགས་པ་ནས། །བརྒྱ་དང་བདུན་ཅུ་ལོན་པ་ཡིན། །རྣམ་དག་བསྟན་པའི་ལྷག་ མ་ནི། །བརྒྱད་བརྒྱ་སུམ་ཅུ་སོ་གསུམ་སྟེ། །རྟགས་ཙམ་འཛིན་པ་དང་བཅས་ན། །སྟོང་དང་སུམ་བརྒྱ་སོ་གཉིས་ནི། །མ་འོང་བསྟན་པའི་ལྷག་མར་གནས། །ཞེས་བྱ་བས་ཁོང་དུ་ཆུད་པར་བྱའོ། ་དཔལ་ལྡན་ མཁྱེན་དང་བརྩེ་བའི་བདག་ཉིད་རིགས་ཀྱི་མགོན་པོ་འཇམ་པའི་དབྱངས་དང་གཉིས་མེད་རྒྱ་ཆེན་ཤེས་བྱའི་དེ་ཉིད་ལེགས་པར་རྟོགས་པའི་མཁས་པ་མཆོག །གཟུང་བ་དང་ནི་འཛིན་པའི་ཀུན་རྟོག་མ་ལུས་རྣམ་ པར་སྤངས་པའི་སྟོང་པ་ཉིད་དང་བདེ་བ་ཟུང་དུ་འཇུག་པའི་ཐུགས་མངའ་གྲུབ་པའི་དབང་ཕྱུག་གཙོ། །ནམ་མཁའི་མཐའ་ཀླས་དཔག་མེད་སེམས་ཅན་ཀུན་ཀྱང་མཉམ་པ་ཉིད་དུ་གཟིགས་པའི་བྱམས་དང་སྙིང་རྗེའི་ བདག་ཉིད་གཅིག་ཏུ་དཀར་བའི་མཉེས་ཤིན་ཐུགས་ལྡན་པ། །བསྟན་དང་མཁའ་མཉམ་འགྲོ་ལ་ཕན་པའི་རྩ་ལག་དཔལ་ལྡན་བླ་མའི་ཞབས་ཀྱི་པདྨར་རྟག་ཏུ་གུས་པའི་ཡིད་ཀྱིས་གཙུག་གི་ནོར་བུས་མདུད་པར་ བགྱི། འདི་དང་ཕྱི་མའི་ཕན་བདེ་མ་ལུས་པ། །བླ་མ་མཆོག་ལ་རག་ལས་དེ་ཡི་ཕྱིར། །གྲུབ་མཆོག་རྣམས་ཀྱང་རིགས་ཀྱི་བདག་པོ་ཡི། །ཚུལ་གྱིས་རང་གི་བླ་མར་སྲིད་ཞ

【現代漢語翻譯】 在土狗年,昆岡旺秋(Kun dga’ dbang phyug)喬阿難陀伊希瓦拉(Chos Ānanda Īśvara)逝世。之後過了九年, 在名為『降伏』的火馬年,扎巴堅贊(Grags pa rgyal mtshan)吉帝達瓦扎(Kīrti dhvaja)安詳離世。之後過了二十年, 在名為『忿怒』的木牛年,發生了大地震。之後過了四年, 在名為『白色』的土蛇年,拉頓欽波(Rwa ston chen po)古納師利巴扎(Guṇa śrī bhadra)融入法界。之後過了六年, 在名為『事物』的木狗年,永增卻杰(Yongs ‘dzin chos rje)熱那瓦達(Ratna varta)圓寂。之後過了四年, 在名為『自在』的火牛年,在吉隆(Skyid grong)的帕巴(‘Phags pa)處進行了祈願。之後過了七年, 在名為『太陽』的水羊年,父子一同轉法輪。之後過了十年, 在名為『喜悅』的水龍年,將意念安住於法界。如此,這位大士, 在七十七歲時,爲了佛法和眾生的利益而努力,之後再次安眠于寂靜的法界。從佛陀涅槃, 過了三年,在名為『醉人』的木羊年,我寫下了這篇傳記。因為這些原因, 從釋迦牟尼佛涅槃至今,已經過去了三千六百六十七年。從建立薩迦寺至今,已經過去了四百六十二年。從建立埃旺寺(E waṃ chos ldan)至今,已經過去了一百七十年。清凈佛法的剩餘時間, 還有八百三十三年,如果算上僅僅持有象徵,還有一千三百三十二年,這是未來佛法剩餘的時間。應該這樣理解。具德 智慧與慈悲的化身,種姓之主,與文殊菩薩無二無別,是廣博知識的智者。 已將能取所取的一切分別唸完全捨棄,擁有空性與樂融為一體的覺悟,是成就自在的主尊。 如虛空般無垠,以平等之心看待無量眾生,是慈悲的化身,擁有令人愉悅的內心。 爲了佛法和如虛空般廣闊的眾生之利益,我始終以恭敬之心,將具德上師的蓮足,頂戴于頭頂的珍寶之上。 今生和來世的一切利益和快樂,都依賴於至尊上師,因此, 即使是成就者們,也以種姓之主的身份,將自己的上師視為至高無上。

【English Translation】 In the Earth Dog year, Kun Ga Wangchuk (Kun dga’ dbang phyug) Chos Ananda Ishvara (Chos Ānanda Īśvara) passed away. Nine years later, In the Fire Horse year named ‘Subduing,’ Drakpa Gyaltsen (Grags pa rgyal mtshan) Kirti Dhvaja (Kīrti dhvaja) passed away peacefully. Twenty years later, In the Wood Ox year named ‘Wrathful,’ a great earthquake occurred. Four years later, In the Earth Snake year named ‘White,’ Ra Ton Chenpo (Rwa ston chen po) Guna Shri Bhadra (Guṇa śrī bhadra) merged into the Dharmadhatu. Six years later, In the Wood Dog year named ‘Things,’ Yongdzin Chöje (Yongs ‘dzin chos rje) Ratna Varta (Ratna varta) passed into sorrow. Four years later, In the Fire Ox year named ‘Powerful,’ prayers were made at Pagpa (‘Phags pa) in Kyidrong (Skyid grong). Seven years later, In the Water Sheep year named ‘Sun,’ father and son turned the Wheel of Dharma together. Ten years later, In the Water Dragon year named ‘Joy,’ he placed his mind in the Dharmadhatu. Thus, this great being, At the age of seventy-seven, worked for the benefit of the Dharma and sentient beings, and then again slept in the peaceful Dharmadhatu. From the Nirvana of the Buddha, Three years passed, in the Wood Sheep year named ‘Intoxicating,’ I composed this biography. Because of these reasons, From the Nirvana of Shakyamuni Buddha until now, three thousand six hundred and sixty-seven years have passed. From the establishment of Sakya Monastery until now, four hundred and sixty-two years have passed. From the establishment of Ewam Monastery (E waṃ chos ldan) until now, one hundred and seventy years have passed. The remaining time of the pure Dharma, Is eight hundred and thirty-three years, and if we include those who merely hold the symbols, there are one thousand three hundred and thirty-two years, which is the remaining time of the future Dharma. This should be understood. The glorious Embodiment of wisdom and compassion, the lord of the lineage, inseparable from Manjushri, is the supreme scholar who perfectly understands the reality of vast knowledge. Having completely abandoned all concepts of grasping and clinging, possessing the realization of the union of emptiness and bliss, is the chief of accomplished masters. Like the endless expanse of the sky, regarding countless sentient beings with equality, is the embodiment of love and compassion, possessing a heart filled with singular white delight. For the benefit of the Dharma and beings as vast as the sky, I always respectfully place the lotus feet of the glorious Lama on the jewel of my head. All the benefits and happiness of this life and future lives depend on the supreme Lama, therefore, Even accomplished ones, as lords of their lineage, regard their own Lama as supreme.


ུར་མཛད། །དེ་ཕྱིར་བླ་མ་མཆོག་ལ་མོས་པ་ནི། ། 1-761 སྡེ་སྣོད་སྙིང་པོ་རྒྱུད་སྡེ་ཀུན་གྱི་བཅུད། །དུས་གསུམ་རྒྱལ་བ་སྲས་བཅས་བགྲོད་གཅིག་ལམ། །མཁས་གྲུབ་དམ་པ་ཀུན་གྱི་གཤེགས་ཤུལ་ཡིན། །རང་ཉིད་རྒྱལ་རིགས་མཆོག་ཏུ་ཁས་འཆེ་ཞིང་། །ཕ་མེས་གདོལ་པར་ སྒྲོག་པའི་བླུན་པོ་བཞིན། །རྩ་བརྒྱུད་བླ་མ་སྨོད་པ་ལྷུར་ལེན་པ། །དེ་ལ་མཆོག་དང་ཐུན་མོང་དངོས་གྲུབ་རིང་། །དང་པོར་བླ་མ་སངས་རྒྱས་ཉིད་དུ་བསྒོམ། །བར་དུ་བླ་མ་སངས་རྒྱས་དངོས་སུ་ མཐོང་། །ཐ་མར་རང་སེམས་བླ་མར་གྱུར་པ་འདི། །ཟབ་ལམ་རྡོ་རྗེ་ཐེག་པའི་ཁྱད་ཆོས་ཡིན། །དེ་ཕྱིར་སངས་རྒྱས་ཐམས་ཅད་མཆོད་པ་བས། །བླ་མའི་བ་སྤུ་གཅིག་མཆོད་དོན་ཆེ་ཞེས། །རབ་འབྱམས་ཞིང་ གི་རྒྱལ་བ་མ་ལུས་པ། །དབྱངས་དང་དགོངས་པ་གཅིག་གིས་གསལ་བར་གསུངས། །མོས་གུས་མེད་ན་བྱིན་རླབས་ཡོད་མིན་ལ། །བྱིན་རླབས་མ་ཞུགས་རྟོགས་པ་མི་སྐྱེ་བས། །ཆིག་མཆོག་རྒྱལ་པོ་བླ་མའི་མོས་ གུས་ཞེས། །གྲུབ་མཆོག་སྟོང་གིས་སྐལ་བཟང་རྨད་འདི་ཕྱུང་། །དེ་ལྟར་རང་རྒྱུད་མོས་པས་གང་བ་ན། །ཡི་གེའི་ངལ་བ་སུ་ཞིག་སེམས་པར་བྱེད། །ཤིན་ཏུ་སྨིན་པའི་ཤིང་འབྲས་ཇི་བཞིན་དུ། །གུས་པའི་ སྟོབས་ཀྱིས་མཆི་མ་ལྷག་པར་ལྷུང་། །འདིར་འབད་དགེ་བས་བདག་དང་རྡོ་རྗེའི་སར། །མཉམ་དུ་ཆས་པའི་དོན་མཐུན་གྲོགས་དག་ཀྱང་། །སྡོམ་གསུམ་ལམ་གྱི་གཞུང་བཟང་ལ་བརྟེན་ནས། །རྣམ་གྲོལ་ཐར་པའི་གླིང་དུ་བགྲོད་པར་ཤོག། །། 1-762 དེ་བས་ན་གང་ལ་བརྟེན་ནས་སྲིད་པ་དང་ཞི་བའི་དཔལ་བདེ་བླག་ཏུ་སྩོལ་བ་ནི། མཆོག་གི་རྡོ་རྗེ་སློབ་དཔོན་ཉིད་ཡིན་ལ། དེ་ལྟའི་ཡོན་ཏན་བསྔགས་པ་ལན་གཅིག་བརྗོད་པས་ཀྱང་། བགྲང་ བར་མི་སྤོབས་པའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསྐྲུན་པ་ཉིད་དུ་གྱུར་པ་དེའི་ཕྱིར། སྐྱེས་བུ་དམ་པའི་རྗེས་སུ་འཇུག་པའི་སྤོབས་པ་ཁྱད་པར་ཅན་གྱིས་རང་རྒྱུད་ཉེ་ བར་གང་བའི་སྐབས་ནས། མདོ་སྔགས་ཀྱི་དགོངས་དོན་རྨད་དུ་བྱུང་བ་ཀུན་ཀྱང་། བདག་ཉིད་ཆེན་པོ་ཉིད་ཀྱིས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་ངོ་བོར་རྗེས་སུ་བསྒྲོག་པའི་ཕྲིན་ལས་ཀྱི་བགྱི་བ་ ཅུང་ཟད་སྤེལ་ཏེ། མཆོག་གི་དཔལ་ལྡན་བླ་མའི་ཐོག་མཐའ་བར་གསུམ་གྱི་མཛད་པ་ཇི་སྙེད་ཡོད་པ་རྣམས། བདག་ཉིད་ཆེན་པོ་ཉིད་ཀྱི་དགུང་གི་ལོ་དག་ཐད་སོ་ཐད་སོ་དག་ཏུ་སྦྱར་ཞིང་། དེ་ཡང་ཆེད་དུ་བརྗོད་པའི་བསྟོད་པའི་གོ་རིམ་དག་དང་ཟུང་དུ་སྡེབས་ནས། དཔལ་ལྡན་བླ་མ་དམ་པ་འཇམ་པའི་དབྱངས་ཉིད་ལ་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས་པའི་སྐལ་བ་བཟང་པོར་བགྱིས་ པ་བཙུན་པ་གྲོལ་མཆོག་གིས་གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་ཐུགས་ཀྱི་སྲས་མཁས་གྲུབ་གཙང་མ་རྒྱལ་མཚན་གྱིས་བྱིན་གྱིས་རླབས་པའི་དབེན་གནས་རྡོ་རྗེ་བྲག་ཏ

【現代漢語翻譯】 因此,對上師的虔誠是: 顯密經續的精髓,三世諸佛及其眷屬的唯一道路,所有智者和成就者的足跡。如同自詡為高貴種姓,卻宣稱祖先為賤民的愚人一樣,那些熱衷於誹謗根本上師的人,將難以獲得殊勝和共同的成就。首先,觀想上師即是佛; 其次,視上師為真實的佛;最後,將自心轉化為上師。這是甚深金剛乘的獨特之處。因此,供養所有諸佛,不如供養上師的一根毫毛更有意義。無量剎土的諸佛,以相同的聲音和意圖清楚地宣說。 如果沒有虔誠,就不會有加持;如果沒有加持,就不會生起證悟。至尊上師的虔誠是唯一的國王。成千上萬的成就者發掘了這個吉祥的命運。當自相續充滿虔誠時,誰還會在意文字的辛勞呢?就像完全成熟的果實一樣,由於恭敬的力量,眼淚會不由自主地流下。 愿以此功德,我和那些與我在金剛乘道路上共同前進的道友們,都能依靠三戒的良好教法,進入解脫的樂園! 因此,能夠輕易賜予輪迴和涅槃的榮耀和安樂的,是至上的金剛上師。僅僅讚頌一次這樣的功德,就能創造出無法估量的功德和智慧的積累。因此,從以殊勝的勇氣追隨聖賢開始,當自相續充滿時,所有經續中非凡的意圖,都將通過偉大的自性,以身語意的功德來宣說,稍微擴充套件事業的行為。 至尊上師從始至終的所有行為,都與偉大的自性相符,與上師的年齡相對應,並且與特別表達的讚頌順序相結合。尊者格魯·洛扎瓦·謝饒仁欽,從吉祥上師文殊菩薩那裡接受了三戒的恩賜,並在其心子,智者和成就者藏瑪嘉燦加持的寂靜處多吉扎中……

【English Translation】 Therefore, devotion to the Lama is: The essence of all Sutras and Tantras, the single path traversed by all Buddhas of the three times and their retinues, the footsteps of all wise and accomplished ones. Like a fool who claims to be of noble birth but proclaims his ancestors as outcasts, those who are keen on slandering the root Lama will be far from attaining supreme and common accomplishments. First, meditate on the Lama as the Buddha himself; Second, see the Lama as the actual Buddha; finally, transform your own mind into the Lama. This is the unique characteristic of the profound Vajrayana path. Therefore, offering to all the Buddhas is less meaningful than offering to a single hair of the Lama. All the Buddhas of limitless realms clearly proclaim with one voice and intention. Without devotion, there will be no blessings; without blessings, no realization will arise. Devotion to the supreme Lama is the one and only king. Thousands of accomplished ones have unearthed this auspicious fortune. When one’s own mindstream is filled with devotion, who would care about the labor of letters? Like a fully ripened fruit, tears fall all the more due to the power of respect. By this merit, may I and those Dharma friends who together proceed on the Vajra path, relying on the good teachings of the three vows, enter the island of liberation! Therefore, that which easily bestows the glory and bliss of existence and peace is the supreme Vajra Master. Even reciting once the praise of such qualities creates immeasurable accumulations of merit and wisdom. Therefore, from the occasion of filling one’s own mindstream with the extraordinary courage to follow the holy being, all the extraordinary intentions of Sutra and Tantra will be proclaimed through the qualities of body, speech, and mind by the great self, slightly expanding the activity of the work. All the deeds of the glorious Lama from beginning to end correspond to the great self, corresponding to the years of the Lama’s age, and combined with the order of praises specifically expressed. Venerable Grolchok, who received the grace of the three vows from the glorious Lama Manjushri, and in the solitary place of Dorje Drak blessed by his heart-son, the wise and accomplished Tsangma Gyaltsen…


ུ་ཉེ་བར་སྦྱར་བའི་ཡི་གེ་པ་ནི་ས་སྐྱ་པ་ཀུན་དགའ་བཟོད་པ་བཟང་པོས་བགྱིས་ཏེ། 1-763 འདིས་ཀྱང་སློབ་མའི་གྲངས་མར་གྱུར་པ་བདག་སོགས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ། མཆོག་གི་དཔལ་ལྡན་བླ་མ་རྡོ་རྗེ་སློབ་དཔོན་ཉིད་ཀྱི་ཡེ་ཤེས་ཀྱི་གཟིགས་པ་དམ་པ་མྱུར་དུ་འཇུག་ པའི་རྒྱུར་གྱུར་ཅིག །མངྒ་ལཾ་བྷ་ཝནྟུ།། ཚིག་གི་སྡེབ་སྦྱོར་སྦྱོར་བའི་ཚུལ་ལ་ཚུལ་བཞིན་ཤེས་པའི་ཤེས་ལྡན་ཞིང་། །དོན་གྱི་རིན་ཆེན་ཆེན་པོའི་ཆེན་པོ་ཆེས་ཆེར་མཛེས་བྱེད་སྣ་ཚོགས་ཀྱིས། །གང་བློ་ གང་མཛེས་མཛེས་པར་རབ་སྤྲོས་སྤྲོས་པས་སྤྲོས་པའི་ཡིད་དབང་ཕྱིར། །གཞན་གྱི་སྙན་ངག་དཔལ་འཕྲོག་འཕྲོག་བྱེད་ཡིད་རབ་འཕྲོག་པ་དེ་ཡིས་སྦྱར། །ཀུནྡའི་ཕྲེང་བ་ཀུན་ནས་སྐོར་འདྲའི་སྭ་ཡི་སྙེ་འབྲུའི་ཕྲེང་ བ་ཅན། །དཀར་ནག་རྣམ་དབྱེས་གསལ་བའི་མདངས་ལྡན་མིག་གི་པད་འདབ་རྣམ་པར་རྒྱས། །རབ་ཏུ་དགའ་བའི་རླུང་གི་ཤུགས་ཀྱིས་རོ་འཛིན་སྙིང་པོ་བསྐྱོད་པོ་ལས། །སྙན་ཚིག་དྲི་བསུང་ཕྱོགས་བཅུར་ཁྱབ་ལས་ ཤེས་ལྡན་བུང་བའི་ཡིད་རབ་འཕྲོག །འདིའི་ལུང་གིས་བརྒྱུད་པ་ནི། རྗེ་ཀུན་དགའ་གྲོལ་མཆོག རྗེ་རྒྱལ་མཚན་མཆོག་གྲུབ། ནགས་དགོན་པ་སྦྱིན་པ་གྲགས་པ། ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཡབ་སྲས་རྣམས་སོ།། །།

【現代漢語翻譯】 由親近的繕寫員,薩迦派的貢噶索巴桑波(Kun dga’ bzod pa bzang pos)完成。 愿此(功德)也使我等無量眾生,成為至高吉祥上師金剛阿阇黎(rdo rje slob dpon)之智慧眼迅速進入之因。吉祥如意! 于詞句組合之法,具足如實知曉之智者,以種種莊嚴,極度美化意義之珍寶。 隨心所欲,盡情裝飾,裝飾,再裝飾,爲了奪取他人詩歌之光彩,奪取,再奪取,以極度迷人之心而作。 猶如昆達(Kunda)之花環四處環繞,具有天鵝(swa)之穗粒花環。 黑白分明,光彩照人,眼之蓮瓣盛開。 由極度歡喜之風力,搖動品味之精華。 愿美妙詞句之香氣,遍佈十方,奪取智者蜂群之心。 此傳承之依據為:杰·貢噶卓喬(rje kun dga’ grol mchog),杰·堅贊喬珠(rje rgyal mtshan mchog grub),那貢巴·辛巴扎巴(nags dgon pa sbyin pa grags pa),薩迦派持明者阿旺·貢噶索南扎巴堅贊貝桑波(ngag dbang kun dga’ bsod nams grags pa rgyal mtshan dpal bzang po)父子等。

【English Translation】 Completed by the close scribe, Sakya master Kunga Zodpa Zangpo (Kun dga’ bzod pa bzang pos). May this (merit) also cause all sentient beings, including myself, who have become a multitude of disciples, to swiftly enter the supreme and glorious Lama Vajra Acharya’s (rdo rje slob dpon) wisdom gaze. May there be auspiciousness! The wise one who fully understands the method of combining words and phrases, greatly beautifies the precious jewels of meaning with various adornments. As desired, fully adorn, adorn, and adorn again, in order to seize the splendor of others’ poems, seize, and seize again, made with an extremely captivating mind. Like a garland of Kunda flowers encircling all around, possessing a garland of swan (swa) spikelets. With clear distinction between black and white, radiant and bright, the lotus petals of the eyes are in full bloom. By the force of the wind of extreme joy, the essence of taste is stirred. May the fragrance of beautiful words spread in all ten directions, captivating the hearts of the wise bees. The lineage of this is based on: Je Kunga Drolchok (rje kun dga’ grol mchog), Je Gyaltsen Chokdrub (rje rgyal mtshan mchog grub), Nak Gonpa Jinpa Drakpa (nags dgon pa sbyin pa grags pa), Sakya holder of mantras Ngawang Kunga Sonam Drakpa Gyaltsen Palsangpo (ngag dbang kun dga’ bsod nams grags pa rgyal mtshan dpal bzang po) and his sons.